རྨིག་སྒྲ།
སྲིད་ཞི་ཕན་བདེ་འདོད་རྒུ་ཞེས་པའི་བདེན་དོན་རྟོགས་པའི་རྣམ་དཔྱོད་བྲལ།
ཐུབ་བསྟན་བསམ་འཕེལ་ནོར་བུ་ཞེས་པའི་བདེན་ཚིག་དོན་ལ་གདེང་སྤོབས་བྲལ།།
བསྟན་འགྲོ་ནོར་འཛིན་རྒྱ་ཆེ་ཞེས་པའི་གསུང་རབ་ཟབ་མོར་ངེས་ཤེས་བྲལ།།
འཕྲིན་ལས་རོལ་ཚོ་རྡོ་ཁམས་ཞེས་པའི་དཔྱད་གསུམ་དག་པའི་དོན་ལ་རྨོངས།།
ཕུན་ཚོགས་སྡེ་བཞི་མངའ་ཐང་ཞེས་པའི་ཟབ་དོན་རྨོངས་པའི་ཝ་སྨྱོན་གྱིས།
བློ་ལ་ཕྱོགས་རིས་མེ་ཆེན་འབར་བཞིན་གཡོ་སྒྱུའི་གདོང་ནས་རང་རིགས་གདུང།།
རྒྱལ་བའི་བཀའ་ཡིས་གདོང་སྦག་གྱོན་ཏེ་སྤྱི་ཚོགས་ཁྲོད་དུ་ལྷག་བསམ་འཁྲབ།།
བོད་ཡུལ་ཕོངས་པའི་ལྟ་ངན་ཡིན་པས་ཤེས་རབ་གྱིས་སྤོངས་པར་མཛོད།།
ཐུབ་བསྟན་ཕྱོགས་བཅུ་རྒྱས་མཛད་ཞེས་པའི་བདེན་ཚིགས་རྨོངས་པའི་སྤྱང་སྨྱོན་གྱིས།།
ཡང་དག་རིག་པའི་རྟོགས་ཞིབ་དབེན་པས་ཆིག་སྒྲིལ་ཕྲེང་བ་དུམ་བུར་བཅད།།
ཆོས་ལུགས་ཆགས་སྡང་ཡིད་སྒོམ་བཞིན་ཁ་མཁས་སྙན་པོས་བོད་དོན་གླེང།།
བོད་ཡུལ་ཕོངས་པའི་ལྟ་ངན་ཡིན་པས་ཤེས་རབ་ཅན་གྱིས་སྤོངས་པར་མཛོད།།
ཆོལ་གསུམ་ཁྱོན་ལ་རྫོགས་ལྡན་ཞེས་པའི་བསྲེགས་བཅད་བརྡར་བའི་བསླུ་མེད་ཚིག།
ཕྲག་དོག་མེ་ལྕེ་གྱེན་དུ་འབར་ཏེ་དཔྱད་པའི་ཚུལ་གྱི་ལོག་གཏམ་སྤེལ།།
རྣམ་དཔྱོད་བྱིས་བློའི་ཁྱི་སྨྱོན་ཟོག་པོ་ཆོས་ལུགས་འཐེན་འཁྱེར་བྱེད་པོ་སྟེ།།
བོད་ཡུལ་ཕོངས་པའི་ལྟ་ངན་ཡིན་པས་ཤེས་རབ་ཅན་གྱིས་སྤོངས་པར་མཛོད།།
བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཞེས་པའི་འགྲན་བྲལ་ནོར་བུའི་བང་མཛོད་ཀྱིས།།
རྣ་བར་མ་བཟོད་ཞེ་སྡང་བརྟས་ཏེ་སྐྱེས་མཆོག་མཚན་ལ་བརྙས་སྨོད་ཞུས།།
སྙིང་རྩ་དམར་པོ་མདུན་དུ་མཆོངས་ཏེ་གྲུབ་མཐའི་བར་ལ་ཕྱོགས་རེས་གླེང།།
བོད་ཡུལ་ཕོངས་པའི་ལྟ་ངན་ཡིན་པས་ཤེས་རབ་ཅན་གྱིས་སྤོངས་པར་མཛོད།།
གནམ་བསྐོས་དགའ་ལྡན་ཕོ་བྲང་གཞུང་ལ་དམ་སྲི་རྟོག་གེ་བན་གཟུགས་འགས།།
དཔྱད་གསུམ་དག་པའི་ཆབ་སྲིད་ཉི་མའི་མཇལ་ཁ་མ་ཞུས་གླེན་རྒན་གྱིས།
འཐེན་འཁྱེར་མགོ་བོ་གནམ་ལ་བཏེགས་ཏེ་སྤྱི་དོན་ཕུངས་པའི་བྱ་བར་གཞོལ།།
བོད་ཡུལ་ཕོངས་པའི་ལྟ་ངན་ཡིན་པས་ཤེས་རབ་ཅན་གྱིས་སྤོངས་པར་མཛོད།།
དོན་གྱི་སྐད་ཆ་ག་རེ་བཤད་ཀྱིན་ཡོད་རེད་་་་་རྒད་པོ་ངའི་གང་ཡང་མི་གོ་གི་ཡ་་
ཁག་མེད་ཁྱེད་ཀྱིས་ཟ་མ་མྱོང་བའི་ཟས་དང་། ཁྱེད་འགྲོ་མ་མྱོང་བའི་ས་ཆ་ད་དུང་མང་པོ་ཡོད་རེད།
བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གྱུ་འདི་དུས་ནམ་གྱི་ཚེ་བརྩམས་སམ། རྩོམ་པ་པོ་སུ་ཡིན་པར་ངོས་་འཛིན་གྱི་ཡོད་ཁྱོད་ཀྱིས་ཤོད་བདེ་ན་ཅིག་ཤོད་དང་ཡ། དེ་ནས་བགྲོ་གླེང་མུ་མཐུད་ཆོག་གི །དེ་མིན་ན་གངས་ཅན་གྱི་གདོན་དེ་ཁྱོད་རང་ཉིད་ཡིན་ཐལ།
བོད་ཀྱི་རྒྱལ་གླུ་རྙིང་པ་ནི། བོད་རྙིང་པའི་དུས་སུ་དགོས་ལ་འཚམ་པ་ཅིག་ལ་རྩིས་བཞིན་ཡོད་ལགས། འོན་ཀྱང་་་
ལག་སོ་རྨིག་སྒྲ་ངའི་ཟ་མ་མྱོང་བའི་དང་་་འགྲོ་མ་མྱོང་བའི་ས་ཆ་དེ་ཚོ་ཞིག་གསུངས་རོགས་ཞུ་་ལགས་་་་་་་ཨོ་རེད་ང་བཟི་འདུག་་་བདེན་པ་རེད་རྨིག་སྒྲ་ལགས་
ཐ་ཆུང་ངམ་ཀླད་ཆུང་ལགས།
བདག་གིས་བཤད་གོ་ཁྱེད་པུས་མོ་གཉིས་ས་ལ་བཙུགས་ཏེ་ལག་གཉིས་ཐལ་མོ་སྦྱར་ཏེ་ཉོན་ཨང་།
ཝ་ཡེ། ཀླད་ཆུང་ཚུར་ཉོན་ཞིག། སྲིད་ཞི་ཕན་བདེ་ཞེས་པའི་རྒྱལ་གླུ་འདི། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་བཅུ་རེ་གྲངས་ནང་ལ་རྒྱལ་བའི་ཡོངས་འཛིན་སྐུ་གཞོན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེན་གྱིས་བརྕམས་པར་གྲགས།
ཧ་ཧ་ཧ། གཟས་ས་ཧ་གོ་སོང་སྟེ། གཟས་སྟངས་ཤེས་མ་སོང་། ཁྱད་མཚར་ཞིག་འདུག
ད་ལྟའི་རྒྱལ་གླུ་འདི་ལ་རྒྱལ་གླུ་རྙིང་པ་ཞེས་ཐ་སྙད་མི་འདོག ད་ལྟ་དངོས་གཞིའི་རྒྱལ་གླུ་རང་ཡིན་པས་སོ། །
གལ་ཏེ་ཕྱིས་སུ་རྒྱལ་གླུ་གསར་དུ་རྩོམ་ནས་གཏན་འབེབས་བྱས་ཟིན་ཚེ། སྲིད་ཞི་ཕན་བདེ་ལ་རྙིང་པ་ཞེས་བརྗོད་རྒྱུ་ལགས་སོ།།
དང་པོ་ཁྱོད་ཚོས་བོད་རྒྱལ་ཁབ་འདི་རང་བཙན་དང་རང་དབང་གི་རྒྱལ་ཁབ་གཅིག་བཟོས་དང་།
དེ་ནས་རྒྱལ་གླུ་དགོས་ན་ངས་ཁྱོད་ཚོ་ལ་ག་ཚོད་དགོས་དགོས་ཕུལ་ཆོག
མིང་དང་དོན་མཚུངས་པའི་རྨིག་པ་ཁ་བྲག་སྡིག་སྒྲ་ཅན་ལགས། ཁྱོད་རྨིག་པ་ས་ལ་བབཙུགས་མགོ་བོ་ཐུར་དུ་དུད་དེ་ཉོན་ཨང་། བོད་རྒྱལ་ཁབ་ཆེན་པོའིའི་རྒྱལ་དར་གྱི་འགྲེལ་བཤད་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་མཛད་པར་གྲགས་པ་ལྟར་ན།རྒྱལ་གླུ་ཡང་དེ་དུས་ནས་ཡོད་ངེས། ཚིག་གཞིའི་ནང་རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་་་་་མཚན་སྒྲྲ་གསལ་པོར་མངོན་པས་དང་། སྤྱི་ལོ་རེ་གྲངས་ནང་སྐུའི་ཡོངས་འཛིན་ཁྲི་འཆང་རིན་པོ་ཆེས་བརྩམས་པར་གྲགས་ན་གྲགས་ཁུངས་སྟོན་དགོས། ལར་ནས་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་རྩ་ཁྲིམས་སོགས་རྩོམ་པ་པོ་སུ་ཡིན་ལ་མི་ལྟོས་པར་ཚིག་དོན་འབྲེལ་ཆགས་ལ་བལྟས་ཏེ་རྒྱལ་ཁབ་དེའི་འགན་ཡོད་ཚོས་ངོས་ལེན་གཏན་འབེབས་བྱ་དགོས་པ་ལྟར་བོད་ཀྱི་རྒྱལ་གླུ་འདི་ཡང་བོད་རྒྱལ་ཁབ་ནས་གཏན་ལ་ཕབ་པ་ཞིག་རེད། རྩོམ་པ་པོ་ཁྲི་འཆང་རིན་པོ་ཡིན་པས་གདོན་ཡིན་ན་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་བར་སྐབས་ཀྱི་ཚིགས་བཅད་རྣམས་ཀྱང་ཁྲི་འཆང་རིན་པོ་ཆེའི་རྩོམ་ཡིན་པས་དེ་ཡང་ཁྱོད་ལ་གདོན་དུ་སྣང་སྲིད་པས་ཁྱོད་རང་སྡུག་གྱོང་གྱིས། རེ་ཞིག་དེ་ཙམ་ཡིན།་སྤྲོས་པས་ཆོག
ཐ་ཆུང་ཞེས་འབོད་པ་ལས་ཀླད་ཆུང་ཞེས་འབོད་ན་མིང་དོན་མཚུངས་པ་ཞིག་འདུག དེར་བརྟེན་ཁོ་བོས་ཀླད་ཆུང་ཞེས་འབོད་ཀྱི་ཡིན། ཁོ་རས་ཀླད་ཆུང་རྣ་བ་མ་གཡེང་བདག་རིག་པའི་རྒྱལ་བོ་རྨིག་སྒྲ་ལ་ཚུར་ཉོན་ཞིག བཙན་བྱོལ་ནང་ནས་དཔར་བསྐྲུན་བྱས་པའི་བོད་ཀྱི་གཞས་སྣ་བསྡུ་སྒྲིག་ཀྱི་གཞས་ཚིག་དེབ་གསུམ་པ་དང་ནོར་ལྡེ་སོགས་ལ་ལྟོས་དང་དེ་ནས་ཁྱེད་ཀྱི་རྨོངས་དེ་ཐལ་བར་བརླགས་ངེས། ཁྱེད་ཀྱིས་lརྩོམ་པ་པོ་སུ་ཡིན་ལ་མི་ལྟོས་པརl ཞེས་ལོགས་བཤད་ཞིག་བརྒྱབས་འདུག གུས་པས་རྩོམ་པ་པོ་གལ་པོ་ཡིན་པའི་རྒྱུ་མཚན་གང་ཡང་དྲངས་མེད། ཁྱེད་ཀྱིས་ l རྩོམ་པ་པོ་སུ་ཡིན་པར་ངོས་་འཛིན་གྱི་ཡོད་ཁྱོད་ཀྱིས་ཤོད་བདེ་ན་ཅིག་ཤོད་དང་ཡl ཞེས་བརྗོད་ཙང་ཁོ་བོས་རྒྱལ་གླུ་རྩོམ་པ་པོ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རེད་ཞེས་བརྗོད་པ་ཡིན་ཀླད་ཆུང་ལགས། བདེ་མོ།
ད་དུང་ལེགས་བཤད་དགོས་རྗེས་སུ་་་་་་་་་་་་་་་།
ད་དུང་ལེགས་བཤད་དགོས་ན་རྗེས་སུ་་་་་་་་་་་་་་་་་།