གངས་སེང་།
༧ འདི་ནི་གངས་ཏི་སེ་ཡིན་ལ་ཏི་སེ་ཞེས་པ་དེ་ཞང་ཞུང་སྐད་ཡིན། དོན་ནི་ཆུ་ལྷ་ཞེས་བྱ། འདིའི་མཚན་གཞན་གངས་ཡ་ཕག་ཤ་ར་ཡང་ཟེར། འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་སངས་རྒྱས་པའི་གནས་ཡིན་པར་གསུངས་པས་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་ཡིན་པར་འདོད་ན་རྩ་བའི་ཆ་ནས་ལུང་དང་རིགས་པ་གང་གིས་འགལ་འདུ་མེད་པར་སེམས། དེར་བརྟེན་གཡུང་དྲུང་བོན་མདོ་སྔགས་རྫོགས་གསུམ་རིག་པའི་གནས་དང་བཅས་པའི་འབྱུང་ཁུངས་ངོ་མ་དེ་གངས་ཏི་སེ་ཡིན་པ་དང་། མདོ་སྔགས་རྫོགས་གསུམ་རིག་པའི་གནས་དང་བཅས་པ་འདི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ལས་འདི་དག་གི་ཁུངས་ནི་ཡུལ་གཞན་ཞིག་ལ་གཏུགས་དགོས་དོན་རྩ་བ་ནས་མི་འདུག་སྙམ། དེ་ལ་མི་འདོད་ཤངས་བསྙེར་གནང་མཁན་ཡོད་ན་ངོ་གནོང་དགོས་དོན་མེད། ཁོ་བོ་ལ་ཁ་ཐུག་ཏུ་ལུང་དང་རིགས་པའི་བརྒལ་བརྟག་གནང་ཆོག འོན་ཀྱང་ཤེས་དགོས་པ་ཞིག་ལ་གསང་སྔགས་འཆང་བ་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་སངས་རྒྱས་གཤེན་རབ་མི་བོ་དག་ཞིང་འོལ་མོ་ལུང་རིང་ལ་སྐུ་འཁྲུངས་ཚུལ་བཤད་པ་དེ་ལ་ཁོ་བོས་དགག་བྱ་བྱས་པ་གང་ཡང་མེད་པ་དེ་ཡིན། རྒྱུ་མཚན་ནི། ཐེག་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་བློ་ཡི་འཁྱེར་སོ་ལ་གཞིགས་ན་དེ་ཡང་འབྱུང་མི་ཆོག་པ་གང་ཡང་མེད་དམ་སྙམ།
དེ་ཡང་བོན་པོ་བན་ཏེ།་ནང་བ།་ཕྱི་རོལ་བ་སོགས་ཀྱི་ཐུན་མོང་གི་གནས་རི་ཞིག་ཡིན་ཚུལ་བོད་ཀྱི་དཔེ་མཛོད་ཁང་ནང་ན་ཡོད་པའི་དཀོན་རིགས་བོད་དཔར་མ་གངས་རིན་པོ་ཆེའི་དཀར་ཆག་ལ་ལྟ་རོགས་གནང་།
རི་སེ་སུའི་རེད། བོད་ཀྱི་རེད། ནང་པ། བོན་པོ། ཧིན་དུ། ཚང་མའི་རེད། ད་ག་རེ་བྱེད་གི་ཡིན།
རྒྱ་ནག་གཞུང་གི་མ་རེད་པེ། ཏན་ཏ་ན་མ་རེད་པེ།
ནང་པ། བོན་པོ། ཧིན་རྡུ་མུ་སྟེགས་པའི་ཡིན་སྟངས་ནི། དད་པའི་ཡུལ་ཙམ་གྱིས་རེད། བོད་རིགས་མི་མངས་ཀྱི་རེད་དམ། རྒྱ་ནག་གཞུང་གཅིག་པུ་ལ་དབང་བ་རེད། སྐད་ཆ་དེ་གསལ་སྟོན་ཐུབ་པ་གལ་ཆེན་པོ་རེད་སྙམ་ལགས།
གཡས་བསྐོར་འདོད་ན་གཡས་བསྐོར་གྱིས། གཡོན་བསྐོར་འདོད་ན་གཡོན་བསྐོར་གྱིས། །བསྐོར་བ་གཡས་གཡོན་ཟེར་བ་འདི་ལ་རྣམ་རྟོག་གི་ཞེན་ཚུལ་ཙམ་ལས་བཟང་ངན་གང་ཡང་མེད་དེ། གཙོ་བོ་སེམས་ལ་རག་ལས་པས་སོ།།
གཙོ་བོ་སེམས་ཡིན་ན་ལི་ལིའི་རྟུགཔ་གསེར་དུ་བསམ་ནས་རྒྱན་ཆ་བཟོས།
སྐབས་ལྔ་བའི་ཞང་ཞུང་རིག་གནས་གནས་སྐོར་དུས་ཆེན་ད་ལོའི་ཟླ༨པར་སྤེལ་འཆར་ཡོད་པ།
སྤེལ་དུས། 2013-04-11 ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་སྒྲིག་པ། སྐྱ་རེངས་ཀྱིས་བསྒྲིགས།
ཟླ༤བའི་ཚེས༨ཉིན། རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་ནུབ་རྒྱུད་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། ལོ་རྒྱུས་ཀྱི་རྒྱུན་རིང་བའི་ཞང་ཞུང་རིག་གནས་ཁྱབ་སྤེལ། ཞང་ཞུང་རིག་གནས་ཀྱི་ཆ་འཕྲིན་དང་འབྲེལ་བའི་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱེད་པར། སྐབས་ལྔ་བའི་བོད་ལྗོངས་ཞང་ཞུང་རིག་གནས་གནས་སྐོར་དུས་ཆེན་ཟླ༨པར་མངའ་རིས་ས་ཁུལ་དུ་སྤེལ་འཆར་ཡོད་པ་རེད།
རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཞང་ཞུང་རིག་གནས་གནས་སྐོར་དུས་ཆེན་དེ་ད་ལྟའི་བར་སྐབས་བཞི་ལ་སྤེལ་ཟིན་ཞིང་། མངའ་རིས་ས་ཁུལ་གྱི་གནས་སྐོར་འཕེལ་རྒྱས་དང་རིག་གནས་ཁྱབ་སྤེལ་ཐད་ནས་གྲུབ་འབྲས་མི་དམན་བླངས་ཡོད་པ་མ་ཟད། མངའ་རིས་ས་ཁུལ་གྱི་གནས་སྐོར་འཕེལ་རྒྱས་བྱེད་པའི་སྒུལ་ཤུགས་ཆེན་པོར་གྱུར། སྐབས་ལྔ་བའི་བོད་ལྗོངས་ཞང་ཞུང་རིག་གནས་གནས་སྐོར་དུས་ཆེན་གྱི་སྟེང་དུ་གནས་སྐོར་པར་འགྲེམ་འགྲན་བསྡུར་དང་། གནས་སྐོར་རིག་གནས་གླེང་སྟེགས། གནས་སྐོར་དྲན་རྟེན་ལེགས་སྐྱེས་འགྲན་བསྡུར། དེ་མིན་གཞིས་རྩེ་ས་ཁུལ་དང་ནག་ཆུ་ས་ཁུལ་སོགས་སུ་མཉམ་འབྲེལ་བྱས་ནས་སྤེལ་བའི་གནས་སྐོར་ལམ་ཐིག་མཉམ་འབྲེལ་མཚམས་སྦྱོར་སོགས་ཀྱི་ནང་དོན་འདུས་པ་ཡིན།
༼ཞང་ཞུང་སྣང་བར་འགྲོ་མཁན་དང་མི་འགྲོ་མཁན་ཚང་མར་ཕུལ་བ་ཡིན། གནས་ཚུལ་རྟོགས་ཆེད་འདིར་དྲངས་དགོངས་པ་མ་འཚོམས༽