དཔྱི་ས་དགེ་འདུན་ཡོན་ཏན།
འཛུམ་དམུལ་དམུལ་གྱི་ཞལ་རས་ངོས་ལ་སྤོབས་པའི་རི་མོའི་མདངས་ཀྱིས་མཛེས།།
སྒྲ་དག་གསལ་བའི་སྨྲ་བརྗོད་གསེབ་ལ་གངས་རིའི་ལས་དབང་ཧྲིལ་གྱིས་བཟུང་།།
སྐུ་དྲག་རྒྱགས་པའི་སྲོལ་ལ་མ་ཆགས་འགྲིག་འགྲིག་འཚོ་བར་རོལ་བ་ཁྱོད།།
ས་མཐའ་འདི་ཡི་ཤེས་དང་མི་ཤེས་མི་སྡེ་ཞིག་གི་ཡབ་ཆེན་ཡིན།།
ལྷགས་རླུང་རྩུབ་མོ་གངས་ལ་འཁོར་བའི་འདས་སོང་ལོ་ཟླའི་ཕྱི་ནང་དུ།།
མིག་ཟུང་གངས་ཀྱི་རི་ལ་ཅེར་བའི་(ཀ་བློན་སྦུག་གི་ཐུག་བཟོ་བ)།།
ཁྱེད་ཀྱི་གསེར་མདོག་ཕྱག་འཁར་ཟད་པོས་ང་ཡི་སྙིང་གི་མཆི་མ་བརྐུས།།
ཁྱེད་ཀྱི་དབུ་སྐྲའི་ཁ་དོག་མཐོང་བས་གངས་རི་རྒས་པའི་སྣང་བ་འཆར།།
ལྷ་སའི་སྐུ་ངོའི་རང་འདོད་ཁེ་དྲག་རང་ལ་ཐོབ་འདོད་མ་སྐྱེས་ལ།།
རྒྱལ་བའི་ཁ་ངོ་རྒྱབ་ལ་འཇོག་པའི་སྲོལ་དེ་ནམ་ཡང་མ་མཆིས་པར།།
རིགས་ཞེན་རྣལ་མས་གངས་རི་བོས་པའི་མི་རིགས་ཤིག་གི་གྲེ་བ་ཁྱོད།།
རྒྱལ་ཁམས་འགྲིམ་པའི་ནུ་བོའི་རྒྱབ་ཀྱི་མི་འཇིག་རྒྱབ་རི་སྨུག་པོ་ཡིན།།
བོད་དམག་བྱེ་བའི་སེམས་ཀྱི་རི་ལ་ཉམས་ཀྱིས་འགྱིང་བའི་གངས་སེང་དང་།།
ཆུ་སྒང་མི་རྒན་འགའ་ཡི་སེམས་ལ་གཏན་དུ་མི་འབབ་བདུད་ཀྱི་རིགས།།
ཡོ་འཁྱོག་ལོ་རྒྱུས་སྲད་བུའི་དྲ་ལ་ཤིན་ཏུ་འཛིངས་པའི་མི་བོ་ཆེ།།
གངས་འདི་ཞེ་ལ་ཐོགས་ཏེ་རྒས་པ་ཁྱོད་རང་ཡིན་པ་བདག་གིས་རྟོགས།།
རླུང་ནག་རྡུལ་གྱིས་ས་གཞི་སྒུལ་དུས་ཁྱེད་ནི་རྒྱ་སྟག་ངར་མ་སྟེ།།
སྐུ་དྲག་སྐུ་ངོའི་སྐད་སྒྲ་མཐོ་དུས་ཁྱེད་ནི་གཡོ་མེད་བྲག་གི་རི།།
ཆག་འཇིག་ལོ་ཟླའི་རབ་ཁ་བརྒལ་བའི་བདག་གི་ལྷ་ཡི་སྲས་པོ་ལགས།།
འཁྱུག་ཙམ་མཇལ་བའི་བསྐལ་བཟང་རེ་ཁཱ་སེམས་ཀྱི་ཡིག་འབྲུ་དཀར་བོ་ཡིན།།
སྤྱི་ལོ་༢༠༡༧ ཟླ་ ༡༠ ཚེས་༤ཉིན་རྡ་རམ་ས་ལ་ནས་བྲིས།
དྲང་པོ་བཤད་འདུག རྒྱ་ལོ་དོན་གྲུབ་ཀྱི་ཡོན་ཏན་གཙོ་བོ་ཞིག་ནི་ལ་རྒྱ་རེད། ཁོང་གི་ལས་ཀར་བར་ཆད་ཡར་ཀླུང་གཙང་པོའི་རྒྱུན་བཞིན་རྫོགས་མཐའ་མེད་རུང་། འདས་པའི་ལོ་༦༠ནང་ལ་ཚང་མ་ཁོང་རང་ཉིད་ཀྱིས་ཁ་གཏད་བཅག་ནས། རང་གི་སྤུན་མཆེད་ཆུང་བ་ཏཱ་ལའི་བླ་མའི་མིང་ཐེངས་གཅིག་ཀྱང་བེད་སྤྱོད་གཏོང་མྱོང་མེད་པ་འདི་ངོ་མཚར་རེད།
གྲུབ་འབྲས་བྱུང་ན་རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད་ཟེར་བ་དང་། རྙོག་ཁྲ་བྱུང་ན་འདི་ངས་བྱས་པ་ཡིན། རྒྱལ་བ་རིན་པོ་ཆེས་མཁྱེན་གྱི་མེད་ཟེར་ནས། ཡོངས་རྫོགས་ཁོང་གིས་འགན་འཁུར་བ་འདི་ལ་སེམས་པ་ཤོར་སོང་། ང་ཚོའི་སྤྱི་ཚོགས་ནང་ལ་མི་འདི་འདྲ་ག་ཚོད་ཡོད་དམ།
རྡ་རམ་ས་ལའི་སྐུ་ངོ་དེ་ཚོས་དཀའ་ངལ་ཏོག་ཙམ་འཕྲད་པ་དང་། ལམ་སེང་འདི་རྒྱལ་བ་རིན་པོ་ཆེའི་བཀའ་རེད་ཟེར་ནས་ངར་ཡོང་གི་རེད། སྐུ་སྒེར་གྱི་དྲུང་ཆེ་དེ་ཚོ་ཡང་འདི་ལྟར་རེད།
རྒྱ་ལོ་གཅིག་པུས་འགན་ཚང་མ་ལེན་གྱི་འདུག གུས་ཞབས་བསླེབས་སོང་། སྔོན་མ་འབའ་པ་ཕུན་དབང་གིས། རྒྱ་ལོ་དོན་གྲུབ་བོད་ལ་བཞུགས་ཐུབ་ཡོད་ན། ང་ཚོར་ཕན་པ་ཆེན་པོ་བྱུང་བ་ཡོད། ཁོང་རྒྱ་གར་ལ་ཕེབས་པ་འདི་གྱོང་གུན་ཆེན་པོ་རེད་ཅེས་ཨ་རིར་ཕེབས་དུས་གསུངས་སོང་།
ལྷག་བསམ་གདུང་ཟླ་གངས་རིའི་རྩེ་ནས་ཤར་བའི་སྐྱ་རེངས་ངོ་མཚར་ཆེ་།
ལྷག་བསམ་འགན་འཁུར་བོད་ཀྱི་ཛ་དྲག་ཨ་རིའི་གསང་་ལས་འབྲེལ་ལམ་བཙུགས་།
ལྷག་བསམ་མཆོད་སེམས་བོད་དོན་རྒྱབ་སྐྱོར་ཨ་རི་རྒྱ་གར་ཨུ་རུ་སུ་སོགས་ཐབས་ཀྱི་བསྟུན་།
ལྷག་བསམ་ཐབས་མཁས་རྒྱ་དཔོན་ཏིང་ཐུག་གཞིས་བྱེས་འབྲེལ་ལམ་གསར་གཏོད་གནང་།
རླབས་ཆེན་ཆབ་སྲིད་བོད་འབངས་བདེ་བའི་སྒེར་གཞིས་བསྒྱུར་བཅོས་གནང་།
རླབས་ཆེན་ཆབ་སྲིད་བོད་རྒྱའི་འབྲེལ་ལམ་གསར་གཏོད་གནང་།
རླབས་ཆེན་ཆབ་སྲིད་གཞིས་བྱེས་འགྲོ་འོང་ས་མཚམས་གཏོར་།
རླབས་ཆེན་ཆབ་སྲིད་དཀའ་ཚེགས་ཆེ་ལ་ཉེན་ཁའི་འོག་ཏུ་སྲི་ཞུ་སྒྲུབ་།
༄༅། བསྟོད་དོ་བསྟོད་དོ་བགྲེས་སོང་རྣམས་ལ་བསྟོད་།
སྐུ་ངལ་སྣ་ཚོགས་སྙངས་བའི་བགྲེས་སོང་ཡིན།
ཁ་བཤད་གཉིས་མེད་ཆོས་ལ་སྙིང་ནས་དད་།
ལས་དང་རྒྱུ་འབྲས་བསམ་ནས་ལས་དོན་བྱེད།
རང་ཡུལ་རང་ལག་སོན་ཐབས་སྐུ་ལས་བསྐྱོན།
༄༅། མི་འདུག་མི་འདུག་གཞོན་སྐྱེས་ཚོ་ལ་མེད།
དམ་པའི་ཆོས་ལ་སྙིང་ནས་ཡིད་དད་མེད
རང་ཡུལ་སུས་ཟས་དོན་དངོས་མ་ཤེས་པ།
གནས་ཚུལ་བདེན་དངོས་མ་རྟོགས་བསམ་ཚུལ་བཤད།
མིས་བཤད་རྗེས་སུ་མ་འགྲོ་གཞོན་གསར་ཚོར།
གངས་རིའི་ཁ་དོག་ཁྲག་གིས་བརྫིས་ཤིང་རྣམ་ཤེས་གྲངས་མེད་ས་མཐར་འཁྱམས།། དམངས་ཀྱི་སེམས་ཁམས་ཆུ་ལྟར་འཁྲུགས་ཤིང་གྲོག་མའི་ཚང་སྒོ་བརྡོལ་བཞིན་བྲོས།། སྐུ་ངོ་དག་གི་སྐུ་དབང་ཤོར་ནས་ཅི་བྱ་གཏོལ་དུ་བྲལ་བའི་ཚེ།། ཁྱོད་ཀྱི་གོམ་ཁ་རླུང་ལྟར་འཕྱོ་ཞིང་ཨ་རིའི་གསང་བའི་སྒོ་རྩར་བརྙེགས།།
བདེན་པའི་ལོ་རྒྱུས་བཙན་རྒོལ་རྒྱལ་སྐྱོབས་ཀ་འབུག་ཐུག་བཟོ་སོགས་ནས་གསལ་།
བསྟོད་སྨད་ཐམས་བཅས་རང་དབང་འོག་ཏུ་རང་གི་རྣམ་དཔྱོད་གསལ་སྟོན་ཙམ་།
བོད་ཀྱི་རྒན་རབས་ལྷག་བསམ་འགྱུར་མེད་རི་རྒྱལ་ལྷུན་པོ་བཞིན་དུ་གནས་།
བདེན་གཏམ་འདི་ལ་དགེ་རྐྱོན་གསལ་སྟོན་རང་དབང་སྨྲ་བརྗོད་མང་གཙོའི་འགན་།
ིརིགས་བརྒྱད་ལྷ་ལས་མཆད་པའི་ལྷ་ཡི་སྲས་བོ་ས་དབང་རྒྱལ་ལོ་དོན་གྲུང་མཆོག་སྔར་མང་པོ་ཐོས་བ་ཙམ་ལས་ཁོང་གིས་ལོ་རྒྱས་དང་མཛད་པ་རྣམས་ཀློག་མ་མྱོང་་་་་འོན་ན་་ཀ་སྤུག་ཐུག་བཟོ་བ་ཞེས་པའི་དེབ་ཀློག་རྗེས་ཁོང་ལ་དོ་སྣང་ཞིག་བསླེབས་སོང་ལ་་་་་་དེ་ནས་ད་བར་ཁོང་གི་མི་ཚེ་ལོ་རྒྱས་ལ་དོ་སྣང་ཆེན་པོ་བྱས་པ་ཡིན་་་་་་་་་་ང་ཚོའི་སྤྱི་ཚོགས་ནང་་སྡུག་ས་ནས་བཤད་མཁན་རེ་ཟུང་འདུག་པ་མཐོང་བྱུང་ལ་ངོ་ཐུག་ཡང་བྱུང་ཡིན་ནའང་སྐད་ཆ་དེ་ཚོ་བདེན་པར་མི་མཐོང་་་་་་་་་་རེད་ཏེ་་་་་ཁོང་ནི་བོད་ཀྱི་ཉེན་ཕྲེང་ཅན་གྱི་ལོ་རྒྱས་ཡིན་ཡིན་དང་རྒྱལ་སྤྱིའི་ལོ་རྒྱས་ཁྲོད་མི་སྣ་ཁྱད་དུ་འཕགས་པ་ཞིག་རེད་འདུག་་་་་་ཁོང་གི་མཛད་པའི་ཕྱག་ལས་ཀྱི་ཆ་ཕྲ་མོ་ཡང་གཞན་སུས་ཀྱང་བསྒྲུབ་མི་ནུས་བ་རེད་འདུག་་་་་་་་ཁོང་ལ་བསྔགས་བརྗོད་མི་ཞུ་ཐབས་མེད་དང་་་་་ང་རང་ཁོང་ལ་དགའ་པོ་་ཞུས་མཁན་ཞིག་ཏུ་འགྱུར་སོང་་་་་་་་་ཁྱོད་རང་གི་མཛད་རྗེས་དུས་ནམ་ཡང་ཡལ་མི་སྲིད་ལ་་ཁྱེད་ཀྱི་བཀའ་དྲིན་སྐལ་བརྒྱར་བརྗེད་མི་སྲིད་དོ་