གངས་ལྗོངས་ཁུ་བྱུག་སྔོན་མོ། མདོ་སྨད་གླུ་བ་བདུད་བྷེ་དྲན་གི Posted on 2012-04-24 By ཁ་བརྡ་ 53 Comments on གངས་ལྗོངས་ཁུ་བྱུག་སྔོན་མོ། མདོ་སྨད་གླུ་བ་བདུད་བྷེ་དྲན་གི གླུ་གཞས།
གངས་ལྗོངས་ཁུ་བྱུག་ཁོང་ནི་ངེས་དོན་གྱི་གླུ་བ་གྲགས་ཅན་དང་མི་རིགས་ཀྱི་བསམ་བློ་བ་ཞིག་ཡིན།བོད་ནང་དུ་ཧ་ལམ་གླུ་བ་དང་གླུ་མ་སུས་ཀྱང་བོད་མི་རིགས་ཀྱི་རང་དབང་བདེ་སྡུག་གི་སྐོར་གླུ་གཞས་ཀྱི་ལམ་ནས་ལེན་མ་མྱོང་བའི་སྐབས།ཁོང་གིས་དཔའ་ངར་ཆེན་པོས་བརྩེ་ལྡན་གངས་ཕྲུག་དང་།གངས་ལྗོངས་ནས་འོངས་བའི་སྤུན་ཟླ།ཁེར་རྐྱང་གི་སེམས་པ་དང་གངས་ཕྲུག་གི་སེམས་པ་སོགས་སྒྲ་ཕབ་གྲངས་མེད་ཅིག་གི་ནང་བོད་མིའི་རང་དབང་བདེ་སྡུག་དང་༧རྒྱལ་དབང་རིན་པོ་བོད་ལ་ཕེབས་རྒྱུ་བོད་མིས་རེ་སྒུག་བྱས་པ་སོགས་བླངས་ཏེ།ཁོང་བོད་ཡུལ་ཀུན་ལ་སྙན་གྲགས་ཆེན་པོ་བྱུང་ཡོད་པ་མ་ཟད།རྒྱ་དམར་གྱིས་འཛིན་བཟུང་བརྙད་འདོགས་སོགས་ཐེངས་མང་བྱུང་ཡོད་རུང་།ཁོང་གི་སྐད་ངག་དང་དཔའ་ངར་གྱིས་བོད་མི་ཕྱི་རབས་པ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་རིམ་པས་བོད་མི་གླུ་བ་དང་གླུ་མ་བོད་མིའི་བདེ་སྡུག་ཆེད་གཞས་གཏོང་པ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་ཡོད་པ་རེད།
ཁུ་བྱུག་ནི་ཁུ་བྱུག་རང་རེད། དཀོན་མཆོག་གསུམ། ཅུང་མིན་ན་ངུས་དང་ང་། སྒྲ་བསྒྲིགས་ནོ་ཅུང་ཙམ་འགྲིག་མི་འདུག་བསམ་བསམ་ཞིག་འདུག་ཀྱང་། གླུ་བླངས་ནོ་དངོས་གནས་བཤད་རྒྱུ་ཞིག་མེད་ཁུ། འདི་ནི་ཁ་ཐུག་ཁ་ཐུག་ཏུ་བླངས་པ་ཡིན་དུས་དངོས་གནས་ཅིག་འདྲ་ས་མེད་ཁུ།
རང་རྟོན་གྱི་ཟིན་བྲིས། སྒྲ་སྙན་བདུང་ལེན་གྱི་བླ་སྲོག་ལྟ་བུའི་གླུ་བ་བདུད་བྷེ། སྒྲ་སྙན་བདུང་ལེན་གྱི་བླ་སྲོག་ལྟ་བུའི་གླུ་བ་བདུད་བྷེ། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བོད་ཡུལ་མཐོང་བ་ཀུན་སྨོན་ལའང་རིག་གནས་སྣ་མང་གསར་དར་བྱེེད་པའི་འགོ་དེ་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ཡས་མས་ཙམ་ནས་དར་བ་རེད་ཟེར་ན་མི་ཆོག་རྒྱུ་མེད།རིག་གནས་མང་བོ་ཞིག་ཕྱི་ནས་ནང་བ་དར་བ་རྐྱང་རྐྱང་རེད།ཡིན་ནའང་།ལོ་རབས་བརྒྱད་ཅུ་ཙམ་ནས་ཚེ་སྲོག་འབུས་པའི་སྒྱུ་རྩལ་རང་བཞིན་གྱི་རིག་གནས་ཤིག་སྟེ་སྒྲ་སྙན་བདུང་ལེན་ནི་ཕྱི་ནས་ནང་ལ་དར་བ་མ་ཡིན་པར་ནང་ནས་ཕྱི་ལ་དར་བཞིན་པའི་རིག་གནས་གསར་གཏོད་ཀྱི་རིན་ཐང་མངའ་བའི་སྒྱུ་རྩལ་ཁོངས་གཏོགས་ཀྱི་རིག་གནས་ཤིག་རེད།སྒྱུ་རྩལ་རིག་གནས་དེར་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་ཐོན་ལྡན་པའི་མི་རིགས་ཀྱི་བློ་གྲོས་དང་རྣམ་དཔྱོད་ཀྱི་མ་ལག་ལས་ཐོན་པའི་སྒྱུ་རྩལ་རིགས་ཤིག་ཀྱང་རེད། རིག་གནས་དེ་ནི་རང་ས་རང་ཡུལ་ནས་གསོན་ཤུགས་རྒྱས་པའི་གསར་བུ་ཞིག་དང་འདྲ་བར་གསོན་ཉམས་དང་སྤོབས་པའི་སྒོ་ནས་རང་ཡུལ་ནས་བརྒལ་དེ་ཕྱི་ཡུལ་ལ་གོམ་པ་སྤོ་བཞིན་པའི་དཔའ་བོ་ཞིག་དང་འདྲ།དེ་དང་མཉམ་དུ་འཚར་ལོངས་བྱུང་བའི་མི་བུ་གྲངས་མེད་ཞིག་ཡོད་པའི་ནང་ནས་ངས་བསམ་ན་ཆེས་གླེང་རིན་ཡོད་པའི་གླུ་བ་ནི་བདུད་བྷེ་གཅིག་པོ་ལས་མ་འདས་འདོད།རྒྱུ་མཚན་ནི་ཁོང་གི་ལྷན་སྐྱེས་རང་བཞིན་གྱི་འཇོན་ཐང་དང་སྐད་ངག་གི་འགྱུར་ཁུགས་ཀྱིས་སྒྱུ་རྩལ་རིག་གནས་འདིར་ཚེ་སྲོག་གསར་བ་ཞིག་དང་ལང་ཚོ་གསར་བ་ཞིག་གི་འཇིག་རྟེན་ལ་གོམ་པ་སྤོས་སུ་བཅུག་ཡོད།ངས་དྲང་བདེན་དང་གནས་ལུགས་ཀྱི་ལམ་ཁ་རེ་དང་གྲུ་ཟུར་རེ་ནས་འབུར་ཐོན་རང་བཞིན་གྱིས་མཐོང་ཐུབ་པ་ནི་བདུང་ལེན་པ་བདུད་བྷེའི་ལྷག་བསམ་ཟོལ་མེད་དང་སྙིང་སྟོབས་ཞུམ་མེད།སྤོབས་པ་འགྱུར་མེད།ཧུར་བརྩོན་ལྷོད་མེད་ཀྱི་མི་བུའི་རང་གཤིས་དང་མི་བུའི་སྒལ་ཚིགས་ཁོ་ན་རེད། རིག་གནས་དེའི་རིན་ཐང་དང་མཉམ་དུ་གླུ་བ་འདིའི་མཚན་སྙན་གྲགས་ཀྱང་ཇོ་མོ་གླང་མའི་དབུ་རྩེ་ལས་འཇིག་རྟེན་འདིའི་ཤར་ནུབ་ཀུན་དུ་ཁྱབ་པས་མི་མང་པོས་སྒྲ་སྙན་བདུང་ལེན་དང་གླུ་བ་བདུད་བྷེ་གཉིས་ངོ་བོ་གཅིག་ལ་གཅིག་འདྲེས་ཀྱི་སྣང་ཚུལ་འབྱུང་གིན་ཡོད་ལ།སྒྲ་སྙན་བདུང་ལེན་ལ་སྤྲོ་སྣང་དང་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཁོང་ལ་གདེང་འཇོག་དང་ཡི་རངས་མི་བྱེད་མཁན་ཞིག་ཕལ་ཆེར་མེད་ཅེས་ཁ་ཚོད་བཅད་དེ་བཤད་ན་མི་ཆོག་རྒྱུ་མེད་པ་ལྟ་བུ་རེད།ངས་བསམ་ན་གླུ་བ་བདུད་བྷེ་དང་སྒྲ་སྙན་བདུང་ལེན་གཉིས་ནི་གཅིག་ཕན་གཅིག་གྲོགས་དང་རྒྱུ་དང་འབྲས་བའི་དཔེ་མཚོན་ལས་མ་མཆིས་འདོད།དེས་ན་གལ་སྲིད་ཁོང་མེད་ན་རིག་གནས་སྒྱུ་རྩལ་དེའང་མེད་པར་འགྱུར་བ་རེད་དམ་ཟེར་ན།ངས་ཐེ་ཚོམ་དང་དོགས་སྣང་ཅི་ཡང་མེད་པར་དྲང་བོ་དྲང་བཞག་གིས་ཁོང་མེད་ན་རིག་གནས་དེ་མེད་པར་འགྱུར་བ་མ་རེད་མོད།སྒྱུ་རྩལ་རིག་གནས་དེའི་སྙིང་སྟོབས་དང་གསོན་ཉམས།གཟི་བརྗིད།རིན་ཐང་།བླ་སྲོག་ཉམས་རྒྱུ་རེད་ཟེར་ངེས།སྒྱུ་རྩལ་འདིའི་ཕྱོགས་གང་ཐད་ནས་མར་ངོས་ཟླ་ལྟར་རྒུད་པའི་རང་གཟུགས་མངོན་པ་མིག་མཐོང་ལག་ཟིན་རེད།རྒྱུ་མཚན་ནི་ཡར་རྒྱས་མེད་པའི་ལད་ཟློས་རང་བཞིན་འདིས་སྒྱུ་རྩལ་རིག་གནས་འདིའི་ཚེ་སྲོག་ལ་དམར་གསོད་དང་བཙན་འཛུལ་ཐེབས་པས་གླུ་བ་ཁོའི་མི་ཚེ་དང་མཉམ་དུ་རྒས་པའི་སྣང་ཚུལ་རྣལ་མ་ཞིག་ཁོ་བོར་དུས་རྟག་འབྱུང་གི་འདུག་པས།ངས་བསམ་ན་ཁོང་གི་ན་ཚོད་དང་མཉམ་དུ་འཛུམ་དམུལ་དམུལ་གྱི་རིག་གནས་དེའང་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་བཞིན་དུས་རབས་ཉེར་གཅིག་གི་རིག་གནས་སྣ་མང་གི་གདོང་ཐུག་དང་ཕྲག་ཐུག་བར་ནས་གླུ་བ་བདུད་བྷེའི་མི་ཚེ་བཞིན་ན་གཞོན་ནས་དར་མ།དར་མ་ནས་གཞོན་པ།གཞོན་པ་ནས་རྒས་འཁོགས།རྒས་འཁོགས་ནས་ལྔ་ལམ་དུ་མི་འགྲོ་བའི་ངེས་པ་མེད་པར་འདོད། ཕྱོགས་གཅིག་ནས་མང་བོ་ཞིག་གིས་དར་རྒུད་ནི་འཇིག་རྟེན་འདིའི་ཆོས་ཉིད་དང་དྲང་ཐིག་ཡིན་པར་སྨྲ་སྲིད་ན་ཐང་མོད།ངས་བསམ་ན་དེ་ནི་ཁྱོད་ཀྱིས་བཤད་པ་ནང་བཞིན་གཅིག་བྱས་ན་ཡིན་སྲིད་རུང་།འུ་ཚོས་ཁ་གཡར་ས་དང་ལག་ཕྱི་ས་ཙམ་ཡོད་དུས་གོ་སྐབས་ལྟ་བུར་ངོས་འཛིན་གྱིས་འཚང་ཁ་ཤིག་ཤིག་བྱེད་པའི་སྒྱུད་ལུག་དང་ཅལ་འདྲོགས་ཀྱི་རང་གཤིས་ཤིག་ལས་ཅི་ཡང་མཐོང་མ་སོང་བས།རིག་གནས་ཤིག་བཟང་ན་ཆོག་གི་ངན་ན་ཆོག་གི་བེད་སྤྱོད་ཀྱི་རིན་ཐང་དང་འཁོར་རྒྱུག་གི་དུས་ཚོད་དེ་མི་ཞིག་གི་ཚེ་ཚད་ལས་མེད་ན།དེ་ནི་རིག་གནས་དེའི་ཞན་ཆ་དང་སྐྱོན་ཆ་ལྟ་བུ་མ་ཡིན་པར་མ་ཟད་དེའི་རིན་ཐང་དང་བེད་སྤྱོད་མ་རྟོགས་པའམ་མ་ཤེས་པའི་རྒྱུ་རྐྱེན་ལ་རེག་ལས་པ་ཞིག་ཡིན་པ་འདས་པའི་ལོ་རྒྱུས་ལ་ཕྱིར་རྟོག་ཞིག་བྱས་ན་ཤེས་ཐུབ་གི། མི་མང་བོ་ཞིག་གིས་སྒྱུ་རྩལ་རིག་གནས་འདིའི་གཞི་རྩའམ་འཕེལ་རྒྱས་ཀྱི་ཚེ་སྲོག་ལྟ་བུ་ནི་ཨ་ཁུ་དཔལ་མགོན་འཇོག་གིན་ཡོད་པ་དེར་ཁོ་བོས་གནས་ལུགས་ཀྱི་སྐད་ཆ་ཞིག་ཏུ་དུས་ནམ་ཡང་མཐོང་མ་སོང་།ཁོང་གིས་ཀྱང་བདུང་ལེན་མཁན་པོ་ཁོང་ཉིད་མིན་པ་ཐེངས་ཁ་ཤས་ལ་བཤད་མོད།ཨ་གསར་ལ་དགའ་ཞིང་ཧོལ་རྒྱུགས་ལ་འདུར་བའི་མི་མང་བོ་ཞིག་གིས་མི་དོན་མི་མཚུངས་བའི་ཆོོ་ལོ་འདི་ཁོང་ལ་བཙན་གྱིས་བཏགས་པས།མིའི་སྤྱི་ཚོགས་འདིས་དོན་དམ་པའི་དྲང་མོ་དྲང་བཞག་གི་མིག་ཟུང་ཞར་བའི་བརྒྱུད་རིམ་ལ་ཁོ་བོ་ཞེན་པ་ལོག་སོང་། ཨ་ཁུ་དཔའ་མགོན་བདུད་བྷེའི་དགེ་རྒན་ཡིན་པ་དངོས་ཡོད་བདེན་འཚོལ་ཡིན་ན་སྒྲ་སྙན་བདུང་ལེན་གྱི་མཁན་པོ་ཡིན་པས་ཁྱབ་པ་གཏན་ནས་མེད།སྲིད་གལ་སྒྲ་སྙན་བདུང་ལེན་གྱི་མཁན་པོ་ཟེར་བ་ཞིག་ངེས་པར་དུ་དགོས་ན་ངས་བསམ་ན་གླུ་བ་བདུད་བྷེ་ཡིན་པར་འདོད།སྒྲ་སྙན་བདུང་ལེན་གྱི་ཚེ་སྲོག་གཉོར་སྐྱོང་དང་བདག་སྐྱོང་གནང་མཁན་ནི་རྒན་དཔལ་མགོན་ག་ལ་ཡིན།རྒྱུ་མཚན་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ལ་ཞིབ་ལྟ་ཞིག་བྱས་ན་ཤེས་ཐུབ་གི། ཁོང་བོས་དེ་ལྟར་བཤད་དོན་ནི་དགའ་སྐྱོའི་ཕྱོགས་ལྷུང་གིས་བཤད་པ་གཏན་ནས་མིན།ངས་གླུ་བ་བདུད་བྷེའི་མི་ཚེའི་བརྒྱུད་རིམ་དང་བརྩམས་ཆོས་ཀྱི་རིན་ཐང་ལ་གདེང་འཇོག་དང་ཞིབ་འཇུག་བྱས་པའི་འབྲས་བུ་ཁོ་ན་ཡིན་པས།ཁོང་གི་མི་ཚེ་ནི་སྒྱུ་རྩལ་རིག་གནས་འདིར་བསྟིམས་ཤིང་འདིའི་སླད་དུ་རང་ཚིགས་དང་ཁ་ཕྱོགས་ཡོད་པའི་སྒོ་ནས་རང་ཉིད་ཀྱི་མི་ཚེ་རིག་གནས་དེའི་ཤ་གསེང་རུས་གསེང་ལ་འཐིམས་དུ་འཇུག་ཕོད་པའི་བརྟན་བརླིང་གི་རང་གཤིས་དང་བློ་སེམས་རྦད་ཆོད་ཀྱི་སེམས་ཤུགས་ལ་ཁོ་བོ་དངོས་ནས་ཡིད་སྨོན་ཤོར་བས།ངས་བསམ་ན་སྒྲ་སྙན་བདུང་ལེན་གྱི་འཕེལ་རིམ་ཁྲོད་བདུད་བྷེ་མ་གཏོགས་ཆེས་མིང་དོན་མཚུངས་པའི་བདུང་ལེན་པ་གཅིག་ཀྱང་ད་དུང་མཐོང་མ་སོང་། ཁོང་གིས་སྒྱུ་རྩལ་རིག་གནས་འདིའི་སྟེང་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་བཞག་ཡོད་ལ།ཡང་གཅིག་བཤད་ན་ཁོང་ནི་སྒྱུ་རྩལ་རིག་གནས་དེའི་ཆེད་གཉེར་བ་དང་ཆེད་མཁས་པ་ལྟ་བུ་ཡིན་པར་མ་ཟད་རིག་གནས་འདིའི་སླད་དུ་ཤི་འཐམ་རོ་འཐམ་བྱེད་པའི་དམ་བཅའ་དང་གཏན་ཚིགས་བླ་མེད་ཞིག་ཡོད་པའི་བོད་ཀྱི་གླུ་བ་གསོན་པོ་ཞིག་རེད།ལ་རྒྱའི་གཡུ་རལ་གསིག་ཅིང་སྤོབས་པའི་གངས་སེང་འགྱིང་བ།གསུང་གི་ངར་སྐད་སྒྲོག་པའི་གླུ་བ་བདུད་བྷེའི་ཡན་དུ་སོན་པའི་སྒྲ་སྙན་བདུང་ལེན་པ་གཅིག་ཅིང་མཐོང་རྒྱུ་མེད་ཁུ།རིག་གནས་གསར་བ་འདིའི་ཐོན་འབྲས་མང་བོའི་ཁྲོད་ད་དུང་ཐོད་བརྒལ་རང་བཞིན་གྱི་གླུ་བ་དེ་བས་མེད་ཁུ།རྒྱུ་མཚན་ནི་ཁོང་ཚོ་ཚང་མས་བདུང་ལེན་པ་བདུད་བྷེའི་དབྱངས་རྟ་མང་བོ་བསྐྱར་ཟློས་དང་དབྱངས་རྟ་མང་བོར་བཅོས་སྒྲིག་གིས་མི་ཚེ་འདའ་བཞིན་པ་ལྟ་བུ་རེད། མདོར་ན་གླུ་བ་བདུད་བྷེའི་སྐུ་དྲིན་གྱིས་སྒྲ་སྙན་བདུད་ལེན་སྒྱུ་རྩལ་རིག་གནས་འདི་འཛམ་གླིང་གང་སར་ཁྱབ་བརྡལ་བྱུང་དང་འབྱུང་བཞིན་པའིི་སྒང་རེད།ངས་བསམ་ན་རིག་གནས་འདི་དང་གླུ་བ་འདི་གཉིས་གཅིག་ལ་གཅིག་རྟེན་གྱི་འཁོར་སྐྱོད་ཁྲོད་མཉམ་གྲགས་ཡིན་ནའང་།མཉམ་ཤི་བྱེད་མི་ཉན་པ་ནི་ཚ་དགོས་གཏུག་གི་གནད་དོན་ཞིག་དང་།མི་རབས་གསར་བའི་འགན་འཁྲིའི་ཁོ་ན་ལས་མ་འདས་འདོད།སྒྲ་སྙན་བདུང་ལེན་དེ་འཛམ་གླིང་ལ་ཁྱབ་བ་ཙམ་མ་ཡིན་པར་འཛམ་གླིང་རིག་གནས་ཀྱི་གྲལ་ལ་ཚུད་དུ་འཇུག་ཐུབ་པའི་སྙིང་སྟོབས་ཀྱི་གོ་ཆ་སྲ་མོ་ཞིག་དགོས་པ་ནི་བཤད་མི་དགོས་པ་ལྟ་བུ་རེད།དེ་ལྟ་བུ་བྱེད་དགོས་ན་འགན་འཁྲིའི་འདུ་ཤེས་ལ་གཙུག་ཆེན་དང་དོན་ཆེན་བྱེད་རྒྱུ་གལ་འགངས་ཆེ་ལ།འཛམ་གླིང་རིག་གནས་ཀྱི་གྲལ་དུ་འཇོག་ཐུབ་མིན་དེ་གསར་གཏོད་དང་འཕེལ་རྒྱས་སོགས་གཙོ་གནད་རེད།ཡིན་ནའང་།འུ་ཚང་གི་གླུ་བ་དེ་ཚོས་རང་ཉིད་ཁྱབ་བསྒྲགས་དང་ཁ་གདང་ཙམ་གྱི་ཞར་ཞོར་ལ་རིན་ཐང་ཅན་གྱི་སྒྱུ་རྩལ་རིག་གནས་འདི་སྣང་མེད་དུ་འཇོག་གིན་འདུག་པས།ངས་བསམ་ན་མི་སྣ་རླབས་ཆེན་ཚོའི་བཀའ་དྲིན་དྲན་པའི་སྒོ་ནས་རང་ཉིད་རིག་གནས་འདིའི་ཁྲོད་ནས་ངེས་པར་དུ་ཡར་ལངས་དགོས་ཤིང་རང་ཉིད་རིག་གནས་གསོན་པོ་དེའི་སླད་དུ་འཆི་མི་ཐུབ་རུང་གསོན་ཐུབ་པའི་ངར་ཤུགས་ཤིག་ངེས་པར་དགོས་གི།འདི་ནི་ང་རང་སྒྲ་སྙན་བདུང་ལེན་ལ་ཉན་མཁན་རྣལ་མ་ཞིག་ཡིན་པའི་སྙིང་གཏམ་ཞིག་ཡིན།
བདུད་བྷེ་ནི་ངེས་པ་དོན་གྱི་གླུ་བ་ཞིག་ཡིན་པ་རྩོད་མེད་རེད། དེང་སང་རང་རློམས་ཅན་གྱི་གསར་སྐྱེས་གླུ་བ་གླུ་མ་མང་པོ་ཞིག་གིས་སྐུ་ཞབས་བདུད་བྷེའི་དབྱངས་རྟ་ཧ་ཅང་གི་མང་པོ་ཞིག་ལ་“དམངས་ཁྲོད་”ཟེར་ནས་ཁོང་མཚན་གྱི་ཟུར་ཙམ་ཡང་མི་འཇོག་པ་དེ་ནི་གླུ་བ་བདུད་བྷེ་ལ་དྲིན་ལན་ལོགས་མཇལ་བྱས་པ་མཡིན་ནམ། ད་དུང་དེ་ལས་ཀྱང་ཆེས་ཧང་སང་པ་ཞིག་ནི་བདུད་བྷེའི་དབྱངས་རྟ་གང་མང་ཞིག་བཅད་གཏུབ་དང་བཅོས་བསྒྲིགས་སྣ་ཚོགས་བྱས་སྟེ་རང་ཉིད་ཀྱིས་བརྩམས་ཟེར་བའི་ངོམས་སོ་བྱེད་ཀྱིན་ཡོད་པ་དེ་ནི་ཡ་རབ་བཟང་སྤྱོད་དང་ཡོངས་སུ་འགལ་བ་མ་ཡིན།
ངེས་པ་དོན་གྱི་བོད་ཀྱི་རྡུང་ལེན་པ་བདུད་བྷེ་ནི་ངའི་སེམས་ཁོང་གི་ཆེས་དགའ་སའི་བོད་ཀྱི་གླུ་བ་ཡིན། ཁོས་བོད་མིའི་བསམ་བློ་ལ་བཅིངས་གྲོལ་གཏོང་བའི་སྒུལ་ཤུགས་བླ་མེད་ཐོབ་ཡོད།
གངས་ལ྄ྗོངས་ཁུ་བ྄ྱུག་ལགས། ངའི་ལང་ཚོའི་ མེ་ཏོག་གི་འདབ་ལག་མ་ར྄ྒ྄ྱས་གོང་ནས། ཁ྄ྱེད་ཀ྄ྱི་ཁུ་བ྄ྱུག་གི་གསུང་ས྄ྙན་མོས་བཟི་རུ་བཅུགས། ང་ཆེས་དགའ་སའི་ག྄ླུ་བ་ནི་ཁ྄ྱེད་རང་ཡིན། ངེས་བ་དོན་ག྄ྱི་ཁུ་བ྄ྱུག་ལགས།
གངས་ཅན་ཁུ་བྱུག་སྔོན་མོའི་ངོ་སོ་ཡར་ལ་བསྟོད་དོ།། མི་བསོད་ནམས་ཅན་ཁོང་ནི་༧རྗེ་གུང་ཐང་ཚང་དང་༧རྗེ་འཇིགས་མེད་ཕུན་ཚོགས་སོགས་གསར་རྙིང་གི་དམ་པ་མང་པོས་ཐུགས་མོས་ཚད་མེད་གནང་ས་ཅིག་ཡིན།ཁོང་སྐབས་ཤིག་ཅུང་ནད་པ་ཆགས་ཏེ་ལན་གྲུར་སྨན་ཁང་དུ་ཡོད་དུས།༧རྗེ་གུང་ཐང་ཚང་དངོས་སུ་འཚམས་འདྲི་ལ་ཕེབས་ཏེ་གངས་ཅན་ཁུ་བྱུག་འདི་ཤི་མི་ཉན་ཅེས་བདུད་འདུལ་རྡོ་རྗེའི་མགོ་ལ་བྱིལ་བྱིལ་གནང་བའི་ལོ་རྒྱུས་ཡོད་པ་རེད།
གངས་ལྗོངས་ཁུ་བྱུག་སྔོན་མོ་གྲགས་པའི་ཕུལ་བྱུང་གི་གླུ་བ་བདུད་བྷེ་ནི་འབྲོག་པའི་སྦྲ་གུར་དང་རོང་བའི་ཁང་ཁྱིམ་ཀུན་ན་སྐད་ལྷང་ལྷང་གི་གྲགས་ཀི་ཡོད་ལ།གངས་རི་མཚོ་མོ།སྦྲ་ནག་དང་དར་ལྕོགས་ལ་འགྲོགས་ནས་བོད་མིའི་སེམས་ཁོངས་སུ་ཡང་བརྗེད་པར་དཀའ་བའི་བག་ཆགས་ཤིག་བཞག་ཡོད་ལ། ཁོས་ལོ་རབས་བརྒྱད་ཅུ་ནས་དུས་ད་དུང་ཡང་བོད་མིའི་ལ་རྒྱ་དང་ཚེ་སྲོག་གླུ་ལ་དྲངས་ནས་བདེན་ཐུབ་ཀྱི་རྐང་རྗེས་ཤིག་ཁ་བ་རི་བོའི་ཡུལ་ལ་ཡང་སྦར་ཡོད། ཁོས་མ་ཡུམ་གྱི་འོ་སྤྲི་ལས་ཞིམ་པའི་བོད་གླུ་དང་མཐོ་སྒང་གི་མདང་རུས་མཚོན་པའི་སྐད་ངག་དེ་ངའི་མི་ཚེ་འདིའི་མཛེས་སྡུག་མི་དམན་པ་ཞིག་ཡིན།
རྒྱ་ནག་ཆུ་འདུ་གྲོང་ཆེར་གྱི་བོ་ཧོའུ་ཚུ་ལམ་བར་ན་ཡོད་པའི་རྒད་པོ་རབ་རྒྱས་ཀྱི་བོད་ཟས་ཟ་ཁང་ནང་ལ་སོང་དང་བདུད་བྷེ་ལ་ཐུག་པའི་གོ་སྐབས་ཆེ། གླུ་དང་སྒྲ་ལ་མཁས་བ་ནི་བརྗོད་མ་དགོས་བ་ཞིག་ལ་མི་རིགས་ཀྱི་ལ་རྒྱ་ནི་ཁོང་ལ་ཡོད་ཡོད་པ་རེད། སྐྱོན་ཞིག་ཡོད་པ་དེ་ནི་སྦི་རག་མང་ཙམ་འཐུང་བ་དེ་ཡིན། དེ་ནི་ཕལ་ཆེལ་ེད་ཚང་གི་རྒྱུ་རྩལ་བ་ཡོངས་ལ་སྤྱི་ཁྱབས་སུ་ཡོད་པའི་སྐྱོན་ཞིག་ལ་མཐོང་།
ཡ་དྲ་གྲོགས་ཚོ་ཁྱོད་ཚོས་གོང་གི་གངས་ལྗོངས་ཀྱི་གླུ་བ་བདུད་བྡེའི་རྡུང་ལེན་ལ་བལྟས་རྗེས་སེམས་ཚོར་ག་འདྲ་ཞིག་འོང་ དངོས་ནས་གླུ་བ་མི་ཚེ་གཅིག་ལ་སྐད་གྲགས་ཅན་ཞིག་རང་རེའི་སྤྱི་ཚོགས་ནང་དུ་ཁོང་མ་གཏོངས་སུ་ཡོད་ ང་ཚོའི་སྤྱི་ཚོགས་ཟེར་དུས་ཆུང་ཆུང་ཞིག་རེད ནུབ་གླིང་ཡུལ་དུ་བལྟས་ནས་བཤད་ན་མི་ལོ་བཞི་བཅུ་ལྔ་བཅུ་ལ་སྐད་གྲགས་མཉམ་མ་མྱོང་བའི་གླུ་པ་དང་ཡང་ན་སྐད་གྲགས་མི་ན་ཁྱོད་ཀྱི་ག་ཚད་མཐོང་མྱོང་ ངས་བལྟས་ན་ད་དུང་གླུ་བ་ཁོང་གིས་གླུ་རེ་བླངས་དུས་གླུ་བ་ཆུང་ཆུང་རེའི་སྙིང་རྩར་འདར་གི་འཇུག་རྒྱུ་རེད་ཡ་ དངོས་ནས་ཁོང་ནི་ང་ཚོའི་མི་རིགས་ཀྱི་གཟི་བརྗིད་རེད།
གངས་ལྗོངས་བོད་ཀྱི་རྡུང་ལེན་པ་བདུད་བྷེ་ལ་འཚམས་འདྲི་དང་། ཁྱེད་ཉིད་ནམ་ཡང་ཁ་བ་བོད་པ་ཚང་གི་བདེ་སྡུག་གླུ་རུ་ལེན་མཁན་གྱི་ལ་རྒྱའི་བདག་པོ་ཞིག་ལ་ངོས་འཛིན་བྱས་ནས་ཡུན་རིང་སོང་ཡོད། ད་དུང་སྔར་བཞིན་བོད་མི་ཡོངས་ཀྱི་སེམས་ཁོང་ན་ཁྱེད་ཀྱི་ལ་རྒྱའི་ཚིག་འབྲུ་རེ་རེ་གསལ་ལེར་འཆར་ཡོད།
སྔོན་དུས་འཕགས་པའི་ཡུལ་ཉིད་དུ། རྟ་དབྱངས་ཞེས་པའི་སྙན་ཚིག་རྣམས། སྐྱེ་བོ་ཀུན་གྱིས་ངག་ཏུ་བླངས། དེ་བཞིན་གླུ་པ་ཁུ་བྱུག་དབྱངས།། བོད་མི་ཡོངས་ཀྱིས་ངག་ཏུ་ལེན། འདི་ཡིས་བོད་ཀྱི་རིག་གཞུང་གླུ། གངས་ལྗོངས་ཡོངས་ལ་ཁྱབ་གྱུར་ཏེ། རིགས་གཅིག་ཡོངས་ཀྱི་མངོན་འདོད་གྲུབ།།
ཁུངས་ལྡན་གྱི་ལོ་རྒྱུས་གོ་ཐོས་ལྟར་ན། གླུ་བ་འདིས་བོད་ཀྱི་ལ་རྒྱ། རིག་གཞུང་སྲུང་སྐྱོབ། སློབ་གསོའི་བསྐུལ་མ། མི་རིགས་ཀྱི་ཚེ་སྲོག་མཚོན་པའི་གླུ་བརྒྱ་ཕྲག་མང་པོ་བླང་ཞིང་། སློབ་མའང་བཀྲ་ཤིས་དོན་འགྲུབ་སོགས་བློ་གྲོས་དང་སྙིང་སྟོབས་ཕུལ་དུ་བྱུང་བ་ཅན་མང་པོ་གསོ་སྐྱོང་གནང་ཡོད། ༧རྗེ་གུང་ཐང་ཚང་དང་། རྭ་རྒྱའི་གླིང་རྒྱ་ཚང་སོགས་ཀྱིས་བརྩེ་གཟིགས་ཚད་མེད་པ་གནང་ནའང་། དེ་གཉིས་རིམ་པར་སྐུ་གཤེགས་པ་ལས་གླུ་བ་འདིའི་ཐུགས་ལ་ན་ཚ་ཚབ་ཆེན་ཕོག་སྟེ། རྒྱུན་དུ་གསོལ་ཆང་མཆོད་པ་སོགས་ཀྱིས་གསུང་སྐད་ལ་སྐྱོན་ཆེན་པོ་བྱུང་ཟེར། གླུ་སྐད་སྔོན་དང་ཁྱད་པར་འདུག་པས་བདེན་པ་རེད་ཤག འདིར་ཁོང་གི་སྐུ་སྨྱུན་ཞི་ཞིང་སྐུ་ཁམས་གསལ་དྭངས་ཡོང་པའི་སྨོན་ལམ་འདེབས།
ཁོང་ན་ཚ་ངན་པ་ཞིག་གིས་བཟུང་ནས་ལོ་ཤས་འགོར་ཡོད་རབ་ཐོས། ཁོང་ལ་རྒྱུས་ཤོག་གིས་བཤད་དེང་སང་ན་ཚ་དེའང་ཚབ་ཆེན་ཞིག་ཏུ་གྱུར་ཡོད་ཟེར། ཁོང་གི་ཆེད་དུ་ཞབས་བརྟན་བསྒྲུབ་མཁན་དང་སྐྱབས་གཏོང་མཁན་མང་ཚོད་རེད།
ཁོང་བོད་སྤྱི་ལ་བཀའ་དྲིན་ཆེན་པོ་ཡིན་པ་སྨྲོས་མེད་ཐོག་གླུ་བ་ཀུན་དགའ་ལ་དེ་བས་ཀྱང་བཀའ་དྲིན་ཆེན་པོ་རེད། ཧ་ཧ་ཧ།
བདུད་བྷེ་ལ་དགེ་མཚན་ཅི་ལྟར་ཆེ་ན་དཔལ་མགོན་ལ་མཛད་རྗེས་དེ་ལྟར་ཡོད། དཔལ་མགོན་མེད་ན་བདུད་བྷེ་ལ་མདུན་ལམ་དེ་ལྟར་ཡོད་མི་སྲིད། ད་དུང་ཤེས་རིག་རྣམ་དཔྱོད་ཀྱི་ཆ་ནས་རྡོ་རེད་ནི་གླུ་བ་བདུད་བྷེའི་སྔོན་དུ་མདའ་རྒྱང་གང་དུ་ཤོར་འདུག་ཞེས་གཞན་གྱིས་གླེང་ལ་དོན་ལའང་གནས་སོ།
མྱི་རྒས་ཀྱང་སྐད་ངག་རྒས་རྒྱུ་མེད་པའི་གླུ་བ་དགའ་བོ། ལོ་ནམ་སའི་ཐུབ་ཀྱང་ལ་རྒྱ་ཉམས་རྒྱུ་མེད་པའི་ཕ་བཟང་གི་བུ། གླུ་སྐད་མི་ཡུལ་དུ་བཞག་པ་དང་རེ་བ་ཕྱི་རབས་པར་དྲངས་མཁན་གྱི་སྒྱུ་རྩལ་པ་ཁྱོད། ས་མཐའ་ནངའ་ཁྱོད་དྲན་མཁན་དང་ཁྱོད་གླེང་མཁན་ཡོད་ལ། དྲ་སྣང་གི་ཁྱོད་ནི་ངའི་ཡིད་འཛིན་གྱི་ཀློང་ན་འཕྱོ་བའི་འབྲོང་སྡེ་ཕྱུག་མོ་དེ་ཡིན་་་
བདུད་བྷེ-གངས་ལྗོངས་ཁུ་བྱུག་སྔོན་མོ། བོད་ཀྱི་སྒྱུ་རྩལ་རིག་གནས་དང་མི་རིགས་འདུ་ཤེས་སྐུལ་སློང་གི་ངོས་ནས་བཤད་ན། ཁོང་ནི་ངའི་སེམས་གཏིང་ནས་ཆེས་བཀུར་ན་འདོད་པའི་གངས་ཅན་པའི་གླུ་བ་གཅིག་བུ་དེ་ཡིན། ད་ལྟ་གླུ་བ་ཁོང་སྐུ་བསྙུང་ནས་བཞུགས་ཡོད་པའི་སྐད་ཆ་ཞིག་ཁ་སྔོན་ནས་གོ་ཐོས་བྱུང་། འོན་ཀྱང་། ཁུངས་ལྡན་གྱི་གནས་ཚུལ་རྒྱུས་ལོན་མ་བྱུང་བར་ད་བར་དུ་ལུས། དྲ་གྲོགས་སུ་ཞིག་གིས་ཁོང་དང་འབྲེལ་བ་བྱེད་ཐུབ་པའི་ཁ་པར་རམ་གློག་འཕྲིན་ཁ་བྱང་། ཡང་ན་ཁོང་དང་འབྲེལ་ཡོད་ཀྱི་མི་སྣ་གང་རུང་རེ་ཤེས་ཚེ་གུས་པར་གནང་རོགས་ཞུ་རྒྱུ་ཡིན། གུས་པའི་གྲོགས་པོ་ཞིག་གིས་ཁོང་གི་སྐོར་ལ་དཔྱད་རྩོམ་ཞིག་འབྲི་བཞིན་ཡོད་པས་ཕན་ཐོགས་ཆེ། དེ་བཞིན་ཁོང་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཤེས་མཁན་ཡོད་ཚེ་གསུངས་ན་ཡང་ཆོག གལ་སྲིད་བོད་ནང་དུ་ཉམ་རྒུད་དུ་འགྲོ་བཞིན་པའི་རྡུང་ལེན་སྒྱུ་རྩལ་རིག་གནས་སྐོར་ལ་དོ་སྣང་ཡོད་མཁན་རེ་མཆིས་ཚེ། གླུ་བ་ཁོང་སྐུ་འཚོ་བཞུགས་ཡིན་པའི་སྐབས་འདིར་ཁོང་རང་ཉིད་ཀྱི་ལོ་རྒྱུས་དངོས་སུ་བཅར་འདྲི་བྱས་ནས་རྡུང་ལེན་སྒྱུ་སྩལ་དང་ཁོང་གི་མི་ཚེའི་ལོ་རྒྱུས་གཉིས་མཉམ་དུ་སྦྲེལ་ནས་དཔེ་ཆ་རེ་འབྲི་ཐུབ་ཚེ། དེ་ནི་ཏན་ཏན་མ་འོངས་པར་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟའོ།། གུས་པའི་འབྲེལ་མཐུད་ཁ་བྱངཿ d.thokmay59@gmail.com
སང་ཉིན་ཏེ་ཕྱི་ཟླ་༠༤་ཚེས༢༥ ཆུང་སྲིད་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཡིན་ལ། སྔོན་ཆད་༧པཎ་ཆེན་སྐུ་གོང་མ་སྐུ་བཀྲོངས་ནས་ཟླ་ཤས་ལས་འགོར་མེད་པའི་དུས་ཞིག་གངས་ལྗོངས་ཁུ་བྱུག་བདུད་བྷེ་ལགས་ཀྱི་(པཎ་ཆེན་ལགས-རིན་པོ་ཆེ།) ་ཟེར་པའི་དྲན་གླུ་ཞིག་བཏང་སོང་། གླུ་སྐད་དེས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་པའི་ཆོལ་ཁ་གསུམ་ཡོམ་ཡོམ་འདར་བར་བྱས་སོང་། དྭངས་ལ་གཙང་བའི་གླུ་སྐད་དེ་ཐོག་མར་མཚོ་སྔོན་རླུང་འཕྲིན་བརྒྱུད་ནས་ཐོག་མར་གྲགས་དུས་ངའི་ནང་མི་ཚང་མས་ནུབ་ཚལ་འཐུང་བཞིན་པའི་སྒང་ཞིག་རེད། ཐོག་མར་ཚ་ཐབ་འོག་ནས་ཨ་མ་ལགས་ངུས་སོང་ལ་དེར་མཐུད་ནས་ཁ་གཏད་ན་མ་ཎི་འཁོར་ལོ་སྐོར་བཞིན་པའི་རྨོ་རྨོ་ལགས་ཀྱིས་མིག་ཆུ་བཀག་མ་ཐུབ་པར་བཞུར་བྱུང་། ཐ མར་ཨ་ཕ་ལགས་ཀྱི་ངུ་སྐད་འདྲེས་ངང་ང་ལ་འཁོར་ནས་མཆོད་ཁང་ནས་༧པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་མྱུར་བྱོན་གྱི་དཔེ་ཆ་དེ་ཁུར་ཤོག་དང་ང་ཚོས་མཉམ་དུ་ཞིག་འདོན་ཟེར། དགོངས་མོ་དེར་ང་ཚོས་ཡང་སྤྲུལ་མྱུར་བྱོན་ཚར་བཅུ་བཏོན་པ་ཡིན། སྐབས་དེའི་བདུད་བྷེའི་སྐད་ངག་དེ། ད་ལྟའང་ད་དུང་བདག་གི་རྣ་ལམ་ན་ལྷང་ལྷང་གྲགས་བཞིན་འདུག ཕལ་ཆེར་ངས་བསམ་ན་རྡུང་ལེན་ལ་དགའ་ཞེན་དང་རྡུང་ལེན་ཉན་མྱོང་མཁན་ཞིན་ཡོན་ཚེ། ཏན་ཏན་ཁྱོད་ལ་ཡང་བདུད་བྷེ་དང་འབྲེལ་བའི་གཏམ་རྒྱུད་སྙན་མོ་རེ་གསུངས་རྒྱུ་ཡོད་ངེས་ཡིན།
གངས་ལྗོངས་ཁུ་བྱུག་སྔོན་མོ་ནི་ངེས་པ་དོན་གྱི་བོད་ཀྱི་གླུ་བ་སྐད་གྲགས་ཅན་ཞིག་ཡིན་པ་ཀུན་གྱི་ཤེས་གསལ་རེད། དུས་རབས་ཉི་ཤུའི་མཇུག་ཙམ་ནས་ཁོང་གིས་རྒྱ་དམར་གྱི་གནོན་ཤུགས་དང་། ཁྲིམས་ཁང་གི་དཀའ་སྡུག་རབས་དང་རིམ་པར་གདོང་ལེན་བྱས་ནས་་གླུ་དང་རྡུང་ལེན་གྱི་ལམ་ནས་༧གོང་ས་མཆོག་ལ་བསྟོད་པ་དང་། བོད་དོན་དང་འབྲེལ་བའི་ལ་རྒྱའི་བརྡུང་ལེན་སོགས་། སྙན་མོའི་ངག་ལ་དྲང་ནས་གངས་ཅན་པ་ཡོངས་དང་ལྷག་པར་གླུ་བ་གླུ་མ་རྣམས་ལ་གླུ་ཚིག་གི་ནང་དོན་དང་སྐད་ངག་གི་འགྱུར་ཁུག་སོགས་ཀྱི་ཆ་ནས་བགས་ཆགས་ཟབ་མོ་ཐེབས་སུ་བཅུག་ཡོད། ཕལ་ཆེར་ཁོང་ནས་མགོ་བཙུག་ཏེ་བོད་ཀྱི་ཐུན་མིན་གྱི་གླུ་གཞས་གར་གསུམ་གྱི་སྒྱུ་རྩལ་འདི། དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེའི་ཕྱིར་ཁོང་ནི་བོད་ཀྱི་གླུ་གཞས་སྒྱུ་རྩལ་དར་རྒྱས་ཁྲོད་སྲུབ་ཐབས་བྲལ་བའི་ཕྱི་རྗས་ལྡན་པའི་མི་སྣ་གལ་ཆེན་ཞིག་ཡིན། །
རྨ་ཀླུང་ཕྱུག་མོའི་འགྲམ་དུ་ཆགས་པའི་འབྲོག་ཁྱིམ་ཕལ་བ་ཞིག་ལས་སྐྱེས། ། འཇམ་པའི་དབྱངས་ཀྱིས་དངོས་སུ་གནང་བའི་པི་ལྤང་ཐོགས་ཏེབོད་ཁམས་ཉུལ། ། ལ་རྒྱའི་སྙན་འཁོར་རེ་རེར་སྤེལ་ཏེ་རོང་འབྲོག་མང་ཚོགས་དགའ་བསུ་ཐོབ། ། ངེས་དོན་གླུ་ཡི་རྒྱལ་བོ་ཁྱོད་ནི་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས། །
རྨ་ཀློང་དལ་འབབ་རིང་མོའི་ཁུགས་པ་ན། འདོ་རིགས་གྱི་ལིང་སྟོང་གི་ཕ་ས་ལ། ཁྲོ་ཁོ་ཞེས་བྱའི་འབྲོག་ཡུལ་ཕྱུུག་མོ་ནས། གངས་ལྗོངས་བདུད་བྷེའི་ལྟེ་ཁྲག་དང་པོ་འཕོས།
གོང་དུ་མཆན་གྲོགས་ཚོས་བཤད་པ་བཞིན་ང་ཡང་གླུ་བ་བདུད་བྷེ་སྟེ། གངས་ལྗོངས་ཁུ་བྱུག་སྔོན་མོའི༌སྐད་ངག་གོ་ན་འདོད་མཁན་དང་། ཉན་རྒྱུར་དགའ་མཁན་གྱི་མི་ཞིག་ཡིན་པར་མ་ཟད། ངའི་སེམས་ཁོང་གི་བརྗེད་དཀའ་བའི་རྡུང་ལེན་པ་དེའང་ཁོང་གཅིག་པུ་ཡིན། དེས་ན་དེ་རིང་འདི་ནས་ངས་གླུ་བ་བདུད་བྷེའི་སྐོར་གྱི་སྐད་ཆ་འགའ་ཤས་ཤིག་མཆན་གྲོགས་དག་གི་སྐད་ཆའི་ཁ་སྣོན་ལྟ་བུའི་ཚུལ་དུ་འབྲི་འདོད་བྱུང་། དེའང་འཁྱོག་བརྗོད་དང་ཕྱོགས་ཞེན། འུད་བསྟོད་དང་དགའ་ཞེན་སོགས་དོར་ནས་བདེན་པ་བདེན་རྐྱང་དང་དྲང་མོ་དྲང་བཞག་གིས་བཤད་རྒྱུ་ཡིན། སྤྱིར་བཏང་གི་བོད་ཀྱི་རྡུང་ལེན་སྒྱུ་རྩལ་རིག་གནས་འདིའི་ཐད་བྱས་རྗེས་ཅན་གྱི་མཚོན་བྱེད་མི་སྣ་ཞིག་འཇོག་དགོས་ན་གླུ་བ་བདུད་བྷེ་ཁོང་བཞག་ན་དེ་ནི་འོས་ཤིང་འཚམས་པ་ཞིག་ཡིན་པ་མ་ཟད། འདི་ལས་ལྷག་ཅིག་འཇོག་རྒྱུ་མེད་པ་ལྟ་བུ་ཞིག་རེད། ཁོང་གིས་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་རིག་རྩལ་ཁྱད་དུ་འཕགས་པ་གཞན་གང་དང་ཡང་མ་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཡོད་པའི་རྡུང་ལེན་སྒྱུ་རྩལ་འདི་ཉིད་དར་སྤེལ་དང་། འཕེལ་རྒྱས་ཇི་ཙམ་བཏང་ཡོད་མེད་ཁོང་གིས་གླུ་སྐད་ལ་དྲངས་པའི་སྒྲ་ཐག་དང་འོད་སྡེར་སོགས་ལ་ཉན་ན་གསལ་པོར་རྟོགས་ཐུབ། དེ་དང་འབྲེལ་བའི་ང་ཚོས་བརྗེད་མི་ཐུབ་པ་དང་བརྗེད་མི་རུང་བ་ཞིག་ནི་ཁོང་གིས་གླུ་བ་སུ་གང་གི་བྱང་ཁོག་སྟོད་ལ་ལ་རྒྱ་དང་བོད་མི་རིགས་ཀྱི་ཤ་ཞེན་ཞེས་པའི་ཚོར་བ་འདིའི་དྲི་མ་ཙམ་ཡང་མེད་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། བོད་མི་རིགས་ཀྱི་ལ་རྒྱ་སེམས་ལ་བཟུང་། བདེ་སྡུག་གླུ་རུ་བླངས་པས་བོད་རིགས་གླུ་བའི་ཚོགས་སུ་ལ་རྒྱའི་དབུ་ཁྱུད་གསར་པ་ཞིག་གི་མེ་སྟག་མཆེད་སྟབས་དེང་སང་གླུ་བ་གླུ་མ་སུ་ཞིག་ཡིན་ཀྱང་། བོད་མི་རིགས་ཀྱི་བདེ་སྡུག་དང་ལ་རྒྱ་ཅན་གྱི་ཚིག་རེ་ངག་ལ་གྱེར་མ་ཐུབ་ན་ངོ་ཚ་དགོས་ཤིང་། གླུ་བ་ཞིག་གི་མིང་བྱང་མི་ཐོབ་ལ། གླུ་བའི་གྲལ་དུའང་མི་ཚུད་པའི་ཚད་དུ་སླེབས་ཏེ་གླུ་བ་གླུ་མ་ཚོ་རྒྱ་དགའ་རེ་མིན་ན་ཡོད་ཚད་ལ་རྒྱ་ཅན་ཤ་སྟག་ཏུ་གྱུར་པ་གླུ་བ་བདུད་བྷེ་ཁོང་གཅིག་པུའི་བཀའ་དྲིན་ཡིན་པ་སུས་ཀྱང་ཤེས་སླ། ད་དུང་འགའ་ཤས་ནས་རྡུང་ལེན་པ་དཔལ་མགོན་ལ་རྡུང་ལེན་མཁན་པོ་ཟེར་བཞིན་ཆེད་བསྟོད་སྣ་ཚོགས་ཀྱིས་ཆོ་ལོ་འབུལ་བཞིན་འདུག་པ་སྤྱིར་བཏང་གི་ཆ་ནས་མི་འགྲིག་པ་མེད་ཀྱང་། རྡུང་ལེན་སྒྱུ་རྩལ་འདིའི་བྱས་རྗེས་ཀྱི་ཐད་ནས་བཤད་ན་རྡུང་ལེན་པ་དཔལ་མགོན་ལ་དེ་ལྟར་ཆེད་བསྟོད་དང་ཆོ་ལོ་སྤྲད་པ་སྟེ་དོན་དང་མཐུན་པ་ཞིག་རྩ་བ་ནས་མ་རེད། དེ་ལྟར་བྱེད་པ་ཕྱོགས་ཞེན་དང་། ཡང་ན་བྱ་བའི་དགོས་མཁོ་ཞིག་གི་ཆ་ནས་ཡིན་ན་དེ་རེད། དེ་མིན་རྡུང་ལེན་པ་དཔལ་མགོན་དང་བདུད་བྷེ་གཉིས་ལ་རྡུང་ལེན་སྒྱུ་རྩལ་འདི་ཉིད་དར་སྤེལ་དང་། སྣེ་ཁྲིད་ཀྱི་ཐད་ནས་བྱས་རྗེས་ཆེ་བ་སུ་ཡིན་ཟེར་ན་དེ་ནི་འདི་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པ་རྡུང་ལེན་པ་བདུད་བྷེས་འགྲེམས་སྤེལ་བྱས་པའི་སྒྲ་ཐག་དང་འོད་སྡེར་སོགས་ལ་ཉན་ཞིབ་བྱས་ན་ད་གཟོད་གཞན་གྱིས་འགྲེལ་བཤད་མི་དགོས་པར་ཁྱད་པར་དང་ཧེ་བག་ཇི་ཙམ་ཡོད་པ་ངང་གིས་ཤེས་ཐུབ༌པས། བོད་ཀྱི་རྡུང་ལེན་སྒྱུ་རྩལ་འདིའི་ཕྱོགས་ནས་གླུ་བ་བདུད་བྷེ་ལྟ་བུའི་བྱས་རྗེས་ཅན་དང་སྐུ་དྲིན་ཆེ་བ་ཞིག་གཏན་ནས་མེད༌པ་ངོ་མ་རེད། གླུ་བ་བདུད་བྷེའི་སྒྲ་ཐག་དང་འོད་སྡེར་སོགས་ཀྱི་ནང་གི་གླུ་ཚིག་ལའང་དམིགས་བསལ་གྱི་ཁྱད་ཆོས་རེ་ཡོད། སྤྱིར་བཏང་གླུ་ཚིག་དེ་མི་སུ་ཞིག་གིས་ཉན་ན་རྗོད་བྱེད་ཚིག་གི་ཆ་ནས་གོ་བདེ་བ། བརྗོད་བྱ་དོན་གྱི་ཆ་ནས་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་ཐུབ་པ། སྙན་ངག་དང་མངོན་བརྗོད། གབ་ཚིག་ལྟ་བུས་སྒྲིབ་གཡོགས་མེད་པར་ཚིག་དོན་གཉིས་ཀ་ཉན་པ་ཙམ་གྱིས་ཇི་བཞིན་ངོ་འཕྲོད་ཐུབ་པ་ལྟ་བུ་ཞིག་དགོས་སྟབས། ཁོང་གི་གླུ་ཚིག་གི་ནང་ནས་བརྒྱ་ཆའི་དགུ་བཅུ་ལྷག་ལ་ཁྱད་ཆོས་དེ་དག་ཡོངས་སུ་ཚང་ཡོད། འདིར་དཔེ་མཚོན་འགའ་ཤས་དྲངས་ན། མ་མོའི་སྐྱོ་གླུ། ང་དང་ཁུ་བྱུག་གཉིས་ཀ ལས་དབང་། ཁེར་རྐྱང་གི་སེམས་པ། གངས་ལྗོངས་ལ་ཕུལ་བའི་ལྷ་དར། ཚེ་རིང་མཚོ་མོ། གངས་ཕྲུག་གི་སེམས་པ། རྒྱང་རིང་གི་འབོད་པ། གྲོགས་པོའི་སེམས། རེ་སྒུག རི་བོ་གངས་དཀར། གངས་རིའི་རྩེ་དབྱངས། ལྷ་བྱ་ཁྲུང་ཁྲུང་དཀར་མོ། ཀུན་གསལ་ཆོས་ཀྱི་འོད་སྣང་། ལང་ཚོའི་མཆོད་པ། གངས་ཕྲུག་གི་དབུ་ལོ། སེང་ཕྲུག་གི་གཡུལ་ལོ། གངས་དཀར་ལྷ་མོའི་འབོད་སྒྲ་སོགས་འདི་དག་གིས་མཚོན་པའི་སྒྲ་ཐག་དང་འོད་སྡེར་ཁག་གི་གླུ་ཚིག་རྣམས་ལ་རེ་རེ་བཞིན་ཉན་ན་གོང་གསལ་གྱི་ཁྱད་ཆོས་དེ་དག་ངང་གིས་ཚང་ཡོད། ཁོང་གིས་སྒྲ་ཐག་དང་པོ་”བདུད་བྷེའི་རྡུང་ལེན་ཆེད་བསྒྲིགས་”ཞེས་པ་འདི་ཕུད་པ་ནས་བཟུང་ད་ལྟ་ལ་ཐུག་གི་བར་དུ་སྒྲ་ཐག་དང་འོད་སྡེར་བདུན་ཅུ་ལྷག་འགྲེམས་སྤེལ་བྱས་ཡོད་པས་བོད་པ་ཙམ་མ་ཟད། ཨེ་ཤ་ཡའི་ནང་གི་ཕལ་ཆེར་སྒྲ་ཐག་དང་འོད་སྡེར་ཕུད་མཁན་མང་ཤོས་གྲས་ཀྱི་ཡིན་པར་འདོད། ད་དུང་གླུ་བ་བདུད་བྷེ་ཁོང་རང་ཉིད་ལ་གླུ་བ་གཞན་དང་མ་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཐུན་མིན་ཞིག་ཡོད་པ་ནི། གླུ་བ་གཞན་དང་མི་འདྲ་བའི་རང་བཞིན་གྱིས་སྨྲ་ལྕེ་དག་མོ་ཞིག་ཡོད་པ་དང་གཅིག ཚིག་གི་རིང་ཐུང་དང་སྡེབ་སྦྱོར་མཉམ་མིན། ཚིག་དཀའ་སླ་སོགས་ཅི་ཞིག་བླངས་ཀྱང་རང་བཞིན་གྱིས་དཀའ་ཚེགས་མེད་པ་དང་གཉིས། ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་སྟེ་སྣ་སྐད་དང་མ་འདྲེས་ཤིང་མགྲིན་པའི་དབྱིངས་ནས་དྲང་བོར་ཐོན་པ་རང་བཞིན་ཡིན་པ་དང་གསུམ། སྒྲ་ཐག་དང་འོད་སྡེར་སོགས་ཀྱི་ཐོག་མར་མཚམས་སྦྱོར་དང་། སྙན་སྒྲོན་གྱི་ཕྱོགས་ནས་བཤད་ནའང་སྐད་གསེང་མཐོ་བ། སྒྲ་དག་པ། ཚིག་གི་གཅོད་མཚམས་ལེགས་པ། སྐད་ཤུགས་མཐོ་དམན་གྱི་ཆ་ནས་ཀྱང་མདོ་འཛིན་པ་ཞིག་གི་ཁྱད་ཆོས་རང་བཞིན་གྱིས་འཛོམས་པ་དང་བཞི་པོ་འདི༌རེད། འདི་ལྟ་བུའི་ཁྱད་ཆོས་ནི་གླུ་བ་གླུ་མ་སུ་ཡིན་རུང་འཛོམས་ས་ཞིག་ཡོད་པ་ནི་གངས་ལྗོངས་ཁྱུ་བྱུག་སྔོན་མོ་ཁོང་གཅིག་པུ་རེད། ཁོང་ལྟ་བུའི་རྡུང་ལེན་པ་ཁྱད་འཕགས་ཤིག་དེ་སྔོན་ཡོང་མྱོང་མེད་ལ་ཕྱིས་སུའང་འབྱུང་མི་སྲིད་པ་ཞིག་ཀྱང་རེད། ད་ལྟ་ང་ལ་ངོ་མ་འཕངས་སེམས་ཤིག་ཡོད་པ་ནི་ཕྱི་ནང་གི་རྒྱུ་རྐྱེན་དང་ན་ཚའི་དབང་གིས་གླུ་བ་བདུད་བྷེའི་སྐད་ངག་སྙན་མོ་དེ་འུ་ཅག་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་། ད་དུང་ཁོའི་གླུ་ངག་སྟེ་འུ་ཅག་མཐོ་སྒང་བོད་པ་ཚང་གི་གཞིས་ཁྱིམ་ནས་འོད་དུ་འཚེར་བའི་སྐར་མདའ་བཞིན་རྒྱང་ནས་རྒྱང་དུ་འགྲོ་བཞིན་པ་དང་མཉམ་དུ་རྡུང་ལེན་སྒྱུ་རྩལ་འདི་ཡང་ཉམས་ཇེ་དམའ། གསོན་ཉམས་དང་ལང་ཚོའི་གཟི་དཔལ་སྟེ་ཉམས་རྒུད་འགྲོ་བཞིན་པའི་རྣམ་པ་འདི་རེད། མདོར་ན་གླུ་བ་ཁོང་གིས་སྒང་བ་བོད་པ་ཚང་གི་གླུ་བ་དང་གླུ་མ་ཚོ་རྡུང་ལེན་སྒྱུ་རྩལ་འདིའི་ཕྱོགས་ལ་སྤྲོ་སྣང་དང་། ལ་རྒྱའི་དཔུང་རྡང་སྦྲེལ་བའི་མི་རིགས་རིང་ལུགས་པའི་བསམ་བློ་པ་ཞེ་གཅིག་ཏུ་སྣེ་ཁྲིད་བྱས་ཡོད་པ་འདི་གླུ་བ་ཁོང་གི་བྱས་རྗེས་དང་སྙིང་སྟོབས་བླ་ན་མེད་པ་སྟེ་རེད།
མདོར་ན་བདུད་བྷེ་ཁོང་གིས། རི་དེ་རྨ་ཆེན་གངས་རི།། ཆུ་འདི་རྨ་ཆུ་སྔོན་མོ།། མྱི་ང་ཨ་མདོའི་བུ་ཆུང་།། སྙིང་གཏམ་གངས་རིའི་བརྒྱན་ཆ།།ཞེས་བླངས་ཡོད་པ་དེ་དེ་བཞིན་རེད་དོ།།
ངག་གི་འགྱུར་ཁུ་སྙན་མོ།། སེམས་ཀྱིས་ལ་ཞེན་དྲོན་མོ། མི་རིགས་སྤྱི་སེམས་ཅན་པོ།། གངས་ལྗོངས་ཁུ་བྱུག་སྔོན་མོ།། གཞས་ཚིག་དྲག་པོ་ཞིག་གིས།། གངས་ཅན་གཉིད་ལས་དཀྲོཌ་པ།། ཆོལ་གསུམ་སྤུན་ཟླའི་སྲོག་རྩ།། གངས་ལྗོངས་ཁུ་བྱུག་སྔོན་མོ།།
བོད་ཀྱི་ཡང་རྩེ་གླུ་བ་་བདུད་བྷེ་ཁོང་ལ་༧་གོང་ས་རྒྱལ་དབང་མཆོག་དང་རྗེ་གུང་ཐང་རིན་པོ་ཆེ། མཁན་ཆེན་འཇིགས་མེད་ཕུན་ཚོགས། སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུ། འབའ་བ་ཕུན་ཚོགས་དབང་རྒྱལ། ཡོངས་གླིང་རྡོ་རྗེ།།སྐུ་ངོ་འཇུ་ཆེན་ཐུབ་བསྟན་སོགས་ནས་ལས་ངག་ཡིད་གསུམ་ནས་བསྔགས་བརྗོད་དང་དགའ་བསུ་ཆེན་པོ་ཞུས་ཡོད། དེ་ལས་ཡན་གང་དགོས། ང་རང་གི་ཆེས་བླ་མེད་བཀུར་སའི་གླུ་བ་ཁོང་སྐུ་ཚེ་བརྟན་ནས་གླུ་སྐད་གྲགས་རྒྱུ་ཡོད་པར་སྨོན།
བདུད་བྷེ་ཁུ་བྱུག་མགྲིན་སྔོན་ངག་སྙན་ལ། བྱིས་པའི་དུས་ནས་ད་བར་སུན་མྱོང་མེད། དེ་མིན་སྐད་འདར་གློ་བ་སྦོམ་པོ་ཚོས། གླུ་ངག་ཐེངས་གཅིག་ཐོས་ཚེ་རྣ་བར་གཟེར།།
གངས་ལྗོངས་ཁུ་བྱུག་སྔོན་མོ་ལགས་ཀྱིས་བཏང་བའི་གླུ་སྙན་མོ་ཞིག་འདིར་འདུག། http://www.youtube.com/watch?v=hT18-dDopzM
ངས་གཞས་འདིའི་ནང་དོན་མ་གོ་ཐལ་་་་་གཞས་ཚིག་དེར་ཅིག་མཐོང་ན་འདོད་ཀི་་་་དྲིན་ཅན་ཚོས་འདིེ་བྲིས་ན་ང་འདྲ་བའི་རོང་རྒན་ཚོར་ཕན་གྱིན་འདུག
རྩམ་དགའ་ལགས། ཁྱེད་ཀྱི་རེ་འདོད་ལྟར་གཞས་ཚིག་འབྲོག་སྐད་ཇི་བཞིན་ཡིག་ཐོག་ཏུ་ཕབས་ཡོད། ཁྱོད་ཁེས་ལུང་གོང་མའི་འབུད་དུས་ན། རྟ་གྱོ་རྒྱ་མིན་ད་མ་ཤེས་ཐལ། རྟ་གྱོ་རྒྱ་སྡེ་བ་ཡོད་ཀི་གདའ། ཁྱོའི་གྱོ་གོམ་གི་རང་བཞིན་རེད། ཁྱོད་ཁེས་ལུང་བར་མའི་འབུད་དུས་ན། མགོ་ཝ་དམར་མིན་ད་མ་ཤེས་ཐལ། མགོ་ཝ་དམར་སྡེ་བ་ཡོད་ཀི་གདའ། ཁྱོའི་ཝ་དམར་མཚོ་ཁའི་ཝ་ཕྲུག་རེད། ཁྱོད་ཁེས་ལུང་ཞོལ་མའི་འབུད་དུས་ན། སྐེའི་གའུ་མིན་ད་མ་ཤེས་ཐལ། སྐེའི་གའུ་སྡེ་བ་ཡོད་ཀི་གདའ། ཁྱོའི་གའུ་ཉི་ཟླ་ཁ་འཕྲོད་རེད། འདི་ནས་དྲ་གྲོགས་ཚོར་ཞུ་རྒྱུ་ལ་གླུ་བ་བདུད་བྷེ་བསྟད་ཐལ། བསྟད་ནས་དགུང་ལ་བཞག་སོང་། ཅི་ཙམ་བསྟད་ཀྱང་ཚོད་ཅིག་ཡོད་དགོས། དེ་མིན་གླུ་བ་གཞན་གྱི་སེམས་ལ་གནོད་འགྲོ། གནོད་སོང་ན་བོད་པ་ཚང་ལ་མི་བཟང་།
འདི་ན་གངས་ལྗོངས་ཁུ་བྱུག་སྔོན་མོའི་གསུངས་སྙན་རང་ཅག་གངས་ལྗོངས་ལ་ཕུལ་བ། http://www.youtube.com/watch?v=gcr4twP5iJk&feature=relmfu
བདུད་བྷེ་གླེང་བ། ༼བོད་ནང་གི་མདུད་པ་དགུའི་ཟིན་བྲིས་ལས་བཏུས༽ ༡གླེང་གཞི་འདི་རྙེད་པ། ན་གཞོན་གསར་བའི་དྲ་ཚིགས་སུ་དེ་རིང་རང་རེའི་བདུང་ལེན་མཁན་གྲགས་ཅན་བདུད་བྷེ་ལགས་ཀྱི་གཞས་ཤིག་ལ་ཉན་ཞོར་ཁོ་རང་གླེང་ན་ཞེས་པའི་སྐུལ་འབོད་ཀྱི་ཁ་བྱང་ཞིག་བཀོད་ཡོད་པ་དེར་དྲ་བདག་ཁོ་ལ་དམགས་ཡུལ་དང་དགོས་དོན་གཞན་དང་གཞན་པ་ཡོད་དུ་སྲིད་མོད། བྱེད་པོ་རང་ལ་ནི་འདི་བཞིན་བྲི་འདོད་ཀྱི་ཚོར་བ་ཞིག་བྱིན་པ་དང་གཅིག ང་ལ་བོད་ཅེས་པའི་མི་རིགས་ཤིག་གི་སྲོལ་རྒྱུན་གོམས་སྲོལ་རིག་གནས་དང་དེའི་མ་ལག་དང་བཅས་པ་ལ་ཚ་བེར་བེར་དང་འཁྱག་གྲང་གྲང་གི་དུངས་པ་དམིགས་བསལ་བ་ཞིག་ཡོད་པའི་རྐྱེན་དང་གཉིས། རང་ཡང་བདུད་བྷེའི་གླུ་སྐད་དང་འགྲོགས་ཏེ་མི་ཡུལ་དུ་ཡོང་ཞིང་བདུད་བྷེའི་གླུ་སྐད་ཀྱི་ཁྲོད་ནས་འཚར་ལོངས་བྱུང་བའི་སོ་སྐྱེས་ཚོར་བ་ཞིག་ཡིན་པ་དང་གསུམ་བཅས་མ་སྒྲིག་རང་འགྲིག་གི་མཐུན་རྐྱེན་ཞིག་གི་འོག་ནས་གླེང་གཞི་འདི་རྙེད་པ་རེད་ཅེས་རང་གིས་རང་ལ་གསལ་གདབ་པ་ཡིན། ༢བདུང་ལེན་པ་བདུད་བྷེ། བདུད་བྷེ་ནི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་མི་རིགས་ཤིག་གི་ཚབ་མཚོན་རང་བཞིན་གྱི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་མི་རིགས་ཤིག་གི་སེམས་ཀྱི་སྤྲོ་བ་དང་གདོང་གི་སྐྱོ་བའི་དོད་དུ་གྱུར་བའི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་བདུང་ལེན་ཁོ་ནས་ཆུ་བཞི་སྒང་དྲུག་ལ་སྲོག་རིས་ཀྱིས་ཐིག་ལེ་བྲིས་པའི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་ཤེས་རྨོངས་ཀྱི་གྲོག་རོང་ཞིག་ནས་བདུང་ལེན་གྱི་བག་ཆགས་སད་དེ་སྒྱུ་རྩལ་གྱི་ལམ་བུ་དེད་པའི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་བྱིས་དུས་ནས་བདུང་ལེན་སྒྱུ་རྩལ་གྱི་ལམ་ལ་གཞོལ་བ་ཞིག་སྟེ། ཁོ་རང་སློབ་ཆུང་འགྲིམས་སྐབས་སུ་ཁོ་ལ་རྭ་ཟེའུ་ལ་གྲོད་པུའི་ཁ་རྒྱན་ཅན་གྱི་པི་ཝང་ཞིག་ཡོད་པར་གྲགས་(ཁོའི་སློབ་གྲོགས་ཚོའི་ཁ་ནས་གོ།) ཐོག་མའི་གྲོད་པུའི་པི་ཝང་དེ་ལག་ཏུ་འཆིང་ཉིན་ནས་ད་ལྟའི་བར་དུ་ལས་དབང་གི་རི་མོ་པི་ཝང་ལ་བཅོལ་ཞིང་། སྐད་ངག་གི་འགྱུར་ཁུགས་པི་ཝང་དང་བསྡེབས་པའི་བདུད་བྷེས་ནི་བོད་མིའི་སེམས་ཁམས་སུ་མཛེས་སྡུག་དང་སྤྲོ་སྐྱིད་དུ་བདོག་པའི་གཟུགས་མེད་ཀྱི་ལོངས་སྤྱོད་གཏོས་ཆེ་བ་ཞིག་བསྐྲུན་པ་རེད་ཨང་། ཁོས་ད་ལྟའི་བར་དུ་སྒྲ་ཐག་དང་འོད་སྡེར་བརྒྱ་ཕྲག་ལྷག་པར་བསྐྲུན་འགྲེམ་སྤེལ་བྱས་ཏེ་གོ་ལའི་ཉིན་སྲིབ་གང་རུང་ལ་བཀྲམས་པ་དེས་བོད་ཀྱི་བདུང་ལེན་ལས་རིགས་སྟེང་དུ་བསུབ་མེད་ཀྱི་རྡོ་རིང་ཞིག་བསླངས་ཡོད་ལ། བོད་ཅེས་པའི་མི་རིགས་ཉམ་ཆུང་ཞིག་བདུང་ལེན་གྱི་ལམ་ནས་འཇིག་རྟེན་གཞན་ལ་ངོ་སྤྲད་ཡོད་པ་རེད། ད་ནི་བདུད་བྷེའི་བདུང་ལེན་གྱིས་བོད་ཀྱི་སྤྱི་ཚོགས་དང་འཚོ་གནས་ལ་སྣེ་ཁྲིད་དང་སྐུལ་འདེད། ཡིད་ཆེས་དང་སྤྲོ་སྣང་བཅས་ཀྱི་ནུས་པ་བླ་ལྷག་གིས་ཐོན་པའི་སྐོར་བྱེ་བྲག་གིས་བྲི་ན། ཁོས་དམའ་བ་དུད་འགྲོའི་ལས་དབང་ནས་མཐོ་བ་དཔོན་པོའི་བདེ་སྡུག་བར་གྱི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་ཚང་མ་བདུང་ལེན་གྱི་ལམ་ནས་ང་ཚོའི་མངོན་སུམ་འཚོ་བའི་ཁྲོད་གཟུགས་མེད་ཀྱི་རི་མོ་ལྟར་བྲིས་ཡོད་དེ། དང་། ་སོགས་དམངས་མི་ཕལ་བ་དག་གི་བྱུང་འདུས་ཀྱི་སྣང་བརྙན་མ་ལུས་གླུ་རུ་གྱེར་བ་དེས་སྤྱི་ཚོགས་ཀྱི་གྲལ་རིམ་དམའ་ཤོས་ན་ཡོད་པའི་མི་རྐྱང་དང་ཇག་པ་ཚོའི་ནམ་ཡང་ཀྱག་ཀྱོག་དང་འགལ་འདུས་གྲུབ་པའི་ལས་དབང་ལ་གོ་བ་ཐེངས་གཅིག་ལོན་པ་དེས་ང་ཚོས་རང་གི་འཚོ་གནས་དང་མི་ཚེའི་དམིགས་འདུད་ལ་ངེས་ཤེས་ཟབ་མོ་བསྐྱེད་ཐུབ་ཡོད་པ་རེད། དེ་མིན་དང་སོགས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཐ་དག་ཕྱི་ངག་ནས་བཟློ་མི་ཐུབ་པའི་ཉམ་ཆུང་དུད་འགྲོ་དག་གི་ཚབ་ཏུ་བླངས་པའི་བདུང་ལེན་དེ་རིགས་ཀྱིས་ང་ཚོར་མི་དང་རང་བྱུང་ཁམས་བར་དང་མི་དང་དུད་འགྲོའི་བར་དུ་འཆམ་མཐུན་དང་རྒྱུ་འབྲས་ཀྱི་འཚོ་བ་ཞིག་བཞེངས་ཡོད་པ་རེད། བླ་མ་གུང་ཐང་ཚང་གི་དབང་བསྟོད་དང་རྗེ་བཙུན་ཡོན་ཏན་བཟང་བོའི་གདམས་གླུ། སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་བསླབ་བྱ་སོགས་བདུང་ལེན་གྱི་དབྱངས་རྟར་བསྐྱོན་ཏེ་སྙིང་ཁམས་ཆོས་ཀྱིས་སིམ་པའི་བོད་མི་ཡིག་རྨོངས་པ་དག་ལ་ཆོས་ལུགས་ཀྱི་ཆེ་བ་དང་ བསླབ་བྱའི་དམིགས་ཚད། གདམས་ངག་གི་ནང་དོན་སོགས་སྒྲ་དག་གསལ་གསུམ་གྱི་ལམ་ནས་བསྟན་པས་ཁོ་ཚོར་དད་པའི་སྤུ་ལོང་ཀུན་ནས་གཡོ་རུ་འཇུག་མྱོང་། གཞས་དུ་ན་ཁོའི་དང་ སོགས་ཀྱིས་མིའི་གཉུག་གཤིས་ན་བག་ལ་ཉལ་བའི་བརྩེ་བ་དྭངས་མ་དེ་སྤྲོ་སྣང་གིས་དཀྲོགས་ནས་བདེ་སྣང་གི་དབྱིངས་སུ་འཕུར་དུ་བཅུག་པ་སོགས་ཀྱིས་འཇིག་རྟེན་ལ་བདུད་བྷེ་ཟེར་བའི་བདུང་ལེན་པ་ཞིག་བྱུང་བ་མཚོན་ལ་བདུད་བྷེ་ནི་འཇིག་རྟེན་ནས་བདུང་ལེན་གྱི་འཚོ་བ་རོལ་བའི་མི་ཞིག་ཡིན་པ་ར་སྤྲོད་ཐུབ་པོ།། ༣རང་བྱུང་ཁམས་ཆེན་པོ་དང་བདུད་བྷེའི་གླུ་སྐད། བདུད་བྷེའི་ཕ་ཡུལ་སྟེ་མདོ་སྨད་ཁྲོ་ཁོའི་མུ་མེད་པའི་རྩྭ་ཐང་དང་མུ་མེད་པའི་ནམ་མཁའ། ད་དུང་གྲངས་ཀྱིས་སྟོང་བའི་རྟ་ནོར་ལུག་གསུམ། དྭངས་གཙང་གི་རི་གླུའི་གསེབ་ན་འཇིག་རྟེན་གྱི་སྣང་བ་སྐྱིད་ལ་སྐུར་བའི་ཕྱུགས་རྫི་ཕོ་མོ། ས་སྲོད་དང་ཞོགས་པ་གང་རུང་ལ་གནམ་སའི་བར་སྟོང་ན་ང་རྒྱལ་གྱིས་འཕྱོ་བའི་སྒོ་ཁྱིའི་ཟུག་སྐད། དེ་དག་ནི་ཁོའི་ལྷད་མེད་ཀྱི་མི་ཚི་ལ་མཛེས་སྡུག་གི་ལམ་བྲོ་སྒྲིག་སའི་ཕ་ཡུལ་ཡིན་ལ། ཁོའི་རང་བྱུང་གི་གླུ་སྐད་ལ་དྲུག་འགྱུར་གྱི་ཚེ་སྲོག་སྟེར་བའི་མ་ཡུམ་ཅིང་ཡིན་པ་རེད། བདུད་བྷེ་དེ་ལྟར་མུ་མེད་པའི་རང་བྱུང་ཁམས་ཆེན་པོ་ཞིག་ནས་འཚར་ལོང་བྱུང་བ་ཇི་བཞིན་བདུད་བྷེའི་གླུ་སྐད་ཅིང་མུ་མེད་པའི་རང་བྱུང་ཁམས་ཆེན་པོ་ཞིག་དང་འབྲེལ་ནས་བྱུང་བ་ཞིག་སྟེ། ཁོའི་མ་བཅོས་རང་བྱུང་གི་གདངས་དབྱངས་སྙན་མོ་དེས་གནམ་ས་རྒྱབ་ལྗོངས་བྱས་ཏེ་སྙན་འཇེབས་ཀྱི་གཞུང་རྟ་རང་བྱུང་གི་རླུང་བུ་ལ་སྐུར་ཚེ་ཁོའི་མཐའ་འཁོར་གྱི་སྲོག་ཐོགས་ཚོ་སྙན་པའི་ལོངས་སྤྱོད་ཀྱིས་སྨྱོས་ཤིང་སྤྲོ་དགའི་དཔལ་ཡོན་གྱིས་བཟི་བ་ཐེངས་གཅིག་ག་ལ་ཡིན། བས་མཐའི་ལུང་ཀྱོག་རེ་ན་ཁེར་རྐྱང་གི་མགོ་བོ་སློག་ཧྲུལ་གྱིས་བཏུམ་པའི་བོད་མི་ཚོ་ལ་ཉིན་མོའི་ངལ་དུབ་དང་མཚན་མོའི་སྐྱོ་བ་སེལ་བྱེད་ཀྱི་རང་བྱུང་ཁམས་ཀྱི་པང་ན་ལྷང་ལྷང་གིས་འཇོ་བའི་བདུད་བྷེའི་གླུ་སྐད་ལས་གཞན་ཅི་ཡང་མི་འདུག ཡུལ་དང་མི་རིགས་གཞན་དང་གཞན་པའི་གླུ་བ་ཚོ་ལྟར་མགྲིན་པའི་ནང་ཤུན་གྱི་འགག་རྩ་བཅོས་པ་དང་རྫས་འགྱུར་དང་བསྲེ་ལྷད་ཀྱི་སྨན་སྣ་མང་བོ་ལོ་ཟླ་ཞག་མཐུད་དུ་འཐུང་བ་དང་། སྐད་ཕྲ་བུར་བཅོས་པ་དང་སྦོམ་པོར་གཏོང་བ་སོགས་བཟོད་བསྲན་ལས་བརྒལ་བའི་སྡུག་རུས་བརྒྱབ་སྟེ་གླུ་བའི་གར་སྟེགས་སུ་བཙན་གྱིས་འཚང་བ་ཚོ་དང་ཡེ་མི་འདྲ་བ་ཞིག་དང་། དེང་དུས་རང་རེའི་ཁོར་ཡུག་ན་འདི་སྒྲུབ་དེ་སྒྲུབ་ཀྱི་ལས་ཀ་གཏན་འཁེལ་བ་ཞིག་མེད་པ་དང་འདི་ཤེས་དེ་ཤེས་ཀྱི་ཡི་གེ་གཅིག་ཆོད་པ་ཞིག་མེད་པའི་མི་ལྷག་མ་དག་གི་གྲས་ནས་མིད་པའི་ནང་ལ་ཁྲོག་སྒྲ་ཙམ་ཞིག་གྲག་པ་ཚུན་པོར་གླུ་བའི་བསྙད་བཏགས་ཏེ་བོད་ཀྱི་སྤྱི་ཚོགས་ནི་གླུ་བའི་སྤྱི་ཚོགས་ཤིག་དང་བོད་ཀྱི་མི་རྒྱུད་ནི་གླུ་བའི་མི་རྒྱུད་ཅིག་ཏུ་གཏོང་གི་ཡོད་པའི་སྣང་ལ་མ་ངེས་པའི་མཁའ་དབུགས་འདི་ལས་རིང་ཙམ་འགོངས་པ་ཞིག་སྟེ། མདོར་ན་གང་དང་ཡང་མི་མཚུངས་ལ་གང་གིས་ཀྱང་མི་མཚོན་པའི་གཉུག་མ་རང་བྱུང་གི་གདངས་དབྱངས་ཟབ་མོ་དེ་ནི་བདུད་བྷེའི་གླུ་སྐད་རེད། ༤བདུད་བྷེ་གླེང་མ་ཚར། འདི་ནས་བྱེད་པོ་སྒེར་གྱི་འདོད་པ་ཐལ་རྐྱང་བ་དེ་ལ་ཡི་གེ་འཁྱོག་པོས་ཁ་ཚར་སྣ་ཚར་ཙམ་བཏགས་པས་བདུད་བྷེ་གླེང་ཚར་བ་མིན་ལ། འདི་ནས་སོ་སྐྱེས་ཕལ་བའི་མཐོང་བ་སྣང་ཡན་མ་དེ་ལ་རང་གོ་ཆིག་ཆོད་ཀྱི་བརྡ་རྟགས་ཙམ་བཀོད་པས་བདུད་བྷེ་གླེང་ཚར་བ་གཏན་ནས་མིན། འདི་ནས་སྐྱ་བྲིས་དང་ཟླ་ཞུན་ཙམ་ཁྱིམ་ལ་བཏབ་པས་བདུད་བྷེ་གླེང་ཚར་བ་མིན་ལ། འདི་ནས་ཚོགས་གཏམ་དང་འུར་བསྒྲགས་ཙམ་དབྱངས་ལ་སྐུར་བས་བདུད་བྷེ་གླེང་ཚར་བ་ཡང་མ་ཡིན། འདི་ནི་བདུད་བྷེ་གླེང་འདོད་ཀྱི་སྔོན་འགྲོའི་ཡིད་འབྱུང་ཙམ་སྟེ། བདུད་བྷེ་ད་རུང་གླེང་ཚར་མེད།
མཆན་གྲོགས་རྡོ་རྗེ་རྒྱལ་མཚན་ནས་གླུ་བ་བདུད་བྷེ་གླེང་བ་དོན་བཟང་ཞིག་རེད། འོན་ཀྱང་དེ་དང་མཉམ་དུ་ཁྱེད་ཀྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པའི་དག་ཆའི་སྐོར་ལའང་ཅུང་གཟབ་དགོས་སྙམ། དཔེར་ན། ཁྱེད་ཀྱིས་རྡུང་ལེན་ཡོངས་རྫོགས་ལ་བདུང་ལེན་ཞེས་བྲིས་འདུག་པ་འདི་ནོར་བ་ལས་དགོས་པ་གཞན་ཞིག་མེད་སྟབས་རྗེས་ཕྱོགས་ནས་འདི་འདྲའི་རིགས་ལ་མཉམ་འཇོག་བྱེད་འཚལ།
བོད་གངས་ཅན་གྱི་གླུ་བའི་ཡང་རྩེ་བདུད་བྷེའི་སྐད་ངག་དང་ལྷག་པར་ཁོའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་གི་སྒྲ་ཐག་དེ་འདྲ་ཁྱད་ཆོས་ཅན་དང་སྒྱུ་རྩལ་གྱི་ཕྱུག་པ་དེང་སང་སྐད་ངག་བཙིར་མཁན་ཚོའི་ནང་དུ་ཡོང་རྒྱུ་མེད་པ་རེད།
ལོ་རབས་བརྒྱད་བཅུ་བའི་རྡུང་ལེན་པ་བདུད་བྷེ་དང་རྡོ་རེ་སོགས་ཀྱི་དྲིན་ལས་ད་སྐབས་ཀྱི་གླུ་བ་གླུ་མ་དག་ལ་མིང་གྲགས་ཅུང་ཐོབ་ཀྱིན་པ་མིན་ནམ། དཔེར་ན་ བོད་ནང་གི་གཞས་པ་ཤེལ་བསྟན་དང་ཀུན་དགའ་ཚེ་དབང་ལྷ་མོ། བཙན་བྱོལ་ནང་གི་བློ་བཟང་བདེ་ལེགས་སོགས། དཔེ་མཚོན་གྱི་ཚིག་གདངས་ཁ་ཤས་ཤིག་བཤད་ན། ཤེལ་བསྟན་གྱི་མཐུན་སྒྲིལ་གྱི་རང་སྒྲའི་གདངས་དང་ཚེ་དབང་ལྷ་མོའི་གསེར་སེར་བོའི་གོང་ན་གསེར་ཞིག་ཡོད་ཅེས་པའི་གདངས། ཀུན་དགའི་བུ་མོ་ཚེ་རིང་མཚོའི་ཚིག་དང་གདངས་གཉིས་ཆ་དང་བློ་བཟང་བདེ་ལེགས་ཀྱི་བསྟན་འཛིན་སྒྲོལ་མའི་གདངས་སོགས་མང་དག་ཅིག་འདུག་མོད་འདི་ནི་དཔེ་མཚོན་ཉུང་ཤོས་ཤིག་ཡིན། འདི་དག་ནི་ལོ་རབས་བརྒྱད་བཅུ་བའི་ནང་ཚིག་གདངས་རྡུང་ལེན་པ་རང་གིས་བརྩམ་པའམ་ཡང་ན་ཚིག་གདངས་རྩོམ་མཁན་རྒན་པ་ཁ་ཤས་ཤིག་གི་དྲིན་ལས་བྱུང་བ་རེད། བསྐྱར་ལེན་ལ་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་མོད། བོད་ཀྱི་དེང་གི་གླུ་བ་གླུ་མ་མང་དག་ཅིག་ལ་རྐུན་མ་རྐུ་བའི་ལུགས་དེ་མ་དག་རྒྱུན་འབྱམས་སུ་ཡོད་པ་དེ་ངེས་པར་དུ་བཅོས་དགོས།
འཛམ་གླིང་གི་ཡང་ནས གངས་ལྗོངས་ཀྱི་གྲུ་ཟུར་རེ་ན་ ཁུ་བྱུག་སྔོན་མོ་ལྷང་ལྷང་གྲགས་ ས་མཐའ་སེམས་ལ་གསོན་རེ་ཞིག།
ཁྱེད་ཀྱི་སྐད་ངག་གི་སྐུད་པར་རྒྱུ་བའི་བདག་གི་ཚེ་སྲོག་གི་ཕྲེང་རྡོག་གསུམ།། སྤྱང་ཕྲུག ཕ་ཡུལ་ལ་ཁ་དོག་ཅིག་ཡོད་རབས་བཤད།། ཁ་དོག་དེ། བྱིས་པ་ཚོའི་མཛེས་འཛིན་གྱི་ལྕེ་ལ་ཞིམ་བའི་ཀ་ར་ཞིག་ཡིན་སྐད།། ཀ་ར་དེ་ངའི་ཆུང་དུས་ཀྱི་ལོ་ཟླ་ལ་འབྱར་བའི་རོལ་དབྱངས་ཤིག་ཡིན། རྩྭ་ཐང་ལ་མཛེས་སྡུག་ཅིག་ཡོད་པར་གླེང་། མཛེས་སྡུག་དེ། གཞོན་ནུ་ཚོའི་ཤེས་རྟོགས་ཀྱི་མིག་ལ་འཁྱིལ་བའི་མཚོ་མོ་ཞིག་ཡིན་ཚོད།། མཚོ་མོ་དེ་ངའི་དར་དུས་ཀྱི་ལང་ཚོ་བརླན་པའི་གླུ་དབྱངས་ཤིག་ཡིན།། གངས་རི་ལ་རྔམ་བརྗིད་ཅིག་ཡོད་རབས་བརྗོད།རྔམ་བརྗིད་དེ། ལོ་ལོན་ཚོའི་སེམས་ལ་ཐོགས་པའི་དྲན་གདུང་ཞིག་ཡིན་སྐད། དྲན་གདུང་དེ་ང་རྒས་དུས་ཀྱི་ལོ་ཟླར་འཁེན་པའི་གླུ་བ་ཞིག་ཡིན།། ཁྲོ་ཁོའི་བདུད་འདུལ་རྡོ་རྗེའམ་བདུད་བྷེ་གྲོངས་པ་ཐོས་རྗེས་ཁོ་ལ་མྱ་ངན་ཞུ་ཚིག་ཏུ་ཕུལ། ཕྱི་ལོ ༢༠༡༦ ཟླ་བ ༢ ཚེས་༡༨ དགོང་མོའི་དུས་ཚོད ༩:༠༠ སྐར་མ ༩
གངས་ལྗོངས་ཁུ་བྱུག་ཁོང་ནི་ངེས་དོན་གྱི་གླུ་བ་གྲགས་ཅན་དང་མི་རིགས་ཀྱི་བསམ་བློ་བ་ཞིག་ཡིན།བོད་ནང་དུ་ཧ་ལམ་གླུ་བ་དང་གླུ་མ་སུས་ཀྱང་བོད་མི་རིགས་ཀྱི་རང་དབང་བདེ་སྡུག་གི་སྐོར་གླུ་གཞས་ཀྱི་ལམ་ནས་ལེན་མ་མྱོང་བའི་སྐབས།ཁོང་གིས་དཔའ་ངར་ཆེན་པོས་བརྩེ་ལྡན་གངས་ཕྲུག་དང་།གངས་ལྗོངས་ནས་འོངས་བའི་སྤུན་ཟླ།ཁེར་རྐྱང་གི་སེམས་པ་དང་གངས་ཕྲུག་གི་སེམས་པ་སོགས་སྒྲ་ཕབ་གྲངས་མེད་ཅིག་གི་ནང་བོད་མིའི་རང་དབང་བདེ་སྡུག་དང་༧རྒྱལ་དབང་རིན་པོ་བོད་ལ་ཕེབས་རྒྱུ་བོད་མིས་རེ་སྒུག་བྱས་པ་སོགས་བླངས་ཏེ།ཁོང་བོད་ཡུལ་ཀུན་ལ་སྙན་གྲགས་ཆེན་པོ་བྱུང་ཡོད་པ་མ་ཟད།རྒྱ་དམར་གྱིས་འཛིན་བཟུང་བརྙད་འདོགས་སོགས་ཐེངས་མང་བྱུང་ཡོད་རུང་།ཁོང་གི་སྐད་ངག་དང་དཔའ་ངར་གྱིས་བོད་མི་ཕྱི་རབས་པ་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་རིམ་པས་བོད་མི་གླུ་བ་དང་གླུ་མ་བོད་མིའི་བདེ་སྡུག་ཆེད་གཞས་གཏོང་པ་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་ཡོད་པ་རེད།
ཁུ་བྱུག་ནི་ཁུ་བྱུག་རང་རེད། དཀོན་མཆོག་གསུམ། ཅུང་མིན་ན་ངུས་དང་ང་།
སྒྲ་བསྒྲིགས་ནོ་ཅུང་ཙམ་འགྲིག་མི་འདུག་བསམ་བསམ་ཞིག་འདུག་ཀྱང་། གླུ་བླངས་ནོ་དངོས་གནས་བཤད་རྒྱུ་ཞིག་མེད་ཁུ། འདི་ནི་ཁ་ཐུག་ཁ་ཐུག་ཏུ་བླངས་པ་ཡིན་དུས་དངོས་གནས་ཅིག་འདྲ་ས་མེད་ཁུ།
དངོས་གནས་ཡག་པོ་འདུག
རང་རྟོན་གྱི་ཟིན་བྲིས།
སྒྲ་སྙན་བདུང་ལེན་གྱི་བླ་སྲོག་ལྟ་བུའི་གླུ་བ་བདུད་བྷེ།
སྒྲ་སྙན་བདུང་ལེན་གྱི་བླ་སྲོག་ལྟ་བུའི་གླུ་བ་བདུད་བྷེ།
དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་བོད་ཡུལ་མཐོང་བ་ཀུན་སྨོན་ལའང་རིག་གནས་སྣ་མང་གསར་དར་བྱེེད་པའི་འགོ་དེ་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ཡས་མས་ཙམ་ནས་དར་བ་རེད་ཟེར་ན་མི་ཆོག་རྒྱུ་མེད།རིག་གནས་མང་བོ་ཞིག་ཕྱི་ནས་ནང་བ་དར་བ་རྐྱང་རྐྱང་རེད།ཡིན་ནའང་།ལོ་རབས་བརྒྱད་ཅུ་ཙམ་ནས་ཚེ་སྲོག་འབུས་པའི་སྒྱུ་རྩལ་རང་བཞིན་གྱི་རིག་གནས་ཤིག་སྟེ་སྒྲ་སྙན་བདུང་ལེན་ནི་ཕྱི་ནས་ནང་ལ་དར་བ་མ་ཡིན་པར་ནང་ནས་ཕྱི་ལ་དར་བཞིན་པའི་རིག་གནས་གསར་གཏོད་ཀྱི་རིན་ཐང་མངའ་བའི་སྒྱུ་རྩལ་ཁོངས་གཏོགས་ཀྱི་རིག་གནས་ཤིག་རེད།སྒྱུ་རྩལ་རིག་གནས་དེར་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་ཐོན་ལྡན་པའི་མི་རིགས་ཀྱི་བློ་གྲོས་དང་རྣམ་དཔྱོད་ཀྱི་མ་ལག་ལས་ཐོན་པའི་སྒྱུ་རྩལ་རིགས་ཤིག་ཀྱང་རེད། རིག་གནས་དེ་ནི་རང་ས་རང་ཡུལ་ནས་གསོན་ཤུགས་རྒྱས་པའི་གསར་བུ་ཞིག་དང་འདྲ་བར་གསོན་ཉམས་དང་སྤོབས་པའི་སྒོ་ནས་རང་ཡུལ་ནས་བརྒལ་དེ་ཕྱི་ཡུལ་ལ་གོམ་པ་སྤོ་བཞིན་པའི་དཔའ་བོ་ཞིག་དང་འདྲ།དེ་དང་མཉམ་དུ་འཚར་ལོངས་བྱུང་བའི་མི་བུ་གྲངས་མེད་ཞིག་ཡོད་པའི་ནང་ནས་ངས་བསམ་ན་ཆེས་གླེང་རིན་ཡོད་པའི་གླུ་བ་ནི་བདུད་བྷེ་གཅིག་པོ་ལས་མ་འདས་འདོད།རྒྱུ་མཚན་ནི་ཁོང་གི་ལྷན་སྐྱེས་རང་བཞིན་གྱི་འཇོན་ཐང་དང་སྐད་ངག་གི་འགྱུར་ཁུགས་ཀྱིས་སྒྱུ་རྩལ་རིག་གནས་འདིར་ཚེ་སྲོག་གསར་བ་ཞིག་དང་ལང་ཚོ་གསར་བ་ཞིག་གི་འཇིག་རྟེན་ལ་གོམ་པ་སྤོས་སུ་བཅུག་ཡོད།ངས་དྲང་བདེན་དང་གནས་ལུགས་ཀྱི་ལམ་ཁ་རེ་དང་གྲུ་ཟུར་རེ་ནས་འབུར་ཐོན་རང་བཞིན་གྱིས་མཐོང་ཐུབ་པ་ནི་བདུང་ལེན་པ་བདུད་བྷེའི་ལྷག་བསམ་ཟོལ་མེད་དང་སྙིང་སྟོབས་ཞུམ་མེད།སྤོབས་པ་འགྱུར་མེད།ཧུར་བརྩོན་ལྷོད་མེད་ཀྱི་མི་བུའི་རང་གཤིས་དང་མི་བུའི་སྒལ་ཚིགས་ཁོ་ན་རེད། རིག་གནས་དེའི་རིན་ཐང་དང་མཉམ་དུ་གླུ་བ་འདིའི་མཚན་སྙན་གྲགས་ཀྱང་ཇོ་མོ་གླང་མའི་དབུ་རྩེ་ལས་འཇིག་རྟེན་འདིའི་ཤར་ནུབ་ཀུན་དུ་ཁྱབ་པས་མི་མང་པོས་སྒྲ་སྙན་བདུང་ལེན་དང་གླུ་བ་བདུད་བྷེ་གཉིས་ངོ་བོ་གཅིག་ལ་གཅིག་འདྲེས་ཀྱི་སྣང་ཚུལ་འབྱུང་གིན་ཡོད་ལ།སྒྲ་སྙན་བདུང་ལེན་ལ་སྤྲོ་སྣང་དང་དོ་སྣང་ཡོད་མཁན་ཞིག་ཡིན་ན་ཁོང་ལ་གདེང་འཇོག་དང་ཡི་རངས་མི་བྱེད་མཁན་ཞིག་ཕལ་ཆེར་མེད་ཅེས་ཁ་ཚོད་བཅད་དེ་བཤད་ན་མི་ཆོག་རྒྱུ་མེད་པ་ལྟ་བུ་རེད།ངས་བསམ་ན་གླུ་བ་བདུད་བྷེ་དང་སྒྲ་སྙན་བདུང་ལེན་གཉིས་ནི་གཅིག་ཕན་གཅིག་གྲོགས་དང་རྒྱུ་དང་འབྲས་བའི་དཔེ་མཚོན་ལས་མ་མཆིས་འདོད།དེས་ན་གལ་སྲིད་ཁོང་མེད་ན་རིག་གནས་སྒྱུ་རྩལ་དེའང་མེད་པར་འགྱུར་བ་རེད་དམ་ཟེར་ན།ངས་ཐེ་ཚོམ་དང་དོགས་སྣང་ཅི་ཡང་མེད་པར་དྲང་བོ་དྲང་བཞག་གིས་ཁོང་མེད་ན་རིག་གནས་དེ་མེད་པར་འགྱུར་བ་མ་རེད་མོད།སྒྱུ་རྩལ་རིག་གནས་དེའི་སྙིང་སྟོབས་དང་གསོན་ཉམས།གཟི་བརྗིད།རིན་ཐང་།བླ་སྲོག་ཉམས་རྒྱུ་རེད་ཟེར་ངེས།སྒྱུ་རྩལ་འདིའི་ཕྱོགས་གང་ཐད་ནས་མར་ངོས་ཟླ་ལྟར་རྒུད་པའི་རང་གཟུགས་མངོན་པ་མིག་མཐོང་ལག་ཟིན་རེད།རྒྱུ་མཚན་ནི་ཡར་རྒྱས་མེད་པའི་ལད་ཟློས་རང་བཞིན་འདིས་སྒྱུ་རྩལ་རིག་གནས་འདིའི་ཚེ་སྲོག་ལ་དམར་གསོད་དང་བཙན་འཛུལ་ཐེབས་པས་གླུ་བ་ཁོའི་མི་ཚེ་དང་མཉམ་དུ་རྒས་པའི་སྣང་ཚུལ་རྣལ་མ་ཞིག་ཁོ་བོར་དུས་རྟག་འབྱུང་གི་འདུག་པས།ངས་བསམ་ན་ཁོང་གི་ན་ཚོད་དང་མཉམ་དུ་འཛུམ་དམུལ་དམུལ་གྱི་རིག་གནས་དེའང་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་བཞིན་དུས་རབས་ཉེར་གཅིག་གི་རིག་གནས་སྣ་མང་གི་གདོང་ཐུག་དང་ཕྲག་ཐུག་བར་ནས་གླུ་བ་བདུད་བྷེའི་མི་ཚེ་བཞིན་ན་གཞོན་ནས་དར་མ།དར་མ་ནས་གཞོན་པ།གཞོན་པ་ནས་རྒས་འཁོགས།རྒས་འཁོགས་ནས་ལྔ་ལམ་དུ་མི་འགྲོ་བའི་ངེས་པ་མེད་པར་འདོད། ཕྱོགས་གཅིག་ནས་མང་བོ་ཞིག་གིས་དར་རྒུད་ནི་འཇིག་རྟེན་འདིའི་ཆོས་ཉིད་དང་དྲང་ཐིག་ཡིན་པར་སྨྲ་སྲིད་ན་ཐང་མོད།ངས་བསམ་ན་དེ་ནི་ཁྱོད་ཀྱིས་བཤད་པ་ནང་བཞིན་གཅིག་བྱས་ན་ཡིན་སྲིད་རུང་།འུ་ཚོས་ཁ་གཡར་ས་དང་ལག་ཕྱི་ས་ཙམ་ཡོད་དུས་གོ་སྐབས་ལྟ་བུར་ངོས་འཛིན་གྱིས་འཚང་ཁ་ཤིག་ཤིག་བྱེད་པའི་སྒྱུད་ལུག་དང་ཅལ་འདྲོགས་ཀྱི་རང་གཤིས་ཤིག་ལས་ཅི་ཡང་མཐོང་མ་སོང་བས།རིག་གནས་ཤིག་བཟང་ན་ཆོག་གི་ངན་ན་ཆོག་གི་བེད་སྤྱོད་ཀྱི་རིན་ཐང་དང་འཁོར་རྒྱུག་གི་དུས་ཚོད་དེ་མི་ཞིག་གི་ཚེ་ཚད་ལས་མེད་ན།དེ་ནི་རིག་གནས་དེའི་ཞན་ཆ་དང་སྐྱོན་ཆ་ལྟ་བུ་མ་ཡིན་པར་མ་ཟད་དེའི་རིན་ཐང་དང་བེད་སྤྱོད་མ་རྟོགས་པའམ་མ་ཤེས་པའི་རྒྱུ་རྐྱེན་ལ་རེག་ལས་པ་ཞིག་ཡིན་པ་འདས་པའི་ལོ་རྒྱུས་ལ་ཕྱིར་རྟོག་ཞིག་བྱས་ན་ཤེས་ཐུབ་གི། མི་མང་བོ་ཞིག་གིས་སྒྱུ་རྩལ་རིག་གནས་འདིའི་གཞི་རྩའམ་འཕེལ་རྒྱས་ཀྱི་ཚེ་སྲོག་ལྟ་བུ་ནི་ཨ་ཁུ་དཔལ་མགོན་འཇོག་གིན་ཡོད་པ་དེར་ཁོ་བོས་གནས་ལུགས་ཀྱི་སྐད་ཆ་ཞིག་ཏུ་དུས་ནམ་ཡང་མཐོང་མ་སོང་།ཁོང་གིས་ཀྱང་བདུང་ལེན་མཁན་པོ་ཁོང་ཉིད་མིན་པ་ཐེངས་ཁ་ཤས་ལ་བཤད་མོད།ཨ་གསར་ལ་དགའ་ཞིང་ཧོལ་རྒྱུགས་ལ་འདུར་བའི་མི་མང་བོ་ཞིག་གིས་མི་དོན་མི་མཚུངས་བའི་ཆོོ་ལོ་འདི་ཁོང་ལ་བཙན་གྱིས་བཏགས་པས།མིའི་སྤྱི་ཚོགས་འདིས་དོན་དམ་པའི་དྲང་མོ་དྲང་བཞག་གི་མིག་ཟུང་ཞར་བའི་བརྒྱུད་རིམ་ལ་ཁོ་བོ་ཞེན་པ་ལོག་སོང་། ཨ་ཁུ་དཔའ་མགོན་བདུད་བྷེའི་དགེ་རྒན་ཡིན་པ་དངོས་ཡོད་བདེན་འཚོལ་ཡིན་ན་སྒྲ་སྙན་བདུང་ལེན་གྱི་མཁན་པོ་ཡིན་པས་ཁྱབ་པ་གཏན་ནས་མེད།སྲིད་གལ་སྒྲ་སྙན་བདུང་ལེན་གྱི་མཁན་པོ་ཟེར་བ་ཞིག་ངེས་པར་དུ་དགོས་ན་ངས་བསམ་ན་གླུ་བ་བདུད་བྷེ་ཡིན་པར་འདོད།སྒྲ་སྙན་བདུང་ལེན་གྱི་ཚེ་སྲོག་གཉོར་སྐྱོང་དང་བདག་སྐྱོང་གནང་མཁན་ནི་རྒན་དཔལ་མགོན་ག་ལ་ཡིན།རྒྱུ་མཚན་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ལ་ཞིབ་ལྟ་ཞིག་བྱས་ན་ཤེས་ཐུབ་གི། ཁོང་བོས་དེ་ལྟར་བཤད་དོན་ནི་དགའ་སྐྱོའི་ཕྱོགས་ལྷུང་གིས་བཤད་པ་གཏན་ནས་མིན།ངས་གླུ་བ་བདུད་བྷེའི་མི་ཚེའི་བརྒྱུད་རིམ་དང་བརྩམས་ཆོས་ཀྱི་རིན་ཐང་ལ་གདེང་འཇོག་དང་ཞིབ་འཇུག་བྱས་པའི་འབྲས་བུ་ཁོ་ན་ཡིན་པས།ཁོང་གི་མི་ཚེ་ནི་སྒྱུ་རྩལ་རིག་གནས་འདིར་བསྟིམས་ཤིང་འདིའི་སླད་དུ་རང་ཚིགས་དང་ཁ་ཕྱོགས་ཡོད་པའི་སྒོ་ནས་རང་ཉིད་ཀྱི་མི་ཚེ་རིག་གནས་དེའི་ཤ་གསེང་རུས་གསེང་ལ་འཐིམས་དུ་འཇུག་ཕོད་པའི་བརྟན་བརླིང་གི་རང་གཤིས་དང་བློ་སེམས་རྦད་ཆོད་ཀྱི་སེམས་ཤུགས་ལ་ཁོ་བོ་དངོས་ནས་ཡིད་སྨོན་ཤོར་བས།ངས་བསམ་ན་སྒྲ་སྙན་བདུང་ལེན་གྱི་འཕེལ་རིམ་ཁྲོད་བདུད་བྷེ་མ་གཏོགས་ཆེས་མིང་དོན་མཚུངས་པའི་བདུང་ལེན་པ་གཅིག་ཀྱང་ད་དུང་མཐོང་མ་སོང་། ཁོང་གིས་སྒྱུ་རྩལ་རིག་གནས་འདིའི་སྟེང་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་བཞག་ཡོད་ལ།ཡང་གཅིག་བཤད་ན་ཁོང་ནི་སྒྱུ་རྩལ་རིག་གནས་དེའི་ཆེད་གཉེར་བ་དང་ཆེད་མཁས་པ་ལྟ་བུ་ཡིན་པར་མ་ཟད་རིག་གནས་འདིའི་སླད་དུ་ཤི་འཐམ་རོ་འཐམ་བྱེད་པའི་དམ་བཅའ་དང་གཏན་ཚིགས་བླ་མེད་ཞིག་ཡོད་པའི་བོད་ཀྱི་གླུ་བ་གསོན་པོ་ཞིག་རེད།ལ་རྒྱའི་གཡུ་རལ་གསིག་ཅིང་སྤོབས་པའི་གངས་སེང་འགྱིང་བ།གསུང་གི་ངར་སྐད་སྒྲོག་པའི་གླུ་བ་བདུད་བྷེའི་ཡན་དུ་སོན་པའི་སྒྲ་སྙན་བདུང་ལེན་པ་གཅིག་ཅིང་མཐོང་རྒྱུ་མེད་ཁུ།རིག་གནས་གསར་བ་འདིའི་ཐོན་འབྲས་མང་བོའི་ཁྲོད་ད་དུང་ཐོད་བརྒལ་རང་བཞིན་གྱི་གླུ་བ་དེ་བས་མེད་ཁུ།རྒྱུ་མཚན་ནི་ཁོང་ཚོ་ཚང་མས་བདུང་ལེན་པ་བདུད་བྷེའི་དབྱངས་རྟ་མང་བོ་བསྐྱར་ཟློས་དང་དབྱངས་རྟ་མང་བོར་བཅོས་སྒྲིག་གིས་མི་ཚེ་འདའ་བཞིན་པ་ལྟ་བུ་རེད། མདོར་ན་གླུ་བ་བདུད་བྷེའི་སྐུ་དྲིན་གྱིས་སྒྲ་སྙན་བདུད་ལེན་སྒྱུ་རྩལ་རིག་གནས་འདི་འཛམ་གླིང་གང་སར་ཁྱབ་བརྡལ་བྱུང་དང་འབྱུང་བཞིན་པའིི་སྒང་རེད།ངས་བསམ་ན་རིག་གནས་འདི་དང་གླུ་བ་འདི་གཉིས་གཅིག་ལ་གཅིག་རྟེན་གྱི་འཁོར་སྐྱོད་ཁྲོད་མཉམ་གྲགས་ཡིན་ནའང་།མཉམ་ཤི་བྱེད་མི་ཉན་པ་ནི་ཚ་དགོས་གཏུག་གི་གནད་དོན་ཞིག་དང་།མི་རབས་གསར་བའི་འགན་འཁྲིའི་ཁོ་ན་ལས་མ་འདས་འདོད།སྒྲ་སྙན་བདུང་ལེན་དེ་འཛམ་གླིང་ལ་ཁྱབ་བ་ཙམ་མ་ཡིན་པར་འཛམ་གླིང་རིག་གནས་ཀྱི་གྲལ་ལ་ཚུད་དུ་འཇུག་ཐུབ་པའི་སྙིང་སྟོབས་ཀྱི་གོ་ཆ་སྲ་མོ་ཞིག་དགོས་པ་ནི་བཤད་མི་དགོས་པ་ལྟ་བུ་རེད།དེ་ལྟ་བུ་བྱེད་དགོས་ན་འགན་འཁྲིའི་འདུ་ཤེས་ལ་གཙུག་ཆེན་དང་དོན་ཆེན་བྱེད་རྒྱུ་གལ་འགངས་ཆེ་ལ།འཛམ་གླིང་རིག་གནས་ཀྱི་གྲལ་དུ་འཇོག་ཐུབ་མིན་དེ་གསར་གཏོད་དང་འཕེལ་རྒྱས་སོགས་གཙོ་གནད་རེད།ཡིན་ནའང་།འུ་ཚང་གི་གླུ་བ་དེ་ཚོས་རང་ཉིད་ཁྱབ་བསྒྲགས་དང་ཁ་གདང་ཙམ་གྱི་ཞར་ཞོར་ལ་རིན་ཐང་ཅན་གྱི་སྒྱུ་རྩལ་རིག་གནས་འདི་སྣང་མེད་དུ་འཇོག་གིན་འདུག་པས།ངས་བསམ་ན་མི་སྣ་རླབས་ཆེན་ཚོའི་བཀའ་དྲིན་དྲན་པའི་སྒོ་ནས་རང་ཉིད་རིག་གནས་འདིའི་ཁྲོད་ནས་ངེས་པར་དུ་ཡར་ལངས་དགོས་ཤིང་རང་ཉིད་རིག་གནས་གསོན་པོ་དེའི་སླད་དུ་འཆི་མི་ཐུབ་རུང་གསོན་ཐུབ་པའི་ངར་ཤུགས་ཤིག་ངེས་པར་དགོས་གི།འདི་ནི་ང་རང་སྒྲ་སྙན་བདུང་ལེན་ལ་ཉན་མཁན་རྣལ་མ་ཞིག་ཡིན་པའི་སྙིང་གཏམ་ཞིག་ཡིན།
ངས་སེམས་ནང་གི་གངས་རིའི་དཔའ་རྒོད་གླུ་བ་བདུད་བྷེ
བདུད་བྷེ་ནི་ངེས་པ་དོན་གྱི་གླུ་བ་ཞིག་ཡིན་པ་རྩོད་མེད་རེད། དེང་སང་རང་རློམས་ཅན་གྱི་གསར་སྐྱེས་གླུ་བ་གླུ་མ་མང་པོ་ཞིག་གིས་སྐུ་ཞབས་བདུད་བྷེའི་དབྱངས་རྟ་ཧ་ཅང་གི་མང་པོ་ཞིག་ལ་“དམངས་ཁྲོད་”ཟེར་ནས་ཁོང་མཚན་གྱི་ཟུར་ཙམ་ཡང་མི་འཇོག་པ་དེ་ནི་གླུ་བ་བདུད་བྷེ་ལ་དྲིན་ལན་ལོགས་མཇལ་བྱས་པ་མཡིན་ནམ། ད་དུང་དེ་ལས་ཀྱང་ཆེས་ཧང་སང་པ་ཞིག་ནི་བདུད་བྷེའི་དབྱངས་རྟ་གང་མང་ཞིག་བཅད་གཏུབ་དང་བཅོས་བསྒྲིགས་སྣ་ཚོགས་བྱས་སྟེ་རང་ཉིད་ཀྱིས་བརྩམས་ཟེར་བའི་ངོམས་སོ་བྱེད་ཀྱིན་ཡོད་པ་དེ་ནི་ཡ་རབ་བཟང་སྤྱོད་དང་ཡོངས་སུ་འགལ་བ་མ་ཡིན།
ངེས་པ་དོན་གྱི་བོད་ཀྱི་རྡུང་ལེན་པ་བདུད་བྷེ་ནི་ངའི་སེམས་ཁོང་གི་ཆེས་དགའ་སའི་བོད་ཀྱི་གླུ་བ་ཡིན། ཁོས་བོད་མིའི་བསམ་བློ་ལ་བཅིངས་གྲོལ་གཏོང་བའི་སྒུལ་ཤུགས་བླ་མེད་ཐོབ་ཡོད།
གངས་ལ྄ྗོངས་ཁུ་བ྄ྱུག་ལགས།
ངའི་ལང་ཚོའི་ མེ་ཏོག་གི་འདབ་ལག་མ་ར྄ྒ྄ྱས་གོང་ནས།
ཁ྄ྱེད་ཀ྄ྱི་ཁུ་བ྄ྱུག་གི་གསུང་ས྄ྙན་མོས་བཟི་རུ་བཅུགས།
ང་ཆེས་དགའ་སའི་ག྄ླུ་བ་ནི་ཁ྄ྱེད་རང་ཡིན།
ངེས་བ་དོན་ག྄ྱི་ཁུ་བ྄ྱུག་ལགས།
གངས་ལྗོངས་ཀྱི་ཁུ་བྱུགས་སྔོན་མོ་ལགས། ཁྱེད་ནི་དུས་རབས་ཉེར་གཅིག་པའི་གངས་ལྗོངས་ཁུ་བྱུགས་ཡིན
གངས་ཅན་ཁུ་བྱུག་སྔོན་མོའི་ངོ་སོ་ཡར་ལ་བསྟོད་དོ།།
མི་བསོད་ནམས་ཅན་ཁོང་ནི་༧རྗེ་གུང་ཐང་ཚང་དང་༧རྗེ་འཇིགས་མེད་ཕུན་ཚོགས་སོགས་གསར་རྙིང་གི་དམ་པ་མང་པོས་ཐུགས་མོས་ཚད་མེད་གནང་ས་ཅིག་ཡིན།ཁོང་སྐབས་ཤིག་ཅུང་ནད་པ་ཆགས་ཏེ་ལན་གྲུར་སྨན་ཁང་དུ་ཡོད་དུས།༧རྗེ་གུང་ཐང་ཚང་དངོས་སུ་འཚམས་འདྲི་ལ་ཕེབས་ཏེ་གངས་ཅན་ཁུ་བྱུག་འདི་ཤི་མི་ཉན་ཅེས་བདུད་འདུལ་རྡོ་རྗེའི་མགོ་ལ་བྱིལ་བྱིལ་གནང་བའི་ལོ་རྒྱུས་ཡོད་པ་རེད།
གངས་ལྗོངས་ཁུ་བྱུག་སྔོན་མོ་གྲགས་པའི་ཕུལ་བྱུང་གི་གླུ་བ་བདུད་བྷེ་ནི་འབྲོག་པའི་སྦྲ་གུར་དང་རོང་བའི་ཁང་ཁྱིམ་ཀུན་ན་སྐད་ལྷང་ལྷང་གི་གྲགས་ཀི་ཡོད་ལ།གངས་རི་མཚོ་མོ།སྦྲ་ནག་དང་དར་ལྕོགས་ལ་འགྲོགས་ནས་བོད་མིའི་སེམས་ཁོངས་སུ་ཡང་བརྗེད་པར་དཀའ་བའི་བག་ཆགས་ཤིག་བཞག་ཡོད་ལ། ཁོས་ལོ་རབས་བརྒྱད་ཅུ་ནས་དུས་ད་དུང་ཡང་བོད་མིའི་ལ་རྒྱ་དང་ཚེ་སྲོག་གླུ་ལ་དྲངས་ནས་བདེན་ཐུབ་ཀྱི་རྐང་རྗེས་ཤིག་ཁ་བ་རི་བོའི་ཡུལ་ལ་ཡང་སྦར་ཡོད། ཁོས་མ་ཡུམ་གྱི་འོ་སྤྲི་ལས་ཞིམ་པའི་བོད་གླུ་དང་མཐོ་སྒང་གི་མདང་རུས་མཚོན་པའི་སྐད་ངག་དེ་ངའི་མི་ཚེ་འདིའི་མཛེས་སྡུག་མི་དམན་པ་ཞིག་ཡིན།
ཁུ་བྱུག་སྔོན་མོ། ལགས་ཁྱེད་ཀྱི་སྐད་ངག་གི་མི་སེམས་རྒུལ་ཉན་འདོད་ཆེ།
རྒྱ་ནག་ཆུ་འདུ་གྲོང་ཆེར་གྱི་བོ་ཧོའུ་ཚུ་ལམ་བར་ན་ཡོད་པའི་རྒད་པོ་རབ་རྒྱས་ཀྱི་བོད་ཟས་ཟ་ཁང་ནང་ལ་སོང་དང་བདུད་བྷེ་ལ་ཐུག་པའི་གོ་སྐབས་ཆེ། གླུ་དང་སྒྲ་ལ་མཁས་བ་ནི་བརྗོད་མ་དགོས་བ་ཞིག་ལ་མི་རིགས་ཀྱི་ལ་རྒྱ་ནི་ཁོང་ལ་ཡོད་ཡོད་པ་རེད། སྐྱོན་ཞིག་ཡོད་པ་དེ་ནི་སྦི་རག་མང་ཙམ་འཐུང་བ་དེ་ཡིན། དེ་ནི་ཕལ་ཆེལ་ེད་ཚང་གི་རྒྱུ་རྩལ་བ་ཡོངས་ལ་སྤྱི་ཁྱབས་སུ་ཡོད་པའི་སྐྱོན་ཞིག་ལ་མཐོང་།
འདི་ལ་གཟིགས་རོགས།http://www.tudou.com/programs/view/UnsLlNNw06E/
འདི་ལ་གཟིགས་རོགས།
http://www.youtube.com/watch?v=sxE6IUtlA4E
ཡ་དྲ་གྲོགས་ཚོ་ཁྱོད་ཚོས་གོང་གི་གངས་ལྗོངས་ཀྱི་གླུ་བ་བདུད་བྡེའི་རྡུང་ལེན་ལ་བལྟས་རྗེས་སེམས་ཚོར་ག་འདྲ་ཞིག་འོང་ དངོས་ནས་གླུ་བ་མི་ཚེ་གཅིག་ལ་སྐད་གྲགས་ཅན་ཞིག་རང་རེའི་སྤྱི་ཚོགས་ནང་དུ་ཁོང་མ་གཏོངས་སུ་ཡོད་ ང་ཚོའི་སྤྱི་ཚོགས་ཟེར་དུས་ཆུང་ཆུང་ཞིག་རེད ནུབ་གླིང་ཡུལ་དུ་བལྟས་ནས་བཤད་ན་མི་ལོ་བཞི་བཅུ་ལྔ་བཅུ་ལ་སྐད་གྲགས་མཉམ་མ་མྱོང་བའི་གླུ་པ་དང་ཡང་ན་སྐད་གྲགས་མི་ན་ཁྱོད་ཀྱི་ག་ཚད་མཐོང་མྱོང་ ངས་བལྟས་ན་ད་དུང་གླུ་བ་ཁོང་གིས་གླུ་རེ་བླངས་དུས་གླུ་བ་ཆུང་ཆུང་རེའི་སྙིང་རྩར་འདར་གི་འཇུག་རྒྱུ་རེད་ཡ་
དངོས་ནས་ཁོང་ནི་ང་ཚོའི་མི་རིགས་ཀྱི་གཟི་བརྗིད་རེད།
གངས་ལྗོངས་བོད་ཀྱི་རྡུང་ལེན་པ་བདུད་བྷེ་ལ་འཚམས་འདྲི་དང་། ཁྱེད་ཉིད་ནམ་ཡང་ཁ་བ་བོད་པ་ཚང་གི་བདེ་སྡུག་གླུ་རུ་ལེན་མཁན་གྱི་ལ་རྒྱའི་བདག་པོ་ཞིག་ལ་ངོས་འཛིན་བྱས་ནས་ཡུན་རིང་སོང་ཡོད། ད་དུང་སྔར་བཞིན་བོད་མི་ཡོངས་ཀྱི་སེམས་ཁོང་ན་ཁྱེད་ཀྱི་ལ་རྒྱའི་ཚིག་འབྲུ་རེ་རེ་གསལ་ལེར་འཆར་ཡོད།
སྔོན་དུས་འཕགས་པའི་ཡུལ་ཉིད་དུ།
རྟ་དབྱངས་ཞེས་པའི་སྙན་ཚིག་རྣམས།
སྐྱེ་བོ་ཀུན་གྱིས་ངག་ཏུ་བླངས།
དེ་བཞིན་གླུ་པ་ཁུ་བྱུག་དབྱངས།།
བོད་མི་ཡོངས་ཀྱིས་ངག་ཏུ་ལེན།
འདི་ཡིས་བོད་ཀྱི་རིག་གཞུང་གླུ།
གངས་ལྗོངས་ཡོངས་ལ་ཁྱབ་གྱུར་ཏེ།
རིགས་གཅིག་ཡོངས་ཀྱི་མངོན་འདོད་གྲུབ།།
ཁུངས་ལྡན་གྱི་ལོ་རྒྱུས་གོ་ཐོས་ལྟར་ན། གླུ་བ་འདིས་བོད་ཀྱི་ལ་རྒྱ། རིག་གཞུང་སྲུང་སྐྱོབ། སློབ་གསོའི་བསྐུལ་མ། མི་རིགས་ཀྱི་ཚེ་སྲོག་མཚོན་པའི་གླུ་བརྒྱ་ཕྲག་མང་པོ་བླང་ཞིང་། སློབ་མའང་བཀྲ་ཤིས་དོན་འགྲུབ་སོགས་བློ་གྲོས་དང་སྙིང་སྟོབས་ཕུལ་དུ་བྱུང་བ་ཅན་མང་པོ་གསོ་སྐྱོང་གནང་ཡོད། ༧རྗེ་གུང་ཐང་ཚང་དང་། རྭ་རྒྱའི་གླིང་རྒྱ་ཚང་སོགས་ཀྱིས་བརྩེ་གཟིགས་ཚད་མེད་པ་གནང་ནའང་། དེ་གཉིས་རིམ་པར་སྐུ་གཤེགས་པ་ལས་གླུ་བ་འདིའི་ཐུགས་ལ་ན་ཚ་ཚབ་ཆེན་ཕོག་སྟེ། རྒྱུན་དུ་གསོལ་ཆང་མཆོད་པ་སོགས་ཀྱིས་གསུང་སྐད་ལ་སྐྱོན་ཆེན་པོ་བྱུང་ཟེར། གླུ་སྐད་སྔོན་དང་ཁྱད་པར་འདུག་པས་བདེན་པ་རེད་ཤག འདིར་ཁོང་གི་སྐུ་སྨྱུན་ཞི་ཞིང་སྐུ་ཁམས་གསལ་དྭངས་ཡོང་པའི་སྨོན་ལམ་འདེབས།
མདོ་དབུས་ཁམས་གསུམ་གྱི་གླུ་བ་ཡོངས་རྫོགས་ནང་ནས་ངའི་ཞེན་རྟེན་གྱི་གླུ་བ་དངོས་དེ་ཁོང་ཡིན།
ཁོང་ན་ཚ་ངན་པ་ཞིག་གིས་བཟུང་ནས་ལོ་ཤས་འགོར་ཡོད་རབ་ཐོས། ཁོང་ལ་རྒྱུས་ཤོག་གིས་བཤད་དེང་སང་ན་ཚ་དེའང་ཚབ་ཆེན་ཞིག་ཏུ་གྱུར་ཡོད་ཟེར། ཁོང་གི་ཆེད་དུ་ཞབས་བརྟན་བསྒྲུབ་མཁན་དང་སྐྱབས་གཏོང་མཁན་མང་ཚོད་རེད།
ཁོང་བོད་སྤྱི་ལ་བཀའ་དྲིན་ཆེན་པོ་ཡིན་པ་སྨྲོས་མེད་ཐོག་གླུ་བ་ཀུན་དགའ་ལ་དེ་བས་ཀྱང་བཀའ་དྲིན་ཆེན་པོ་རེད། ཧ་ཧ་ཧ།
བདུད་བྷེ་ལ་དགེ་མཚན་ཅི་ལྟར་ཆེ་ན་དཔལ་མགོན་ལ་མཛད་རྗེས་དེ་ལྟར་ཡོད། དཔལ་མགོན་མེད་ན་བདུད་བྷེ་ལ་མདུན་ལམ་དེ་ལྟར་ཡོད་མི་སྲིད། ད་དུང་ཤེས་རིག་རྣམ་དཔྱོད་ཀྱི་ཆ་ནས་རྡོ་རེད་ནི་གླུ་བ་བདུད་བྷེའི་སྔོན་དུ་མདའ་རྒྱང་གང་དུ་ཤོར་འདུག་ཞེས་གཞན་གྱིས་གླེང་ལ་དོན་ལའང་གནས་སོ།
མྱི་རྒས་ཀྱང་སྐད་ངག་རྒས་རྒྱུ་མེད་པའི་གླུ་བ་དགའ་བོ། ལོ་ནམ་སའི་ཐུབ་ཀྱང་ལ་རྒྱ་ཉམས་རྒྱུ་མེད་པའི་ཕ་བཟང་གི་བུ། གླུ་སྐད་མི་ཡུལ་དུ་བཞག་པ་དང་རེ་བ་ཕྱི་རབས་པར་དྲངས་མཁན་གྱི་སྒྱུ་རྩལ་པ་ཁྱོད། ས་མཐའ་ནངའ་ཁྱོད་དྲན་མཁན་དང་ཁྱོད་གླེང་མཁན་ཡོད་ལ། དྲ་སྣང་གི་ཁྱོད་ནི་ངའི་ཡིད་འཛིན་གྱི་ཀློང་ན་འཕྱོ་བའི་འབྲོང་སྡེ་ཕྱུག་མོ་དེ་ཡིན་་་
བདུད་བྷེ-གངས་ལྗོངས་ཁུ་བྱུག་སྔོན་མོ།
བོད་ཀྱི་སྒྱུ་རྩལ་རིག་གནས་དང་མི་རིགས་འདུ་ཤེས་སྐུལ་སློང་གི་ངོས་ནས་བཤད་ན། ཁོང་ནི་ངའི་སེམས་གཏིང་ནས་ཆེས་བཀུར་ན་འདོད་པའི་གངས་ཅན་པའི་གླུ་བ་གཅིག་བུ་དེ་ཡིན། ད་ལྟ་གླུ་བ་ཁོང་སྐུ་བསྙུང་ནས་བཞུགས་ཡོད་པའི་སྐད་ཆ་ཞིག་ཁ་སྔོན་ནས་གོ་ཐོས་བྱུང་། འོན་ཀྱང་། ཁུངས་ལྡན་གྱི་གནས་ཚུལ་རྒྱུས་ལོན་མ་བྱུང་བར་ད་བར་དུ་ལུས།
དྲ་གྲོགས་སུ་ཞིག་གིས་ཁོང་དང་འབྲེལ་བ་བྱེད་ཐུབ་པའི་ཁ་པར་རམ་གློག་འཕྲིན་ཁ་བྱང་། ཡང་ན་ཁོང་དང་འབྲེལ་ཡོད་ཀྱི་མི་སྣ་གང་རུང་རེ་ཤེས་ཚེ་གུས་པར་གནང་རོགས་ཞུ་རྒྱུ་ཡིན། གུས་པའི་གྲོགས་པོ་ཞིག་གིས་ཁོང་གི་སྐོར་ལ་དཔྱད་རྩོམ་ཞིག་འབྲི་བཞིན་ཡོད་པས་ཕན་ཐོགས་ཆེ། དེ་བཞིན་ཁོང་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཤེས་མཁན་ཡོད་ཚེ་གསུངས་ན་ཡང་ཆོག
གལ་སྲིད་བོད་ནང་དུ་ཉམ་རྒུད་དུ་འགྲོ་བཞིན་པའི་རྡུང་ལེན་སྒྱུ་རྩལ་རིག་གནས་སྐོར་ལ་དོ་སྣང་ཡོད་མཁན་རེ་མཆིས་ཚེ། གླུ་བ་ཁོང་སྐུ་འཚོ་བཞུགས་ཡིན་པའི་སྐབས་འདིར་ཁོང་རང་ཉིད་ཀྱི་ལོ་རྒྱུས་དངོས་སུ་བཅར་འདྲི་བྱས་ནས་རྡུང་ལེན་སྒྱུ་སྩལ་དང་ཁོང་གི་མི་ཚེའི་ལོ་རྒྱུས་གཉིས་མཉམ་དུ་སྦྲེལ་ནས་དཔེ་ཆ་རེ་འབྲི་ཐུབ་ཚེ། དེ་ནི་ཏན་ཏན་མ་འོངས་པར་ལོ་རྒྱུས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟའོ།།
གུས་པའི་འབྲེལ་མཐུད་ཁ་བྱངཿ d.thokmay59@gmail.com
སང་ཉིན་ཏེ་ཕྱི་ཟླ་༠༤་ཚེས༢༥ ཆུང་སྲིད་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཡིན་ལ། སྔོན་ཆད་༧པཎ་ཆེན་སྐུ་གོང་མ་སྐུ་བཀྲོངས་ནས་ཟླ་ཤས་ལས་འགོར་མེད་པའི་དུས་ཞིག་གངས་ལྗོངས་ཁུ་བྱུག་བདུད་བྷེ་ལགས་ཀྱི་(པཎ་ཆེན་ལགས-རིན་པོ་ཆེ།) ་ཟེར་པའི་དྲན་གླུ་ཞིག་བཏང་སོང་། གླུ་སྐད་དེས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་པའི་ཆོལ་ཁ་གསུམ་ཡོམ་ཡོམ་འདར་བར་བྱས་སོང་།
དྭངས་ལ་གཙང་བའི་གླུ་སྐད་དེ་ཐོག་མར་མཚོ་སྔོན་རླུང་འཕྲིན་བརྒྱུད་ནས་ཐོག་མར་གྲགས་དུས་ངའི་ནང་མི་ཚང་མས་ནུབ་ཚལ་འཐུང་བཞིན་པའི་སྒང་ཞིག་རེད། ཐོག་མར་ཚ་ཐབ་འོག་ནས་ཨ་མ་ལགས་ངུས་སོང་ལ་དེར་མཐུད་ནས་ཁ་གཏད་ན་མ་ཎི་འཁོར་ལོ་སྐོར་བཞིན་པའི་རྨོ་རྨོ་ལགས་ཀྱིས་མིག་ཆུ་བཀག་མ་ཐུབ་པར་བཞུར་བྱུང་། ཐ མར་ཨ་ཕ་ལགས་ཀྱི་ངུ་སྐད་འདྲེས་ངང་ང་ལ་འཁོར་ནས་མཆོད་ཁང་ནས་༧པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་མྱུར་བྱོན་གྱི་དཔེ་ཆ་དེ་ཁུར་ཤོག་དང་ང་ཚོས་མཉམ་དུ་ཞིག་འདོན་ཟེར།
དགོངས་མོ་དེར་ང་ཚོས་ཡང་སྤྲུལ་མྱུར་བྱོན་ཚར་བཅུ་བཏོན་པ་ཡིན། སྐབས་དེའི་བདུད་བྷེའི་སྐད་ངག་དེ། ད་ལྟའང་ད་དུང་བདག་གི་རྣ་ལམ་ན་ལྷང་ལྷང་གྲགས་བཞིན་འདུག
ཕལ་ཆེར་ངས་བསམ་ན་རྡུང་ལེན་ལ་དགའ་ཞེན་དང་རྡུང་ལེན་ཉན་མྱོང་མཁན་ཞིན་ཡོན་ཚེ། ཏན་ཏན་ཁྱོད་ལ་ཡང་བདུད་བྷེ་དང་འབྲེལ་བའི་གཏམ་རྒྱུད་སྙན་མོ་རེ་གསུངས་རྒྱུ་ཡོད་ངེས་ཡིན།
གངས་ལྗོངས་ཁུ་བྱུག་སྔོན་མོ་ནི་ངེས་པ་དོན་གྱི་བོད་ཀྱི་གླུ་བ་སྐད་གྲགས་ཅན་ཞིག་ཡིན་པ་ཀུན་གྱི་ཤེས་གསལ་རེད། དུས་རབས་ཉི་ཤུའི་མཇུག་ཙམ་ནས་ཁོང་གིས་རྒྱ་དམར་གྱི་གནོན་ཤུགས་དང་། ཁྲིམས་ཁང་གི་དཀའ་སྡུག་རབས་དང་རིམ་པར་གདོང་ལེན་བྱས་ནས་་གླུ་དང་རྡུང་ལེན་གྱི་ལམ་ནས་༧གོང་ས་མཆོག་ལ་བསྟོད་པ་དང་། བོད་དོན་དང་འབྲེལ་བའི་ལ་རྒྱའི་བརྡུང་ལེན་སོགས་། སྙན་མོའི་ངག་ལ་དྲང་ནས་གངས་ཅན་པ་ཡོངས་དང་ལྷག་པར་གླུ་བ་གླུ་མ་རྣམས་ལ་གླུ་ཚིག་གི་ནང་དོན་དང་སྐད་ངག་གི་འགྱུར་ཁུག་སོགས་ཀྱི་ཆ་ནས་བགས་ཆགས་ཟབ་མོ་ཐེབས་སུ་བཅུག་ཡོད།
ཕལ་ཆེར་ཁོང་ནས་མགོ་བཙུག་ཏེ་བོད་ཀྱི་ཐུན་མིན་གྱི་གླུ་གཞས་གར་གསུམ་གྱི་སྒྱུ་རྩལ་འདི། དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེའི་ཕྱིར་ཁོང་ནི་བོད་ཀྱི་གླུ་གཞས་སྒྱུ་རྩལ་དར་རྒྱས་ཁྲོད་སྲུབ་ཐབས་བྲལ་བའི་ཕྱི་རྗས་ལྡན་པའི་མི་སྣ་གལ་ཆེན་ཞིག་ཡིན། །
སྐུ་ཚེ་བརྟན་གླུ་བ་ཁོང་ཚ་ེཐག་རིང་གླུ་བ་ཁོང།
རྨ་ཀླུང་ཕྱུག་མོའི་འགྲམ་དུ་ཆགས་པའི་འབྲོག་ཁྱིམ་ཕལ་བ་ཞིག་ལས་སྐྱེས། །
འཇམ་པའི་དབྱངས་ཀྱིས་དངོས་སུ་གནང་བའི་པི་ལྤང་ཐོགས་ཏེབོད་ཁམས་ཉུལ། །
ལ་རྒྱའི་སྙན་འཁོར་རེ་རེར་སྤེལ་ཏེ་རོང་འབྲོག་མང་ཚོགས་དགའ་བསུ་ཐོབ། །
ངེས་དོན་གླུ་ཡི་རྒྱལ་བོ་ཁྱོད་ནི་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས། །
རྨ་ཀློང་དལ་འབབ་རིང་མོའི་ཁུགས་པ་ན།
འདོ་རིགས་གྱི་ལིང་སྟོང་གི་ཕ་ས་ལ།
ཁྲོ་ཁོ་ཞེས་བྱའི་འབྲོག་ཡུལ་ཕྱུུག་མོ་ནས།
གངས་ལྗོངས་བདུད་བྷེའི་ལྟེ་ཁྲག་དང་པོ་འཕོས།
གོང་དུ་མཆན་གྲོགས་ཚོས་བཤད་པ་བཞིན་ང་ཡང་གླུ་བ་བདུད་བྷེ་སྟེ། གངས་ལྗོངས་ཁུ་བྱུག་སྔོན་མོའི༌སྐད་ངག་གོ་ན་འདོད་མཁན་དང་། ཉན་རྒྱུར་དགའ་མཁན་གྱི་མི་ཞིག་ཡིན་པར་མ་ཟད། ངའི་སེམས་ཁོང་གི་བརྗེད་དཀའ་བའི་རྡུང་ལེན་པ་དེའང་ཁོང་གཅིག་པུ་ཡིན། དེས་ན་དེ་རིང་འདི་ནས་ངས་གླུ་བ་བདུད་བྷེའི་སྐོར་གྱི་སྐད་ཆ་འགའ་ཤས་ཤིག་མཆན་གྲོགས་དག་གི་སྐད་ཆའི་ཁ་སྣོན་ལྟ་བུའི་ཚུལ་དུ་འབྲི་འདོད་བྱུང་། དེའང་འཁྱོག་བརྗོད་དང་ཕྱོགས་ཞེན། འུད་བསྟོད་དང་དགའ་ཞེན་སོགས་དོར་ནས་བདེན་པ་བདེན་རྐྱང་དང་དྲང་མོ་དྲང་བཞག་གིས་བཤད་རྒྱུ་ཡིན།
སྤྱིར་བཏང་གི་བོད་ཀྱི་རྡུང་ལེན་སྒྱུ་རྩལ་རིག་གནས་འདིའི་ཐད་བྱས་རྗེས་ཅན་གྱི་མཚོན་བྱེད་མི་སྣ་ཞིག་འཇོག་དགོས་ན་གླུ་བ་བདུད་བྷེ་ཁོང་བཞག་ན་དེ་ནི་འོས་ཤིང་འཚམས་པ་ཞིག་ཡིན་པ་མ་ཟད། འདི་ལས་ལྷག་ཅིག་འཇོག་རྒྱུ་མེད་པ་ལྟ་བུ་ཞིག་རེད། ཁོང་གིས་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྲོད་ཀྱི་རིག་རྩལ་ཁྱད་དུ་འཕགས་པ་གཞན་གང་དང་ཡང་མ་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཡོད་པའི་རྡུང་ལེན་སྒྱུ་རྩལ་འདི་ཉིད་དར་སྤེལ་དང་། འཕེལ་རྒྱས་ཇི་ཙམ་བཏང་ཡོད་མེད་ཁོང་གིས་གླུ་སྐད་ལ་དྲངས་པའི་སྒྲ་ཐག་དང་འོད་སྡེར་སོགས་ལ་ཉན་ན་གསལ་པོར་རྟོགས་ཐུབ།
དེ་དང་འབྲེལ་བའི་ང་ཚོས་བརྗེད་མི་ཐུབ་པ་དང་བརྗེད་མི་རུང་བ་ཞིག་ནི་ཁོང་གིས་གླུ་བ་སུ་གང་གི་བྱང་ཁོག་སྟོད་ལ་ལ་རྒྱ་དང་བོད་མི་རིགས་ཀྱི་ཤ་ཞེན་ཞེས་པའི་ཚོར་བ་འདིའི་དྲི་མ་ཙམ་ཡང་མེད་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། བོད་མི་རིགས་ཀྱི་ལ་རྒྱ་སེམས་ལ་བཟུང་། བདེ་སྡུག་གླུ་རུ་བླངས་པས་བོད་རིགས་གླུ་བའི་ཚོགས་སུ་ལ་རྒྱའི་དབུ་ཁྱུད་གསར་པ་ཞིག་གི་མེ་སྟག་མཆེད་སྟབས་དེང་སང་གླུ་བ་གླུ་མ་སུ་ཞིག་ཡིན་ཀྱང་། བོད་མི་རིགས་ཀྱི་བདེ་སྡུག་དང་ལ་རྒྱ་ཅན་གྱི་ཚིག་རེ་ངག་ལ་གྱེར་མ་ཐུབ་ན་ངོ་ཚ་དགོས་ཤིང་། གླུ་བ་ཞིག་གི་མིང་བྱང་མི་ཐོབ་ལ། གླུ་བའི་གྲལ་དུའང་མི་ཚུད་པའི་ཚད་དུ་སླེབས་ཏེ་གླུ་བ་གླུ་མ་ཚོ་རྒྱ་དགའ་རེ་མིན་ན་ཡོད་ཚད་ལ་རྒྱ་ཅན་ཤ་སྟག་ཏུ་གྱུར་པ་གླུ་བ་བདུད་བྷེ་ཁོང་གཅིག་པུའི་བཀའ་དྲིན་ཡིན་པ་སུས་ཀྱང་ཤེས་སླ།
ད་དུང་འགའ་ཤས་ནས་རྡུང་ལེན་པ་དཔལ་མགོན་ལ་རྡུང་ལེན་མཁན་པོ་ཟེར་བཞིན་ཆེད་བསྟོད་སྣ་ཚོགས་ཀྱིས་ཆོ་ལོ་འབུལ་བཞིན་འདུག་པ་སྤྱིར་བཏང་གི་ཆ་ནས་མི་འགྲིག་པ་མེད་ཀྱང་། རྡུང་ལེན་སྒྱུ་རྩལ་འདིའི་བྱས་རྗེས་ཀྱི་ཐད་ནས་བཤད་ན་རྡུང་ལེན་པ་དཔལ་མགོན་ལ་དེ་ལྟར་ཆེད་བསྟོད་དང་ཆོ་ལོ་སྤྲད་པ་སྟེ་དོན་དང་མཐུན་པ་ཞིག་རྩ་བ་ནས་མ་རེད། དེ་ལྟར་བྱེད་པ་ཕྱོགས་ཞེན་དང་། ཡང་ན་བྱ་བའི་དགོས་མཁོ་ཞིག་གི་ཆ་ནས་ཡིན་ན་དེ་རེད། དེ་མིན་རྡུང་ལེན་པ་དཔལ་མགོན་དང་བདུད་བྷེ་གཉིས་ལ་རྡུང་ལེན་སྒྱུ་རྩལ་འདི་ཉིད་དར་སྤེལ་དང་། སྣེ་ཁྲིད་ཀྱི་ཐད་ནས་བྱས་རྗེས་ཆེ་བ་སུ་ཡིན་ཟེར་ན་དེ་ནི་འདི་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་པ་རྡུང་ལེན་པ་བདུད་བྷེས་འགྲེམས་སྤེལ་བྱས་པའི་སྒྲ་ཐག་དང་འོད་སྡེར་སོགས་ལ་ཉན་ཞིབ་བྱས་ན་ད་གཟོད་གཞན་གྱིས་འགྲེལ་བཤད་མི་དགོས་པར་ཁྱད་པར་དང་ཧེ་བག་ཇི་ཙམ་ཡོད་པ་ངང་གིས་ཤེས་ཐུབ༌པས། བོད་ཀྱི་རྡུང་ལེན་སྒྱུ་རྩལ་འདིའི་ཕྱོགས་ནས་གླུ་བ་བདུད་བྷེ་ལྟ་བུའི་བྱས་རྗེས་ཅན་དང་སྐུ་དྲིན་ཆེ་བ་ཞིག་གཏན་ནས་མེད༌པ་ངོ་མ་རེད།
གླུ་བ་བདུད་བྷེའི་སྒྲ་ཐག་དང་འོད་སྡེར་སོགས་ཀྱི་ནང་གི་གླུ་ཚིག་ལའང་དམིགས་བསལ་གྱི་ཁྱད་ཆོས་རེ་ཡོད། སྤྱིར་བཏང་གླུ་ཚིག་དེ་མི་སུ་ཞིག་གིས་ཉན་ན་རྗོད་བྱེད་ཚིག་གི་ཆ་ནས་གོ་བདེ་བ། བརྗོད་བྱ་དོན་གྱི་ཆ་ནས་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་ཐུབ་པ། སྙན་ངག་དང་མངོན་བརྗོད། གབ་ཚིག་ལྟ་བུས་སྒྲིབ་གཡོགས་མེད་པར་ཚིག་དོན་གཉིས་ཀ་ཉན་པ་ཙམ་གྱིས་ཇི་བཞིན་ངོ་འཕྲོད་ཐུབ་པ་ལྟ་བུ་ཞིག་དགོས་སྟབས། ཁོང་གི་གླུ་ཚིག་གི་ནང་ནས་བརྒྱ་ཆའི་དགུ་བཅུ་ལྷག་ལ་ཁྱད་ཆོས་དེ་དག་ཡོངས་སུ་ཚང་ཡོད། འདིར་དཔེ་མཚོན་འགའ་ཤས་དྲངས་ན། མ་མོའི་སྐྱོ་གླུ། ང་དང་ཁུ་བྱུག་གཉིས་ཀ ལས་དབང་། ཁེར་རྐྱང་གི་སེམས་པ། གངས་ལྗོངས་ལ་ཕུལ་བའི་ལྷ་དར། ཚེ་རིང་མཚོ་མོ། གངས་ཕྲུག་གི་སེམས་པ། རྒྱང་རིང་གི་འབོད་པ། གྲོགས་པོའི་སེམས། རེ་སྒུག རི་བོ་གངས་དཀར། གངས་རིའི་རྩེ་དབྱངས། ལྷ་བྱ་ཁྲུང་ཁྲུང་དཀར་མོ། ཀུན་གསལ་ཆོས་ཀྱི་འོད་སྣང་། ལང་ཚོའི་མཆོད་པ། གངས་ཕྲུག་གི་དབུ་ལོ། སེང་ཕྲུག་གི་གཡུལ་ལོ། གངས་དཀར་ལྷ་མོའི་འབོད་སྒྲ་སོགས་འདི་དག་གིས་མཚོན་པའི་སྒྲ་ཐག་དང་འོད་སྡེར་ཁག་གི་གླུ་ཚིག་རྣམས་ལ་རེ་རེ་བཞིན་ཉན་ན་གོང་གསལ་གྱི་ཁྱད་ཆོས་དེ་དག་ངང་གིས་ཚང་ཡོད། ཁོང་གིས་སྒྲ་ཐག་དང་པོ་”བདུད་བྷེའི་རྡུང་ལེན་ཆེད་བསྒྲིགས་”ཞེས་པ་འདི་ཕུད་པ་ནས་བཟུང་ད་ལྟ་ལ་ཐུག་གི་བར་དུ་སྒྲ་ཐག་དང་འོད་སྡེར་བདུན་ཅུ་ལྷག་འགྲེམས་སྤེལ་བྱས་ཡོད་པས་བོད་པ་ཙམ་མ་ཟད། ཨེ་ཤ་ཡའི་ནང་གི་ཕལ་ཆེར་སྒྲ་ཐག་དང་འོད་སྡེར་ཕུད་མཁན་མང་ཤོས་གྲས་ཀྱི་ཡིན་པར་འདོད།
ད་དུང་གླུ་བ་བདུད་བྷེ་ཁོང་རང་ཉིད་ལ་གླུ་བ་གཞན་དང་མ་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཐུན་མིན་ཞིག་ཡོད་པ་ནི། གླུ་བ་གཞན་དང་མི་འདྲ་བའི་རང་བཞིན་གྱིས་སྨྲ་ལྕེ་དག་མོ་ཞིག་ཡོད་པ་དང་གཅིག ཚིག་གི་རིང་ཐུང་དང་སྡེབ་སྦྱོར་མཉམ་མིན། ཚིག་དཀའ་སླ་སོགས་ཅི་ཞིག་བླངས་ཀྱང་རང་བཞིན་གྱིས་དཀའ་ཚེགས་མེད་པ་དང་གཉིས། ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་སྟེ་སྣ་སྐད་དང་མ་འདྲེས་ཤིང་མགྲིན་པའི་དབྱིངས་ནས་དྲང་བོར་ཐོན་པ་རང་བཞིན་ཡིན་པ་དང་གསུམ། སྒྲ་ཐག་དང་འོད་སྡེར་སོགས་ཀྱི་ཐོག་མར་མཚམས་སྦྱོར་དང་། སྙན་སྒྲོན་གྱི་ཕྱོགས་ནས་བཤད་ནའང་སྐད་གསེང་མཐོ་བ། སྒྲ་དག་པ། ཚིག་གི་གཅོད་མཚམས་ལེགས་པ། སྐད་ཤུགས་མཐོ་དམན་གྱི་ཆ་ནས་ཀྱང་མདོ་འཛིན་པ་ཞིག་གི་ཁྱད་ཆོས་རང་བཞིན་གྱིས་འཛོམས་པ་དང་བཞི་པོ་འདི༌རེད། འདི་ལྟ་བུའི་ཁྱད་ཆོས་ནི་གླུ་བ་གླུ་མ་སུ་ཡིན་རུང་འཛོམས་ས་ཞིག་ཡོད་པ་ནི་གངས་ལྗོངས་ཁྱུ་བྱུག་སྔོན་མོ་ཁོང་གཅིག་པུ་རེད། ཁོང་ལྟ་བུའི་རྡུང་ལེན་པ་ཁྱད་འཕགས་ཤིག་དེ་སྔོན་ཡོང་མྱོང་མེད་ལ་ཕྱིས་སུའང་འབྱུང་མི་སྲིད་པ་ཞིག་ཀྱང་རེད།
ད་ལྟ་ང་ལ་ངོ་མ་འཕངས་སེམས་ཤིག་ཡོད་པ་ནི་ཕྱི་ནང་གི་རྒྱུ་རྐྱེན་དང་ན་ཚའི་དབང་གིས་གླུ་བ་བདུད་བྷེའི་སྐད་ངག་སྙན་མོ་དེ་འུ་ཅག་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་། ད་དུང་ཁོའི་གླུ་ངག་སྟེ་འུ་ཅག་མཐོ་སྒང་བོད་པ་ཚང་གི་གཞིས་ཁྱིམ་ནས་འོད་དུ་འཚེར་བའི་སྐར་མདའ་བཞིན་རྒྱང་ནས་རྒྱང་དུ་འགྲོ་བཞིན་པ་དང་མཉམ་དུ་རྡུང་ལེན་སྒྱུ་རྩལ་འདི་ཡང་ཉམས་ཇེ་དམའ། གསོན་ཉམས་དང་ལང་ཚོའི་གཟི་དཔལ་སྟེ་ཉམས་རྒུད་འགྲོ་བཞིན་པའི་རྣམ་པ་འདི་རེད།
མདོར་ན་གླུ་བ་ཁོང་གིས་སྒང་བ་བོད་པ་ཚང་གི་གླུ་བ་དང་གླུ་མ་ཚོ་རྡུང་ལེན་སྒྱུ་རྩལ་འདིའི་ཕྱོགས་ལ་སྤྲོ་སྣང་དང་། ལ་རྒྱའི་དཔུང་རྡང་སྦྲེལ་བའི་མི་རིགས་རིང་ལུགས་པའི་བསམ་བློ་པ་ཞེ་གཅིག་ཏུ་སྣེ་ཁྲིད་བྱས་ཡོད་པ་འདི་གླུ་བ་ཁོང་གི་བྱས་རྗེས་དང་སྙིང་སྟོབས་བླ་ན་མེད་པ་སྟེ་རེད།
མདོར་ན་བདུད་བྷེ་ཁོང་གིས།
རི་དེ་རྨ་ཆེན་གངས་རི།།
ཆུ་འདི་རྨ་ཆུ་སྔོན་མོ།།
མྱི་ང་ཨ་མདོའི་བུ་ཆུང་།།
སྙིང་གཏམ་གངས་རིའི་བརྒྱན་ཆ།།ཞེས་བླངས་ཡོད་པ་དེ་དེ་བཞིན་རེད་དོ།།
ད་ཆོག་གི་ཡང་བསྟད་ལས་བསྟད་ལས་ཅིག་ག་འཇུག་ན་འདོད་གོ་ཀི
ངག་གི་འགྱུར་ཁུ་སྙན་མོ།།
སེམས་ཀྱིས་ལ་ཞེན་དྲོན་མོ།
མི་རིགས་སྤྱི་སེམས་ཅན་པོ།།
གངས་ལྗོངས་ཁུ་བྱུག་སྔོན་མོ།།
གཞས་ཚིག་དྲག་པོ་ཞིག་གིས།།
གངས་ཅན་གཉིད་ལས་དཀྲོཌ་པ།།
ཆོལ་གསུམ་སྤུན་ཟླའི་སྲོག་རྩ།།
གངས་ལྗོངས་ཁུ་བྱུག་སྔོན་མོ།།
བོད་ཀྱི་ཡང་རྩེ་གླུ་བ་་བདུད་བྷེ་ཁོང་ལ་༧་གོང་ས་རྒྱལ་དབང་མཆོག་དང་རྗེ་གུང་ཐང་རིན་པོ་ཆེ། མཁན་ཆེན་འཇིགས་མེད་ཕུན་ཚོགས། སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུ། འབའ་བ་ཕུན་ཚོགས་དབང་རྒྱལ། ཡོངས་གླིང་རྡོ་རྗེ།།སྐུ་ངོ་འཇུ་ཆེན་ཐུབ་བསྟན་སོགས་ནས་ལས་ངག་ཡིད་གསུམ་ནས་བསྔགས་བརྗོད་དང་དགའ་བསུ་ཆེན་པོ་ཞུས་ཡོད། དེ་ལས་ཡན་གང་དགོས། ང་རང་གི་ཆེས་བླ་མེད་བཀུར་སའི་གླུ་བ་ཁོང་སྐུ་ཚེ་བརྟན་ནས་གླུ་སྐད་གྲགས་རྒྱུ་ཡོད་པར་སྨོན།
ལོ་དུ་སྔ་རོལ་དུ་ཁོང་ལ་ཨེ་ཤ་ཡའི་སྒྲ་ཐག་དང་འོད་སྡེར་ཆེས་མང་ཤོས་འདོན་མཁན་གྱི་གཟེངས་རྟགས་ཤིག་ཕུལ་འདུག
གཞས་སྔ་ལོ་ཡུལ་ཀྲུབ་ནང་མཐོང་ཡང་དེ་རྗེས་ལན་མང་རྩལ་ཡང་རྙེད་མ་སོང་། ངོ་མ་སྙན་པོ་ཞིག་གདའ།
བདུད་བྷེ་ཁུ་བྱུག་མགྲིན་སྔོན་ངག་སྙན་ལ། བྱིས་པའི་དུས་ནས་ད་བར་སུན་མྱོང་མེད། དེ་མིན་སྐད་འདར་གློ་བ་སྦོམ་པོ་ཚོས། གླུ་ངག་ཐེངས་གཅིག་ཐོས་ཚེ་རྣ་བར་གཟེར།།
གཟན
http://www.youtube.com/watch?v=ZfOUuexrelE
དྲྭ་གྲོགས་ཚོ། སྐད་འདིར་་BON་་་SU་་་ཟེར་བ་དོན་གང་ཡིན་ནམ།
གངས་ལྗོངས་ཁུ་བྱུག་སྔོན་མོ་ལགས་ཀྱིས་བཏང་བའི་གླུ་སྙན་མོ་ཞིག་འདིར་འདུག། http://www.youtube.com/watch?v=hT18-dDopzM
ངས་གཞས་འདིའི་ནང་དོན་མ་གོ་ཐལ་་་་་གཞས་ཚིག་དེར་ཅིག་མཐོང་ན་འདོད་ཀི་་་་དྲིན་ཅན་ཚོས་འདིེ་བྲིས་ན་ང་འདྲ་བའི་རོང་རྒན་ཚོར་ཕན་གྱིན་འདུག
རྩམ་དགའ་ལགས། ཁྱེད་ཀྱི་རེ་འདོད་ལྟར་གཞས་ཚིག་འབྲོག་སྐད་ཇི་བཞིན་ཡིག་ཐོག་ཏུ་ཕབས་ཡོད།
ཁྱོད་ཁེས་ལུང་གོང་མའི་འབུད་དུས་ན།
རྟ་གྱོ་རྒྱ་མིན་ད་མ་ཤེས་ཐལ།
རྟ་གྱོ་རྒྱ་སྡེ་བ་ཡོད་ཀི་གདའ།
ཁྱོའི་གྱོ་གོམ་གི་རང་བཞིན་རེད།
ཁྱོད་ཁེས་ལུང་བར་མའི་འབུད་དུས་ན།
མགོ་ཝ་དམར་མིན་ད་མ་ཤེས་ཐལ།
མགོ་ཝ་དམར་སྡེ་བ་ཡོད་ཀི་གདའ།
ཁྱོའི་ཝ་དམར་མཚོ་ཁའི་ཝ་ཕྲུག་རེད།
ཁྱོད་ཁེས་ལུང་ཞོལ་མའི་འབུད་དུས་ན།
སྐེའི་གའུ་མིན་ད་མ་ཤེས་ཐལ།
སྐེའི་གའུ་སྡེ་བ་ཡོད་ཀི་གདའ།
ཁྱོའི་གའུ་ཉི་ཟླ་ཁ་འཕྲོད་རེད།
འདི་ནས་དྲ་གྲོགས་ཚོར་ཞུ་རྒྱུ་ལ་གླུ་བ་བདུད་བྷེ་བསྟད་ཐལ། བསྟད་ནས་དགུང་ལ་བཞག་སོང་། ཅི་ཙམ་བསྟད་ཀྱང་ཚོད་ཅིག་ཡོད་དགོས། དེ་མིན་གླུ་བ་གཞན་གྱི་སེམས་ལ་གནོད་འགྲོ། གནོད་སོང་ན་བོད་པ་ཚང་ལ་མི་བཟང་།
འདི་ན་གངས་ལྗོངས་ཁུ་བྱུག་སྔོན་མོའི་གསུངས་སྙན་རང་ཅག་གངས་ལྗོངས་ལ་ཕུལ་བ། http://www.youtube.com/watch?v=gcr4twP5iJk&feature=relmfu
http://www.youtube.com/watch?v=H9Qg7ScTTEs&feature=relmfu
བདུད་བྷེ་གླེང་བ།
༼བོད་ནང་གི་མདུད་པ་དགུའི་ཟིན་བྲིས་ལས་བཏུས༽
༡གླེང་གཞི་འདི་རྙེད་པ།
ན་གཞོན་གསར་བའི་དྲ་ཚིགས་སུ་དེ་རིང་རང་རེའི་བདུང་ལེན་མཁན་གྲགས་ཅན་བདུད་བྷེ་ལགས་ཀྱི་གཞས་ཤིག་ལ་ཉན་ཞོར་ཁོ་རང་གླེང་ན་ཞེས་པའི་སྐུལ་འབོད་ཀྱི་ཁ་བྱང་ཞིག་བཀོད་ཡོད་པ་དེར་དྲ་བདག་ཁོ་ལ་དམགས་ཡུལ་དང་དགོས་དོན་གཞན་དང་གཞན་པ་ཡོད་དུ་སྲིད་མོད། བྱེད་པོ་རང་ལ་ནི་འདི་བཞིན་བྲི་འདོད་ཀྱི་ཚོར་བ་ཞིག་བྱིན་པ་དང་གཅིག ང་ལ་བོད་ཅེས་པའི་མི་རིགས་ཤིག་གི་སྲོལ་རྒྱུན་གོམས་སྲོལ་རིག་གནས་དང་དེའི་མ་ལག་དང་བཅས་པ་ལ་ཚ་བེར་བེར་དང་འཁྱག་གྲང་གྲང་གི་དུངས་པ་དམིགས་བསལ་བ་ཞིག་ཡོད་པའི་རྐྱེན་དང་གཉིས། རང་ཡང་བདུད་བྷེའི་གླུ་སྐད་དང་འགྲོགས་ཏེ་མི་ཡུལ་དུ་ཡོང་ཞིང་བདུད་བྷེའི་གླུ་སྐད་ཀྱི་ཁྲོད་ནས་འཚར་ལོངས་བྱུང་བའི་སོ་སྐྱེས་ཚོར་བ་ཞིག་ཡིན་པ་དང་གསུམ་བཅས་མ་སྒྲིག་རང་འགྲིག་གི་མཐུན་རྐྱེན་ཞིག་གི་འོག་ནས་གླེང་གཞི་འདི་རྙེད་པ་རེད་ཅེས་རང་གིས་རང་ལ་གསལ་གདབ་པ་ཡིན།
༢བདུང་ལེན་པ་བདུད་བྷེ།
བདུད་བྷེ་ནི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་མི་རིགས་ཤིག་གི་ཚབ་མཚོན་རང་བཞིན་གྱི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་མི་རིགས་ཤིག་གི་སེམས་ཀྱི་སྤྲོ་བ་དང་གདོང་གི་སྐྱོ་བའི་དོད་དུ་གྱུར་བའི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་བདུང་ལེན་ཁོ་ནས་ཆུ་བཞི་སྒང་དྲུག་ལ་སྲོག་རིས་ཀྱིས་ཐིག་ལེ་བྲིས་པའི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་ཤེས་རྨོངས་ཀྱི་གྲོག་རོང་ཞིག་ནས་བདུང་ལེན་གྱི་བག་ཆགས་སད་དེ་སྒྱུ་རྩལ་གྱི་ལམ་བུ་དེད་པའི་བདུང་ལེན་པ་ཞིག་རེད། བདུད་བྷེ་ནི་བྱིས་དུས་ནས་བདུང་ལེན་སྒྱུ་རྩལ་གྱི་ལམ་ལ་གཞོལ་བ་ཞིག་སྟེ། ཁོ་རང་སློབ་ཆུང་འགྲིམས་སྐབས་སུ་ཁོ་ལ་རྭ་ཟེའུ་ལ་གྲོད་པུའི་ཁ་རྒྱན་ཅན་གྱི་པི་ཝང་ཞིག་ཡོད་པར་གྲགས་(ཁོའི་སློབ་གྲོགས་ཚོའི་ཁ་ནས་གོ།) ཐོག་མའི་གྲོད་པུའི་པི་ཝང་དེ་ལག་ཏུ་འཆིང་ཉིན་ནས་ད་ལྟའི་བར་དུ་ལས་དབང་གི་རི་མོ་པི་ཝང་ལ་བཅོལ་ཞིང་། སྐད་ངག་གི་འགྱུར་ཁུགས་པི་ཝང་དང་བསྡེབས་པའི་བདུད་བྷེས་ནི་བོད་མིའི་སེམས་ཁམས་སུ་མཛེས་སྡུག་དང་སྤྲོ་སྐྱིད་དུ་བདོག་པའི་གཟུགས་མེད་ཀྱི་ལོངས་སྤྱོད་གཏོས་ཆེ་བ་ཞིག་བསྐྲུན་པ་རེད་ཨང་། ཁོས་ད་ལྟའི་བར་དུ་སྒྲ་ཐག་དང་འོད་སྡེར་བརྒྱ་ཕྲག་ལྷག་པར་བསྐྲུན་འགྲེམ་སྤེལ་བྱས་ཏེ་གོ་ལའི་ཉིན་སྲིབ་གང་རུང་ལ་བཀྲམས་པ་དེས་བོད་ཀྱི་བདུང་ལེན་ལས་རིགས་སྟེང་དུ་བསུབ་མེད་ཀྱི་རྡོ་རིང་ཞིག་བསླངས་ཡོད་ལ། བོད་ཅེས་པའི་མི་རིགས་ཉམ་ཆུང་ཞིག་བདུང་ལེན་གྱི་ལམ་ནས་འཇིག་རྟེན་གཞན་ལ་ངོ་སྤྲད་ཡོད་པ་རེད། ད་ནི་བདུད་བྷེའི་བདུང་ལེན་གྱིས་བོད་ཀྱི་སྤྱི་ཚོགས་དང་འཚོ་གནས་ལ་སྣེ་ཁྲིད་དང་སྐུལ་འདེད། ཡིད་ཆེས་དང་སྤྲོ་སྣང་བཅས་ཀྱི་ནུས་པ་བླ་ལྷག་གིས་ཐོན་པའི་སྐོར་བྱེ་བྲག་གིས་བྲི་ན། ཁོས་དམའ་བ་དུད་འགྲོའི་ལས་དབང་ནས་མཐོ་བ་དཔོན་པོའི་བདེ་སྡུག་བར་གྱི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་ཚང་མ་བདུང་ལེན་གྱི་ལམ་ནས་ང་ཚོའི་མངོན་སུམ་འཚོ་བའི་ཁྲོད་གཟུགས་མེད་ཀྱི་རི་མོ་ལྟར་བྲིས་ཡོད་དེ། དང་། ་སོགས་དམངས་མི་ཕལ་བ་དག་གི་བྱུང་འདུས་ཀྱི་སྣང་བརྙན་མ་ལུས་གླུ་རུ་གྱེར་བ་དེས་སྤྱི་ཚོགས་ཀྱི་གྲལ་རིམ་དམའ་ཤོས་ན་ཡོད་པའི་མི་རྐྱང་དང་ཇག་པ་ཚོའི་ནམ་ཡང་ཀྱག་ཀྱོག་དང་འགལ་འདུས་གྲུབ་པའི་ལས་དབང་ལ་གོ་བ་ཐེངས་གཅིག་ལོན་པ་དེས་ང་ཚོས་རང་གི་འཚོ་གནས་དང་མི་ཚེའི་དམིགས་འདུད་ལ་ངེས་ཤེས་ཟབ་མོ་བསྐྱེད་ཐུབ་ཡོད་པ་རེད། དེ་མིན་དང་སོགས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཐ་དག་ཕྱི་ངག་ནས་བཟློ་མི་ཐུབ་པའི་ཉམ་ཆུང་དུད་འགྲོ་དག་གི་ཚབ་ཏུ་བླངས་པའི་བདུང་ལེན་དེ་རིགས་ཀྱིས་ང་ཚོར་མི་དང་རང་བྱུང་ཁམས་བར་དང་མི་དང་དུད་འགྲོའི་བར་དུ་འཆམ་མཐུན་དང་རྒྱུ་འབྲས་ཀྱི་འཚོ་བ་ཞིག་བཞེངས་ཡོད་པ་རེད།
བླ་མ་གུང་ཐང་ཚང་གི་དབང་བསྟོད་དང་རྗེ་བཙུན་ཡོན་ཏན་བཟང་བོའི་གདམས་གླུ།
སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་བསླབ་བྱ་སོགས་བདུང་ལེན་གྱི་དབྱངས་རྟར་བསྐྱོན་ཏེ་སྙིང་ཁམས་ཆོས་ཀྱིས་སིམ་པའི་བོད་མི་ཡིག་རྨོངས་པ་དག་ལ་ཆོས་ལུགས་ཀྱི་ཆེ་བ་དང་
བསླབ་བྱའི་དམིགས་ཚད། གདམས་ངག་གི་ནང་དོན་སོགས་སྒྲ་དག་གསལ་གསུམ་གྱི་ལམ་ནས་བསྟན་པས་ཁོ་ཚོར་དད་པའི་སྤུ་ལོང་ཀུན་ནས་གཡོ་རུ་འཇུག་མྱོང་། གཞས་དུ་ན་ཁོའི་དང་ སོགས་ཀྱིས་མིའི་གཉུག་གཤིས་ན་བག་ལ་ཉལ་བའི་བརྩེ་བ་དྭངས་མ་དེ་སྤྲོ་སྣང་གིས་དཀྲོགས་ནས་བདེ་སྣང་གི་དབྱིངས་སུ་འཕུར་དུ་བཅུག་པ་སོགས་ཀྱིས་འཇིག་རྟེན་ལ་བདུད་བྷེ་ཟེར་བའི་བདུང་ལེན་པ་ཞིག་བྱུང་བ་མཚོན་ལ་བདུད་བྷེ་ནི་འཇིག་རྟེན་ནས་བདུང་ལེན་གྱི་འཚོ་བ་རོལ་བའི་མི་ཞིག་ཡིན་པ་ར་སྤྲོད་ཐུབ་པོ།།
༣རང་བྱུང་ཁམས་ཆེན་པོ་དང་བདུད་བྷེའི་གླུ་སྐད།
བདུད་བྷེའི་ཕ་ཡུལ་སྟེ་མདོ་སྨད་ཁྲོ་ཁོའི་མུ་མེད་པའི་རྩྭ་ཐང་དང་མུ་མེད་པའི་ནམ་མཁའ།
ད་དུང་གྲངས་ཀྱིས་སྟོང་བའི་རྟ་ནོར་ལུག་གསུམ། དྭངས་གཙང་གི་རི་གླུའི་གསེབ་ན་འཇིག་རྟེན་གྱི་སྣང་བ་སྐྱིད་ལ་སྐུར་བའི་ཕྱུགས་རྫི་ཕོ་མོ། ས་སྲོད་དང་ཞོགས་པ་གང་རུང་ལ་གནམ་སའི་བར་སྟོང་ན་ང་རྒྱལ་གྱིས་འཕྱོ་བའི་སྒོ་ཁྱིའི་ཟུག་སྐད། དེ་དག་ནི་ཁོའི་ལྷད་མེད་ཀྱི་མི་ཚི་ལ་མཛེས་སྡུག་གི་ལམ་བྲོ་སྒྲིག་སའི་ཕ་ཡུལ་ཡིན་ལ། ཁོའི་རང་བྱུང་གི་གླུ་སྐད་ལ་དྲུག་འགྱུར་གྱི་ཚེ་སྲོག་སྟེར་བའི་མ་ཡུམ་ཅིང་ཡིན་པ་རེད། བདུད་བྷེ་དེ་ལྟར་མུ་མེད་པའི་རང་བྱུང་ཁམས་ཆེན་པོ་ཞིག་ནས་འཚར་ལོང་བྱུང་བ་ཇི་བཞིན་བདུད་བྷེའི་གླུ་སྐད་ཅིང་མུ་མེད་པའི་རང་བྱུང་ཁམས་ཆེན་པོ་ཞིག་དང་འབྲེལ་ནས་བྱུང་བ་ཞིག་སྟེ། ཁོའི་མ་བཅོས་རང་བྱུང་གི་གདངས་དབྱངས་སྙན་མོ་དེས་གནམ་ས་རྒྱབ་ལྗོངས་བྱས་ཏེ་སྙན་འཇེབས་ཀྱི་གཞུང་རྟ་རང་བྱུང་གི་རླུང་བུ་ལ་སྐུར་ཚེ་ཁོའི་མཐའ་འཁོར་གྱི་སྲོག་ཐོགས་ཚོ་སྙན་པའི་ལོངས་སྤྱོད་ཀྱིས་སྨྱོས་ཤིང་སྤྲོ་དགའི་དཔལ་ཡོན་གྱིས་བཟི་བ་ཐེངས་གཅིག་ག་ལ་ཡིན། བས་མཐའི་ལུང་ཀྱོག་རེ་ན་ཁེར་རྐྱང་གི་མགོ་བོ་སློག་ཧྲུལ་གྱིས་བཏུམ་པའི་བོད་མི་ཚོ་ལ་ཉིན་མོའི་ངལ་དུབ་དང་མཚན་མོའི་སྐྱོ་བ་སེལ་བྱེད་ཀྱི་རང་བྱུང་ཁམས་ཀྱི་པང་ན་ལྷང་ལྷང་གིས་འཇོ་བའི་བདུད་བྷེའི་གླུ་སྐད་ལས་གཞན་ཅི་ཡང་མི་འདུག ཡུལ་དང་མི་རིགས་གཞན་དང་གཞན་པའི་གླུ་བ་ཚོ་ལྟར་མགྲིན་པའི་ནང་ཤུན་གྱི་འགག་རྩ་བཅོས་པ་དང་རྫས་འགྱུར་དང་བསྲེ་ལྷད་ཀྱི་སྨན་སྣ་མང་བོ་ལོ་ཟླ་ཞག་མཐུད་དུ་འཐུང་བ་དང་། སྐད་ཕྲ་བུར་བཅོས་པ་དང་སྦོམ་པོར་གཏོང་བ་སོགས་བཟོད་བསྲན་ལས་བརྒལ་བའི་སྡུག་རུས་བརྒྱབ་སྟེ་གླུ་བའི་གར་སྟེགས་སུ་བཙན་གྱིས་འཚང་བ་ཚོ་དང་ཡེ་མི་འདྲ་བ་ཞིག་དང་། དེང་དུས་རང་རེའི་ཁོར་ཡུག་ན་འདི་སྒྲུབ་དེ་སྒྲུབ་ཀྱི་ལས་ཀ་གཏན་འཁེལ་བ་ཞིག་མེད་པ་དང་འདི་ཤེས་དེ་ཤེས་ཀྱི་ཡི་གེ་གཅིག་ཆོད་པ་ཞིག་མེད་པའི་མི་ལྷག་མ་དག་གི་གྲས་ནས་མིད་པའི་ནང་ལ་ཁྲོག་སྒྲ་ཙམ་ཞིག་གྲག་པ་ཚུན་པོར་གླུ་བའི་བསྙད་བཏགས་ཏེ་བོད་ཀྱི་སྤྱི་ཚོགས་ནི་གླུ་བའི་སྤྱི་ཚོགས་ཤིག་དང་བོད་ཀྱི་མི་རྒྱུད་ནི་གླུ་བའི་མི་རྒྱུད་ཅིག་ཏུ་གཏོང་གི་ཡོད་པའི་སྣང་ལ་མ་ངེས་པའི་མཁའ་དབུགས་འདི་ལས་རིང་ཙམ་འགོངས་པ་ཞིག་སྟེ། མདོར་ན་གང་དང་ཡང་མི་མཚུངས་ལ་གང་གིས་ཀྱང་མི་མཚོན་པའི་གཉུག་མ་རང་བྱུང་གི་གདངས་དབྱངས་ཟབ་མོ་དེ་ནི་བདུད་བྷེའི་གླུ་སྐད་རེད།
༤བདུད་བྷེ་གླེང་མ་ཚར།
འདི་ནས་བྱེད་པོ་སྒེར་གྱི་འདོད་པ་ཐལ་རྐྱང་བ་དེ་ལ་ཡི་གེ་འཁྱོག་པོས་ཁ་ཚར་སྣ་ཚར་ཙམ་བཏགས་པས་བདུད་བྷེ་གླེང་ཚར་བ་མིན་ལ། འདི་ནས་སོ་སྐྱེས་ཕལ་བའི་མཐོང་བ་སྣང་ཡན་མ་དེ་ལ་རང་གོ་ཆིག་ཆོད་ཀྱི་བརྡ་རྟགས་ཙམ་བཀོད་པས་བདུད་བྷེ་གླེང་ཚར་བ་གཏན་ནས་མིན། འདི་ནས་སྐྱ་བྲིས་དང་ཟླ་ཞུན་ཙམ་ཁྱིམ་ལ་བཏབ་པས་བདུད་བྷེ་གླེང་ཚར་བ་མིན་ལ།
འདི་ནས་ཚོགས་གཏམ་དང་འུར་བསྒྲགས་ཙམ་དབྱངས་ལ་སྐུར་བས་བདུད་བྷེ་གླེང་ཚར་བ་ཡང་མ་ཡིན། འདི་ནི་བདུད་བྷེ་གླེང་འདོད་ཀྱི་སྔོན་འགྲོའི་ཡིད་འབྱུང་ཙམ་སྟེ།
བདུད་བྷེ་ད་རུང་གླེང་ཚར་མེད།
མཆན་གྲོགས་རྡོ་རྗེ་རྒྱལ་མཚན་ནས་གླུ་བ་བདུད་བྷེ་གླེང་བ་དོན་བཟང་ཞིག་རེད། འོན་ཀྱང་དེ་དང་མཉམ་དུ་ཁྱེད་ཀྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པའི་དག་ཆའི་སྐོར་ལའང་ཅུང་གཟབ་དགོས་སྙམ། དཔེར་ན། ཁྱེད་ཀྱིས་རྡུང་ལེན་ཡོངས་རྫོགས་ལ་བདུང་ལེན་ཞེས་བྲིས་འདུག་པ་འདི་ནོར་བ་ལས་དགོས་པ་གཞན་ཞིག་མེད་སྟབས་རྗེས་ཕྱོགས་ནས་འདི་འདྲའི་རིགས་ལ་མཉམ་འཇོག་བྱེད་འཚལ།
བོད་གངས་ཅན་གྱི་གླུ་བའི་ཡང་རྩེ་བདུད་བྷེའི་སྐད་ངག་དང་ལྷག་པར་ཁོའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་གི་སྒྲ་ཐག་དེ་འདྲ་ཁྱད་ཆོས་ཅན་དང་སྒྱུ་རྩལ་གྱི་ཕྱུག་པ་དེང་སང་སྐད་ངག་བཙིར་མཁན་ཚོའི་ནང་དུ་ཡོང་རྒྱུ་མེད་པ་རེད།
ལོ་རབས་བརྒྱད་བཅུ་བའི་རྡུང་ལེན་པ་བདུད་བྷེ་དང་རྡོ་རེ་སོགས་ཀྱི་དྲིན་ལས་ད་སྐབས་ཀྱི་གླུ་བ་གླུ་མ་དག་ལ་མིང་གྲགས་ཅུང་ཐོབ་ཀྱིན་པ་མིན་ནམ། དཔེར་ན་ བོད་ནང་གི་གཞས་པ་ཤེལ་བསྟན་དང་ཀུན་དགའ་ཚེ་དབང་ལྷ་མོ། བཙན་བྱོལ་ནང་གི་བློ་བཟང་བདེ་ལེགས་སོགས། དཔེ་མཚོན་གྱི་ཚིག་གདངས་ཁ་ཤས་ཤིག་བཤད་ན། ཤེལ་བསྟན་གྱི་མཐུན་སྒྲིལ་གྱི་རང་སྒྲའི་གདངས་དང་ཚེ་དབང་ལྷ་མོའི་གསེར་སེར་བོའི་གོང་ན་གསེར་ཞིག་ཡོད་ཅེས་པའི་གདངས། ཀུན་དགའི་བུ་མོ་ཚེ་རིང་མཚོའི་ཚིག་དང་གདངས་གཉིས་ཆ་དང་བློ་བཟང་བདེ་ལེགས་ཀྱི་བསྟན་འཛིན་སྒྲོལ་མའི་གདངས་སོགས་མང་དག་ཅིག་འདུག་མོད་འདི་ནི་དཔེ་མཚོན་ཉུང་ཤོས་ཤིག་ཡིན། འདི་དག་ནི་ལོ་རབས་བརྒྱད་བཅུ་བའི་ནང་ཚིག་གདངས་རྡུང་ལེན་པ་རང་གིས་བརྩམ་པའམ་ཡང་ན་ཚིག་གདངས་རྩོམ་མཁན་རྒན་པ་ཁ་ཤས་ཤིག་གི་དྲིན་ལས་བྱུང་བ་རེད། བསྐྱར་ལེན་ལ་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་མོད། བོད་ཀྱི་དེང་གི་གླུ་བ་གླུ་མ་མང་དག་ཅིག་ལ་རྐུན་མ་རྐུ་བའི་ལུགས་དེ་མ་དག་རྒྱུན་འབྱམས་སུ་ཡོད་པ་དེ་ངེས་པར་དུ་བཅོས་དགོས།
འཛམ་གླིང་གི་ཡང་ནས
གངས་ལྗོངས་ཀྱི་གྲུ་ཟུར་རེ་ན་
ཁུ་བྱུག་སྔོན་མོ་ལྷང་ལྷང་གྲགས་
ས་མཐའ་སེམས་ལ་གསོན་རེ་ཞིག།
གངས་ཅན་གླུ་བ་བདུད་བྷེ་མཆོག་ཕྱོགས་ཀུན་ནས་འདྲ་ཡ་མི་འདུག་་་་་་་ཁུ་བྱུག་རང་རེད།
བདུད་བྷེ
ཁྱེད་ཀྱི་སྐད་ངག་གི་སྐུད་པར་རྒྱུ་བའི་བདག་གི་ཚེ་སྲོག་གི་ཕྲེང་རྡོག་གསུམ།།
སྤྱང་ཕྲུག
ཕ་ཡུལ་ལ་ཁ་དོག་ཅིག་ཡོད་རབས་བཤད།།
ཁ་དོག་དེ།
བྱིས་པ་ཚོའི་མཛེས་འཛིན་གྱི་ལྕེ་ལ་ཞིམ་བའི་ཀ་ར་ཞིག་ཡིན་སྐད།།
ཀ་ར་དེ་ངའི་ཆུང་དུས་ཀྱི་ལོ་ཟླ་ལ་འབྱར་བའི་རོལ་དབྱངས་ཤིག་ཡིན།
རྩྭ་ཐང་ལ་མཛེས་སྡུག་ཅིག་ཡོད་པར་གླེང་།
མཛེས་སྡུག་དེ།
གཞོན་ནུ་ཚོའི་ཤེས་རྟོགས་ཀྱི་མིག་ལ་འཁྱིལ་བའི་མཚོ་མོ་ཞིག་ཡིན་ཚོད།།
མཚོ་མོ་དེ་ངའི་དར་དུས་ཀྱི་ལང་ཚོ་བརླན་པའི་གླུ་དབྱངས་ཤིག་ཡིན།།
གངས་རི་ལ་རྔམ་བརྗིད་ཅིག་ཡོད་རབས་བརྗོད།རྔམ་བརྗིད་དེ།
ལོ་ལོན་ཚོའི་སེམས་ལ་ཐོགས་པའི་དྲན་གདུང་ཞིག་ཡིན་སྐད།
དྲན་གདུང་དེ་ང་རྒས་དུས་ཀྱི་ལོ་ཟླར་འཁེན་པའི་གླུ་བ་ཞིག་ཡིན།།
ཁྲོ་ཁོའི་བདུད་འདུལ་རྡོ་རྗེའམ་བདུད་བྷེ་གྲོངས་པ་ཐོས་རྗེས་ཁོ་ལ་མྱ་ངན་ཞུ་ཚིག་ཏུ་ཕུལ།
ཕྱི་ལོ ༢༠༡༦ ཟླ་བ ༢ ཚེས་༡༨ དགོང་མོའི་དུས་ཚོད ༩:༠༠ སྐར་མ ༩