དེ་རིང་དབྱིན་ཡུལ་གྱི་ཨོག་ཁི་སི་སློབ་གྲྭ་ཆེན་མོའི་ནང་དེང་རབས་རྩོམ་རིག་ལ་ཉམས་ཞིབ་གནང་མཁན་མདའ་ཚན་པ་བླ་མ་སྐྱབས་ཀྱིས་རི་བོ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དེ་གང་ན་ཡོད་པ་རེད་ཟེར་ནས་ཁ་པར་ནང་དྲི་བ་དྲིས་སོང་བར། ང་ལ་ལན་ངེས་གཏན་ཁེལ་བ་ཞིག་འདེབས་རྒྱུ་མ་རྙེད་པར་ལག་ཐོགས་པར་གྱུར་པས་ངོ་ཚ་བྱུང་། ཞྭ་སྒབ་པས་ ་་ཤིན་ཅང་དང་བོད་ཀྱི་ས་མཚམས་སུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་་ ཞེས་དང་རྒྱལ་མོ་འབྲུག་པས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་བོད་ཀྱི་བྱང་ན་ཡོད་ཟེར་བ་ཙམ་ཞིག་ལས་ཁུངས་གསལ་བོ་དང་གདེང་འཁེལ་བ་ཞིག་མ་རྙེད། བོད་དང་ཤིན་ཅང་ས་མཚམས་སུ་ཡོད་པ་ནི་ཁུ་ནུ་རི་རྒྱུད་ཡིན་པ་དང་། ཁུ་ནི་རི་རྒྱུད་ཀྱི་རི་རྩེ་མཐོ་ཤོས་ནི་མཚོ་ངོས་ལས་མཐོ་ཚད་སྨི་༧༧༡༩ ཡོད་པའི་གངས་དཀར་ལ་ཟེར་བ་དེ་རེད།
དེས་ན་མཁས་དབང་ཚོར་དྲི་བར་བྱ་བ་ནི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དེ་གངས་དཀར་ལ་ཡིན་ནམ་རི་བོ་གཞན་ཞིག་ཡིན། རྣམ་པ་ཚོར་དེར་ལན་གསལ་བོ་ཞིག་བསྙད་དུ་ཡོད་དམ།
མཚོ་སྔོན་པོའི་བྱང་ཕྱོགས་ཆི་ལེན་རྩྭ་ཐང་ནས་མཐོང་ས་ཞིག་ཏུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ཡོད། ས་གནས་འབྲོག་པ་ཚོས་མུ་རིའི་གངས་དཀར་ཞོ་བླུགས་ཀྱང་ཟེར།
ས་གནས་ཀྱི་དབང་དུ་བྱས་ན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་ཁོངས་སུ་ཡོད་པ་རེད། དེ་ཕྱོགས་ཀྱི་མི་ལ་སྐད་ཆ་དྲིས་དང་ད་དུང་གསལ་དུ་འགྲོ་རྒྱུ་ཡོད། ངས་ནི་དེ་ཕྱོགས་སུ་འཁྱམ་ལྡོམ་བྱེད་དུས་གངས་རི་དེའི་རྩེ་མོ་ཙམ་ཞིག་ལས་མཐོང་མ་མྱོང་།
རེད་ལགས་།ཐེམ་ཆེན་རྫོང་གི་མུ་རུ་ཟེར་བའི་ས་དང་ཉེ་བོ་ཡོད་པ་དང་།སྔོན་དུས་འབྲོང་སོགས་མང་པོ་ཡོད་པ་མ་ཟད།་ད་དུང་གངས་དཀར་ལྦང་ཞེས་དཔོན་པོ་གྲགས་ཅན་ཞིག་དང་།བོད་སྐད་དུ་འཇུ་ལག་ཆུ་ཟེར་བ་དང་།སོག་མིང་དུ་ཨོ་ལན་མུ་རི་ཟེར་འམ།་ཡང་ན་ཆུ་བོ་དམར་པོ་ཟེར་བའི་ཆུ་དེ་ཡང་་ས་དེ་ནས་བཞུ་གིན་མེད་དམ་སྙམ་།འདི་ལ་ཁག་མེད།་འདི་སྔོན་གྱི་བོད་ཀྱི་བླ་མ་དག་གི་རྣམ་ཐར་སོགས་ལ་མི་གཟིགས་པར་།དེང་དུས་རྩོམ་རིགས་མགོ་མཁོར་ན་།འདི་སོགས་ཧ་གོ་གིན་མ་རེད།རྩེད་མོ་ཡིན།
མཚོ་སྔོན་པོའི་བྱང་ཕྱོགས་ཆི་ལེན་རྩྭ་ཐང་ནས་མཐོང་ས་ཞིག་ཏུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་ཡོད། ས་གནས་འབྲོག་པ་ཚོས་མུ་རིའི་གངས་དཀར་ཞོ་བླུགས་ཀྱང་ཟེར།
ས་གནས་ཀྱི་དབང་དུ་བྱས་ན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་ཁོངས་སུ་ཡོད་པ་རེད། དེ་ཕྱོགས་ཀྱི་མི་ལ་སྐད་ཆ་དྲིས་དང་ད་དུང་གསལ་དུ་འགྲོ་རྒྱུ་ཡོད། ངས་ནི་དེ་ཕྱོགས་སུ་འཁྱམ་ལྡོམ་བྱེད་དུས་གངས་རི་དེའི་རྩེ་མོ་ཙམ་ཞིག་ལས་མཐོང་མ་མྱོང་།
རེད་ལགས་།ཐེམ་ཆེན་རྫོང་གི་མུ་རུ་ཟེར་བའི་ས་དང་ཉེ་བོ་ཡོད་པ་དང་།སྔོན་དུས་འབྲོང་སོགས་མང་པོ་ཡོད་པ་མ་ཟད།་ད་དུང་གངས་དཀར་ལྦང་ཞེས་དཔོན་པོ་གྲགས་ཅན་ཞིག་དང་།བོད་སྐད་དུ་འཇུ་ལག་ཆུ་ཟེར་བ་དང་།སོག་མིང་དུ་ཨོ་ལན་མུ་རི་ཟེར་འམ།་ཡང་ན་ཆུ་བོ་དམར་པོ་ཟེར་བའི་ཆུ་དེ་ཡང་་ས་དེ་ནས་བཞུ་གིན་མེད་དམ་སྙམ་།འདི་ལ་ཁག་མེད།་འདི་སྔོན་གྱི་བོད་ཀྱི་བླ་མ་དག་གི་རྣམ་ཐར་སོགས་ལ་མི་གཟིགས་པར་།དེང་དུས་རྩོམ་རིགས་མགོ་མཁོར་ན་།འདི་སོགས་ཧ་གོ་གིན་མ་རེད།རྩེད་མོ་ཡིན།
གངས་དཀར་ཕྱོགས་ལས་རྣམ་རྒྱལ་ནི་མཚོ་བྱང་ཁུལ་གྱི་ཆི་ལེན་རྫོང་ན་ཡོད་པ་དེ་རེད། དེ་ནི་ཁུ་ནུ་རི་བོའི་རྒྱུད་ཀྱི་རི་རྒྱུད་ཞིག་ཡིན་པ་འདྲ་
མདའ་མཚན་པས་དྲི་བ་འདི་ཐད་ཀར་ང་ལ་དྲིས་ཡོད་རྒྱུ་ན་་་ ལན་ཏག་ཏག་དེ་སྔོན་ཚུད་ནས་ཁྱོད་ལ་ཐོབ་ཡོད་རྒྱུ་རེད།
གངས་དཀར་ཕྱོགས་ལས་རྣམ་རྒྱལ་ནི་་་་་ ངེད་ཁྱིམ་རྒྱུད་ཀྱི་བླ་རི་ཡིན་ཟེར་ན་མི་ཤེས་མོད། གང་ལྟར་་་ ངའི་རྨོ་མོའི་ལྟེ་ཁྲག་འཕོ་ས་དེ་རེད།
དེ་ནི་་་་དེང་སྐབས་རྒྱ་ནག་གི་ས་བགོས་ལྟར་ན་་་་མཚོ་སྔོན་ཞིང་ཆེན། ཐེམ་ཆེན་རྫོང་། སུ་རུ་ཞང་་་་་ཟེར་བ་དེ་དང་་་་ ད་དུང་་་མུ་རུ་་་ཟེར་བ་དེ་གཉིས་ཀྱི་ས་མཚམས་སུ་ཡོད་པ་རེད། གོང་དུ་དྲ་གྲོགས་རེ་ཟུང་གིས་མུ་རུ་མ་གཏོགས་སུ་རུ་གླེང་མི་འདུག ས་ཁྱོན་གྱི་ཆ་ནས་བཤད་ན་ད་དུང་་སུ་རུ་དང་ཐག་ཧ་ཅང་ཉེ་བ་རེད། སུ་རུ་ཞང་ཟེར་བ་དེ་ལ་ཁྱོན་བསྡོམས་རུ་ཁག་བཞི་ཡོད་པ་རེད། དེ་གར་ད་དུང་་་་དོར་སྐོར་་་ ཟེར་བའི་རུ་ཁག་ཅིག་ཡོད་པ་དེ་ནི་ངེད་ཁྱིམ་རྒྱུད་ཀྱི་ཕ་གཞིས་རེད། གང་ལྟར། ང་རང་ལོ་ན་ཧ་ཅང་ཆུང་དུས་ཤིག་ལ་ཨ་ཕ་དང་མཉམ་དུ་ས་གནས་དེ་གར་གཉེན་འཕྲད་དུ་སོང་བ་ད་དུང་དྲན་གྱིན་འདུག
གངས་དཀར་ཞོ་བླུགས་ཟེར་བ་དེ་གངས་དཀར་ཕྱོགས་ལས་རྣམ་བརྒྱད་དང་གཅིག་པ་གཏན་ནས་མ་རེད། དེ་ནི་སུ་རུ་ལ་རུ་ཁག་བཞི་ཡོད་པའི་ནང་གི་རུ་ཁག་བཞི་པའི་དགུན་སའི་ཐོག་ན་ཡོད་ཅིང་། རི་དབྱིབས་ལ་བལྟས་ནས་་་ ཇོ་མོ་གླང་མ་འདྲ་བ་ཞིག་ཡོད་པ་རེད། དེ་ཡང་། རི་རྩེར་ཞོ་བླུགས་པ་ལྟར་གངས་ཆགས་ཡོད་པས་ན་མིང་དེ་ལྟར་བཏགས་པར་བཤད། གངས་དཀར་ཕྱོགས་ལས་རྣམ་བརྒྱད་་་་་ཟེར་བ་དེ་ལ་རྩེ་མོ་བརྒྱད་ཡོད་པར་བཤད། ཕྱོགས་ལས་རྣམ་རྒྱལ་་་་ཟེར་བ་དེ་མ་དག་པར་བཤད། རྨོ་མོས་ནམ་རྒྱུན་ནས་གངས་རི་འདི་དང་འབྲེལ་ནས་སྔོན་ཆད་ཀྱི་ས་དེའི་གཏམ་རྒྱུད་མང་པོ་གསུངས་མྱོང་།
ས་གནས་དེ་ནི་ངེད་མེས་པོའི་ཁྱིམ་རྒྱུད་ཀྱིས་ལུས་སྲོག་ལོངས་སྤྱོད་ཡོད་ཚད་རྒྱབ་ཏུ་དོར་ནས་མྰ་ཕུ་ཧྥང་གི་ཇག་དཔུང་ལ་དམར་འཛིང་བྱས་སའི་ས་གནས་ཤིག་རེད་འདུག གང་ལྟར། ཞིན་ཅང་དང་ས་འདྲེས་རེད་ཟེར་བ་དེ་བདེན་པ་རེད།
ད་དེ་ཙམ་ཡིན། གསལ་བོ་ཤེས་འདོད་ན་་་ ངས་འབྲི་བཞིན་པའི་་་ གངས་དཀར་ཕྱོགས་ལས་རྣམ་བརྒྱད་ནས་མཆེད་པའི་རྣམ་ཤེས་་་་ཟེར་བའི་དངོས་བྲིས་སྒྲུང་གཏམ་རིང་མོ་དེར་་རྗེས་རྗེས་སུ་གཟིགས་རོགས།།
དེ་ན་འདྲེ་རིག་ལྡན་ལ་དྲི་བ་འགའ་ཤས་ཡོད་།
༼༡༽་འཇུ་ལག་ཆུ་དེ་གངས་དཀར་ཕྱོགས་རིའི་འདབ་གང་ནས་བཞུར་བཞིན་ཡོད་།
༼༢༽ས་དེ་ན་སྔོན་དུས་དགོན་པ་གང་དང་གང་ཡོད་།
༼༣༽ཨ་རིག་གླེན་པ་ཟེར་བའི་མི་བཤིས་དྲང་བོ་ཅན་།དད་ལྡན་བོད་ཀྱི་ཡུལ་དུ་སྐད་གྲགས་ཡོད་པ་དེ་ཚོ་ཁྱོད་ཚོ་ས་ཆ་ནས་ཡིན་ནམ་མིན།
༼༤༽རྒྱལ་དབང་ལྔ་བ་རྒྱ་ནག་ཏུ་ཕེབས་དུས་ས་དེར་བརྒྱུད་མྱོང་ཟེར་བའི་སྐད་ཆ་འདུག་།ཆུ་ཚན་སྐད་གྲགས་ཅན་ད་ལྟ་ཉིད་དུ་ལྡིང་བསམ་པ་འགའ་ཡོད་སྐད་ཐོས་བས་།ད་ལྟ་དེ་དག་ཡོད་དམ་མེད་།
༼༥༽དྲི་བ་གལ་ཆེ་ཤོས་ཤིག་ལ་།ས་དེའི་མི་རིགས་ཀྱི་བརྒྱུད་པ་སོག་པོ་ཡིན་ཟེར་སྐད་འདུག་པས་དེ་བདེན་པ་ཡིན་ནམ་མིན་།
ང་ཆུང་དུས་ཐེམ་རྫོང་གི་མུ་རུ་།གཡང་ཁང་སོགས་ལ་འགྲོ་མྱོང་།སྟོབས་དང་འབྱོར་བ་ལྡན་པ་དག་ལ་།བུ་མོ་ལུག་རྫི་རྩག་སྐྱ་རེ་གོན་ནས་།ལག་ཏུ་འུར་རྡོ་བཟུང་བ་དག་འདུག་།མཚན་མོའི་སྤྲུལ་འཁྱིལ་བ་བཞིན་ཡོང་བའི་དུ་འཐེན་མ་འགའ་རེ་ཡང་འདུག་།ཕྲན་གྱིས་སྟི་ཁ་ཞོ་བདག་ཟེར་བའི་བོད་ཀྱི་གཏམ་རྒྱུད་སྐད་གྲགས་ཅན་དེ་ཡང་།ས་དེ་ནས་བུ་མོ་སྤྲུལ་འཁྱིལ་མ་ཤིག་གི་རུམ་ནས་གོ་བ་ཡིན་།
དྲི་བ་གསུམ་པའི་ལན།
ཨ་རིག་ཀླེན་པ་སྐད་གྲགས་ཅན་དག་འབྱུང་ས་ནི་མཚོ་བྱང་མ་ཡིན་པར་མགོ་ལོག་རྭ་རྒྱ་ས་ཆ་ནས་རེད།
བདག་ལ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་སྐོར་བཤད་མཁན་ཚང་མ་དང་ལྷག་པར་དུ་འདྲེ་རིག་ལྡན་ལགས་ནས་གནས་ཚུལ་ཁུངས་ལྡན་གནང་བ་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ།
མུ་མཐུད་དུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ལོ་རྒྱུས། བསྟོད་པ། གནས་བཤད། བསང་འབོད་སོགས་ལས་འཕྲོས་ཏེ་བཤད་རྒྱུ་ཡོད་ན་དགའ་བསུ་ཞུ།
གངས་དཀར་ཕྱོགས་ལས་རྣམ་རྒྱལ་སྐོར་འདིར་ཞིབ་འཇུག་བྱེད་རྒྱུ་མང་པོ་ལྷག་འདུག། ཨོ་ལན་མུ་རི་ཆུ་དམར་ཡིན་ནམ་ཨོ་ལན་མུར་སྟེ་རྟ་དམར་ཡིན། སོག་སྐད་ཤེས་པ་དག་གིས་ལན་གནང་རོགས། འདི་ཕྱོགས་ནི་སྔར་སོག་རྒྱལ་ཆོག་ཐུ་ཁན་གྱིས་དབང་བསྱུར་བའི་ས་ཁུལ་རེད། རྒྱལ་པོ་འདི་ལ་དགེ་ལྡན་པའི་བླ་མ་མང་པོས་བསྟན་དགྲ་དང་། ཀརྨ་པ་དང་་རྙིང་མའི་བླ་མ་ཁ་ཤས་ཀྱིས་ཆོས་རྒྱལ་དུ་བཞེད། ཁོས་མིང་ལ། ཆོག་ཐུ་ཐེ་ཅུ། ཨ་ལག་མུར་ཐ་སྟེ་རྟ་ཁྲ་ཅན། ཨོས་ལན་མ་ལག་ཝ་ཐུ་སྟེ་ཞྭ་དམར་ཅན་སོགས་མིང་མང་པོ་ཞིག་འདུག གང་ལྟར་ཡང་སྐབས་ཤིག་ཏུ་སྟོབས་འབྱོར་དབང་ཐང་ཆེ་བ་ཞིག་སྟེ། རྒྱལ་ལྔ་བའི་དེབ་ཐེར། ཐུ་བཀྭན་གྲུབ་མཐའ་སོགས་སུ་ཆེད་དུ་བཀའ་བསྐྱོན་གནང་ཡོད། འདི་ཡི་བརྒྱུད་པར་གཏོགས་པ་མང་པོ་ཞིག་ལ་མུ་ར་ཞེས་གྲགས་ཤིང་། གངས་དཀར་ཕྱོགས་ལས་རྣམ་རྒྱལ་ཡང་ཁོང་ཚོའི་བླ་རིར་བརྩི་སྲོལ་འདུག་ཅེས་ཨ་མདོ་གསེར་ལུང་གི་བླ་མ་ཞིག་གིས་གསུངས། འདི་ལ་རྒྱུས་ཡོད་མཁན་བཞུགས་ཚེ་གསལ་བཤད་བཀའ་དྲིན་ཞུ།
རྣམ་པ་ཚོར་ཞུ་རྒྱུ། གངས་དཀར་ཕྱོགས་ལས་རྣམ་བརྒྱད་་་་་་ ཟེར་བ་ལས། ཡུལ་མི་ཚོས་འདི་ལ་་་ཕྱོགས་ལས་རྣམ་རྒྱལ་་་་་མི་ཟེར། ལྷགབསམ་རྒྱ་མཚོ་མིང་ཅན་ནས་གསུངས་པ་དག་ངས་གོ་མ་མྱོང་། ད་དུང་ཡུལ་དེར་སོག་པའི་ཤན་ཤུགས་ཆེ་བ་ནི་དེ་བས་གོ་མ་མྱོང་། མུ་རུ་ཟེར་བའི་ས་གནས་དེ་གང་འདྲ་ཡིན་མི་ཤེས། སྤྱིར་ན་གངས་དཀར་ཕྱོགས་ལས་རྣམ་བརྒྱད་དེ་གནའ་ནས་ད་བར་དུ་སུ་རུའི་བླ་རི་རུ་བརྩིས་པ་ལས་མུ་རུའི་ཕྱོགས་སུ་མི་བརྩི་བ་འདྲ། ཆུ་དམར་ཟེར་བ་དེ་ཡང་་་་སུ་རུའི་ས་ཐོག་ཏུ་ཡོད་པ་རེད།
འདྲེ་རིག་ལགས་སུ།
སྐུ་ཉིད་ཀྱིས་བརྩམས་གནང་བའི་<>ཟེར་བའི་དངོས་སྒྲུང་དེ་གང་ནས་རག་ཐུབ་ཀི་རེད།
གངས་དཀར་ཕྱོགས་ལས་རྣམ་རྒྱལ་དེ་ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སུ་རི་ཡུལ་ཚོ་རུ་ཡོད་པ་རེད།