གཉན་ཆེན།
བོད་གདོང་དམར་ཅན་གྱི་དཔའ་རྒོ
མེ་དམར་བོའི་ནང་ལ་མ་ཆོངས་ཤིག །
ཚེ་གཅིག་གི་རང་སྲོག་རྩ་ཆེན་དེ། །
རྩྭ་བཞིན་དུ་འབར་ན་བཟོད་བླག་མེ
བོད་ཁ་བ་ཅན་གྱི་ཕ་ས་ན། །
རྒྱ་ནག་པོའི་དམག་སྒར་མེད་ས་མེ
དམག་སེར་བོའི་དྲག་རྩལ་ཉིན་མཚན་
མཚོན་མེ་མདའི་སྒྲ་སྐད་རྒྱུན་
སྤུན་ན་ཟླ་གཅིག་གསོད་གཉིས་གསོད་
མེ་དམར་བོར་གཅིག་མཆོངས་གཉིས་
སྡིག་ནག་པོ་གཅིག་བརྩེགས་གཉིས་
སྐྱིད་ཉི་མ་སྒུག་ནས་བཟོད་སྒོམ་
སྐྱིད་ཉི་མ་རྗེས་ནས་ཤར་རྒྱུ་ཡོ
མི་གཅིག་གི་ཚེ་སྲོག་ཤོར་སོང་ན། །
བོད་ཁ་བ་ཅན་ལ་གྱོང་གཅིག་རེད། །
བོད་དཔའ་བོའི་དཔའ་རྟགས་འཚོ་བཞི
།མི་གསོན་པོའི་འཕག་འཚག་ཕྱི་རྗེ
མི་གསོན་པོར་འཚོ་ན་རྒྱལ་ཁ་ལོན། །
མི་གསོན་པོས་རང་དབང་རང་བཙན་ལོ
མི་གསོན་པོས་དགྲ་བོ་འདུལ་ཐབས་
།དགྲ་ནག་པོའི་མཐའ་ནས་བསྐོར་དུས་
སྟག་དམར་ཡག་བཞིན་དུ་མཆོང་རྐྱང་
སྲོག་རང་མགོ་འཐོན་པའི་ཐབས་ཤེས་
ཐབས་སྣ་དགུའི་ངོ་རྒོལ་བྱེད་སྟ
།དུས་དེང་སང་དུས་རབས་ཉེར་གཅིག་
མི་ཚང་མས་གོ་རྟོགས་སད་ནས་ཡོད། །
བློ་རིག་པ་སྒྲིམ་ནས་རང་ཡུལ་སྲུ
སྲོག་དམར་བོ་འབེན་ལ་མ་འཛུགས་ཤི
།སྲོག་གཅིག་ལ་ཕ་མ་གཅེས་ཕྲུག་ཡོ
སྲོག་གཅིག་གིས་གངས་རིའི་ཁྱིམ་
སྲོག་རང་གཅེས་རང་ས་བདག་པོ་རྒྱོ
སྲོག་དམར་བོ་མེ་ལ་མ་མཆོད་ཅིག །༢༠༡༣ ༡༠ ༣ ཉིན།
རྒྱ་ནག་པོའི་མེ་མདའི་སོ་ཁ་ནས།།
འཚོ་མ་ཐུབ་མེ་ལ་མཆོངས་པ་ཡི།།
བོད་ཁ་བའི་དཔའ་བོ་དཔའ་མོ་ཚོར།།
དུས་རྟག་ཏུ་རྗེས་སུ་དྲན་པ་རིགས།།
དྲིན་ཕ་མ་སྤུན་མཆེད་བུ་ཕྲུག་དང་།།
ཚེ་གཅིག་གི་འགྲོགས་རོགས་བཟའ་ཟླ་བཅས།།
ནང་མ་འཆམ་གནས་སྟངས་མ་ཡིན་པར།།
ལུས་མེ་ལ་མཆོད་པ་དཔའ་བོའི་ལུགས།།
མཚོན་མདའ་གྲི་བཟུང་སྟེ་མ་རྒྱུགས་ཤིང་།།
ཚིག་རྩུབ་མོ་སྣ་གཅིག་མ་སྒྲོགས་པར།།
ངག་འཇམ་པོས་ཞི་འབོད་བྱེད་བཞིན་དུ།།
ལུས་མེ་མཆོད་འཕུལ་བ་དཔའ་བོའི་ལུགས།།