ཨ་རིག་འགྱུར་མེད་ཀྱིས་ངོ་སྤྲོད་གནང་།
དེ་རིང་སྟེ་ཕྱི་ཚེས་ ༢༦ ཉིན་གཞིས་ནས་བྱེས་སུ་འབྱོར་བའི་ན་གཞོན་རྡུང་ལེན་པ་གདུགས་བྷེ་ལགས་ཀྱིས་བླངས་པའི་ “གངས་རིའི་དཔལ་རྟུལ་ཚོ།” ཞེས་པའི་སྐྱོ་གཞས་འདི་བརྙན་ཐུང་དུ་སྒྲིག་བཟོ་ལེགས་འགྲུབ་བྱུང་། འདིའི་ནང་གི་ཚིག་ཕྲན་གྱིས་བརྩམས་པ་དང་དབྱངས་དང་ལེན་མཁན་གླུ་བ་གདུགས་བྷེ། བརྙན་ལེན་པ་ངོ་ཆེ་ཀུན་ཁྱབ་དཔལ་བཟང་ལགས་དང་སྒྲིག་སྦྱོར་བ་འཇིགས་མེད། སྒྲ་ལེན་པ་རྣམ་རྒྱལ་བཅས་ཡིན།
གླུ་བ་གདུགས་བྷེ་ནི་ཨ་མདོ་མགོ་ལོག་གི་འབྲོག་ཁུལ་ཞིག་ནས་སྐྱེས་ཤིང་། ༢༠༠༦ རྒྱ་གར་ལ་ཡོང་བ་དང་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཕྱིན་ཏེ་གོ་སྐབས་ལོ་རིམ་དང་པོ་གཉིས་པ་དང་། སྐབས་ཡིག་ལོ་རིམ་དང་པོ་གཉིས་པ་བཅས་བསྡོམས་པའི་ལོ་ངོ་བཞིའི་རིང་སློབ་སྦྱོང་བྱས་མྱོང་། ཁོང་བོད་ནང་ཡོད་དུས་ཕྱི་ལོ་ ༢༠༠༦ ལོའི་ལོ་སར་དགོང་ཚོགས་མཐོང་སྨོན་ཞིང་གི་སྤྲོ་འཛོམས་དང་། གླུ་བ་ཤེར་བསྟན་སོགས་དང་མཉམ་དུ་བླངས་པའི་སེམས་ཁོང་གི་བླ་རི། གཞན་ཡང་མདོ་སྨད་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་གཉིས་པ་སོགས་སུ་རྡུང་ལེན་བླངས་མྱོང་། བཙན་བྱོལ་དུ་འབྱོར་རྗེས་སློབ་གྲྭ་དང་ངྷ་ས། རྒྱ་གར་ལྷོ་ཕྱོགས་སོགས་སུ་སོང་སྟེ་རྡུང་ལེན་བླངས་མྱོང་།
ལོ་སྔོན་མར་བོད་ཀྱི་སྐད་ཡིག་རྒྱུད་འཛིན་ཚོགས་པས་གཙོ་སྒྲུབ་བྱས་པའི་ཕ་སྐད་གཙང་མའི་གླུ་གཞས་འགྲན་ཚོགས་སྟེང་ཨང་གཉིས་པའི་བྱ་དགའ་ཐོབ། ཐེངས་འདིར་ཁོང་གིས་ཆེད་དུ་ “གངས་རིའི་དཔའ་རྟུལ་ཚོ།” ཞེས་རྡུང་ལེན་འདི་བླངས་ཏེ་ཐུ་བྷོད་བོད་པ་ཚང་གི་རང་ལུས་མེ་རུ་སྦར་བའི་དཔའ་རྟུལ་ཚོར་སྒོ་གསུམ་གྱིས་སྐྱོ་གླུ་འདི་ཕུལ་ཡོད་པ་རེད།
ཁོང་ལ་འབྲེལ་གཏུག་བྱེད་ན། singerdukbe@gmail.com
ད་དུང་གླིང་ཚ་ཚེ་བརྟན་རྡོ་རྗེ་ཞེས་པ་ཞིག་ཡོད། དེའི་དྲ་འབྲེལ་གཤམ་གྱི་འདི་ཡིན།
http://www.youtube.com/watch?v=GvhhwRNQ1uM
གཞས་ལེགས་པོ་བཏང་འདུག་ལ། བརྙན་པར་སྒྲིག་སྦྱོར་ཡང་ལེགས་པོ་བྱས་འདུག གློག་ཆས་ཀྱིས་འདེད་པའི་དུས་རབས་འདིའི་ནང་དུ་བོད་ཡིག་གི་ཚེ་སྲོག་ཁྲོད་དུ་གློག་ཆས་བཅུག་ཐུབ་པ་བྱེད་རྒྱུ་ནི། བོད་ཡིག་ཚེ་སྲོག་རྒྱུན་གནས་ཡོང་བའི་ཆ་རྐྱེན་དང་པོ་དེ་ཡིན།
སྙིང་ནས་ཐུགས་རྗེ་ཆེ་ཞུ། བཙན་བྱོལ་བའི་གླུ་གཞས་ཁྲོད་ཆེས་དགའ་ཤོས་དང་ཚོར་བ་ཟབ་ཤོས་དེ་ཡིན།
སེམས་གཏིང་ནས་ཐུགས་རྗེ་ཆེ།་་་་་་་་་སྐད་ངག་སྙན་མོའི་གླུ་གཞས་འདིས་འཁྱེར་བའི་འདོད་དོན་རྣམས་མྱུར་འགྲུབ་ཡོང་བར་ཤོག།
ཡག་གི་་་་་་་་རྗེས་མ་མུ་མཐུན་དུ་ཡིན