རྔ་བཟའ་བདེ་པོ་འཚོ།
བག་ཕབ་ཁ་བའི་ལྷིང་འཇགས་བདེ་སྐྱིད་དམར་པོས་གཏིང་ནས་དཀྲུགས་ན་ཡང་།།
བྱམས་བརྩེའི་བདག་ཉིད་ཕྱག་ན་པད་མོ་ཁྱེད་ཉིད་འདི་རུ་ཕེབས་པ་ནས།།
བོད་པ་ཟེར་བའི་མི་རིགས་ཤིག་གི་མིང་བྱང་འཛམ་བུའི་གླིང་དུ་ཁྱབ།།
ཁྱེད་ཉིད་ལྟ་བུའི་དེད་དཔོན་ཞིག་ལ་སྲིད་པ་འདི་རུ་སུ་ཡིས་འགྲན།།
ས་ཕྱོགས་ཕྱི་ནང་གང་དུ་གནས་ཀྱང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོས།།
ཉིད་ཀྱིས་བསྩལ་བའི་བཀའ་སློབ་དག་དང་བཀའ་དྲིན་སེམས་ཀྱི་གཏིང་དུ་ཉར།།
སྐབས་འགར་བྱས་ཉེས་བྱུང་བ་དག་ལ་ང་ཚོར་བློ་འགྱོད་དྲག་པོ་མཆིས།།
ཐུགས་ཀྱི་རྒྱ་མཚོ་སྔར་བཞིན་བསྐྱེད་དང་གངས་ཅན་པ་ཡི་སྒྲོན་མེ་ལགས།།
གོ་ལའི་ཁྱོན་འདིར་མི་རིགས་སྣ་ཚོགས་མི་ནི་དུང་ཕྱུར་བདུན་ཅུར་ཉེ།།
ཕྱི་ཡི་ཚན་རྩལ་ཡར་ཚེས་ཇི་བཞིན་དེ་ཙམ་གོང་དུ་འཕེལ་ན་འང་།།
ནང་གི་བདེ་སྐྱིད་རྨང་ནས་སྟོང་ཞིང་འཇིགས་སྣང་ཁྲོད་ཀྱི་སྲིན་འབུ་བཞིན།།
ཕན་ཚུན་དབང་སྒྱུར་ལས་ལ་བྲེལ་ཞིང་མི་རྣམས་དུད་འགྲོར་འགྱུར་ལ་ཉེ།།
སྒྲིབ་རྨོངས་ནག་པོས་རྨང་ནས་བཏུམས་པའི་མུན་ནག་ཁམས་ཀྱི་ར་བ་འདིར།།
རང་གཅེས་སེམས་ཀྱི་འདུ་ཤེས་བཞག་སྟེ་གཞན་ཕན་བརྩེ་བའི་འོ་དྲི་ཁྱེད།།
དེའི་ཕྱིར་དུས་རབས་འདི་ཡི་སྨན་དུ་ཁྱེད་ཉིད་འདི་རུ་བྱོན་པ་ལེགས།།
མདོར་ན་འགྲོ་བ་ཀུན་གྱི་ཡབ་ཆེན་ཐུགས་སེམས་མ་སྐྱོ་དགོངས་གསོལ་ལོ།།
2015/11/8 ཉིན་ལ་ཁོང་གིས་བསྩལ་བའི་བཀའ་སློབ་ཅིག་མཐོང་འཕྲལ་དུ་བྲིས།
རྩོམ་ཡིག་བྲིས་པ་ཡག་བྱུང་། ཡིན་ནའང་། ཉེ་ཆར་ཏཱ་ལའི་བླ་མ་མཐོ་སློབ་ནང་༧གོང་ས་མཆོག་རྒྱལ་འཚོང་བར་བརྗོད་མཁན་ཀླུ་མཁར་བྱམས་ཀྱིས་གཏམ་བཤད་གནང་བཅུག་མ་སོང་ཟེར་ནས་འུར་རྒྱག་མཁན་ཞིག་ཡིན་པྰ། རྗེས་ཕྱོགས་ཁ་ལག་གཉིས་ཀ་མཚུངས་པ་བྱས།
༸གོང་ས་མཆོག་ཐུགས་ཕམ་བཅུག་མཁན་དེ། ཀླུ་མཁར་བྱམས་ཡིན་པ། ཁྱོད་ཀྱིས་ཀྱང་ཁས་བླངས་ཐུབ་བམ། ལགས།
ཁ་ལག་མི་མཚུངས་པའི་xxx། ཏཱ་ལའི་བླ་མའི་མཐོ་སློབ་ནང་ཀླུ་གར་སྐྱབས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་བྱེད་པའི་གོ་སྐབས་འཕྲོག་སོང་ཟེར་ནས་གཏན་ངན་རླུང་ལ་བསྐུར་མཁན་ཁྱོན་མིན་ན་སུ། ད་མང་དྲགས་སོང་།
༸གོང་ས་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག །
དེ་སྔོན་ཞིག་ལ་ཀླུ་བྱམས་ལ་རྒྱབ་སྐྱོར་གྱི་རྩོམ་ཆོག་ཅིག་བྲིས་ཏེ། མཆན་འགོད་མཁན་ཚོས་ཀླུ་ལ་རྒྱབ་སྐྱོར་ཡིན་མདོག་གིས་གོང་ས་མཆོག་ལ་ཁ་ག་ཚོད་བཏང་སོང་། བརྗེད་མེད་པ། དེ་ཁྱོད་ཀྱི་རྩོམ་ཆོག་ལ་བརྟེན་ནས་བྱུང་བ་རེད་ད། དེ་ཤེས་པར་བྱོས། ད་ཡང་གོང་ས་མཆོག་ལ་བསྟོད་ཁུལ་འདི་དག་གང་ཤེས། སོ་སོས་རང་ངོ་ཟིན་ན་ཡག་གི་བསམ།
ས་པཎ་གྱིས། བསྟོད་པས་དགའ་བར་མི་འགྱུར་ཞིང་། ། སྨད་པས་མི་དགའ་མི་འགྱུར་རོ། །བྱང་སེམས་དང་ལྡན་པའི་གང་ཟག་ལ་དགའ་སྐྱོ་ཆགས་སྡང་ཅི་ལ་མངའ། བསམ་བཞིན་མིའི་གཟུགས་སུ་བྱོན་པའི་འཕགས་པ་ཡིན་ཕྱིར་ན། སེམས་ཅན་གྱི་དོན་དུ་སྲོག་ཀྱང་གཏོང་ཕོད་སྐྱེས་བུ་རེད། འོན་ཀྱང་ཆབ་སྲིད་པ་མང་པོས་ལག་ཆ་བྱེད་སྲིད་པའི་ཕྱིར་ན་གཟབ་དགོས་སོ།།
༧གོང་ས་མཆོག་ཐུགས་ཕམ་ཟེར་བ་ཚུལ་མཐོང་ཙམ་རེད། དོན་གྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཀློང་དུ་བདེ་སྡུག་གི་མཚན་མ་ཡོང་མི་སྲིད་པས་ཐམས་ཅད་སེམས་བདེ་བར་མཛོད། ༧གོང་ས་མཆོག་ཀུ་རེ་གསུང་པ་ལ་འཛམ་གླིང་ན་སྐད་གྲགས་འདུག ཞལ་རྩེད་གསུང་པ་ཡང་ཡིན་སྲིད་པས་དེ་ལ་ནན་ཏུར་བྱེད་དགོས་པ་མ་མཐོང་།
སྟོང་དང་རྟེན་འབྱུང་བསླུ་མེད་བདེན་པའི་དོན། །
ཀུན་ཁྱབ་ཤེས་བྱ་ནང་པ་སྤྱི་བྱེ་བྲག །
རྣམ་གསུམ་རིགས་པས་ལམ་ནས་སྤེལ་མཛད་པ། །
བསྟན་འཛིན་རྒྱ་མཚོའི་དེད་དཔོན་ཞབས་བརྟན་གསོལ། །དྲི་མེད་པས།
དེང་སང་མི་ཕལ་ཆེ་བ་དགའ་བའི་ཁ་ལ་བལྟས་ན་དགའ་དྲོ། ངུ་བའི་ཁ་ལ་བལྟས་ནས་ངུ་དྲོ། ཞེས་པའི་དཔེ་དོན་དུ་འགྲོ་མཁན་ཤ་སྟག་རེད་འདུག དེས་ག་རེ་མཚོན་གྱི་ཡོད་དམ།
རིག་གྲོལ་ཟེར་བ་འདི་རྒྱ་དམར་གུང་ཁྲན་གྱི་མི་ཡིན་པ་གསལ་བོ་རེད། རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མདོག་ངང་བོད་མི་རྣམ་དཔྱོད་ཅན་ཚང་མ་མགོ་བཅག་ཡ་དེ་ཁོའི་ལས་ཀ་རེད།
ཏཱ་ལའི་བླ་མའི་མཐོ་སློབ་ནང་སློབ་སྦྱོང་བྱེད་ད་དུ་ཁོང་ལ་ཁ་གཏང་། ད་དངོས་ནས་རྣམ་རྟོག་རེད།
དེང་སྐབས་རྒྱ་དངུལ་ལེན་མཁན་ཁེངས་བསྡད་ཡོད། ལྡི་ལི་གཞུང་ཚབ་བརྒྱུད་ནས་རྒྱའི་ཕྱི་བསྐྱོད་ལག་འཁྱེར་ཞུས་ནས་བོད་ནང་ལོག་སྐབས། དེང་ཕྱིན་རྒྱའི་གཞུང་ལ་ངོ་རྒོལ་མི་བྱེད་ཅེས་སད་ཡིག་བརྒྱབ་ཡོད། ད་དུང་རྙོག་གྲ་བཟོ་ཐུབ་མཁན་ཚོར་དམིགས་བསལ་ལྟ་རྟོག་བྱས་ནས་དངུལ་ཕོན་ཆེན་གཏོང་བཞིན་པས། དེ་དག་གིས་ལས་ཀ་བཙན་བྱོལ་ནང་ཟང་ཟིང་བཟོ་རྒྱུ་དང་དད་པ་ཁ་ལ་ཁྱེར་ནས་རྒྱའི་དགོས་འདུན་སྒྲུབ་ཀྱིན་ཡོད། ཚང་མ་ལོས་མི་ངན་དེ་དག་ཀུན་པོར་ཤེས་ཀྱི་འཇུག་དགོས་ལ། དེ་ནས་མི་ངན་ཚོའི་ངན་སེམས་འགྲུབ་མི་ཐུབ།
རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་དང་དེ་རིགས་ལ་ཡི་རངས་བྱེད་མཁན་རྣམས་མདོར་ན་ཁྲོན་པ་གཅིག་གི་སྦལ་པ་རེད།
ཀརྨ་བློ་གསལ་ལགས། རྔ་བཟའ་བདེ་པོ་ཟེར་པའི་xxའདི་ཀླུ་གར་སྐྱབས་དང་གནམ་ལོ་ཡག་དང་ཕྱོགས་གཏོགས་བྱས་ནས་༧གོང་ས་མཆོག་དང་བོད་གཞུང་གི་མཛད་གཙོ་རྣམས་ལ་མ་ཉེས་ཁ་གཡོག་བྱེད་བཞིན་པ་ལས། རྒྱ་ནག་གི་སོ་བ་བྱས་ནས་རྒྱ་དངུལ་རང་ད་ལེན་གྱི་ཨེ་ཡོད། དེ་འདྲའི་ཞྭ་མོ་ཆེན་པོ་རང་ད་མ་གཡོགས་རོགས།
ང་བཟའ་བདེ་པོ་ཟེར་པ་འདིས་ཁ་སྔོན་དམངས་གཙོ་འཕྲོག་སོང་ཟེར་ནས་རྩོམ་བྲིས་ཏེ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཁ་གཏོང་མཁན་རྣམས་པ་སྡིངས་ཆ་ཆེན་པོ་བསྐྲུན་དེ་ཟིང་ཟིང་བཟོས་སོང་། ད་ཡང་སྤྲུལ་པ་ཁོག་ལ་ཞུགས་པ་བཞིན་ཡ་མཚན་ཅན་རྐྱང་བྲིས་ནས་བདའ། xxx
དྲ་ལམ་ནས་དམངས་ཀྱིས་ཨ་ཚོགས་ཀླུ་མཁར་བྱམས་ལ་བསྡོམས་བརྒྱབ་པ།
མི་གཤིས་གསེར།
ལངས་ཕྱོགས་རི།
གཏམ་བཤད་མདའ།
བློ་སྙིང་ཁམས་པ།
ཤེས་ཡོན་ཨ་མདོ།
ཁ་བདེ་དབུས་གཙང་།
བསམ་ཕོད་པ།
བཤད་ཕོད་པ།
སྒྲུབ་ཕོད་པ།
རྒྱལ་ཕུང་བའི་གཉའ་གནོན།
རྒྱལ་གཅེས་པའི་སྲོག་ཤིང་།
བཙན་པོའི་བུ་རྒོད།
ཁ་བའི་བླ་སྲོག
རླབས་ཆེན་གྱི་བསམ་བློ་བ།
ཞེས་པ་སོགས་དེང་སང་དྲ་ལམ་དུ་དམངས་ཀྱིས་གླེང་བཞིན་པ་རྣམས་ཕྱོགས་གཅིག་ཏུ་བསྡུ་བ་པོ། སྙིང་མིག
་བོད་ནང་ལོག་གིན་པ་ཁྱེད་ཅག་དད་པ་ལོག་སྤྱོད་པ་ཚོ་རེད།་ རྔ་བཟའ་བདེ་བོ་འཚོ་ལགས་ནི་གདོང་པ་སྟོན་ཐུབ་པའི་རྩོམ་པ་པོ་ཞིག་ཡིན་པས། བདེན་པའི་རྗེས་འབྲངས་པ་ལས་དངུལ་དངོས་ཀྱི་རྗེས་མི་འབྲངས་པ་དེ་ལས་ཀྱང་ཤེས་ཐུབ།
ཀར་བློ་ཟེར་བ་འདི་མི་རང་ཚུག་མེད་མཁན་ཞིག་རེད། རྔ་ཟ་མས་རྒྱལ་བ་རིན་པོ་ཆེ་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་ཡང་མོ་རང་བུད་མེད་ཡིན་པའི་དབང་གིས་ངོ་དགའ་འདྲ་ཞིག་བཤད་ཁ་བྱས་འདུག གལ་ཏེ་རྩོམ་འདི་འབྲི་མཁན་མི་གཞན་ཞིག་ཡིན་ན་ཁོས་ཁ་རྡུང་གཏོང་ཡོད་པ་ཐག་ཆོད་རེད། ཧཧཧ
རྔ་བཟའ་མས་རྫ་ནི་རྫུན་ནེ་ཅིག་བྲིས་འདུག། མོའི་ཤ་གསེང་ཀླད་པ་ན་དེ་འདྲའི་ཚོར་བ་ཞིག་མེད་པ། ཉེ་སྔོན་ང་ཚོ་ལ་ཞབས་གནམ་གདངས་ནས། མི་མང་ལ་བསྟན་ཚར་བ་རེད།
ད་ང་ཚོ་དཀྲུག་གི་མ་འདུག། གཡུག་བཞག་ན་བཟང་ནི་རེད། ལྟ་བ་བརྟན་པོས་ཀླུ་བླུན་སྟོད་དང་། ཅིག་གིས་ཁྱོད་ལ་སྒལ་ཚིགས་ཅན་རེད་ཟེར་ཡོང་གྲབས་ཡོད་འགྲོ། ཧ་ཧ་ཧ།
ཀརྨ་བློ་གསལ་ལགས་ཀྱིས་བོད་ལ་ལོག་ཕྱོགས་སྐོར་གསུངས་དུས་ངས་གཅིག་དྲན་སོང་། ཁ་སྔོན་གྲོས་ཚོགས་ནང་དགེ་ལུགས་སྤྱི་འཐུས་ཨ་ཕྲུག་ཚེ་བརྟན་གྱིས་ཁོ་པར་ཆོས་གྲོགས་ཤིག་གིས་རྒྱ་ནག་གཞུང་ཚབ་ནས་ལག་འཁྱེར་དེ་ལེན་རོགས་ཟེར་ཡང་། ང་རྒྱ་ནག་གཞུང་ཚབ་ལ་འགྲོ་ཡག་གི་དུས་ཚོས་གཅིག་ལ་མ་བསླེབས་བར་འགྲོ་གི་མིན་ལབ་པ་ཡིན་ཟེར་ནས་ལབ་པ་ཡིན། ཞེས་སྤོབས་པ་ཆེ་མདོག་གིས་བཤད་སོང་། འོན་ཀྱང་གྲོས་ཚོགས་མ་ཚུགས་པའི་སྔོན་ལ་ཁོང་གིས་ཕྱོགས་བསྐྱོད་ཅིག་ལ་ཁོང་བོད་ལ་སོང་ནས་སྤུན་ཐུག་པའི་སྐོར་མང་པོ་ཞིག་ཀྱང་བཤད་འདུག དེང་སང་སྐད་ཤུགས་ཆེ་ཆུང་མ་གཏོགས་འགན་ཁུར་དགོས་མེད་དུས་དངོས་གནས་ཨ་་་་་་་་་་་་་་
ལོང་རྟོགས་ལགས། གུས་པས་གོང་ས་མཆོག་ལ་བསྟོད་པ་ཕུལ་མཁན་རིགས་གསུམ་དུ་བཀར་ཡོད། གཅིག་དེ་དད་པ་ཅན་རེད། གཉིས་དེ་གུས་བརྩི་བྱེད་མཁན་རེད། གསུམ་དེ་དད་པ་ལོག་སྤྱོད་པ་རེད། སྔ་མ་གཉིས་ལ་དགག་པ་ཕར་ཞོག་བསྟོད་པ་རྒྱག་གི་ཡོད། ཕྱི་མ་དེ་ག་བ་ནས་མཐོང་ན་དེ་ནས་ཐེར་འདོན་བྱེད་ཀྱི་ཡོད།
ལུང་རྟོགས་ལགས། དུ་བ་རིག་ས་སོང་ན་རོ་སྲོག་ས་ལ་ཐུག་ཟེར་བ་ལྟར་ཁྱི་སྨྱོན་བཞིན་གང་སར་མ་རྒྱུགས་ཡག་རེད། དེ་ལས་རྡ་ས་ནས་་་་
ངོ་མ་རེད་ཡ། རྔ་བ་བདེ་བོ་ཟེར་བ་འདིས་ཀླུ་མཁན་བྱམས་ཟེར་བ་གནམ་ལ་བཀྱག་ད་ཡང་༧གོང་ས་མཆོག་ལ་དད་པ་ཡོད་མདོག་བྱེད། བུ་མོ་ལོ་ལོ། དེ་འདྲ་བྱས་ན་མག་པ་རེག་གི་མ་རེད་ལོ། གལ་སྲིད་མག་པ་མ་རེག་ན་ང་་་་ཧེ་ཧེ་་་་
ཧཧཧ ཀར་བློ་རྫུན་མ་བཤད་ཨ། ཁྱོད་ཁ་བརྡ་ནང་ལ་སླེབས་པ་ནས་བཟུང་གོང་ས་མཆོག་ལ་རང་གིས་བསྟོད་པ་བྱས་པའམ། ཡང་ན་བསྟོད་པ་བྱེད་མཁན་ལ་སྔགས་བརྗོད་བྱས་པའི་མཆན་གཅིག་སྟན་རྒྱུ་འདུག་ན་ངས་བཤད་ཚད་རྫུན་ཡིན་པ་ཁས་ལེན་ཆོག
རྔ་བཟའ་མས་རྫུན་གཏམ་ཁུངས་མ་འཁྱོལ་བ་ཞིག་འབྲི་བདའ། མོའི་ཤ་གསེང་ཀླད་པ་ན་དེ་འདྲའི་ཚོར་བ་ཞིག་མེད་པའི་རྟགས་ཉེ་སྔོན་ང་ཚོ་ལ་ཞབས་གནམ་ལ་གདངས་ནསབསྟན་ཚར་པ་མ་རེད་པས། ད་ཐེངས་ཁྱེད་ཀྱི་འབྲི་སྟངས་འདི་གོང་ས་མཆོག་ཁྱེད་ཀྱི་བུ་ཕྲུག་ཡིན་པ་ལྟ་བུ་ཞིག་བྲིས་བདའ། ད་གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་བོད་གཞུང་གི་མཛད་གཙོ་རྣམ་ལ་མ་ཉེས་ཁ་གཡོགས་བྱེད་སའི་སྡིངས་ཆ་མ་བཟོ། ཐུགས་རྗེས་གཟིགས། ཁྱེད་དང་ཀླུ་གར་སྐྱབས་བོད་པའི་སྤྱི་ཚོགས་ནས་རྒྱང་འཕུད་བཏང་ཚར་པ་ཡིན་བདའ།
2015/11/8 ཉིན་ལ་ཁོང་གིས་བསྩལ་བའི་བཀའ་སློབ་ཅིག་མཐོང་འཕྲལ་དུ་བྲིས་པ་ཡིན་ན་ཞེས་བཤད་འདུག བཀའ་སློབ་དེ་མཐོང་མ་ཐག་ཁྱོད་ཀྱི་བསམ་དོན་འགྲུབ་ཡོད་ཤག་་་་་་་་་་་ལ