ས་འཛིན་དཀར་པོ།
རྒྱལ་བསྟན་བསྟན་པའི་སྒྲོན་མེ་འཕགས་མཆོག་རྗེ།།
འགྲོ་ཀུན་ཀུན་མཁྱེན་བྱམས་ལྡན་མགོན་པོ་མཆོག །
རྗེ་བཙུན་བཙུན་པ་འཕཊ་མཆོག་སྤྱན་རས་གཟིཊ།།
མ་བཅོས་བཅོས་མིན་གངས་ཅན་མགོན་པོར་འདུད།།
གང་དག་དག་པའི་ལམ་སྟོན་འཇིག་རྟེན་མགོན།།
མ་རིག་རིག་པས་སྒྲོལ་བའི་བཤེས་གཉེན་མཆོག །
གཞན་སེམས་སེམས་དཔའ་ཆེན་པོ་བླ་ན་མེད།།
མ་ལུས་ལུས་ངག་ཡིད་གསུམ་གུས་ཕྱག་འཚལ།།
རིགས་དྲུག་དྲུག་པ་རྡོ་རྗེ་འཆང་ཆེན་མཆོག །
དམ་ཆོས་ཆོས་ཀྱི་གནས་ལུཊ་ཀུན་མཁྱེན་པ།།
གཞན་དོན་དོན་དམ་ཆོས་ཀྱི་ལམ་སྟོན་མཁན།།
མི་འཇིག་འཇིག་རྟེན་མགོན་པོ་ཁྱེད་ལ་འདུད།།
ཞི་བདེ་བདེ་བའི་ལམ་སྟོན་དེད་དཔོན་མཆོག །
འགྲོ་དྲུག་དྲུག་པོར་བྱམས་པའི་བརྩེ་བས་སྐྱོང་།།
མ་ལུས་ལུས་ཅན་ཀུན་གྱི་སྐྱབས་གནས་མཆོག །
མ་བཞིན་བཞིན་བཟང་བླ་མར་གུས་པས་འདུད།།
འཛམ་གླིང་གླིང་ཀུན་ཁྱབ་པའི་མགོན་པོ་མཆོག །
མཐོ་སྒང་སྒང་པ་ཡོངས་ཀྱིས་སྐྱབས་གནས་མཆོག །
ནང་བསྟན་བསྟན་པ་ཀུན་གྱི་མངའ་བདག་མཆོག །
ཡབ་མེས་མེས་པོའི་བྱང་སེམས་ཞབས་ལ་འདུད།།
འཕཊ་མཆོག་མཆོག་ཉིད་ཁ་བའི་སྙིང་གི་ནོར།།
བྱང་སེམས་སེམས་ཅན་ཀུན་ལ་རིས་མེད་སྐྱོང་།།
མ་རིག་རིག་པས་སྡང་བའི་དགྲ་རྣམས་བྱམས།།
མ་ཤེས་ཤེས་རྨོངས་བདག་གིས་སྙིང་ནས་འདུད།།
འཇིག་རྟེན་རྟེན་གྱི་མགོན་པོ་སྤྱན་རས་གཟིཊ།།
འཇིག་རྟེན་རྟེན་འདིར་མཉམ་མེད་བླ་མ་མཆོག །
འཇིག་རྟེན་རྟེན་འདིར་འཁྲུངས་པའི་ཉིན་མོ་ལ།།
འཇིག་རྟེན་རྟེན་འབྲེལ་མཚོན་པའི་བཀྲ་ཤིས་ཞུ།།
06-07-2013
བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་རྒྱུད།
བོད་ཡུལ་ཆོས་ལྡན་ཞིང་གི་རྒྱལ་ཁམས་སུ།
སྐྱེ་དགུ་ཕན་དང་བདེ་བ་མ་ལུས་པ།
འབྱུང་བའི་ཡོན་གནས་དམ་པ་ཐུགས་རྗེའི་གཏེར།
འཕགས་མཆོག་སྤྱན་རས་གཟིགས་དབང་མི་གཟུགས་ཅན།
ཐུབ་བསྟན་འཛིན་པ་རྒྱ་མཚོ་ལྟ་བུ་ཡི།
གཙུག་གི་རྒྱན་གྱུར་བླ་མའི་ཞབས་སྐྱེས་པད།
སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།