—–ཨེ་མ་ཧོ།
ན་མོ་གུ་རུ་སེངྷ་ར་ཛ་ཡེ།
མགོན་རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་།།
ལྷ་རིགས་རྒྱའི་ཁྱབ་བདག་རྡོ་རྗེ་སེམས།།
གྲོགས་མཁའ་འགྲོ་རྗེ་བཙུན་སྒྲོལ་མ་དང་།།
དཔུང་ཆོས་སྐྱོང་གེ་སར་རྒྱལ་པོས་སྲུང་།།
ཕྱི་འཁོར་བའི་ཆོས་ལ་བློ་གྲོས་བཟང་།།
ནང་དམ་པའི་ཆོས་ལ་སྙིང་པོ་འཛིན།།
དོན་གངས་ཅན་རྒྱལ་སྲིད་སྐྱོང་བའི་མགོན།།
བུ་མི་ཡི་སེངྒེ་རྒྱལ་གྱུར་ཅིག།
མངོན་དཔའ་མཛངས་ལྡན་པའི་ཁམས་རྒོད་ཁྱོད།།
ལྐོག་གཡོ་རྫུན་དྲི་མེད་ལྷག་བསམ་ཅན།།
བོད་གངས་ཅན་འདྲེན་པའི་སྲིད་རྒྱལ་ཉིད།།
ཕྱོགས་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག།
ཅེས་པ་རབ་གནས་མེ་ཕོ་སྤྲེལ་ལོའི་ལོ་སར་གྱི་ཚེས་པ་གསུམ་མམ་བདག་ཅག་གྱི་སྐྱབས་གནས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་གྱི་ཉིན་མོར་བདག་གི་སློབ་ཕྲུག་དམ་པ་བློ་བཟང་ཚེ་རིང་དང་མང་འོས་ཀྱིས་སྲིད་སྐྱོང་རྒྱལ་གླུའི་འབོད་སྐུལ་ཡང་ཡང་གནང་བ་བཞིན་དུ་གང་དྲན་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་རི་བསང་སྐབས་སུ་རི་བོ་གངས་ལྡན་གྱི་རྩེ་ནས་རིག་འཛིན་ཨེ་མ་ཧོས་གླུ་རུ་བླངས་པར་དགེའོ།། །།
གེ་སར་སྲུང་མར་བསྟེན་པ་ལ།། གཞུང་བསྟེན་དགྲ་ལྷས་ཚར་གཅོད་འབྱུང་།།
གཞུང་ས་སྒེར་སྤྱོད་བྱེད་པ་ལ།། ཕོ་རྒོད་སྤེན་ཚེས་ཚར་གཅོད་འབྱུང་།།
གཞུང་ཁྲིམས་སྒེར་པས་བཤིག་པ་ལ།། འོས་བསྡུའི་ཁྲིམས་ཀྱིས་ཚར་གཅོད་འབྱུང་།།
གོ་ན་གླུ་ཡི་མཆོད་པ་ཡིན།། མ་གོ་རྨོངས་པ་མགོ་ཐོམ་ཡིན།།
བཀའ་ཐང་ལས།
ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས༎
སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འབྱུང་།།
དེ་དུས་དཀར་ཕྱོགས་རྣམས་ཀྱང་སྤོབས་པ་མཐོ།།
མདོ་སྨད་ལི་ཐང་ཕྱོགས་སུ་དགེ་ལེགས་འབྱུང།།
ཞེས་པ་བློ་བཟང་སེངྒེ་ལས་གཞན་དུ་གོ་ས་མི་འདུག་བསམ།
བཀའ་ཐང་ལས།
ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས༎
སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འབྱུང་།།
དེ་དུས་དཀར་ཕྱོགས་རྣམས་ཀྱང་སྤོབས་པ་མཐོ།།
མདོ་སྨད་ལི་ཐང་ཕྱོགས་སུ་དགེ་ལེགས་འབྱུང།།
ཞེས་པ་བློ་བཟང་སེངྒེ་ལས་གཞན་དུ་གོ་ས་མི་འདུག་བསམ། ་་་་་་་་་
ཞེས་པ་འདི། ལ་དྭགས་བོད་པའི་གཞིས་འགོ་ཟུར་པ་བོད་མི་རྒད་པོ་ཅིག་གིས་ཀྱང་ངོ་དེབ་ནང་ལ་ཁ་ནས་དྲངས་འདུག་པ་མཐོང་སོང་། དེ་ལྟར་ཡིན་པའི་སྨོན་ལམཡང་་ཡོད་དོ།།
ཀརྡོ་གཉེར་ཕྱག་པ་་་་་་ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས༎
སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འབྱུང་།།
དེ་དུས་དཀར་ཕྱོགས་རྣམས་ཀྱང་སྤོབས་པ་མཐོ།།
མདོ་སྨད་ལི་ཐང་ཕྱོགས་སུ་དགེ་ལེགས་འབྱུང།།
ཞེས་པ་བློ་བཟང་སེངྒེ་ལས་གཞན་དུ་གོ་ས་མི་འདུག་བསམ། ་་་་་་་་་
ཞེས་པ་འདི། ལ་དྭགས་བོད་པའི་གཞིས་འགོ་ཟུར་པ་བོད་མི་རྒད་པོ་ཅིག་གིས་ཀྱང་ངོ་དེབ་ནང་ལ་ཁ་ནས་དྲངས་འདུག་པ་མཐོང་སོང་། དེ་ལྟར་ཡིན་པའི་སྨོན་ལམཡང་་ཡོད་དོ་་་་་ད་མང་དྲགས་མི་འགུ་འམ་་་་་
བཀའ་ཐང་ལས།
ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས༎
སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འབྱུང་།།
དེ་དུས་དཀར་ཕྱོགས་རྣམས་ཀྱང་སྤོབས་པ་མཐོ།།
མདོ་སྨད་ལི་ཐང་ཕྱོགས་སུ་དགེ་ལེགས་འབྱུང།།
བཀའ་ཐང་ནང་ལ་ཡོད་ན། སློབ་དཔོན་པདྨས་གསུངས་པའི་ཁྱབ་དང་མི་ཁྱབ། ལགས།
མདོ་སྨད་ལི་ཐང་དེ་ལྟ་དུས་ཀྱི་ལི་ཐང་འདི་ཡིན་ཆོག་ན། ཨ།། །།
མདོ་སྨད་ལི་ཐང་དེ། ད་ལྟའི་དུས་ཀྱི་ལི་ཐང་གི་བོད་ཕྲུག་སྲིད་སྐྱོང་བློ་བཟང་ཡིན་ན་ཅི་མ་རུང་།། །།
ལྷ་སྟོབས་རྒྱལ་ལགས་ཀྱིས་བདེན་པར་གསུངས། །
ལིང་ནག་པོ་པདྨས་རང་ཕྱོགས་བཟུང་། །
ཀ་གཉེར་ཕྱག་ཁ་བརྡར་མགོ་འཁོར་ཡང་། །
ཁ་མཁས་པོ་བློ་སེང་རྐུབ་ལ་འབྱར། །
ཧ་ཧ་ཧ་་་་་་་་་་
February 12th, 2016 at 2:53 pm
སྔོན་ལ་བློ་སེང་ཝ་མོ་ཁྱོད་འདི་ཙང་མ་བཟོས་དང་།
http://m.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/?from=singlemessage&isappinstalled=0
།
བློ་སེང་དེ་མི་གཤིས་ཐོག་ནས་ཁྱི་འདྲ་བོ་ཞིག་འདུག
སྐུ་པར་ཕབས་པའི་སྐོར་དེ་སྤྱི་འཐུས་བཀྲིས་རྣམ་རྒྱལ་མཆོག་ཀྱིས་གྲོས་ཚོགས་ནང་གི་དྲི་བར་སྐུ་པར་དགུ་ཡོད་སོགས་བཤད་པ་ལས་རྫུན་བཤད་སོང་། ད་ལྡ་གཞི་ནས་རྫུན་རེད་ཟེར་སོང་ ཡང་མི་མང་མགོ་སྐོར་གཏོང་ཐབས་བྱེད་བཞིན་འདུག ཁྲམ་པ་རྫུན་རྐྱལ་བློ་སེང་ཕམ་འགྱུར་ཅིག
https://sites.google.com/site/tibetanpoliticalreview/articles/mmoynihanreplytoofficeoftibetontibetchinaatthesamewashingtonlobbyist?from=singlemessage&isappinstalled=0
ཝ་མོ་རྒྱ་དང་འབྲེལ་བའི་དཔང་རྟགས་རེད
ཀ་གཉེར་ཕྱག་ཁ་བརྡར་མགོ་འཁོར་ཡང་། །
ཁ་མཁས་པོ་བློ་སེང་རྐུབ་ལ་འབྱར། །
ཧ་ཧ་ཧ་་་་་་་་་་
ལན་དུ།
ངའི་མི་ཚེ་ནང་ལ། ཆབ་སྲིད་ཀྱི་འདམས་ཁ་གཉིས་མ་གཏོགས་ཡོད་མ་རེད། བོད་མིའི་སྲིད་སྐྱོང་རྒྱལ་འགྱུར་ཅིག ཟེར་རྒྱུ་དང་། ཡང་ན། ཀྲུང་གོའི་གཙོ་འཛིན། ཞི་ཆིན་ཕིན་མཆོག་གི་༸སྐུ་ཚེ་བརྟན་པར་ཤོག
ཁྱུང་དཀར་ཀླད་མེད་ཁྱོད། ད་དུང་ཡང་ཁྱུང་དཀར་ལ། བཞོན་རྒྱུ་བསྒུག་ནས་སྡོད་ཀེ། ལགས།། །།
བློ་སེང་།
བློ་བཟང་སེངྒེ་བཀྲ་ཤིས་ཤོག །
བློ་བཟང་སེངྒེ་དོན་གྲུབ་ཤོག །
བློ་བཟང་སེངྒེས་འཇོན་པར་ཤོག །
བློ་བཟང་སེངྒེ་ཐོབ་པར་ཤོག །
སྲིད་སྐྱོང་།
སྲིད་སྐྱོང་སེངྒེ་བཀྲ་ཤིས་ཤོག །
སྲིད་སྐྱོང་སེངྒེ་དོན་གྲུབ་ཤོག །
སྲིད་སྐྱོང་སེངྒེས་འཇོན་པར་ཤོག །
སྲིད་སྐྱོང་སེངྒེ་ཐོབ་པར་ཤོག །
བློ་བཟང་སེངྒེ་སྲིད་སྐྱོང་རེད།།
བློ་ངན་སྤེན་ཚེ་སྡུག་སྐྱོང་རེད།།
བློ་མཐུན་རྒྱ་མི་ཕལ་ཆེ་བས།།
བློ་དཀར་བློ་ནག་ཤེས་ཚོད་རེད།།
སྲིད་སྐྱོང་མིང་ཅན་བློ་བཟང་སེང་གེས་ཨ་སྒོར་འབུམ་མང་པོ་ལྐོག་ཟ་བྱས་པའི་གནས་ཚུལ།
ཨ་རི་ཝ་ཤིན་ཊོན་དུ་ཡོད་པའི་་་པོ་སི་ཏི་དུས་བབ་ནི་་་འཛམ་གླིང་ནང་སྐད་གྲགས་ཡོད་པའི་རྒྱུད་ལམ་ཆེ་ཤོས་ཙམ་དུ་མ་ཟད་ཆ་འཇོག་ཡོད་པའི་རྒྱུད་ལམ་ཞིག་ཀྱང་རེད། བློ་བཟང་སེང་གེས་ལྐོག་ཟ་བྱས་སྐོར་འབྲི་མཁན་རྩོམ་པ་པོ་་་མོ་ར་མ་ནེ་ཧན་་་ལགས་ནི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་མ་ཟད། མོའི་ཨ་ཕ་པེ་ཏྲི་མོ་ནེ་ཧན་ནི་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་འཐུས་མི་སྐད་གྲགས་ཅན་ཞིག་རེད། དབུ་དཀར་ཚང་ཀེ་རྡོར་ནས་ལན་འདེབས་བྱས་པར་མོས་ཡང་བསྐྱར་ལན་འདེབས་ཚ་ནན་བྱས་པ་ནི་བདེན་དཔང་ཁུངས་སྐྱེལ་ཡོད་པའི་རྟགས་རེད། དེའི་ཆ་ནས་བློ་བཟང་སེང་གེ་ལགས་ལ་སྲིད་སྐྱོང་ཐོབ་པའི་ཕྱི་ཉིན་ལམ་སེང་ཁང་པ་ཉོས་པའི་རིན་འབབ་་ཡོངས་རྫོགས་མཉམ་སྤྲོད་བྱས་པ་དེ་རྩོད་གཞིའི་གནད་དོན་རེད། དེའི་ཆ་ནས་མི་རྣམས་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ད་ལྟའི་དོན་གཅོད་ཀེ་རྡོར་དབུ་དཀར་ཚང་གིས་རང་གི་ཕ་ཡུལ་གཅིག་པ་མང་པོ་ཞིག་ལ་ཨ་སྒོར་ཕོན་ཆེ་སྤྲད་པའི་གནས་ཚུལ་ཐེངས་ཁ་ཤས་བྱུང་བ་དེ་ཡང། གསར་འབྱོར་པའི་ཆེད་དུ་སློང་མོ་བརྒྱབས་པའི་ཨ་རིའི་གཞུང་གི་རོགས་དངུལ་ཡིན་མིན་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག་སྟབས། བློ་བཟང་སེང་གེ་ལགས་ཀྱི་ཁང་པ་ཉོ་སྤྱད་སོགས་ཀྱང་ཨ་རིའི་གཞུང་གིས་གནང་བའི་རོགས་དངུལ་ཁོངས་ནས་བེད་སྤྱོད་བཏང་འདུག་གམ། ཡང་ན་སྲིད་སྐྱོང་གི་མཚན་གནས་འཁྱེར་ནས་ངྷ་རམ་ས་ལའི་གླ་ཕོག་དམའ་ཚུལ་གྱི་སྡུག་སྐད་བརྒྱབས་ཏེ། སྐབས་འཚོལ་རིང་ལུགས་པ་འཁྲབ་སྟེ། སྤྱི་པའི་མིང་ཐོགས་ནས་སྒེར་ལ་པེད་ཤག་རེག་ཐུབ་བྱས་ཏེ། སྤྱི་རྒྱུ་སྒེར་སྤྱོད་བྱས་པ་གང་ཡིན་མིན་ངེས་པར་དུ་ཞིབ་འཇུག་བྱས་ཏེ། མདོ་དོན་རུལ་སུངས་ཀྱི་ལམ་ཁ་གང་ནས་རང་ཉིད་རུལ་སུངས་ཆགས་འདུག་མིན་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ཅེས་དོ་སྣང་ཅན་ཚོས་ལབ་བཞིན་པ་འདི་ཡག་པོ་རེད་ལ། དྲི་བ་གཏོང་སྟབས་ཚད་ལྡན་ཀྱང་རེད། སྙིང་རྗེ་བསམ་པའི་ཀུན་ནས་བསླངས་ཏེ་བོད་སྤྱིའི་ཆེད་དུ་སྲིད་སྐྱོང་བློ་སེང་དང་དོན་གཅོད་ཀེ་རྡོར་གཉིས་ལ་དྲི་བས་ནག་འདེད་བྱེད་དགོས་པ་དེ་གཡོལ་ཐུབ་མེད་པ་ཞིག་རེད།
http://www.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/#ixzz3gP5a1qTC
https://sites.google.com/site/tibetanpoliticalreview/articles/mmoynihanreplytoofficeoftibetontibetchinaatthesamewashingtonlobbyist
གོང་ས་མཆོག་སངས་རྒྱས་གོང་ཕུད་བྱས་ནས་གཞན་གཞིས་བྱེས་བོད་མིའི་ནང་འཛམ་གླིང་སྡིངས་ཆའི་ཐོག་འཛམ་གླིང་མཁས་དབང་ཚོ་དང་དཔུང་པ་མཉམ་བཤིབ་གནང་ཐུབ་མཁན་སུ་འདུག མཁས་དབང་བློ་སེང་ལྟ་བུ་ཉུང་ཉུང་རེད། མཁས་དབང་ཁོང་དེང་རབས་ཀྱི་ཤེས་ཡོན་གྱིས་ཕྱུག་པ། མི་གཤིས་དང་བཟང་སྤྱོད་དང་ལྡན། ཕོ་ཉམས་དོད་པོ་གཞན་ལ་ངོམས་རིན་ཆོག་པ་བཅས་ཡིན་པས་༢༠༡༦ གི་སྲིད་སྐྱོང་ཁོང་ཉིད་འོས་ཤོས་སུ་མཐོང་།
བོད་རྒྱལ་ན་བློ་སེང་ཕམ། བློ་སེང་རྒྱལ་ན་བོད་ཕམ། བོད་གསོན་པོའི་སྲོག་རྩ་བློ་སེང་གི་ལག་ནས་འཆོར། བོད་ཀྱི་གཤེད་མ་ངོ་མ་སུ་རེད།