ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཟབ་རྒྱས་ལྟ་སྒོམ་སྤྱོད་པའི་རྒྱུད།།
རྟེན་འབྲེལ་མདོ་སྔགས་དགོངས་པའི་ལམ།།
བཀའ་བབས་ཆུ་བོ་གཅིག་འདྲེས་པ།།
རིས་མེད་བསྟན་འཛིན་དམ་པ་རྒྱལ།།
དམ་པའི་རྗེས་ཟིན་དོན་གཉིས་བདག།
བརྒྱུད་གསུམ་བླ་མའི་བྱིན་རླབས་ཅན།།
གདོད་མའི་དོན་རྟོགས་ཇི་སྙེད་མཁྱེན།།
སྒྲིབ་བྲལ་ས་བཅུའི་དབང་ཕྱུག་རྒྱལ།།
བོད་ཡུལ་སྐྱེ་དགུའི་བདེ་སྐྱིད་ཕྱིར།།
སྐྱེ་ཀུན་རྗེས་སུ་འཛིན་པའི་དཔལ།།
ཕྱག་ན་པདྨའི་གསང་གསུམ་ཅན།།
རྒྱལ་དབང་བསྟན་འཛིན་རྒྱ་མཚོ་རྒྱལ།།
སྤྱི་དོན་ལྷག་བསམ་ཆེ་དང་གཅིག།
ཆོས་སྲིད་ཤེས་རྒྱ་ཆེ་དང་གཉིས།།
བོད་དོན་དམིགས་པའི་ཤ་ཞེན་གསུམ།།
གངས་ཅན་གཅེས་ནོར་རིན་ཆེན་ཡིན།།
བྱིས་པ་བྱམས་སྐྱོང་གནང་དང་གཅིག།
དར་མས་སློབ་མཐར་ཕྱིན་དང་གཉིས།།
རྒན་པ་ཆོས་ལ་འབད་དང་གསུམ།།
མི་ཚེའི་སྙིང་པོ་ལོན་པར་འཚལ།།
རྒྱལ་བའི་བསྟན་ལ་དད་གུས་གཅིག།
ཕ་མེས་རང་རྒྱུད་པ་འཛིན་ནུས་གཉིས།།
བསམ་སྤྱོད་དག་པའི་ཕྱག་ལན་གསུམ།།
མདུན་ལམ་ཅན་ལ་དགོས་ངེས་སོ།།
རང་གཞན་དོན་མེད་རྩོད་ཉོག་གཅིག།
ཕྱོགས་ཞེན་སྒྲོ་བཀུར་འཐེན་ཁྱེར་གཉིས།།
ཉམ་ཆུང་རྣམས་ལ་ཐུབ་ཚོད་གསུམ།།
ནམ་ཡང་དོར་བའི་དངོས་པོ་ལགས།།
མཁྱེན་པའི་རྣམ་དཔྱོད་ཡངས་དང་གཅིག།
བརྩེ་བའི་སྙིང་རྗེ་ལྡན་དང་གཉིས།།
གང་ནུས་འགྲོ་ཁམས་ཕན་བདེ་གསུམ།།
རྒྱུན་དུ་དགོས་པའི་རྩ་བ་གསུམ།།
འཁོར་བ་ངེས་འབྱུང་སྐྱེ་དང་གཅིག།
འགྲོ་ཀུན་བྱང་ཆུབ་སེམས་དམིགས་གཉིས།།
སྣང་སྲིད་རྣམ་དག་ལྟ་བ་གསུམ།།
སོར་བྱང་སྔགས་ཀྱི་ངོ་བོ་ལགས།།
བླ་མ་བརྒྱུད་པའི་མན་ངག་གཅིག།
ཡི་དམ་བསྐྱེད་རྫོགས་སྨིན་གྲོལ་གཉིས།།
མཁའ་འགྲོ་ཆོས་སྐྱོང་བསྟེན་པ་གསུམ།།
རྩ་གསུམ་རྒྱལ་བའི་ལམ་བཟང་ལགས།།
རང་རིག་བྱང་སེམས་ཡི་དམ་གཅིག།
རང་གསལ་རིག་སྟོང་མཐའ་བྲལ་གཉིས།།
རང་བབས་ཕྱག་རྫོགས་ངང་གནས་གསུམ།།
རང་ཤར་བསྔོ་སྨོན་ཤིན་ཏུ་གལ།།
དྲན་ཤེས་དཀར་པོའི་ཕྲེང་ཐག་གཅིག།
བག་ཡོད་བགྲང་པའི་གོམས་པ་གཉིས།།
ཕྱིན་དྲུག་སྤྱོད་པའི་མཛད་པ་གསུམ།།
ཕ་ནོར་ཡིན་པས་མེད་ཐབས་མེད།།
གང་དྲན་དུང་ཕྲེང་དཀར་པོ་འདི།།
གངས་ཅན་སྨན་རམས་ངང་ཆུང་ངོར།།
གངས་ཅན་སྤྱི་ལ་ཕན་བདེའི་ཕྱིར།།
གངས་སེང་དཔལ་དགྱེས་རྡོ་རྗེས་ཕུལ།།
ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླ་བའི་ཡར་ཚེས་རྫོགས་པ་གསུམ་པ་ལགངས་ལྗོངས་སྨན་རམས་པ་ངང་ཆུང་རིན་པོ་ཆེས་གསུང་སྐུལ་མ་ལྡོག་ཙམ་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་གང་ཤར་འཕྲིན་ཕྲིན་དུ་ཕུལ་བར་དགེའོ།། །།
དུས་གསུམ་རྒྱལ་བའི་བསྟན་པ་དང་།
སྔོན་བསགས་ལས་ཀྱི་འབྲེལ་བ་བཅས་།
མ་ནོར་ལམ་དུ་འདྲེན་མཛད་པ་།
ཨེ་མ་ཧོ་ལགས་ངོ་མཚར་ཆེ་།
ཆོས་ཁ་བཤད་མ་ཡིན་དོན་ལ་རག།
དོན་ལག་ལེན་མེད་ན་ཕན་པ་ཆུང་།།
རང་སངས་རྒྱས་དགོས་ན་རང་གིས་བསྒྲུབ།།
རང་ཉལ་ན་གཞན་གྱིས་སྦྱིན་མི་ནུས།།
ཆོས་ཁ་བཤད་ལས་ཀྱང་ལག་ལེན་གཙོ་།
ལག་ལེན་གསེར་གྱི་ཐིག་པོ་རེད་།
ཁ་བཤད་ཆུ་་ཡི་འབོ་བ་རེད་།
སངས་རྒྱས་འདོད་ན་རང་སེམས་སྲུང་།
བྱང་སེམས་འབྱོངས་ལ་གཞན་ཕན་གཙོ་།
སེམས་ཅན་དོན་ལ་མ་ཎི་བསོག་།
རང་གི་དོན་དུ་ཌོ་ལར་བསོག་།
བོད་དོན་སྒྲུབ་ལ་དབུ་མ་ཡིན་།
དུས་ཚོད་སྐྱེལ་ན་རང་བཙན་གླེང་།
རང་ཁ་རང་གསོ་རོགས་རམ་འཚོལ་།
གསར་གཏོད་ལས་གཞི་སྙིང་བཟོས་་བགྱིས་།
ཆིག་བསྒྲིལ་ནང་ཁུལ་ལྟ་སྒྲུབ་བརྩོད་།
དགྲ་དགའ་གཉེན་སྡུག་ལས་དཀའ་བགྱིས་།
རང་མིག་ཀམ་པོ་དེ་ནས་་ཐོབ་།ཧ་ཧ་ཧ་
ནོར་བཅོས་( རང་མིང་)
ཇུས་ཏོག་གིས།
ནོར་བཅོས་གཅིག་རང་གཅིག་མ་གཏོགས་བྱས་མི་འདུག། ཧ་ཧ་ཧ།
རང་རིན་པོ་ཆེ་ཟེར་བ་དེ། སྐྲག་ས་རེད་མི་འདུག་གམ།
ཅིག་ཅིག་ཅིག་ཅིག་ཅིག་དང་གཅིག།
མུག་མུག་མུག་མུག་མུག་དང་གཉིས།
དེ་དེ་དེ་དེ་དེ་དང་གསུམ།
སྤྱི་ལ་ཕན་པའི་གདམས་པ་འོ། ཧ་ཧ་ཧ།