ཨེ་མ་ཧོ།
ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ།
ཀ་མ་ལྟར་བཞད་པའི་ཞིང་ཁམས་སུ།།
ཁ་བའི་འདབ་སྟོང་གཡོ་བའི་ཟློས་གར་རུ།།
ག་ས་གང་ནས་མཛེས་པའི་སྐྱེད་མ་དག།
ང་ཡིས་དུང་བས་རྗེས་དྲན་སླར་ཡང་ཚེས།།
ཅ་ཅོའི་ངོ་བསྟོད་མ་ཡིན་བསྔགས་བརྗོད་ཀྱིས།།
ཆ་རྐྱེན་དངོས་ཀྱི་གཞི་མ་དྲིན་ཆེན་ཉིད།།
ཇ་མ་ཆུང་མ་མཛེས་མཛངས་ལྡན་པ་རྣམས།།
ཉ་ར་ཁྱིམ་པའི་བདག་མོའི་ཚོགས་ཀུན་རྒྱལ།།
ཏ་ར་ཉེར་གཅིག་ལ་སོགས་འཕགས་མ་དང་།།
ཐ་དག་བུ་ལ་གནང་བའི་སྐྱེད་མ་རྣམས།།
ད་འདས་མ་འོངས་བོད་པའི་འབྱུང་ཁུངས་ཕྱིར།།
ན་ཆུང་རྒན་གཞོན་ཚང་མར་རྗེས་དྲན་ཞུ།།
པ་མེས་འཁྲི་ཞིང་ཐབས་ཀྱི་རྩ་བ་ལགས།།
ཕ་མེས་རྒྱུད་པའི་ཤེས་རབ་བདག་ཉིད་མཆོག།
བ་ལས་བེའུ་གཉེར་བཞིན་བདག་སྐྱོང་མཁན།།
མ་རྒན་དྲིན་ཆེན་རྗེས་དྲན་སྙིང་ནས་བསྐུལ།།
ཞ་བོ་ལྟ་བུའི་གངས་ཕྲུག་འགྲོ་ལུགས་དང་།།
ཟ་ཉལ་འགྲོ་འདུག་སྤྱོད་ལམ་རྣམ་བཞི་དག།
འ་ཅག་ཕ་ཆེར་མ་མས་བདག་སྐྱོང་ཕྱིར།།
ཡ་རབ་དྲིན་བཟོ་ཆེད་དུ་དུས་དྲན་བྱ།།
ར་བ་གངས་ཅན་བདག་མོའི་སྐྱེད་མའི་རིགས།།
ལ་ལུང་གང་ན་གདོང་དམར་སྐྱེས་མ་ཞེས།།
ཤ་ཁྲག་རུས་རྒྱུན་སྤེལ་བའི་ཡུམ་ཆེན་ཀུན།།
ས་འཛིན་དཀར་པོའི་རྒྱན་དུ་རྟག་བཞུགས་གསོལ།།
ཧ་ཅང་དུས་ཆེན་བཟང་པོའི་ཉ་གང་ལ།།
ཨ་མ་སྐྱེས་མའི་དུས་ཆེན་རྗེས་དྲན་དུ།།
ཨི་ལ་བ་ཏིའི་རྒྱུན་བཞིན་རིགས་འཛིན་ལ།།
ཨུ་དུམ་ཝ་རའི་མེ་ཏོག་མཆོད་སྤྲིན་འབུལ།།
ཨེ་ཝྃ་རིག་མའི་རྟུལ་ཞུགས་དགེ་ལེགས་དཔལ།།
མི་ཟད་ནམ་མཁའ་མཛོད་ལ་དབང་འབྱོར་ནས།།
གངས་རིའི་བསྟན་སྲིད་ཁ་བབས་རྣམ་བཞིའི་ཀླུང་།།
ཀུན་ཕན་ཞི་བདེའི་རྒྱ་མཚོ་རོལ་ཅིག་སྨོན།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་མགོ་ཟླའི་ཉ་གང་ལ་མཁའ་འགྲོ་དཔལ་ལྡན་ལྷ་མོ་སོགས་ཀྱིས་དགའ་སྟོན་ལ་མགྲོན་འབོད་ལ་རྐྱེན་བྱས་ནས་རིག་འཛིན་ཨེ་མ་ཧོས་མགུར་དུ་བཞེངས་པས་གངས་ཅན་སྐྱེས་མ་རྣམ་པ་དང་འཛམ་གླིང་སྐྱེད་མ་རྣམ་པའི་དྲང་བདེན་བྱམས་བརྩེ་རྒྱལ་བའི་སྨོན་ལམ་བཅས་དབྱིན་ཡུལ་ཨེ་ཝྃ་ཕྱག་ཆེན་དགའ་ཚལ་ནས་ཕུལ་བར་དགེའོ།། །།
ད་སྨྱོ་མ་འདུག །ཞབས་འདྲེན་ཁྱོ
ཀ་༼མ་༽ལྟར་བཞད་པའི་ཞིང་ཁམས་སུ།།
ཁ་བའི་འདབ་སྟོང་གཡོ་བའི་ཟློས་གར་༼རུ༽།།
ག་ས་གང་ནས་མཛེས་པའི་སྐྱེད་མ་དག།
ང་ཡིས་དུང་བས་རྗེས་དྲན་སླར་ཡང་ཚེས།།
འདི།
ཀ་མལ་ལྟར་བཞད་པའི་ཞིང་ཁམས་སུ།།
ཁ་བའི་འདབ་སྟོང་གཡོ་བའི་ཟློས་གར་དུ།།
ག་ས་གང་ནས་མཛེས་པའི་སྐྱེད་མ་དག།
ང་ཡིས་དུང་བས་རྗེས་དྲན་སླར་ཡང་ཚེས།།
པ་ཕ་བ་མའི་ཀ་བཤད་ལ། །
པ་ཕ་ལྟ་བུའི་དྲིན་ཆེན་དང་། །
ཕ་མ་ལྟ་བུའི་བྱམས་ལྡན་མ། །
བ་མོ་ལྟ་བུའི་བུ་སྐྱོང་མ། །
མ་མ་བཞིན་དུ་ཀུན་སྐྱོངས་ཤིག །
འདི་འདྲ་བྲིས་ན་གང་འདྲ་འདུག །
དཔལ་ལྡན་ལྷ་མོར་བསྟོད་པ།
ཀ་དག་ཆོས་དབྱིངས་ཀློང་ལས་བཞེངས་པའི་སྙིང་རྗེའི་ལྷ།
ཁ་བའི་ལྗོངས་ཀྱི་ཐར་འདོད་སྐྱོབ་པའི་འཕྲིན་ལས་མ།
ག་བུར་དྲི་ཞིམ་ཁྱབ་ལྟར་གདུལ་བྱར་མངོན་མཛད་པ།
ང་ཡི་བསླུ་མེད་མགོན་མོ་ཁྱེད་ནི་ཡང་ཡང་དྲན།
ཅ་ཅོའི་རྣམ་གཡེང་བྲལ་བའི་དབེན་གནས་དམ་པ་ལ།
ཆ་ལུགས་མཐུན་པའི་དམ་ཆོས་ཁོ་ན་བསྒྲུབ་འདོད་ན།
ཇ་ཆང་མ་ཡིན་འདི་ཕྱིའི་དགོས་འདོད་སྦྱིན་མཁས་པ།
ཉ་རྒྱས་ཟླ་བའི་ཁྱེད་ཀྱི་བཞིན་ནི་ལྷག་པར་མཛེས།
ད་མུ་མཐུད་འབྲི་རོགས།
བཀའ་བཤད་དཔལ་ལྷར་མཆོད་བསྟོད་མའི་ཕྲོས་ཅིག
སྤྱན་འདྲེན།
ཏ་ཐ་ག་ཏེའི་བསྟན་པ་འཛིན་ལ་དམ་བཅས་ནས། །
ཐ་ན་དྲགསྤྱོད་མངོན་ལས་ལའང་བརྩོན་མཛད་མ། །
ད་ལྟ་ལྷ་སྲུང་དམར་ནག་གཉིས་ནང་ནག་མདོག་མ། །
ན་རྒས་སྐྱེ་འཆི་བྲལ་བས་ཐོགས་མེད་གནས་འདིར་གཤེགས། །
མཆོད་བསྟོད།
པ་ར་མི་ཏའི་བསྟན་པ་སྔར་ནས་ད་བར་བསྲུང་། །
ཕ་རྒྱུད་མ་རྒྱུད་རྒྱུད་སྡེ་ཀུན་ཀྱི་བདག་མོ་མཛད། །
མ་ལྟར་རྟག་ཏུ་བསྟན་འཛིན་ཀུན་སྐྱོངས་དཔལ་ལྷ་མོར། །
བ་ཞོ་འབྲི་མར་ཇ་ཆང་མཆོ་ད་རྫས་ཅི་འདོད་འབུལ། །
ཐ་ན་དྲགསྤྱོད་མངོན་ལས་ལའང་བརྩོན་མཛད་མ། །
འདི།
ཐ་ན་དྲགསྤྱོད་མངོན་༼སྤྱོད་༽ལས་ལའང་བརྩོན་མཛད་མ། །
བློ་བཟང་རིག་འཛིན་ཟེར་བ་རང་ཉིད་འཁྲུལ་ནས་སྨྱོ་མི་འདུག་གམ། ཧ ཧ སྨྱོན་པ་དང་ཞབས་འདྲེན་ངོ་མ་དེ་བློ་བཟང་གྲགས་པའི་རྗེས་འདྲིང་ཡིན་ཟེར་ནས་ཤི་འདྲེ་ཞིག་ལ་སྐྱབས་སུ་འགྲོ་བ་དེ་རེད་ཟེར་ནས་་་་་། མ་ཚད་དགེ་ལུགས་པ་ཡང་དག་ཡིན་ན་གདོན་འདྲེ་སྐྱབས་སུ་འགྲོ་བའི་བསྟན་པ་ཡིན་དགོས་ཟེར་ན་ངུ་འབོད་དང་སྡུག་སྐད་རྒྱག་པ་ཚོ་མཐོང་ཚེ་ལས་ངན་དང་ངོ་ཚ་དང་ཁྲེལ་མེད་ཁྱོད་ཚོ་རེད་མི་འདུག་གམ། ཧ ཧ འདྲ་ཡིས་ལྷ་ལ་སྨད་པ་དང་།།ལྷ་ཡིས་འདྲེ་ལ་བྱམས་པ་དག།བསམ་ཚེ་མཁན་ཆེན་བླ་མ་ཉིད།།དོལ་འདྲེ་བསྒྲལ་མཁས་གྲུབ་ཐོབ་དངོས།། ཨེ་མ་ཧོ་ལ་རབ་ཏུ་གུས།།
ཙ་རི་སྦས་ཡུལ་བཞུགས་པའི་མཁའ་འགྲོ་དང་མ་མོ།།
ཚ་གྲང་རྒུད་པ་བསལ་བའི་དྲིན་ཆེན་གྱི་ཨ་མ།།
ཛ་ཡའི་བསྟན་པ་འཛིན་པའི་རིགས་བཟང་གི་གྲོགས་མོ།།
ཝ་ལེར་སེམས་ལ་དྲན་ཚེ་རྗེས་དྲན་དང་ཡི་རང་།།
འཕྲིན་བཅོལ།
ཞྭ་སེར་བསྟན་པའི་རྒྱུད་འཛིན་སྲུང་མགོན་མ། །
ཟ་འདྲེ་དོལ་རྒྱལ་མིང་མེད་བརླག་མཛད་མ། །
འ་ར་འུ་རེ་དོལ་ཚོགས་ཕྱིར་བསྐྲོད་མ། །
ཡ་མེད་ནུས་མཐུ་མངོན་སུམ་བསྟན་དུ་གསོལ། །
ངུ་འབོད།
ར་ལྟར་རྒྱུད་གྱོང་དོལ་ཚོགས་འཁོར་བཅས་རྣ་ས། །
ལ་ལུང་རྒྱ་མཚིའི་ཕ་རོལ་མཐར་སྤྱུགས་ནས། །
ཤ་ཁྲག་བདུད་རྩིའི་གསེར་སྐྱེམས་དགྱེས་བཞེས་མཛོད། །
ས་སྟེང་དོལ་མེད་ཤུགས་ལྡན་རྩ་མེད་གཏོང་། །
བསྔོ་བ།
ཧ་ཅང་མཐུ་ནུས་ཆེ་བའི་ལྷ་སུང་མས། །
ཨ་ཐས་དོལ་གོང་གདོན་འདྲེ་བསྒྲལ་བའི་དགེས། །
ཧ་རྒོད་བགད་རྒྱང་དྲག་པོས་དོལ་སྙིང་ནས། །
ཨ་ཐུང་འཕོ་བས་དག་པའི་ཞིང་འདྲོངས། །