ཆབ་མདོ་ངག་ཕུན།
སྙན་པའི་ངག་གི་འགྱུར་ཁུག །
སྙན་པ་གངས་ལྗོངས་ཁྱབ་སོང་།།
སྙན་པའི་མི་སེམས་འཕྲོག་པོ།།
ཕྱི་མའི་ལམ་དུ་བཞུད་སོང་།།
ཁྱེད་ཀྱི་གླུ་ཚིག་རེའི་ནང་།།
མི་རིགས་ལ་རྒྱ་མཚོན་ཡོད།།
སྙན་པའི་ངག་གི་འགྱུར་ཁུག །
མི་རིགས་ཁྱད་ཆོས་མཚོན་ཡོད།།
ཁྱེད་ཀྱི་དབྱངས་རྟ་སྙན་པོ།།
རྣ་བའི་བུ་རམ་འདྲ་བྱུང་།།
ཁྱེད་ཉིད་མཇལ་མྱོང་མེད་ཀྱང་།།
ངའི་སེམས་དབང་མེད་འཕྲོག་མྱོང་།།
གངས་ལྗོངས་ཁུ་བྱུག་སྔོན་པོ།།
གངས་རིའི་རྩེ་ནས་བཞུད་ཀྱང་།།
སྙན་པའི་ངག་གི་དབྱངས་རྟ།།
གསོན་པོ་སེམས་ལ་འཐིམ་འདུག།
གངས་ལྗོངས་གླུ་པའི་རྒྱལ་པོ།།
ཕྱི་མའི་ལམ་དུ་བཞུད་ཐོས།།
སྐྱོ་བའི་ཡིད་ཀྱི་མིག་ཆུ།།
ཤོག་དཀར་སྟེང་ལ་ལྷུང་སོང་།།
གངས་ལྗོངས་གླུ་པའི་རྒྱལ་པོ།།
སླར་ཡང་གངས་ལྗོངས་ཞིང་ལ།།
ཕེབས་ཤིང་ངག་གི་འགྱུར་ཁུག།
གངས་ལྗོངས་ཞིང་ལ་འཆད་སྨོན།།
ཞེས་པ་འདི་ནི་མདོ་དབུས་ཁམས་གསུམ་ལ་སྙན་པ་གྲགས་པའི་གླུ་པ་བདུད་བྷེ་འདས་གྲོངས་སུ་འགྱུར་བ་གནས་ཚུལ་ཐོས་པའི་རྗེས་དྲན་མཚོན་ཆེད་དུ་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་༢༠༡༦/༣/༡ ཉིན་མོར།
ལྷ་བྱ་ཁ་བྱུག་སྐྱེས་སོང་།
ལྷ་བྱའི་ཁ་བྱུག་སྙན་སོང་།
ལྷ་བྱའི་ཁ་བྱུག་ན་སོང་།
ལྷ་བྱའི་ཁ་བྱུག་བཞུད་སོང་།