ཆབ་མདོ་ངག་ཕུན།
ཞི་བདེའི་རང་དབང་དགའ་བའི་གངས་ཅན་ལྗོངས།།
ཁ་ཞེ་མི་མཚུངས་རྒྱ་དམར་གུང་ཁྲན་གྱིས།།
ཁ་འཇམ་ཁོག་རྩུབ་ངང་ནས་བཙན་གྱིས་འཕྲོག།
གངས་ཅན་ཞིང་དུ་སྡུག་གིས་མུན་པ་རུབ།།
རྒྱ་འདྲེ་དམར་པོས་གངས་ལྗོངས་བཙན་གྱིས་འཕྲོག།
གངས་ཕྲུག་དུ་མ་དམར་བསད་ཁྲག་ཏུ་བསྒྱུར།།
རིན་བྲལ་དགོན་རྙིང་བརྒྱ་ཕྲུག་དུ་མ་ཞིག།
ཐལ་རྡུལ་བཏང་སྟེ་གངས་ལྗོངས་སྡུག་ཏུ་སྦྱར།།
ཞལ་ནས་ཡིག་དྲུག་ཙམ་ཡང་བགྲང་མེད།།
ཕུ་ནུ་ནང་ཁུལ་དམ་ཚིག་ཁྲག་ལྟར་དཀྲུག།
ལྷ་ཡུལ་ལྟ་བུ་གངས་ལྗོངས་ཞིང་ཁམས་དེ།།
ལོ་རྒྱུས་སྐྱོ་གར་སྐྱུར་མོ་ཞིག་ཏུ་བསྒྱུར།།
ཁོར་ཡུག་བཀོད་ལེགས་ལྡན་པའི་གངས་ལྗོངས་ཤིང་།།
ཡར་རྒྱས་ཁ་གཡང་སྒྲོག་ནས་གཏོར་བཤིག་བཏང་།།
རང་སྣང་གང་ཤར་གཏེར་ཁ་ཐམས་ཅད་བསྔོགས།
གངས་ལྗོངས་ཞིང་ཁམས་ཐལ་རྡུལ་ཉིད་དུ་བསྒྱུར།།
དམར་པོའི་ལྟ་བ་རིང་ལུགས་བཙན་གྱིས་ཁྲིད།།
མ་འདོད་རྣམ་འགྱུར་ཙམ་གྱིས་རྡུང་རྡེག་བཏང་།།
ཉེས་མིང་སྣ་ཚོགས་བཏགས་ཏེ་བཙོན་དུ་བཅུག།།
བསམ་ཡུལ་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་།།
དཀའ་སྡུག་ལོ་ཟླ་སྐྱུར་མོ་དེ་དག་ནང་།།
འཇིག་ཞུམ་མེད་པས་བདེན་པའི་དར་ཆེན་འཕྱར།།
བོད་ཀྱི་བདེན་དོན་འཛམ་གླིང་ཡོངས་སུ་བསྒྲགས།།
ཁྱེད་ལ་རྗེས་དྲན་སྙིང་ནས་ཡང་ཡང་ཞུ།།
དམར་པོའི་བཙོན་དུ་བཙན་གནོན་ཇི་བྱས་རུང་།།
བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་ལས།།
རྒྱ་དམར་མངའ་ཁོངས་མིན་ཚུལ་བདེན་དོན་སྒྲོག
ཞུམ་མེད་དཔའ་བོ་ཁྱེད་ལ་སྙིང་ནས་བསྟོད།།
ཉིན་མཚན་མེད་པར་མུན་སྡོང་ནང་དུ་བཅུག།
ཉིན་རེར་ལྟོ་དུས་གཅིག་ཙམ་མེད་པ་བཞག།
གྲང་ངར་ཆེ་བའི་དགུན་ཁའི་དུས་སྐབས་སུ།།
གྱོན་ཆས་སྲབ་མོ་ཙམ་ལས་མེད་པར་བཞག།
ཉིན་མཚན་མེད་བྲལ་ལྕགས་སྒྲོག་དམ་པོས་བཅིངས།།
སྙིང་རྗེ་སྤུ་ཙམ་མེད་པས་ལྕགས་དབྱུག་གཞུས།།
དྲན་པ་འཐོར་ནས་ས་ཐོག་འགྱེལ་ན་ཡང་།།
བློ་གསོ་རྒྱབ་ཁུལ་སྡུག་སྦྱོང་ཚད་མེད་བཏང་།།
ཀྱེ་ཧུད་དཀའ་སྡུག་དེ་འདྲའི་མྱོང་དགོས་ཀྱང་།།
ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཐོག །
གོ་སྐབས་ནམ་བྱུང་རང་དབང་རྩོད་ལེན་གནང་།།
གངས་ལྗོངས་དཔའ་རྒོད་ཁྱེད་ལ་སྙིང་ནས་བསྟོད།།
གངས་ཅན་པ་ཡི་མི་རིགས་བདེན་དོན་ཆེད།།
མི་ལོ་སུམ་གཉིས་ལྷག་ཙམ་བཙོན་ཁང་ནང་།།
བཞུགས་དགོས་བྱུང་རུང་ཞུམ་མེད་སྙིང་སྟོབས་ལ།།
བདག་གིས་སྙིང་ནས་རྗེས་དྲན་ཡང་ཡང་ཞུ།།
གངས་ཅན་ལྗོངས་ཀྱི་དཔའ་རྒོད་དམ་པ་ཁོང་།།
ཕྱི་མའི་ལམ་དུ་གཤེགས་པ་ཐོས་མ་ཐག །
གཟུགས་ལུས་ཡོངས་རྫོགས་གྲང་མོ་ལྟ་བུ་གྱུར།།
བདག་གིས་སྙིང་ནས་རྗེས་དྲན་ཡང་ཡང་ཞུ།།
ཞེས་པ་འདི་ནི་བོད་མི་རིགས་ཀྱི་དཔའ་བོ་དམ་པ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ཁོང་རྒྱ་དམར་གྱི་བཙོན་ཁང་དུ་མི་ལོ་ཧྲིལ་པོ་སོ་གཉིས་ལྷག་ཙམ་བཞུགས་དགོས་བྱུང་རུང་། ད་དུང་འཇིགས་ཞུམ་སྤུ་ཙམ་མེད་པས་བོད་མི་རིགས་ཀྱི་བདེན་དོན་རྒྱུན་ཁྱོང་གནང་མཁན་དཔའ་བོ་ཞིག་ཡིན། བཙན་བྱོལ་ནང་དུ་ཕེབས་རུང་ད་དུང་བོད་མི་རིགས་བདེན་དོན་ཆེད་དུ་ངལ་བ་ལྷོད་མེད་ཀྱིས་ཕྱག་ལས་གནང་ཡོད་པ་རེད། ང་ཚོ་བོད་མི་རིགས་རྒན་དར་གཞོན་གསུམ་ཚང་མས་དམ་པ་ཁོང་གི་ལོ་རྒྱུས་དང་ཁོང་གི་བྱས་རྗེས་རྗེས་སུ་དྲན་པའི་ཐོག་ནས་ཁོང་གི་མི་ཚེའི་ལོ་རྒྱུས་ལྟ་ཀློག་བྱ་རྒྱུ་དང་། ཉམས་སུ་ལེན་རྒྱུ་དེ་ནི་ཧ་ཅང་གལ་ཆེ་རང་བཞིན་གྱི་གནས་སྟངས་ཤིག་ཀྱང་རེད། བོད་མི་རིགས་ཀྱི་དཔའ་བོ་དམ་པ་ཁོང་སླར་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་སྐྱེ་བའི་སྨོན་འདུན་དང་བཅས།
ཆིག་སྟོང་དགུ་བརྒྱ་ཉེར་བདུན་སྐབས་ལ་འཁྲུངས་མཁན་བོད་མི་ཁྱེད། །
ཉི་སྟོང་ཉི་ཤུར་བསྐྱལ་བའི་མི་རྒན་བྱས་རྗེས་ཁྱོད་ཀྱིས་བསྟན། །
གཅིག་སྟོང་དགུ་བརྒྱ་ང་བདུན་སྐྱེས་མཁན་བོད་རིགས་མི་རབས་ཚོས། །
ཉི་སྟོང་བརྒྱ་མེད་ལྔ་བཅུའི་སྐབས་ལ་སྒྲུབ་འབྲས་གང་བསྟན་ཐུབ། །
གངས་ཅན་བོད་རྒྱལ་ཁབ་མི་རིགས་དང་བཅས་པའི་དོན་ལ་རྩ་ཆེན་ལུས་སྲོག་ལ་བབས་ཀྱང་ཞུམས་པ་མེད་པའི་དཔའ་བོ་སྟ་ནག་་འཇིགས་མེད་བཟང་པོ་་བོད་གང་ཅན་པ་མི་རབས་གཉིས་པའི་བློ་གསར་གཞོན་སྐྱེས་་ཚོའི་སྙིང་ཁམས་ནས་བོད་མི་རིགས་ཀྱིས་རྩ་དོན་ཉམས་པ་སོར་་ཆུད་ཀྱི་སླད་དུ་བསུབ་དུ་མེད་པའི་་ཁྱད་དུ་འཕགས་པའི་ལེགས་སྐྱེས་འབུལ་ནས་སྤྱི་ལོའི་དུས་རབས་ཉི་ཤུ་ནས་བཙན་འཛུལ་བ་བོད་ནས་མཐར་སྐྲོད་བཏང་བའི་མཐོ་རླབས་གསར་པ་གང་ཅན་བོད་ཀྱི་རྒྱལ་ས་ནས་འོད་སྟོང་འབར་བ་པོ་ཁྱེད་འཛམ་གླིང་འདི་དང་ང་ཚོ་ནས་ཁ་བྲལ་ཡང་བོད་་མིའི་སེམས་ཁོང་ནས་ནམ་ཡང་མི་ནུབ་་པར་གྱུར་ཅིག་