གནས་ཚུལ་མཁོ་སྤྲོད་པ་རྫ་ཚེ་རིང་བཀྲ་ཤིས།
འདི་ ལོའི་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྫ་དྲེལ་དཀར་དགོན་གྱི་ སྤྲུལ་སྐུ་ཚེ་རིང་ནས་གཙོ་བོའི་སྦྱིན་བདག་དང་། དྲེལ་དཀར་སྡེ་དགོན་སྤྱི་དང་ཁྱད་དྲེལ་དཀར་བཤད་གྲྭའི་མཁན་སློབ་ཐུན་མོང་ནས་གྲ་ སྒྲིག་གི་འགན་འཁུར་གནང་ཐོག་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་ པས་གཙོ་བོའི་གཟིགས་སྐྱོང་བཅས་ཀྱི་འོག ཟབ་རྒྱས་ངང་རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་འཚོགས།
དེ་ ཡང་སྤྱི་ལོ་༢༠༡༡སྤྱི་ཟླ་༨པའི་ཚེས་༢ཉིན་ནས་ཉིན་ལྔའི་རིང་འཚོགས་བཞིན་ཡོད་པ་ དང་། ཚོགས་འདུ་དེར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ ཁྲིམས་བློ་གྲོས། རྫ་སེལ་ཤུལ་དགོན་གྱི་ཁྲི་པ་སྙན་གྲགས་ཆེ་བའི་དགེ་བཤེས་ལྷ་རམས་པ་ཆེན་པོ་འཇམ་ དཔལ་བློ་ཤེར། རྫོགས་ཆེན་ཤྲི་སེང་ཧའི་མཁན་ཆེན་ཁྲི་འཛིན་མཁན་པོ་ཨ་ཆོས། ར་རྒྱ་ཤེས་རིག་ནོར་གླིང་གི་གླིང་གཙོ་འཇིགས་མེད་རྒྱལ་མཚན་མཆོག རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་དར་རྒྱས་དང་གླིང་བླ་རིན་པོ་ཆེ། རྒྱལ་རོང་ནམ་སྤྲུལ་རིན་པོ་ཆེ། མཁར་ནང་སོ་དགོན་པའི་དགེ་བཤེས་ལྷ་རམས་པ་བསོད་ནམས་བཟང་པོ། ཀ་བཞི་རོང་ཊིག་པ། གཙང་རིག་སྐལ་བཟང་རྣམ་འདྲེན། བྲག་མགོ་དགེ་བཤེས་བསོད་ནམས། རྫ་ཨ རིག་བཤད་གྲའི་མཁན་པོ་འཇམ་དཔལ་རྡོ་རྗེ། དགེ་མང་མཁན་སྤྲུལ་དོན་གཉིས། ལྕང་མ་མཁན་པོ་མཐུ་སྟོབས། རྨེ་བ་མཁན་པོ་ཀླུ་ཕྱུག་སོགས་ཕྱོགས་སོ་སོ་ནས་མཁན་པོ་དང་དགེ་བཤེས་རིགས་པ་སྨྲ་ བ་བཅས་ཀྱི་མཚན་གནས་མངའ་བ་སུམ་བརྒྱར་ཉེ་བ་ཙམ་ཕེབས་ཡོད་ཅིང་། བགྲོ་གླེང་གི་དུས་ཚོད་ཆ་བགོས་ཀྱིས་མཁས་པ་སོ་སོས་ཆུ་ཚོད་སྐར་མ་བཅོ་ལྔ་བགྲོ་ གླེང་དང་དེ་ནས་དྲི་བ་དྲིས་ལན་གྱི་དུས་ཚོད་སྐར་མ་ཉི་ཤུ་རྩ་ལྔ་རེ་ལ་གནང་ཡོད། ཚོགས་འདུའི་སྟེང་ཐོག་མར་སེར་ཤུལ་ཁྲི་པ་ལྷ་རམས་པ་འཇམ་དཔལ་བློ་ཤེལ་ནས་རིགས་ པའི་ལམ་ནས་སྟོན་པ་ཚད་མར་སྒྲུབ་པ་ཞེས་པའི་སྐོར་གྱི་གསུང་བཤད་དང་། དེ་རྗེས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ བདག་སྐྱོང་བྱ་ཚུལ་གྱི་གསུང་བཤད།
རྫོགས་ ཆེན་མཁན་ཆེན་ཁྲི་པ་ཨ་ཆོས་ནས་སྤྱོད་ལམ་འདུལ་བ་དང་མཐུན་པ། ཉམས་ལེན་བྱང་སེམས་དང་མཐུན་པ་ཞེས་པའི་ཐོག་ལ་གསུང་བཤད། ར་རྒྱ་འཇིགས་མེད་རྒྱལ་མཚན་ནས་སྤྱི་ཚོགས་ཀྱི་སློབ་གསོའི་སྐོར་གྱི་གཏམ་བཤད། རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་དར་རྒྱས་ནས་དགོན་པའི་ལམ་ལུགས་རབ་བྱུང་གི་སྡེ་ དངོས་གཙང་དུ་བསྒྱུར་རྒྱུའི་སྐོར་གྱི་གསུང་བཤད། མཁར་ནང་དགེ་བཤེས་ཀྱིས་ཚེ་སྲོག་གི་རིན་ཐང་གླེང་པའམ་མི་ཚེ་ཐར་དུ་གཏོང་བ་ཞེས་ པའི་བརྗོད་གཞི་ལས་བརྩམས་པའི་གཏམ་བཤད། བླ་རུང་མཁན་པོ་གང་བསམ་ལྷུན་གྲུབ་ནས་རྒྱལ་སྤྱིའི་འབུམ་རམས་པ་ཆེན་པོ་བློ་བཟང་ སེང་གེས་བཏོན་པའི་ཆིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་གྱི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་ཐོག་ལ་གསུང་བཤད། སེར་ཤུལ་དགེ་བཤེས་ཐོས་བསམ་ནས་བོད་ཀྱི་ཆོས་དང་རིག་གཞུང་གོང་འཕེལ་གཏོང་ཐབས་ སམ་ཅི་ཐུབ་གང་ཐུབ་ཅེས་པའི་ཐོག་ལ་གསུང་བཤད། གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས་བོད་སྐད་གཅིག་གྱུར་དང་ལོ་སར་དུས་སྟོན་ གཅིག་གྱུར་ཡོང་དགོས་པ་ཞེས་པའི་ཐོག་ལ་གསུང་བཤད། དབོན་པོའི་རྒན་དགྲ་བླ་ལགས་ཀྱིས་མི་རྩ་གཞན་འགྱུར་གྱི་ཉེན་ཁའམ་བོད་མིའི་དྲང་ བདེན་གྱི་རང་གཤིས་ཉམས་རྒུད་དུ་འགྱུར་བཞིན་པ་ལས་སྐྱོབ་ཐབས་ཞེས་པའི་ཐོག་ལ་ གསུང་བཤད།
དྲེལ་ དཀར་མཁན་པོ་བློ་ཤེར་ནས་དུས་རབས་དང་མཐུན་པའི་དགོན་སྡེའི་ཁ་ཕྱོགས་ཅེས་པའི་ ཐོག་ལ་གསུང་བཤད། བླ་རུང་མཁན་པོ་ཆོས་ཐོ་ནས་དགེ་འདུན་པའི་མནབ་བཟའ་གཅིག་གྱུར་དགོས་པ་དང་དམར་ཟས་ སྤོང་དགོས་པའི་སྐོར་གྱི་གསུང་བཤད། ཀ་བཞི་རོང་ཊིག་པས་མི་རིགས་ནི་ཆོས་ལུགས་ཀྱི་ཞིང་ས་ལྟ་བུ་ཡིན་པས་མི་རིགས་ཆོས་ ལུགས་ལས་ཀྱང་གལ་ཆེ་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད།
བླ་ རུང་མཁན་པོ་བརྩོན་འགྲུས་མཐར་ཕྱིན་ནས་མི་མང་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་ སྟངས་ཞེས་པའི་ཐོག་ལ་གཏམ་བཤད། བླ་རུ་མཁན་པོ་རིག་རྔ་ནས་དགེ་འདུན་པས་དམར་ཟས་ངེས་པར་དུ་སྤོང་དགོས་པ་ཞེས་པའི་ ཐོག་ལ་གསུང་བཤད། བྲག་མགོ་དགེ་བཤེས་བསོད་ནམས་ནས་འགྲོ་བ་མིའི་ཀུན་སྤྱོད་ཡར་རྒྱས་གཏོང་ཕྱོགས་ ཀྱི་སྐོར་ཞེས་པའི་གཏམ་བཤད། དྲེལ་དཀར་མཁན་པོ་ཆོས་དགས་མཁས་པའི་ལྷན་ཚོགས་ཀྱི་དགེ་སྐྱོན་གླེང་བ་ཞེས་པའི་ བརྗོད་གཞིའི་ཐོག་ལ་གསུང་བཤད། རྨེ་བ་མཁན་པོ་ཀླུ་ཕྱུག་ནས་ཧི་མ་ལའི་རིག་མཛོད་ཆེན་མོ་བསྡུ་སྒྲིག་བྱེད་ཕྱོགས་ ཀྱི་སྐོར་ཞེས་པའི་ཐོག་ལ་གསུང་བཤད་གནང་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ནས་བཅུ་མཚན་མོ་ཆུ་ཚོད་བཅུ་པའི་བར་ཐུན་མོང་ གླེང་སྟེགས་ཞེས་པའི་སྟིངས་འཛིན་དམིགས་བསལ་མེད་པའི་རང་མོས་ཀྱི་བགྲོ་གླེང་ གནང་གིན་ཡོད་པ་དང་། དེ་ཡང་ཚེས་གཉིས་ནས་ཚེས་བདུན་གྱི་བར་ཉིན་ལྔའི་རིང་ལ་བགྲོ་གླེང་གནང་རྒྱུ་ཡིན་ པ་དང་། ཉིན་བཞི་པ་ལ་གྲུབ་མཐའ་ཁག་སོ་སོའི་དབུ་མའི་ལྟ་གྲུབ་ཀྱི་འཛིན་མཚམས་སྐོར་ལ་ བགྲོ་གླེང་གནང་རྒྱུ་སོགས་ཀྱི་བགྲོ་གླེང་གི་ལས་རིམ་མུ་མཐུད་འགྲོ་བཞིན་པ་རེད་ འདུག གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་པའི་ངོས་ནས་ཀྱང་ཐེངས་འདིའི་ གངས་ལྗོངས་མཁས་པའི་ལྷན་ཚོགས་ནི་གངས་ལྗོངས་མཁས་པའི་ལྷན་ཚོགས་དབུ་ཚུགས་ནས་ད་ བར་ཐེངས་བརྒྱད་ཀྱི་རིང་གི་རིས་མེད་ཀྱི་མཁས་པའི་འདུ་འཛོམ་རྒྱ་ཆ་ཤོས་དང་བཀོད་ སྒྲིག་ཚགས་ཚུད་ཤོས། སྣེ་ལེན་སེམས་ཐག་ཉེ་ཤོས་སུ་གྱུར་ཡོད་པའི་ཞལ་བཞེས་ཀྱི་གསུང་བཤད་ཀྱང་གནང་ཡོད་ འདུག ཚོགས་འདུ་འཚོགས་ནས་ད་བར་ཉིན་བཞིའི་རིང་ཆོས་དང་རིག་གཞུང་མི་རིགས་དང་སྐད་ཡིག་ སོགས་ཀྱི་སྐོར་ལ་ཧ་ཅང་གཞི་རྒྱ་ཆེ་བའི་གོ་བསྡུར་དང་བགྲོ་གླེང་གནང་བཞིན་ཡོད་ པ་དང་། དེ་ཡང་གཙོ་ཆེ་བའི་ཆ་ནས་སྤྱིའི་བཀའ་མོལ་མང་ཤོས་ཤིག་མཐུན་སྒྲིལ་དང་རིས་མེད་ དཀར་ཟས་རང་ལུགས་སོགས་ཀྱི་སྟེང་བྱུང་ཡོད་པ་དང་། དེ་ཡང་ཆོལ་ཁ་རིས་མེད་དང་ཆོས་ལུགས་རིས་མེད། ཆོལ་ཁ་དང་ཆོས་ལུགས་མཐུན་སྒྲིལ་ཞེས་པ་གཉིས་ཀྱི་ཐོག་གནས་གཙོ་བོར་བཀའ་མོལ་གནང་ འདུག
བགྲོ་གླེང་ནི་ད་དུང་མུ་མཐུད་དེ་འགྲོ་བཞིན་འདུག
ལགས་སོ། ཡག་པོ་རེད་ལོ།
ཐུགས་རྗེ་ཆེ། མུ་མཐུད་དུ་རྒྱུན་སྐྱོངས་གནང་གལ་ཆེ
ལས་གཞི་དཔེ་མི་སྲིད་པའི་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད།
མདུན་གྱི་ཁ་ཨ་ར་ཅན་་་སོ་དྲི་འཚུབ་བེ་་་དེ་ནས་རིས་མེད་དང་རིས་མེད་བཤད་ཀྱིན་བཤད་ཀྱིན། རྒྱབ་ཀྱི་རྐུབ་རྩིད་པ་ཅན་་་སྐྱག་དྲི་འཚུབ་བེ་་་དེ་ནས་ང་བཟང་ཁྱོད་ངན་གྱི་ནང་འཁྲུག་རྐྱང་རྐྱང་བཟོ་མཁན་གྱི་གངས་ལྗོངས་མཁས་པའི་ལྷན་ཚོགས་ཡིན་གྱི་རེད།
རྫ་བཀྲ་ཤིས་ཚེ་རིང་མཆོག་གིས། འདི་ལོའི་གངས་ལྗོངས་མཁས་པའི་ལྷན་ཚོགས་དེ་རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་ཚོགས་པའི་གནས་ཚུལ་བཟང་པོ་བཀོད་པར་ཡིད་སྤྲོ་བརྟས།
བཀྲ་ཤིས་ཀྱི་རི་མོས་སྤྲས་པའི་གཙུག་ལག་ཁང་གི་མདུན་དུ། ཞི་ཞིང་དུལ་བའི་དགེ་འདུན་གྱི་འདྲ་སྤར་མཇལ་བས་ཀྱང་བོད་ཀྱི་རིང་གཞུང་གོང་འཕེལ་མཛད་པར་རྗེས་སུ་ཡི་རང་གི་འདབ་བརྒྱ་པ་རྣམ་པར་བཞད་པའི་རྒྱུ་རུ་ངེས་པ་ཞིག་ཏུ་མཆིས།
དཔལ་བསམ་ཡས་སུ་མཁན་སློབ་ཆོས་གསུམ་གྱིས་གཞི་བཏིངས་པའི་ཆོས་དང་རིག་གཞུང་རྟ་བདུན་དབང་པོའི་་འོད་ཟེར། བོད་དང་་བོད་ཆེན་པོའི་གངས་་ལྗོངས་མཁའ་དབྱིངས་སུ། འཕྲོས་དང་འཕྲོ་་དང་འཕྲོ་བར་འགྱུར་བ་ལ་་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱིས་རམ་འདེགས་བཟང་པོ་མཛད་ཐུབ་པར་གུས་པས་ཡིད་སྨོན་ཞུའོ།
ཁ་བརྡའི་དྲ་བདག་མཆོག་ལ་ཞུ་རྒྱུ།
ཕྲན་གྱིིས་རྩོམ་ཡིག་ཅིག་བསྐུར་ནས་ཉིན་ཤས་ཕྱིན་རུང་ད་དུང་དྲ་སྟེང་ན་བཀོད་མི་འདུག
ཁྱེད་རྣམ་པར་འབྱོར་མིན་གྱི་ལན་ཞིག་གནང་རོགས་ཞུ།
ངོ་མ་དགའ་སོང་། ཐུགས་རྗེ་ཆེ།
ད་ཡང་ཚུལ་ཁྲིམས་བློ་གྲོས་དེར་ཡོང་ནས་ཆབ་སྲིད་འཁྲབ་ངེས་རེད། ཉེ་སྔོན་མཁན་པོ་ཨ་ཁྱུག་སྐུ་གྲོངས་མ་ཐག་ཚུལ་ཁྲིམས་བློ་གྲོས་ཡ་ཆེན་སྒར་དུ་སླེབས་ནས། ད་ནས་ཁོང་གིས་གསེར་རྟ་བླ་རུང་སྒར་དང་ཁྱད་མེད་དུ་སྒར་འདི་ལ་གཟིགས་སྐྱོང་གནང་གི་ཡིན་ཞེས་བཤད་འདུག་ཟེར། ཁོང་ནི་ངོ་མ་གོ་སྐབས་འཛིན་ཐུབ་པའི་ཆབ་སྲིད་པ་ངོ་མ་ཞིག་རེད། སྒར་འདིའི་བདག་པོའང་ངས་བྱེད་དགོས་ཟེར་བ་རེད། ཨ་ཁྱུག་སྒར་གྱིས་དེ་ལ་ངོས་ལེན་བྱེད་ངེས་རེད་དམ། སྒར་ཆེན་འདིའི་ནང་རང་ཚུགས་འཛིན་ཐུབ་མཁན་ཡོད་ངེས་པས་ལས་སླ་པོས་འདིའི་དགོན་བདག་བྱེད་ཆོག་ཆོག་ཡོད་མེད་མི་ཤེས།
གངས་ལྗོངས་བོན་གྱི་མཁས་དབང་གཅིག་ཀྱང་གདན་འདྲེན་བྱས་མི་འདུག་པས་སེམས་ཕམ་ཡོད། ནམ་མཁའི་ནོར་བུའི་སློབ་ཕྲུག་རྫ་ཚེ་བཀྲས་ཁྱོད་རང་དགོན་པ་ཁྱབ་བསྒྲགས་བྱས་པ་ཡག་པོ་རེད། །ཐེངས་བརྒྱད་རིང་ཚོགས་བཤད་རྣམས་ཕྱོགས་སྡོམ་འདྲ་ཡིན་མ་གཏོགས་མིང་ཆེན་འགའ་རེ་ཕྱོགས་གཞན་ནས་བགྲོ་གླེང་བཤད་འདུག་ཟེར་བཞག་སྤྲུལ་པ་སྟོན་ཀྱིན་ཡོད་པ་འདྲ། ཧ ཧ
དྲ་གྲོགས་ Bonpo དང་། བོན་ལགས། སྤྱིར་བོད་རྒྱུད་ནང་པའི་ཆོས་ལུགས་ཕན་ཚུན་དབར་རིས་མེད་དམ་ཀུན་ཁྱབ་ཀྱི་བལྟ་རྒྱ་དང་སེམས་ཁུར་དགོས་པ་ཤིན་ཏུ་གལ་ཆེ། ཡིན་ན་ཡང། མི་བུ་སྒེར་བ་ཞིག་གིས་གྲུབ་མཐའ་བྱེ་བྲག་པ་ཞིག་གི་མཚན་གཡར་ནས་དྲ་གྲོགས་འགའི་སེམས་ཁམས་སུ་ཡུར་ཆུ་འདྲེན་པ་ཅུང་མ་ལེགས་པ་ཞིག་ཏུ་མཐོང་། ངའི་བསམ་པར་བོན་པོ་དང་བོན་གྱི་མིང་གཡར་ཏེ་བཀོད་པའི་མཆན་རིགས་ཀྱིས་ཀློག་མཁན་རྣམས་ཀྱི་ཡིད་ངོར་བོན་པོ་ཡོངས་ལ་འཛིན་སྟངས་ཡན་གར་བ་ཞིག་ཡོང་སྲིད་པས་ཐུགས་གཟབ་གནང་རོགས། མ་གཞི་བསམ་ཚུལ་འདི་ངས་ཁྱེད་ལ་སྔར་ནས་ཞུས་ཡིན།
ཚོགས་འདུ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་བགྲོ་གླེང་བ་ཡོངས་ཀྱིས་ཧ་ཅང་གལ་གནད་ཆེ་བ་དང་། བོད་ཀྱི་གནད་དོན་ལ་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་མང་བོའི་ཐོག་བགྲོ་གླེང་གནང་འདུག་པས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། བོད་ནང་གི་རྙིང་ཕྱོགས་དང་ཁམས་ཕྱོགས་ཀྱི་དགོན་པ་མང་པོ་ཞིག་གི་སེམས་ཤུགས་དང་ལ་རྒྱ་ཧ་ལས་པ་རེད། ཁོང་རྣམ་པའི་བགྲོ་གླེང་གི་ཁ་ཕྱོགས་ལ་བལྟས་ན་ཆོས་ལུགས་ཁོ་ན་མ་ཡིན་པར་མི་རིགས་ཤིག་གི་འཚོ་་གནས་སམ་ཆགས་འཇིག་དང་ཐད་ཀར་འབྲེལ་བའི་དོན་གནད་གང་མང་ཐོག་བགྲོ་གླེང་གནང་འདུག་པས་ཧ་ཅང་རླབས་ཆེན་རེད། ངས་བལྟས་ན་ཁོང་ཚོས་མི་རིགས་མེད་པར་གྱུར་བ་ན་མི་རིགས་དེ་དང་འབྲེལ་བའི་ཆོས་ལུགས་དེ་ཡང་མེད་པར་འགྱུར་བའི་རྟེན་འབྲེལ་ལ་ངེས་བ་གཏིང་ཟབ་རྙེད་ཡོད་འདུག་པ་དང་། རྟེན་འབྲེལ་ལྟོས་བཅས་ཀྱི་ངེས་ཤེས་སམ་གོ་རྟོགས་དེས་བསླངས་པའི་གནས་ལུགས་གསོན་པོ་སྟེ། ཆོས་ལུགས་ཀྱི་ཆེད་དུ་མི་རིགས་བློས་གཏོང་མི་རུང་བའི་བདེན་པ་དེ་རྙེད་འདུག།
ལས་འགུལ་དེ་ལྟར་སྤེལ་བ་དེ་དཔེ་མི་སྲིད་པའི་ཡག་པོ་རེད། གཏམ་བཤད་སྤེལ་མཁན་འགྲིག་དང་མ་འགྲིག ཡག་དང་མི་ཡག་ནི་གནས་ཚུལ་ཐ་དད་རེད། ཁོ་བོའི་བསམ་འཆར་ནི་མ་འོངས་པར་ལས་འགུལ་དེ་འདྲ་སྤེལ་བ་ཡིན་ན་བོད་དབུས་དང་སྟོད་ཁུལ་ནས་ཀྱང་མཁས་དབང་རིགས་གདན་འདྲེན་ཞུ་ཐུབ་ན་ཡག་པོ་ཡོད་རེད། འདི་འདྲ་བྱུང་ན་བོད་རིགས་མཐུན་འབྲེལ་དང་གཅིག་སྒྲིལ་ལ་ཡང་ཕན་ཐོགས་རླབས་ཆེན་ཡོང་རྒྱུ་རེད། འདི་ནི་ཁོ་བོའི་རྨོངས་འཆར་ཙམ་ཡིན།
ལྡོང་གསེར་མིག་ལགས། ཁྱེད་ཀྱིས་སློབ་སྟོན་ལ་ང་ཡིས་གུས་བརྩི་ཞུ། དེ་རིང་www.tibetinfor.com ཞེས་པའི་དྲྭ་རྒྱ་དེར་་་་་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་བ་མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་དུ་སྤེལ་པ།་་་་་་ཟེར་བའི་གནས་ཚུལ་བརྙན་པར་དང་བཅས་པ་འདུག་པས་སྐུ་ཉིད་ནས་་་་དྲ་རྒྱ་འདིར་འདྲེན་ཐུབ་བམ།
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས།
བླ་མའི་བྱིན་བརླབས་སེམས་ལ་འཇུག་པར་ཤོག
ཁངས་ལྗོངས་མཁས་དབང་ཐུགས་མཐུན་ཁྲིམས་གཙང་ཐོག
མཛད་འཕྲིན་ནམ་མཐར་འགྲན་པའི་སྨོན་འདུན་ཞུ།
ཡག་པོ་རེད་དེ། ཕར་བལྟས་ཡོང་དུས་ལས་གཞི་འདིའི་ཕྱེད་ཀ་ཆབ་སྲིད་པའི་ལག་ཆ་་དང་གོ་སྐབས་ཡིན་ཐག་ཆོད་རེད། གང་ལྟར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ནང་བཞིན་རང་གི་མངའ་འོག་ཏུ་ཡོད་པའི་མི་མང་དཀྱུས་མ་ཚོའི་འཚོ་བའི་ཐོག་དོ་ཕོག་མ་བཏང་ཡག་པོ་རེད།
༸གོང་ས་མཆོག་གིས་བླ་གྲྭ་དང་དགོན་པ་ཚོས་མི་མང་གི་འཚོ་བའི་ཐོག་ལྟ་རྟོགས་བྱེད་དགོས་ཞེས་ཡང་ཡང་གསུངས་རུང་ཚུལ་ཁྲིམས་བློ་གྲོས་དང་དེའི་ཕྱོགས་གཏོགས་ཁ་ཤས་ཀྱི་དགེ་བཅུའི་ཁྲིམས་ཁ་ལ་ཁྱེར་ནས་མི་མང་ལ་དཀའ་ངལ་འཕྲད་བཞིན་པ་འདི་ག་རེ་ཡིན་ནམ།
རང་ཉིད་ཀྱིས་དགེ་བཅུའི་ཁྲིམས་སྲུང་གི་ཡོད་དམ། ཡང་ཁ་ཤས་ཁྲིན་དུས་གྲོང་ཁྱེར་དུ་སླེབས་དུས་སྣང་བ་གང་དྲན་གནང་གི་ཡོད་པ་འདི་དགེ་བཅུའི་ཁྲིམས་ཡིན་ནམ། གང་ཤེས། ཁེ་མཚར་འདུག།
རྨ་སྤོམ་ར་ལགས།
ཁྱེད་ཀྱིས་གོ་ལོག་མི་གནང་བའི་རེ་བ་ཡོད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ནི་བླ་རུང་སྒར་གྱི་གླིང་གཙོ་གནང་རྒྱུར་ཡང་མོས་མཐུན་རྩ་བ་ཉིད་ནས་མི་གནང་མཁན་ཞིག་རེད། ཐ་ད་ལྟ་རིས་མེད་དགེ་འདུན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡང་གནང་གིན་མེད། འོན་ཀྱང་ཁོང་ནི་སྤྱི་ལ་བསམ་པ་དཀར་པོ་འཆང་མཁན་ཞིག་རེད།
ཡ་ཆེན་སྒར་ལ་བླ་རུང་སྒར་དང་ཁྱད་པར་མེད་ཟེར་བ་དེ་ཡང་ཁོང་གིས་ཁྱད་མེད་དུ་འཛིན་སྐྱོང་བྱེད་ཟེར་བ་མ་རེད། ཁོང་གིས་ཕན་ཚུན་ཁྱད་མེད་དུ་སེམས་ཀྱི་གཏིང་ནས་བསམ་པ་དཀར་བ་དང་ལྷག་བསམ་འཆང་བ་མཉམ་ལས་བྱེད་པ་སོགས་གསུང་གིན་ཡོད་རེད།
མ་གཞི་བསམ་བཞིན་ཀྱོག་བཤད་བྱེད་མཁན་དག་ལ་ཤག་འགྱེད་པའི་དགོས་པ་མེད་ན་ཡང་། གནས་འཕྲིན་སྔ་ཕྱི་དག་དང་དངོས་སུ་འབྲེལ་ཡོད་ཡིན་པའི་ཆ་ནས་གསལ་བཤད་ཙམ་ཡིན།
དེ་བཞིན་དྲེལ་དཀར་དགོན་དུ་གངས་ལྗོངས་མཁས་པའ་ལྷན་ཚོགས་སུ་ཕེབས་པ་ཡང་ལྷན་ཚོགས་ཀྱི་ཚོགས་པ་དང་། གོ་སྒྲིག་པ་སོགས་ཀྱིས་གསོལ་འདེབས་དང་རེ་བ་ལྟར་ཐུགས་བརྩེ་བ་ཆེན་པོས་ཆིབས་སྒྱུར་གནང་བ་ལས་ཁོང་ཁེ་ཕན་འཚོལ་བར་ཡོང་བ་ཞིག་ག་ལ་ཡིན།
རྨ་སྤོམ་ར་ལགས།
ཁྱེད་ཀྱིས་གོ་ལོག་མི་གནང་བའི་རེ་བ་ཡོད།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ནི་བླ་རུང་སྒར་གྱི་གླིང་གཙོ་གནང་རྒྱུར་ཡང་གསོལ་བ་ཇི་ལྟར་བཏབ་མིནབ་ལ་མ་ལྟོས་པར་མོས་མཐུན་རྩ་བ་ཉིད་ནས་མི་གནང་མཁན་ཞིག་རེད། ཐ་ན་ད་ལྟ་རིས་མེད་དགེ་འདུན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡང་གནང་གིན་མེད། འོན་ཀྱང་ཁོང་ནི་སྤྱི་ལ་བསམ་པ་དཀར་པོ་འཆང་མཁན་ཞིག་རེད།
ཡ་ཆེན་སྒར་ལ་བླ་རུང་སྒར་དང་ཁྱད་པར་མེད་གསུངས་བ་དེ་ཡང་ཁོང་གིས་ཁྱད་མེད་དུ་འཛིན་སྐྱོང་བྱེད་ཟེར་བ་མ་རེད། ཁོང་གིས་ཕན་ཚུན་ཁྱད་མེད་དུ་སེམས་ཀྱི་གཏིང་ནས་བསམ་པ་དཀར་བ་དང་ལྷག་བསམ་འཆང་བ་མཉམ་ལས་བྱེད་པ་སོགས་གསུང་གིན་ཡོད་རེད།
མ་གཞི་བསམ་བཞིན་ཀྱོག་བཤད་བྱེད་མཁན་དག་ལ་ཤགས་འགྱེད་པའི་དགོས་པ་མེད་ན་ཡང་། གནས་འཕྲིན་སྔ་ཕྱི་དག་དང་དངོས་སུ་འབྲེལ་ཡོད་ཡིན་པའི་ཆ་ནས་གསལ་བཤད་ཙམ་ཡིན།
དེ་བཞིན་དྲེལ་དཀར་དགོན་དུ་གངས་ལྗོངས་མཁས་པའི་ལྷན་ཚོགས་སུ་ཕེབས་པ་ཡང་ལྷན་ཚོགས་ཀྱི་ཚོགས་པ་དང་། གོ་སྒྲིག་པ་སོགས་ཀྱིས་གསོལ་འདེབས་དང་རེ་བ་ལྟར་ཐུགས་བརྩེ་བ་ཆེན་པོས་ཆིབས་སྒྱུར་གནང་བ་ལས་ཁོང་ཁེ་ཕན་འཚོལ་བར་ཡོང་བ་ཞིག་ག་ལ་ཡིན།
རྫ་ཚེ་རིང་བཀྲ་ཤིས། རྫ་མཁན་པོ་ཆོས་མཆོག་གང་ན་བཞུགས་འདུག
དཔལ་སྤྲུལ་རིན་པོ་ཆེའི་སྤྲུལ་སྐུ་དེ་རེད།
བོད་ནང་གི་བོད་པ་ཚོ་འདྲ་ས་མི་འདུག་ཡ། འདིའི་ནང་གི་དྲ་འབུ་སྐྱག་ཟན་དེ་ཚོའི་སྤོམས་བཤད་ལ་ཧང་མི་སང་གི།
བཀྲ་ཤིས་བདེ་ལེགས།
དངོས་ནས་ཡང་ཡང་བལྟས་པས་གངས་ལྗོངས་མཁས་དབང་ཚོགས་པ་དེ་དག་དོན་གནས་དོན་ལྡན་འཚོགས་པ་རེད། དགའ་བསུ་ཞུ་ཡ་དངོས་རེད། ཡིན་ན་ཡང་བོན་རྨ་ཚོ་རྐུབ་ཚ་ས་རེད་ཡ། བོད་རང་ལ་ཕན་པ་འདྲ་ཡོད་དུས་ཕྲག་དྭོགས་ཅན་ཚོ་གཉིད་ཁུག་གི་མེད་པ་འདྲ། སྐུ་ཚེ་བརྟན་རྫ་ཚེ་རིང་བཀྲ་ཤིས་ལེགས།
གལ་སྲིད་ཁྱོད་ཀྱི་རང་སེམས་དྲོན་མོའི་ནང་དུ་ང་བོད་མི་ཞིག་ཡིན་བསམ་པའི་ཞེན་ཁོག་རླབས་ཆེན་ཞིག་ཡོད་ན། ་་་་གངས་ལྗོངས་མཁས་པའི་ལྷན་ཚོགས་་་་་ཅེས་པའི་མིང་ཆེན་ཁྱེར་བའི་་་གྲལ་དུ་་་བོན་པོ་ཚོ་་་་གདན་འདྲེན་མི་ཞུ་དགོས་པ་གང་ཡིན་ནམ། ཡང་ན་བོན་པོ་ཚོས་མི་ང་ཚོ་མི་ཡོང་གསུངས་སོང་ངམ། ཡང་ན་ཁྱེད་ཚོས་་་གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་་་་ཟེར་བའི་ལོག་སྨོན་་་་དེ་འདོན་དགོས་དུས་་་བོན་པོ་ཚོ་་་་གདན་འདྲེན་ཞུས་ན་མི་བདེ་བ་ཡོད་དམ། དགེ་ལུགས་ཚང་ལ་གཟིགས་དང་ཁོང་ཚོས་་་་འཇང་དགུན་ཆེན་་་ག་དུས་ཚོགས་པ་ཡིན་ནའང་་་་བོན་པོ་་་ཚོ་ལ་ངེས་པར་་་་གདན་འདྲེན་ཞུ་རྐྱང་གནང་གི་འདུག། མ་ཟད་་་༧གོང་ས་ཆེན་པོས་་་བོན་པོ་ཚོ་ལ་ཁྱེད་ཚོ་་་འཇང་དགུན་ཆེན་་་ལ་ངེས་པར་དུ་སོང་ཨ་་་ཞེས་བཀའ་ཕེབས་ཡོད་པ་དེ་རིང་ཡང་ངས་དྲན་གྱི་འདུག། ཁ་དཀར་གཏིང་ནག་ཁྱེད་ཚོ་ལ་ཡོད་་་རྒྱབ་ལོག་དེ་ལ་་་ལས་ཀ་་་མ་རབ་ཅིག་ལས་དགོས་བསམ་དུས་་་ཁུ་སིམ་སིམ་ལ་་་ཚོགས་རྒྱུ་མང་པོ་ཡོད། ད་ག་རེ་དབྱེ་འབྱེད་བྱེད་རྒྱུ་འདུག་་་་འཛམ་གླིང་འདི་ཡི་ནང་ལ་་་་བོད་ལ་་་ཆོས་ལུགས་ལྔ་ཡོད་པ་་་་ཕྱི་གསལ་ནང་གསལ་རེད། དེ་མིན་ན་་་བྱང་ཆུབ་ཀྱི་སེམས་བསྒོམ་ཁ་ཐལ་ནས་་་ཁྱེད་ཚོ་ཧ་ཅང་ཆེ་རང་དྲག། བོན་པོ་ཚོ་ཧ་ཅང་ཆུང་རང་དྲག་ནས་མཐོང་གི་མེད་པ་ཡིན་འགྲོ།
གོང་དུ་ཟིན་བྲིས་སྦོམ་རས། ད་ཡང་ཚུལ་ཁྲིམས་བློ་གྲོས་དེར་ཡོང་ནས་ཆབ་སྲིད་འཁྲབ་ངེས་རེད། ཅེས་དང་། བཞིན་གྱིས། ཕར་བལྟས་ཡོང་དུས་ལས་གཞི་འདིའི་ཕྱེད་ཀ་ཆབ་སྲིད་པའི་ལག་ཆ་དང་གོ་སྐབས་ཡིན་ཐག་ཆོད་རེད། གང་ལྟར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ནང་བཞིན་རང་གི་མངའ་འོག་ཏུ་ཡོད་པའི་མི་མང་དཀྱུས་མ་ཚོའི་འཚོ་བའི་ཐོག་དོ་ཕོག་མ་བཏང་ཡག་པོ་རེད། ཅེས་བྲིས་འདུག ཁྱེད་རྣམ་གཉིས་ཀྱིས་འདི་ལྟར་འབྲི་བ་ལ་རྒྱུ་མཚན་ཁུངས་ལུང་ཞིག་ཡོད་རྒྱུ་རེད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ད་བར་བོད་ནང་ཆབ་སྲིད་འཁྲབ་ནས་མི་མང་གི་འཚོ་བར་དོ་ཕོག་བཏང་བའི་ཁུངས་ལྡན་གནས་ཚུལ་ཁག་དྲ་ཐོག་བྲིས་ན་དགེ་ལས་སྐྱོན་ཆེར་མ་མཐོང་། ཆོལ་གསུམ་བོད་རིགས་སྤྱི་དང་། རྒྱ་རིགས་ནང་པ་དང་བཅས་པའི་གུས་བཀུར་ཞུ་ཡུལ་མཁན་ཆེན་ཁོང་ལ་དེ་ལྟ་བུའི་གཡོ་སྒྱུ་ཅན་ཞིག་ཡིན་ན་ཐེར་འདོན་ལོས་བྱེད། ཁོང་མནའ་དེང་རིག་གནས་གང་ལའང་བློ་ཁ་ཕྱོགས་ཤིང་། རང་མི་རིགས་དང་རིག་གཞུང་ལ་ཞེ་ནས་དཀར་བའི་གང་ཟག་ཞིག་ཡིན་ན་སྐྱོན་ཆ་ཡོ་སྲང་གནང་ངེས། དེ་མིན་དགེ་ཆོས་ཀྱིས། མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། །ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ། །མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེ། །དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད། །གསུངས་པ་ལྟར་ལས་མ་འདས། །
དེ་དེ་བཞིན་ནོ། དེ་དེ་བཞིན་ནོ།
རྫ་ཚེ་རིང་བཀྲ་ཤིས་ལགས། ངའང་དེ་སྔོན་ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་དགའ་པོ་ཡོད། དེ་ནི་ངས་ཚུལ་ཁྲིམས་བློ་གྲོས་ཀྱི་བཟང་ཕྱོགས་གཅིག་པུ་སྟེ། ཁོང་ནི་བོད་ཀྱི་སྐད་ཡིག་སོགས་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་པ་མཐོང་པས་རེད། འོན་ཀྱང་དེ་གཅིག་པུར་བསམ་ན་མི་འགྲིག་པར་དེའི་རྗེས་ནས་ང་ཚོས་ཁོང་གི་སྐྱོན་ཆ་ཚབས་ཆེན་གང་མང་ཞིག་མཐོང་བྱུང། ངོ་མ་ཚུལ་ཁྲིམས་བློ་གྲོས་ནི་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཚབས་ཆེན་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད་མཁན་ཞིག་རེད།
༡ བོད་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གསེར་རྟ་བླ་རུང་ནས་གྲྭ་བཙུན་གཅིག་ཀྱང་ཡར་ལང་བྱེད་མི་ཆོག ཡར་ལང་བྱེད་མི་བྱུང་ན་བླ་རུང་སྒར་ནས་ཕྱིར་ཕུད་གཏང་ངེས་ཡིན། བཤད་ཡོད།
༢ ས་བྱི་ཞི་རྒོལ་སྐབས་ཁམས་ཏྲེ་ཧོར་བྲག་མགོ་ས་ཁུལ་དུ་ཡོང་ནས་ཚུལ་ཁྲིམས་བློ་གྲོས་གྱིས་མི་མང་ལ་ཡར་ལང་མ་བྱེད། བོད་གངས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ཡོང་ན་ཁྱོད་ཡར་ལང་མི་དགོས་པར་རང་གི་སྐལ་བ་རག་ཡོང་གི་རེད། ཁྱོད་ཡར་ལངས་མ་བྱས་པར་བརྟེན་སྐབས་དེར་ཁྱོད་ཀྱི་སྐལ་བ་ཆད་འགྲོ་གི་མ་རེད། ཅེས་སོགས་བཤད་ཡོད།
༣ ཡང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་ད་ཐེངས་ཀྱི་ཡར་ལངས་ངོ་རྒོལ་འདི་ནི་སྟོད་ཀྱི་གདན་ས་སེ་འབྲས་དགའ་གསུམ་གྱི་མགོ་བཙུགས་ནས་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་ཁག་གཙོ་བོ་རེད། དེ་ནི་དགེ་ལུགས་པ་ཁོང་ཚོའི་ལག་ཏུ་ད་ལྟ་བོད་ཀྱི་སྲིད་དབང་ཡོད་པར་བརྟེན་ད་དང་མུ་མཐུད་ཁོང་ཚོའི་ལག་གི་སྲིད་དབང་དེ་སྲ་བརྟན་དང་། རྒྱུན་འཁྱུངས་ཡོང་ཆེད་རེད། ང་ཚོ་རྙིང་མ་པ་ཚོ་དེའི་རྗེས་སུ་རྒྱུགས་དགོས་དོན་མི་འདུག་ཅེས་སོགས་བཤད་ཡོད།
༤ ཡང་སྤྱི་ལོ་༢༠༠༩ལོར་ཚུལ་ཁྲིམས་བློ་གྲོས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོ་དེ་མང་ཚོགས་ཀྱིས་ནོར་འཁྲུལ་ཚབས་ཆེན་ཤོར་བ་ཡིན་པ་རྒྱལ་བ་རིན་པོ་ཆེས་གསུངས་ཡོད་པ་རེད། ཅེས་སོགས་མི་མང་ནང་ཁྱབ་བསྒྲགས་བྱས་ཡོད།
༥ དེང་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་ཞིག་མང་ཚོགས་ནང་བཞག་ནས་འབྲོག་ཕྱོགས་མང་ཚོགས་ཚོས་ནོར་ལུག་གཞན་ལ་བཙོང་མི་ཆོག་པ་དང་། རང་གིས་བཤའ་མི་ཆོག་པ། ཤ་ཟ་མི་ཆོག་པ་སོགས་མདོ་སྟོད་སྨད་ཀྱི་ས་ཁུལ་གང་མང་ཞིག་ཏུ་ཁྲིམས་བཞག་པ་དེ་ལ་རྙིང་མའི་བླ་ཆེན་དང་དགོན་པ་གང་མང་གིས་རྒྱབ་སྐྱོར་བྱས་ཏེ། ད་ལྟ་འབྲོག་ཕྱོགས་ས་ཁུལ་གྱི་མང་ཚོགས་ལ་མགོ་འགྱོགས་ས་མེད་པ་ཆགས་ཡོད་པར་བརྟེན། འབྲོག་ཕྱོགས་མང་ཚོགས་ཕལ་ཆེར་ཞིག་གིས་ད་ནི་སྒོ་ཕྱུགས་ལ་བེད་སྤྱོད་མི་འདུག་ཅེས་ནོར་ལུག་བཞག་ནས་གྲོང་དུ་འབབ་བཞིན་ཡོད་པ་རེད། གནས་ཚུལ་འདིའི་རིགས་ནི་རྒྱ་གཞུང་གིས་འབྲོག་ཕྱོགས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་སྲིད་ཅུས་ལ་བོད་མི་རང་ཉིད་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་ཆགས་ཡོད་པ་རེད། ད་བར་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ནང་བོད་ཁྱིམ་རེར་ཕྲུ་གུ་གཉིས་རེ་ལས་སྐྱེས་མི་ཆོག་པ་བཟོས་ཡོད་ལྟར་དེང་སྐབས་གྲོང་ཁྱེར་ནང་གི་བོད་ཁྱིམ་རེར་ཕྲུ་གུ་གཉིས་ལས་སྐྱེས་ཐུབ་རྒྱུ་མེད་ཀྱང། འབྲོག་ཕྱོགས་མི་ཚང་རེར་བུ་ཕྲུག་མང་པོ་ཡོད་པ་དེས་བོད་མིའི་མི་འབོར་ལ་ཕན་ཐོགས་ངེས་ཅན་འབྱུང་བཞིན་ཡོད་ཀྱང། གལ་ཏེ་འབྲོག་ཕྱོགས་ཉམས་ཉེས་འདི་ལྟར་ཕྱིན་པ་ཡིན་ན་སྒོ་ཕྱུག་མེད་པའི་སྤྲང་པོ་ཆགས་པར་མ་ཟད། མི་རིང་པར་བོད་ས་འདི་བོད་མིས་སྟོང་རྒྱུ་ཉག་གཅིག་རེད།
༦ ང་ཚོས་ཚུལ་ཁྲིམས་བློ་གྲོས་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལྟ་བུའི་ཆོས་ལུགས་རས་མེད་ཅིག་ཡིན་བསམ་མི་རུང་། ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་ཆོས་ལུགས་ཕྱོགས་རས་ཆེན་པོ་ཡོད། ཚུལ་ཁྲིམས་བློ་གྲོས་ཀྱིས་རྗེས་རིན་པོ་ཆེའི་ལམ་རིམ་ཆུང་པ་དེ་རྙིང་མ་པ་དང་མཐུན་པོ་ཡོད། དེ་ཁྲིད་ན་ཡག་པོ་རེད། གཞན་ལམ་རིམ་ཆེན་མོ་དང་། ལམ་རིམ་འབྲིང་པོ་གཉིས་རྙིང་མའི་ལྟ་བ་དང་མི་མཐུན་པས་འདི་རྗེས་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། ཅེས་དང། ཡང་རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་སྐོར་གསུངས་པ་དེ་དག་ཀྱང་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཀླུ་སྒྲུབ་དགོངས་རྒྱན་དེ་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་རེད། ཅེས་སོགས་ཤོད་བཞིན་ཡོད་པ་རེད། ད་དུང་གནས་ཚུལ་གང་མང་ཡོད་ཀྱང་དེ་རིང་དུས་ཚོད་འདང་མིན་བྱུང་བས། རྗེས་ནས་རིམ་བཞིན་འགོད་ངེས་ཡིན། ངས་བཤད་པ་འདི་དག་དངོས་གནས་ཡིན་མིན་བཀུར་འོས་དྲ་གྲོགས་ཚོས་ཞིབ་འཇུག་གནང་རོགས་ཞུ།
མི་སྐྱ་གཅིག་ཀྱང་མེད་པ་དགེ་འདུན་པ་ཤ་སྟག་གི་འཚོགས་འདུ་ལ་དེ་ནི་གངས་ལྗོངས་མཁས་བའི་འཚོགས་འདུ་འབོད་པ་ནི་ར་མོག་ལུག་སྦྱར་རེད། དེའི་མིང་ལ་ཞྭ་དཔེ་ལྷམ་ལ་གཡོག་པས་འཚོགས་འདུ་ཕེབས་མཁན་ཚོས་བསམ་བློའི་གནས་ཚད་ཅི་འདྲ་ཞིག་ཡིན་མིན་གསལ་སྟོན་བྱས་པ་རེད། དེའི་ཚབ་ཏུ་གངས་ལྗོངས་ཆོས་ལུགས་འཚོགས་འདུ་འམ་ཆོས་ལུགས་དར་སྤེལ་གྱི་འཚོགས་འདུ་བཏགས་ན་འོས་མཚམས་འདོད། ལྡོག་ཕྱོགས་ནས་བཤད་ན་ཆོས་ལུགས་ད་དུང་བོད་ཇི་ལྟར་བྱེད་རྒྱུའི་སྲིད་ཇིས་གྲོས་འཆོགས་སུ་གླེང་ན་མ་ཆོག་མ་ཆོག་མ་མེད་སྙམ། ནོར་བ་ཡོད་དགོངས་དག སེམས་འཚོར་དེ་ལྟར་བྱུང་བ་ཞིག་ཡིག་ཐོག་ཏུ་བཀོད་པ་ཡིན། ཐུགས་རྗེ་ཆེ།
རྨ་སྦོམ་ར་ལགས།. ཁྱེད་ཀྱིས་སྐྱོན་བརྗོད་བྱེད་ཡུལ་ཞིིག་འཚོལ་གྱི་ཡོད་དམ།
གང་ལྟར་ག་ཚད་བཤད་ན་།ད་ལྟའི་སྐབས་ལ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ལས་བཀའ་དྲིན་ཆེ་གཞན་སུ་གང་ཡང་མེད་
ཨོ་རྒྱན་རིག་འཛིན་གྱི་མིང་འོག་ནས་འཛུལ་བའི་མཆན་བུ་༡༧་པས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་སྐུར་འདེབས་དང་བོད་རིགས་ནང་ཁུལ་དཀྲུགས་ཤིང་བྱེད་ཀྱི་འདུག་པ་འདི་དངོས་གནས་བློ་ཕམ་སྐྱེ་གཞི་ཞིག་རེད།
མཁན་ཆེན་ཁོང་ནི་གསར་རྙིང་རིས་མེད་ཀྱི་སྐྱེས་བུ་ཆེན་པོ་གཞིས་ལུས་བོད་མིའི་ལུགས་གཉིས་ཀྱི་སྲོག་ཤིང་ཤིག་ཏུ་འཚར་བཞིན་ཡོད་པར་མ་བཟོད་དེ་སྐད་ངན་ཙེ་རེ་ཙེ་རེ་འདོན་སྟངས་ལ་བལྟས་ན་བོད་གངས་ཅན་གྱི་བསྟན་དང་འགྲོ་ལ་འཚེ་བའི་སྨོན་ལོག་ཅིག་ཡིན་ངེས།
ཁྱད་པར་དུ་ཁྱོད་ཀྱིས་དོན་ཚན་གསུམ་པ་དེ་ནི་བསྟན་སེལ་སྡེ་འཁྲུགས་འབོད་པའི་འཇིགས་སུ་རུང་བའི་སྐུར་འདེབས་ཤིག་ཡིན་པས་ཁུང་སྐྱེལ་མེད་བཞིན་དེ་ལྟར་མི་སྨྲ་བར་འདུག་རོགས་ཞུ།
ཚུལ་ཁྲིམས་བློ་གྲོས་ཡིན་ནམ་དེ་སུ་ཞིག་རེད། ཐོག་མར་ཁྱོད་ཚོས་ཁོ་བཟང་ངན་རྩོད་པ་མ་རྒྱག་པར་ཁོ་སུ་ཡིན་ངོ་སྤྲོད་ཅིག་བྱེད་རོགས།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཞུ་ཡ་བོ་འདི་ན་ཡོད་ཀི
http://www.youtube.com/watch?v=-UkE5sKCDr8&feature=related
ཡ་ཡ། ལྷག་པ་ཡེ་ཤེས་ཐུགས་རྗེ་ཆེ། གློག་བརྙན་དེ་ཚོར་བལྟས་པ་ཡིན། གྲྭ་གཞོན་ཕོ་གསར་སྣང་བ་སྐྱིད་པོ་ཞིག་འདུག གཞན་པ་བཟང་ངན་ག་རེ་ཡིན་མིན་ནི་མི་ཤེས།
མཁས་པའི་ལྷན་ཚོགས་བརྒྱད་པ་བོད་དུ་ཚོགས།།
མཁས་བླུན་མང་པོས་གྲོས་འཆར་མང་པོ་གསུངས།།
མཁས་མང་དགྱེས་པའི་གྲོས་ཆོད་སྙིང་པོར་སྒྲིལ།།
མཁས་དང་བླུན་པོའི་མཚན་ཉིད་ཇེ་ཉེར་བཏང་།།
མཁས་པའི་ཚོགས་རར་བླུན་པོས་མིང་དོན་འཚོལ།།
བླུན་པོའི་མདུན་སར་མི་མཁས་མཁས་མིང་འཛིན།།
བླུན་པོ་སྟོང་ཕྲག་ཚོགས་པའི་འདུན་ས་ན།།
མཁས་པ་ང་རྒྱལ་དྲེགས་པས་སྦོས་བཞིན་འདར།།
བླུན་པོ་ངོ་མཚར་སྐྱེས་ནས་ཡིད་ཐང་ཆད།།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་དེ་གོ་མྱོང་ཡོད། མཐོང་མྱོང་མེད། རྒྱ་འབུལ་ཕོན་ཆེ་བ་དག་སྡུད་པར་མཛད་པ་དང་། བོད་འབུལ་གཏོས་ཆུང་བ་དག་ཕྱིར་སློག་གནང་གི་ཡོད་པ་ཞིག་གོ་མྱོང་། དེ་ལྟར་ན། ཁོང་གི་མཛད་པ་དེས་བོད་ཞིང་འབྲོག་མི་མང་གི་འཚོ་བར་དོ་ཕོག་གཏོང་གི་མེད་པ་གསལ་པོ་རེད། དེ་ཙམ་ཡང་རྗེས་སུ་ཡི་རང་གི་གནས་རེད། དགེ་བཅུའི་ཁྲིམས་བསྒྲགས་པ་ནི་ལེགས། དེ་ནི་ཚུལ་ཁྲིམས་བློ་གྲོས་གཅིག་པོས་སྤེལ་གྱི་ཡོད་པ་ཞིག་མ་རེད། བླ་སྤྲུལ་མང་པོ་ཞིག་གིས་དགེ་བཅུའི་ཁྲིམས་ཁ ལ་འཁྱེར་ནས་རང་རང་གི་མཛད་འཕྲིལ་བརྡལ་སའི་ཁོར་ཡུག་རེར་འབད་ཀྱིན་གདའ། ཡིན་ནའང་། མང་ཚོགས་ལ་འཇིགས་སྐུལ་ལྟ་བུ་བྱས་ནས་སྤེལ་ན་མི་ལེགས། དགོན་པའི་ལྷ་སྡེའི་གྲས་ནས་ཕུད་ཀྱི་ཡིན་ཟེར་བ་དང་། མི་སྡེའི་ནང་ནས་མཐར་སྐྲོད་ལྟ་བུའི་བྱེད་སྟངས་དེ་ཚོ་ནི་ཡག་པོ་མ་རེད། དཔེར་ན། དགེ་བཅུའི་ཁྲིམས་དང་འགལ་ན། དགོན་པར་ཡོང་མི་ཆོག བླ་མར་མཇལ་མི་ཆོག་པ་སོགས་ལྟ་བུ་ནི། ཆོས་དད་རང་དབང་དང་ཡང་འགྲིག་གི་ཨེ་ཡོད། ངས་གོ་ཐོས་ལ། དགེ་བཅུའི་ཁྲིམས་དང་འགལ་ན་ཤི་རྗེས་འཕོ་འདེབས་དང་སྨོན་ལམ་གསུང་གི་མེད་པ་འདྲ། དགེ་བ་བཅུའི་ཁྲིམས་ཀྱི་བདག་པོ་དག་གིས་སྡིག་ཅན་དེ་ཚོ་དེ་བས་ཀྱང་ཐུགས་བརྩེ་བས་རྗེས་སུ་འཛིན་དགོས་པ་ཞིག་ལོས་ཡིན།
སྤོབས་པ་མཐའ་ཡས་ཟེར་བ་ལགས། ཚུལ་ཁྲིམས་བློ་གྲོས་མ་ཤེས་ན། ཁྱོད་དང་འདྲ་སེ་བ་ལ་བོན་པོ་ཡོད་མེད་མི་ཤེས་པ་ཁ་ཚོན་མི་ཆོད་པ། ཁ་རེ་གཏོང་བ་ལས་ཁོག་ནས་ཐག་མི་ཆོད་པ། བན་རྒོད་སྤོབས་པ་མཐོ་པོ་ཅན་ཞིག་ཡོད་པ་འདྲ། མ་ཚད་བྲག་མགོ་བ་ཞིག་གིས་འདི་འདྲ་བཤད་བཞག གཟིགས་དང་་་་་་
མི་རིགས་དར་རྒུད་ཀྱི་རྩ་བ་སྟེ། མི་རིགས་ཤིག་གི་ངོ་བོ་མ་ལག་ལྟ་བུ་དེ་ཉིད་འཇིག་རྟེན་ན་དུས་ཡུན་ཇི་ཙམ་རིང་འཚོ་གནས་ཐུབ་མིན་ནི། སྐད་དང་ཡི་གེ་འདི་ཁོ་ན་ལ་རག་ལས་པ་གནའ་དེང་མཁས་པའི་ཁྱུ་མཆོག་ཀུན་གྱི་འདོད་ཚུལ་སྒོ་ཀུ་ནས་མཚུངས་ཤིང་། ཉེ་སྔོན་སླར་ཡང་གངས་ཅན་སྨྲ་བའི་དབང་ཕྱུག་ཆེན་པོ་དེས། ཧི་མ་ལའི་རི་རྩེ་ནས་ཀི་སྒྲ་གནམ་ས་འགེངས་པ་ཤིག་རྒྱབ་འདུག་པ་ཁྱེད་ཅག་གི་ཐོས་སོང་ངམ།
གདོང་དམར་བུ་རབས་ཚ་བརྒྱུད་ཀྱི་གནའ་དེང་གི་ཆབ་དཔལ་རིག་གསུམ་སོགས་ལ་དུས་དང་རྣམ་ཀུན་ཏུ་ཐུགས་ཁུར་ཆེས་ཆེར་གནང་བའི། སྐྱེས་བུ་དམ་པ་ཁོང་གི་ལྗགས་རྩོམ་གསར་པ་འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་དེ་ཉིད་བཀླགས་རྗེས། ཕྲན་ལ་ཡང་སྐད་ཡིག་སྐོར་ནས་སེམས་འགུལ་མི་དམན་པ་ཐེབས་ཅིང་། དེ་དང་ལྷན་དུ་བོད་ཀྱི་སྐད་ཡིག་ཐོག་རང་གི་ཚོར་སྣང་དང་བསྡེབ་ནས་དམ་པ་འདི་ཉིད་ངོ་
སྤྲོད་མདོར་བསྡུས་ཤིག་དང་བཅས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་བའི་གོ་སྐབས་བཟུང་བ་ཡིན་ལ། དེ་ནིཁོ་བོས་དམིགས་བསལ་གྱིས་ཞུ་མི་དགོས་པར་གངས་ཅན་པ་རྣམས་ཀྱི་སེམས་སུ་གསལ་བ་བཞིན་མཁས་དབང་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནི། བོད་མདོ་ཁམས་བྲག་འགོ་རྫོང་གི་
ཆར་གཏོགས་དགོན་འབྲི་མ་ཞེས་པའི་འབྲོག་ཁུལ་དུ། རབས་བྱུང་་་༡༦་་པའི་དགེ་བྱེད་ཆུ་སྟག་ལོར། སྤྱི་ལོ་་༡༩༦༢་ལོར་སྐུ་འཁྲུངས། སྤྱི་ལོ་༡༩༨༢་ཙམ་ལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་འམ་གསང་ཆེན་དབེན་པའི་རི་ཁྲོད་དུ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨྲས་ན་མཁན་ཆེན་
དམ་པ་་༧་་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་དྲུང་དུ་ཕྱིན་ཏེ་ཁོང་གི་ཞབས་པད་སྤྱི་བོར་བླངས་ཤིང་།
༧་ཆོས་རྗེ་མཆོག་གིས་སྤྱི་ལོ་་་༡༩༨༧་་ཙམ་ལ་མཁན་པོར་མངའ་གསོལ་མཛད་པ་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཞེས་པའི་མཚན་གྱི་ཅོད་པན་གསོལ། ཤིན་ཏུ་ཐུགས་དགྱེས་བརྩེ་ཚད་མེད་གནང་བ་མ་ཟད།མགོན་པོ་གང་ཉིད་ཀྱི་སློབ་མ་རྩེ་གྲས་སུ་སོན་ཞིང་། དེ་ནས་བཟུང་གསེར་རྟ་བླ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་མཁན་པོའི་གཙོ་འཛིན་ལོ་དུ་མའི་རིང་མཛད་ནས་བཞུགས།
ལྷག་པར་དུ་ཁོང་གིས་ཕྱོགས་སོ་སོའི་ནང་པའི་བསྟན་པ་སྤྱི་དང་། བྱེ་བྲག་བོད་ཡུལ་སྟོད་སྨད་བར་གསུམ་གྱི་བོད་མི་ས་ཡ་དྲུག་གི་ཆེད་དུ་སློབ་གྲྭ་གསར་
འཛུགས་དང་། ཕྱོགས་མེད་ཀྱི་དགོན་སྡེ་ཁག་ལ་རོགས་སྐྱོར་དང་། བོད་ཀྱི་ཡུལ་གྲུ་གང་སར་ཁོང་དངོས་སུ་ཕེབས་ནས་བཀའ་སློབ་ལམ་བསྟོན་གནང་བ། ཁྱིམ་པ་ཕོ་མོ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། མི་ཆོས་དགེ་བ་བཅུའི་ལག་ལེན་གྱིས་མེས་པོ་གོང་མའི་བཟང་སྤྱོད་དར་རྒྱས་སུ་གཏོང་བ་སོགས་དང་།
བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུའི་སྐད་ཡིག་འདིའི་ཆེད་དུ་སློབ་གཉེར་བ་རྣམས་ལ་དམིགས་ནས་གངས་ཅན་དགྱེས་པའི་མཆོད་སྤྲིན་དུ་ཁ་ཚ་དགོས་གཏུག་གི་སྐབས་དང་བསྟུན་ནས། དུས་རབས་འདིས་ནང་རང་མི་རིགས་ཀྱི་སྐད་ཡིག་འཇིག་རྟེན་ན་ཡུན་དུ་གནས་ཕྱིར། དེང་དུས་རིག་གསར་ནང་འདྲེན་དང་། དུས་ཀྱི་འགྲོས་དང་མཐུན་པའི་ནང་ཆོས་དང་ཚན་རིག་སྐོར། ད་དུང་ཤར་ནུབ་ཀྱི་ཆབ་སྲིད་དཔལ་འབྱོར་ཡར་རྒྱས་ཕྱིན་ཞིང་ཚན་རིག་ལག་རྩལ་ཆེས་
སྔོན་དུ་བསྐྱོད་བཞིན་པའི་སྐབས་འདིར། གལ་སྲིད་ཕྱི་སྐད་དེ་དག་དང་མཉམ་དུ་སྐྱོད་མ་ཐུབ་པའི་སྐད་ཡིག་ནི་བག་ལ་ཞ་བཞིན་པ་གཟིགས་ནས། བོད་མི་རིགས་ཀྱི་སྐད་ཡིག་འདི་མི་ཉམས་བརྒྱུད་འཛིན་ཡོང་བར་དམིགས་ཏེ། མིང་མཛོད་སྔ་ཕྱིར་བརྩམས་པ་སོགས་མདོར་ན་གནའ་དེང་རིག་པ་ཀུན་གྱི་རྗེས་སུ་མཐུན་པའི་གཞུང་ལུགས་ལྗགས་རྩོམ་གྲངས་བརྒྱ་ཕྲག་དུ་མ་བརྩམས་གནང་མཛད་པ་རྣམས་ཀློག་པ་པོ་རྣམས་ཀྱི་མཁྱེན་མངའ་བཞིན་ཞུ་བའི་
སྐབས་སུ་བབ་མེད་སྙམ་མོ།
དེས་ན་དུས་རབས་ཉེར་གཅིག་པའི་སྐབས་སུ་ཁ་བ་རི་པའི་མི་རིགས་འདི་གྲངས་ཉུང་མི་རིགས་ཡིན་པའི་ཁར། ལ་ཕར་རྒྱབ་ནས་བཙན་རྒྱ་དམར་པོས་གངས་ཅན་པ་རྣམས་ཁ་འཐོར་ཕྱོགས་མེད་དུ་གཏོར་ཞིང་། བོད་ཡུལ་ས་ཕྱོགས་ཐམས་ཅད་དབང་བཙན་པའི་མི་སེར་སྤེལ་ཡུལ་ལྟ་བུ་གྱུར་པ་དང་། མི་
རིགས་ཆག་འཇིག་གི་གཉན་འཕྲང་ཧ་ཅང་ཆེ་བའི་གནས་སུ་དབང་མེད་དུ་ལྷུང་དགོས་བྱུང་ཞིང་། དེ་ལྟར་བསམ་ཚེ་མི་རིགས་ཤིག་རྩ་མེད་འགྲོ་ལ་ཉེ་བའི་སྐབས་འདིར། མཁས་དབང་དམ་པ་ཁོང་གིས་འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་འདི་ཕུལ་ཏེ། འདིས་ཁྲོད་གཙོ་བོ་འཛམ་གླིང་གི་སྐད་ཡིག་ཐོག་མ་ནས་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་རང་གི་མཐོང་ཐོས་མྱོང་བ་གཞི་ལ་བཞག་ནས་ཞིབ་བཤེར་མཛད་ཅིང་། འཛམ་གླིང་གི་ལོ་རྒྱུས་གྲགས་ཅན་དང་།འཛམ་གླིང་སྐད་ཡིག་མཁས་དབང་ཁག་གི་གསུང་ལ་ཁུངས་བཅོལ་ནས་འདས་པ་དང་། མ་འོངས་པ་འབྱུང་འགྱུར་བཅས་ཀྱི་སྐད་ཡིག་གི་དར་རྒུད་གླེང་ཡོད་ལ། དེ་དག་དཔེར་མཚོན་བགྲངས་ཏེ་བོད་མི་རིགས་ཀྱི་སྐད་ཡིག་དེ་ཉིད་ལ་དར་རྒུད་ཇི་ཙམ་བྱུང་མིན་དང་།སྐད་ཡིག་བོར་བརླགས་ཕྱིན་ཟིན་པའི་མི་རྣམས་ཀྱིས། འཇིག་རྟེན་འདི་ནས་རང་གི་ངོ་བོ་རྩ་བ་རྨང་ནས་བརླགས་ཟིན་པ་ཤེས་དགོས་ཚུལ་དང་།མ་འོངས་པ་ང་ཚོའི་སྐད་ཡིག་དང་རིག་གནས་བཅས་ཀྱི་བྱུང་རིམ་ལོ་རྒྱུས་དང་བཅས་པ་ཁམས་གཙང་རང་རང་གི་འགན་འཁྲི་ཡིན་པ་ཤེས་ནས་འཛིན་པ་དང་། དེ་ལ་རྒན་རབས་པ་དང་། ཤེས་ཡོན་སྡེ་ཁག་སོགས་རིགས་གཅིག་རྐང་འཛིན་པའི་ངེས་པར་དུ་སྦྱོང་བརྩོན་དགོས་ཤིང། སྐུལ་འདེད་དང་ལྷན་དུ་རང་གི་གཅེས་ནོར་སྐྱོང་བ། རེ་བ་དང་ཡིད་ཆེས་འཕེལ་བའི་སྒོ་ནས་སྐད་ཡིག་གི་རིན་ཐང་ཤེས་པར་བྱས་ཏེ།བོད་ཡུལ་གཅིག་པུ་མ་ཡིན་པ་འཛམ་གླིང་གི་ཡུལ་གྲུ་གང་སར་དར་སྤེལ་དགོས་ཚུལ་སོགས་ཀྱི་ཐུགས་རེ་ཡོད་ངེས་སོ།།
སྤྱིར་ས་ལྒང་ཐོག་གི་མིའི་རིགས་ནི་རྣམ་དཔྱོད་ཆེ་ཞིང་དྲན་རིག་ཧ་ཅང་རྒོད་ལ། གསར་གཏོད་ཀྱི་ནུས་པ་ཆེ་བ་ཡོད་ལ། ང་ཚོ་སེམས་ཅན་གཞན་དང་མི་འདྲ་བར་ཁྱད་ཆོས་མཚོན་བྱེད་གཅིག་ནི་སྐད་ཡིག་གི་རིག་གནས་ཤིག་བསྐྲུན་ཐུབ་པ་འདི་ཡང་ཡིན་ཏེ། སྐད་ཡིག་གི་རིག་གནས་དེ་ཡི་ནང་དུ་ཆོས་སྲིད་གཉིས་གཙོས་མིའི་རིགས་ཀྱི་རིག་གཞུང་ཀུན་སྤྱོད་ཆ་ཚང་འདུས་པ་དང་། རང་རེ་ཁ་བ་ཅན་གྱི་མི་རྣམས་ལའང་གདོད་མའི་བོན་གྱི་ཡི་གེ་དང་། ཐོན་མི་སམ་བྷོ་ཊའི་གསར་བཟོས་མཛད་ཅིང་། ད་ལྟའི་སྤྱོད་བཞིན་པ་བོད་ཀྱི་ཡི་གེ་འདི་ལོ་རྒྱུས་ཀྱི་ཕུག་ཐག་རིང་ཞིང་། གཞན་ལ་ངོམ་རིན་ཡོད་པ། མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པ་བཅས་ཆེས་རིན་ཐང་ལྡན་ལ། ལྷག་དོན་དུ་ང་ཚོ་ལ་རང་གི་ཡུལ་ལུང་དང་།སྐད་ཡིག་གི་བདག་དབང་ཆ་ཚང་བ་
ཤིག་སོ་སོར་ཡོད་ན། འཛམ་གླིང་གཅིག་མཚུངས་བཞིན་སྐད་ཡིག་འདི་ཁོ་ནའི།མདོ་དབུས་མཐོ་སྒང་པ་ཐམས་ཅད་ཀྱི་དགོས་འདོད་སྐོངས་ཐུབ་པ་ངས་མི་ཤེས་ཤེས་འདོག་བྱས་ནས་ངལ་བ་དགོས་དོན་མེད་པར། གངས་ཅན་པའི་རང་ཡུལ་ཤོར་རྗེས་ཕྱིའི་དངོས་པོ་ཡར་རྒྱས་གཏོང་བའི་ཁོམ་ལོང་བྱུང་མེད་ཀྱང་། ནང་ཤེས་པའི་ཚན་རིག་འཛམ་གླིང་ན་དགའ་འབོད་དང་ཐལ་སྒྲའི་ཁྲོད་ཀྱི་་༧་གོང་ས་ཏ་ལའི་བླ་མ་མཆོག་གི་མཛད་རྗེས་ལས་ཀྱང་ཤིན་ཏུ་གསལ་པོ་དཔོག་ནུས་ལ། གང་ལྟར་གངས་ཅན་པའི་སྐད་ཡིག་དང་རིག་གཞུང་སོགས་ལ་ཕལ་བའི་དོ་བཟླ་དང་གཞལ་དུ་མེད་པ་ངོས་འཛིན་ཞུ་འོས་ཤིང་། དེ་ཙམ་དུ་མ་ཟད་ཧི་མ་ལའི་རིགས་སུ་གཏོགས་ཚད་ཀྱིས་བོད་རྒྱུད་ནང་བསྟན་རིག་པའི་གཞུང་ལུགས་ལ་དགའ་ཞེན་ཟབ་ལ། ད་དུང་ཆེས་གདོད་མའི་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ཚེ་ང་ཚོ་ནི་སྐད་ཡིག་འདི་ཉིད་དང་རིག་གཞུང་འདིས་སྟེབས་ཁུག་ན་ཕན་ཚུན་ཇ་དང་འོ་མ་འདྲེས་པ་ཇི་བཞིན། གནའ་དུས་
ནས་བཟུང་རིག་གཞུང་འདི་ཉིད་ཤ་དང་རུས་པའི་གསེང་ན་འཐུམ་ཞིང་། དྲང་བདེན་དང་རང་ཚུགས་ཐུབ་པར་མདུན་དུ་ཤར་བསྐྱོད་བྱས་ན་བོད་ཀྱི་སྐད་ཡིག་འདི་ང་ཚོ་དང་གཅིག་གྱུར་གྱི་གཅེས་ནོར་ཡིན་པའང་གསལ་བོར་ཤེས་ནུས་སོ།།
སྐད་ཡིག་གི་སྐོར་ལ་ང་ལྟ་བུ་གང་ཟག་ཕལ་བས་གཏིང་དཔོག་དཀའ་ཡང་། སྐྱེས་བུ་ཆེན་པོ་གང་ཉིད་ཀྱི་མཛད་པ་རྗེས་སུ་དྲན་བཞིན་ཁོང་གིས་ཟབ་ཅིང་
རྒྱ་ཆེ་བ་གསུང་རྩོམ་འདིའི་རྗེས་སུ་འབྲེང་ནས། དེ་ཉིད་ལུང་འདྲེན་གྱི་ཚུལ་དུ་མདོར་བསྡུས་ཏེ་ཅུང་ཟད་བརྗོད་ན། དེ་ཡང་ཁོང་གིས་སྐད་ཡིག་སྐྱེ་འཆི་
བཤད་པ་ལས་ཕྱིའི་རྐྱེན་བཤད་སྐབས། ཕྱི་རོལ་ནས་འོངས་པའི་ཆབ་སྲིད་ཀྱི་དབང་སྒྱུར་པ་རྣམས་ཀྱིས་རང་རང་གི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་དབང་དུ་བསྒྱུར་བྱའི་མི་རིགས་དེའི་སྐད་དང་ཡི་གེ་རྣམས་ཐབས་སྣ་ཚོགས་ལ་བརྟེན་ནས་མེད་པར་བཏང་སྟེ་རང་གི་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་སྟེ། ཐབས་སྣ་ཚོགས་ཞེས་པ་ནི། བཙན་པོ་དང་ཞི་བ། གཞན་ལ་མངོན་པ་དང་། མི་མངོན་སོགས་གསུངས་ནས་ཕྱི་ཡི་རྐྱེན་བྱེད་ཚུལ་དང་། དེ་བཞིན་དུ་དབང་བསྒྱུར་བས་བཙན་པོའི་ཐབས་ཀྱིས་སུ་ལའང་འཛེམས་བག་མེད་པའི་སྒོ་ནས་གཞན་གྱི་ཕ་སྐད་བཅོམས་ནས་དེའི་ཤུལ་དུ་རང་གི་སྐད་ཁྱབ་གདལ་དུ་གཏོང་བར་བྱེད་ཅེས་དང་། ཡང་འདི་ལྟར་ཆབ་སྲིད་ཀྱི་དབང་སྒྱུར་བ་རྣམས་ཀྱིས་རང་གི་རིག་གནས་དང་སྐད་ཡིག་མི་ཤེས་པའི་མི་རྣམས་
བླུན་པོ་དང་། ལེ་ལོ་སྒྱིད་ལུག་ཅན་དང་། དམུ་རྒོད་ཅེས་པའི་མིང་འདོགས་ཤིང་། དེ་རྣམས་ཀྱི་སྐད་ཡིག་དང་རིག་གནས་ལ་རྨོངས་པ་དང་། རྗེས་ལུས་དང་། མ་སྨིན་པ་དང་། མི་ལེགས་པ་དང་། ཡར་རྒྱས་སུ་འགྲོ་བའི་འགོག་རྐྱེན་སོགས་མངོན་ལྐོག་གང་རུང་གིས་བསྒྲགས་བཞིན་ཡོད་ཅེས་གསུང་པ་དང་། དེ་ལྟ་བུའི་ཆབ་སྲིད་དར་སྤེལ་བཏངས་ནས། དཔེར་ན་གྲངས་ཉུང་མི་རིགས་དག་གི་སྤྱི་ཚོགས་ཀྱི་ཐོབ་ཐང་དང་། དཔལ་འབྱོར་གྱི་འོང་སྒོ་སོགས་ཁེ་ཕན་
མང་པོ་ཞིག་མི་འབྱུང་བས་དབང་སྒྱུར་པ་རྣམས་ཀྱི་རིག་གནས་དང་དུ་མི་ལེན་ཐབས་མེད་གྱུར་ཚུལ་སོགས་དང་། དཀའ་ངལ་དེའི་འོག་ཏུ་མི་མང་གིས་དབང་སྒྱུར་བའི་སྐད་ཡིག་མི་སྦྱོང་ཐབས་མེད་གྱུར་འགྲོ་ཞིང་། དེའི་ཚེ་ན་ད་གཟོད་་དབང་སྒྱུར་པ་རྣམས་ཀྱི་དམིགས་ཡུལ་གྱི་ཐོག་ཏུ་ཁེལ་སོང་བ་ཡིན་
སོགས་གསུངས་པ་ལ་གཞིག་ན་འདི་ནི་ད་ལྟའི་གཞིས་ལུས་བོད་མི་རྣམས་ལ་ཉེན་ཁ་ཆེ་བ་དང་། རང་རེ་མི་རིགས་འདིས་མྱོང་བཞིན་པ་དང་། མྱོང་ཟིན་པ་ཡང་རེད་འདོད་དོ།།
དེ་ནས་ང་ཚོ་ཁ་འཐོར་དུ་སོང་བའི་ཡུལ་གྱར་བའི་མི་རྣམས་ལ་མཚོན་ནའང་། ཕ་མ་རྒན་རབས་པ་མང་པོའི་རང་སྐད་མི་སྤྱོད་པ།གཞན་སྐད་ལ་དུང་བ་ཟབ་ཅིང་རང་མི་རིགས་ཀྱི་སྐད་ཡིག་གི་རིན་ཐང་མི་སྟེར་བའི་ད་ལྟའི་སྐུ་ངོ་ཕལ་བ་རེ་འགའ་དང་། རྐུབ་སྟེགས་སྟེང་ནས་སྤྱི་འཐུས་སུ་འབོད་པ་སྟེ། སྡེ་ཁག་གི་སྣེ་ཁྲིད་པ་ཡིན་ཟེར་མཁན་དེ་འདྲས་ཀྱང་། རང་གི་བུ་ཕྲུག་ལ་རང་མི་རིགས་ཀྱི་སྐད་ཡིག་སློབ་ཏུ་མི་འཇུག་མཁན་ཡོད།དེ་དག་གི་རྐྱེན་པས་
མི་རབས་རྗེས་མ་ཚོ་མི་རིགས་གཞན་གྱི་སྐད་ལ་དུང་བ་སླེབས་བཞིན་པ་ད་སྐབས་གཞིས་ཆགས་ཁག་གི་ནང་བོད་སྐད་ཕལ་ཆེར་གཞན་སྐད་དང་སྲེས་ནས་རྒྱག་བཞིན་ཡོད་ལ། དེ་ནི་ཡང་ཁོང་གི་གསུང་པ་བཞིན་དེའི་ཚེ་བརྗོད་བྱ་མང་པོ་ཞིག་ཕ་སྐད་ཀྱིས་བཤད་ན་བརྗོད་མི་ཐུབ་ལ།ཕྱི་སྐད་ཀྱིས་བཤད་ན་བརྗོད་ཐུབ་པའི་སྣང་བ་འཆར་ཞིང་། ཕ་སྐད་ཀྱི་ནང་དུ་ཕྱི་སྐད་ཀྱི་མིང་ཚིག་ཤིན་ཏུ་མང་པོ་འདྲེས། ཕྱི་སྐད་སྨྲ་མ་ཤེས་ན་རིག་གནས་མེད་པ་དང་། མཐོང་རྒྱ་མེད་པའི་གྲལ་དུ་འཇོག་སོགས་གསུངས་པ་རྣམས་བཀླགས་ཐེངས་རེར་བཙན་བྱོལ་ནང་གི་གཞོན་སྐྱེས་འགའ་དྲན་འཛིན་ངོས་སུ་འཆར་འོང་གི་འདུག་ལ། ཡང་དེ་ལ་ཕྱོགས་གཅིག་ནས་ཤུགས་རྐྱེན་སྣ་ཚོགས་འོག་ཁག་མེད་ཚུལ་བཤད་ཆོག་མོད། ཕ་མ་རྒན་རབས་པའི་བསླབ་བྱ་རྒྱག་སྟངས་ཀྱི་ཐད་ནས་གནམ་ས་ལྟ་བུ་ཁྱད་པར་ཡོད་ཕྱིར་དེ་ལྟར་སྣང་མེད་དུ་བཞག་ན་མི་ལེགས་སྙམ་སྟེ་ཅུང་ཟད་རེ་བསྐུལ་ཞུ་བ་དང་། རང་སྡེ་ལ་ཞེན་པ་དཀར་བའི་མེས་པོ་བཀའ་དྲིན་ཅན་རྣམས་ལ་བསམ་ཤེས་ཤིན་ཏུ་ནས་ཀྱང་དགོས་ངེས་རེད་འདོད་དེ་ཞུས་པ་ཡིན་ཡང་ཕོག་ཐུག་དང་སྙིང་ལ་ན་ཟེར་ན་སྣང་མེད་བཞག་ཀྱང་ཆོག་གོ།
གཞན་ཡང་འཛམ་གླིང་རྣམས་འབྲེལ་འདྲེས་ཧ་ཅང་ཆེ་བའི་དུས་བབ་དང་བསྟུན་ནས་གཞན་སྐད་ཤེས་རྒྱུ་གལ་ཆེ་ཡང་། རང་སྐད་རྩ་ནས་དོར་ན་མི་རིགས་ཏེ། ཡང་ཁོང་གི་གསུངས་ལས་དེ་ལྟར་མི་རིགས་རང་ཉིད་ཀྱིས་རང་གི་ཕ་སྐད་འདོར་བ་ལ་སྐད་ཡིག་རང་གི་རང་གསོད་ཅེས་བྱ་ལ། གཞན་གྱི་གསོད་དུ་བཅུག་པ་ལ་སྐད་ཡིག་གཞན་གྱིས་གསོད་ཅེས་བྱ་སོགས་གསུང་པ་བཞིན།ང་ཚོས་རང་རང་གི་སྐད་ཡིག་རང་གིས་གསོད་མི་རུང་ལ། མི་རིགས་རང་གི་སྐད་ཡིག་རང་ལ་དགོས་ངེས་དང་། ཧ་ཅང་གལ་ཆེན་ཡིན་པ་དེ་ཉིད་ལས་གལ་ཏེ་མི་རིགས་ཤིག་གི་སྐད་དང་། ཡི་གེ་གཉིས་ཤི་བར་གྱུར་ན་དོན་ལ་མི་རིགས་དེ་ཉིད་ཀྱི་མི་ཐམས་ཅད་མཉམ་དུ་ཤི་ནས་རིགས་དེ་རྩ་བ་ནས་མེད་པར་གྱུར་པ་དང་འདྲ་སོགས་རྒྱ་ཆེར་གསུང་པ་དང་། ཡང་འདི་ལྟར་ནུབ་ཕྱོགས་པ་ཝེ་སིའི་རིགས་ཀྱི་གཏམ་དཔེ་ལས་ཕ་སྐད་མེད་པའི་མི་རིགས་དེ། རྣམ་ཤེས་མེད་པའི་མི་རིགས་ཡིན་ཞེས་དང་། དེ་ཡང་ཨོ་སི་ཊི་ལ་ཡའི་རྩོམ་པ་པོ་་David Malouf་་དེས།ང་རང་གིས་སྨྲ་བའི་སྐད་འདི་མི་རྣམས་ཀྱི་ཁ་ནས་རིམ་པ་བཞིན་ནུབ་པར་འགྱུར་པ་
འདི་ལ་བསམ་པའི་ཚེ་ན། ཤིན་ཏུ་དངངས་སྐྲག་གི་ཚོར་བ་ཞིག་འབྱུང་གིན་འདུགཚོར་བ་འདི་ང་རང་ཉིད་འཆི་བར་འགྱུར་བའི་ཚོར་བ་ལས་ཀྱང་རུས་པའི་གཏིང་དུ་ཟུག་སྟེ། གང་གི་ཕྱིར་ཞེ་ན།འདི་ནི་ང་རང་གི་མི་རིགས་འདི་ཐམས་ཅད་ཐུན་མོང་དུ་འཆི་བར་འགྱུར་པ་དང་དོན་གཅིག་ཡིན་་ཚུལ་སོགས་བཤད་པ་་བཞིན། ང་ཚོའི་གཟབ་གཟབ་མ་བྱས་ན་བོད་ཀྱི་མི་རབས་འདི་ཡང་དེ་འདྲའི་གནས་བབ་ནང་མི་ལྷུང་བའི་ངེས་པ་མེད་ཅིང་། དུས་རབས་འདི་རང་རེ་གདོང་དམར་བ་ལ་མཚོན་ན་ཤིན་ཏུ་གཉན་འཕྲང་ཆེ་ལ། མི་རིགས་དར་རྒུད་ཀྱི་གཞི་རྩ་སྟེ་རང་གི་སྐད་ཡིག་དོན་དུ་འབད་བརྩོན་དང་ཤུགས་སྣོན་རྒྱག་རྒྱུ་ནི་མི་རབས་གསར་པ་རྣམས་ལ་འགན་དབང་ཡོད་པ་བརྗོད་དུ་མེད་ཀྱང་། དྲན་བསྐུལ་གྱི་ཚུལ་དུ་ཞུས་པ་ཙམ་ཡིན།
ཡང་མཁས་དབང་དམ་པ་དེས་འཛམ་གླིང་སྐད་ཡིག་སྐྱེ་འཆིའི་ལོ་རྒྱུས་ལས། རང་རེ་མི་རིགས་རྣམས་ཀྱིས་གདེང་ཚོད་དང་སྤོབས་པ་མི་ཉམ་པར་སྐད་ཡིག་འཛིན་སྐྱོང་དགོས་ཚུལ་གསུངས་ཤིང་། མཇུག་གི་གཏམ་ལས་འདི་ལྟར་ རང་ཅག་གི་ཡིད་ལ་ཅིས་ཀྱང་ངེས་པར་བྱ་བ་ནི། བྱ་དངོས་ཐམས་ཅད་ད་ལྟ་བཞིན་དུ་མུ་འཐུད་ནས་འཕེལ་རྒྱས་སུ་སོང་ན་སྤྱིི་ལོ་་་༢༠༥༠་་ལོར་འཛམ་བུ་གླིང་གི་མི་གྲངས་དུང་ཕྱུར་་་༩༣་་ཙམ་དུ་འཕེལ་བར་འགྱུར། སྤྱི་ལོ་་་༢༡༠༠་་་ལོར་འཛམ་བུ་གླིང་གི་མཁའ་དབུགས་ཀྱི་དྲོད་ཚད་ཆ་མཉམ་དུ་སེ་དྲོད་ཏུའུ་དྲུག་ཙམ་ཇེ་མཐོར་འགྱུར། དེང་སྐབས་མི་རྣམས་སའི་གོ་ལའི་ལྷོ་བྱང་གི་སྣེ་གཉིས་དང་ཉེ་བའི་ཅུང་ཟད་བསིལ་བའི་གནས་རྣམས་སུ་གནས་སྤོ་རྒྱ་ཆེན་པོ་བྱས་ནས་འདུས་སྡོད་བྱེད་པར་འགྱུར། དེའི་ཚེ་རང་རེ་མདོ་དབུས་མཐོ་སྒང་གི་གནས་རྣམས་སུའང་ད་ལྟ་དང་མི་འདྲ་བར་མཁའ་དབུགས་དྲོ་བར་གྱུར་པ་སོགས་ཀྱི་དབང་གིས་མི་རིགས་གཞན་པ་འབོར་ཆེན་གནས་སྤོས་ནས་འདུས་སྡོད་བྱེད་པར་འགྱུར་མི་སྲིད་པ་མ་ཡིན་ནོ། །དེས་ན་རང་གི་སྐད་ཡིག་སོགས་རིག་གནས་སྲུང་སྐྱོབ་ཀྱི་བྱ་བ་ལ་ད་ལྟ་ནས་འབད་པར་མ་བྱས་ན་རང་རེའི་སྐད་ཡིག་ཀྱང་ད་ནས་ལོ་བརྒྱ་ཡར་མར་གྱི་རྗེས་སུ་ཉེན་ལྡན་སྐད་རིགས་ཀྱི་ནང་དུ་ཚུད་པའི་ཉེན་ཁ་ཡོད་སོགས་རྒྱ་ཆེར་གསུངས་འདུག་པས། དེ་དག་སེམས་རྒྱུད་ལ་འཇགས་ཀྱིན། རང་རེ་བཙན་བྱོལ་བས་ཀྱང་ཅིག་ཤོས་སྣང་མེད་བཞག་ནས། ཟུར་དུ་བསྡད་དེ་ཀླད་པ་མཁྲེགས་པོ་དང་ཕྲག་དོག་གི་བཟི་ནས་མི་འདུག་པར། མྱུར་དུ་ང་ཚོ་དང་ཁོང་ཚོ་ཚང་མ་ལྷན་གཅིག་ཏུ་གཅིག་གིས་གཅིག་ལ་གྲོས་འདེབ་དང་། མཐུན་པའི་ལག་གདང་སྦྲེལ་ནས་སོང་ན་མི་རིགས་ཀྱི་འཐབ་རྩོད་ལ་ནུས་པའི་དཔལ་འབར་བ་ཆོས་ཉིད་སྟེ། འཕྱར་གྲུ་མཉམ་འདེག་གྱི་དཔེ་ལྟར་དེ་ལུགས་ཀྱིས་བོད་མི་སྤྱི་བོ་གནམ་བལྟས་ཚང་མས་ཁོང་གི་གསུང་རྩོམ་འདི་ལྟ་བུ་རྣམས་ལ་མིག་དཔེར་བལྟས་ནས། མ་འོངས་པའི་བོད་རིགས་ན་གཞོན་རྣམས་ཀྱི་མདུན་ལམ་དང་། རིག་གཞུང་བརྒྱུད་འཛིན་ཡོང་ཐབས་ལ་འབད་འབུང་བྱེད་རྒྱུ་གལ་འགངས་ཆེ་བར་མཐོང་སྟེ་དེ་ལྟར་ངལ་བ་ཕྲན་ཙམ་བྱས་ཏེ་འགྲེམས་སྤེལ་ཞུས་པ་ལགས་སོ།། །།
ཁ་བརྡ་དྲྭ་བའི་རྩོམ་སྒྲིགས་པར་ཞུ་རྒྱུར་དགོས་པ་དང་རྒྱུ་མཚན་གང་ཡང་མེད་པ་མ་ཟད་གང་ཟག་སྒེར་ལ་མང་ནས་བོས་ཏེ་དོན་ཚན་༧སྒྲིགས་ཡོད་མཁན་གྱི་དོན་མེད་སྐྱོན་རྗོད་ཀྱི་མཆན་དེ་ལེན་ན་ཡག་པོ་འདུག་འདི་ལྟར་མི་མཐུད་དུ་བྲིས་ན་ཉེས་མེད་སྐྱོན་འཛུགས་རེད་ཡག་པོ་འདུག་གམ་དྲྭ་བདག་ཚོས་གཟིགས་དང་།
དྲེལ་དཀར་དགོན་པའི་སྤྲུལ་ཚེ་རིང་ལགས་ནས་ཕང་བ་མེད་པའི་འགྲོ་གྲོན་གྱིས་རབས་འདེགས་ཞུས་ཏེ་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་སྔ་འགྱུར་དྲེལ་དཀར་དགོན་དུ་འཚོགས་ཐུབ་པ་མ་ཟད་གངས་ལྗོངས་མཁས་བའི་སྐར་ཚོགས་ཀྱི་ཁྲོད་ན་ཟླ་ལྟར་དཀར་བའི་མཁས་དབང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་། སེར་ཤུལ་ཁྲི་བ་ཐུབ་བསྟན་སྙན་གྲགས། ར་རྒྱ་ཤེས་རིག་ནོར་གླིང་གི་གླིང་གཙོ་འཇིག་མེད་རྒྱལ་མཚན་གྱི་གཙོའི་བོད་རྒྱུད་ནང་བསྟན་འཛིན་པའི་རིས་མེད་སྐྱེས་ཆེན་མཁན་སྤྲུལ་སུམ་བརྒྱ་ལྷག་འཛོམས་ཏེ། འཛམ་གླིང་གི་ཆོས་ལུགས་སྨྲ་བ་ཡོངས་ཀྱི་ཁྲོད་ན་ཏོག་ལྟར་མཛེས་པའི་བོད་རྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་དང་། དེ་ལས་བྱུང་བའི་ང་ཚོ་བོད་མི་རིགས་ཀྱི་གོམ་གཤེས་བཟང་་པོ་མི་ཉམ་རྒྱུད་འཛིན་ཡོང་ཆེད་དང་། ད་དུང་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་བཅས་པའི་མཚོན་ཁ་བ་གངས་ཅན་་པའི་ཆོས་སྲིད་ཀྱི་དཔལ་ཡོན་ཡོད་ཚད་སྲུང་སྐྱོབས་ཀྱི་ཆེད་དུ་གནའ་དེང་གི་ཤེས་བྱ་ཡོད་དོ་ཅོག་སྙིགས་དོར་བཅུད་ལེན་གྱི་བྱ་བའི་བགྲོ་གླེང་ཉིན་ལྔའི་རིང་འཚོགས་ཏེ་མཐར་འཚོགས་འདུས་ངོ་བོ་ཡང་རྩ་དོན་དེའི་ཆེད་དུ་རྡོག་རྩ་གཅིག་སྒྲིལ་ངང་འཇུག་སྐྱོང་བ་མ་ཟད་ཆོས་ལུགས་དང་མི་རིགས་ས་གནས་དབྱེར་མེད་ལ་ཕན་པའི་ལྷན་ཚོགས་འདི་རྒྱལ་ཁའི་ངང་གྲོལ་ཡོད་པ་ཐོས་པས་བོད་ཕྲུག་རྩམ་བཟན་ཡུལ་གྱར་བ་བདག་གི་སེམས་དགའ་བ་འབུམ་གྱིས་ཁེངས་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདི་དང་དགའ་བསུ་ཞུ།
གོང་་ན་མཆན་བུ་ཉེར་༢༦ ་པ་འདེབས་མཁན་དེ་ང་ཚོས་ངོ་ཤེས་ཀི་ཡོད།
༼༼༢༦༽ ཨོ་རྒྱན་རིག་འཛིན་ནས། ༽༽
མི་འདི་དེང་སང་ག་བ་ཡོད་དང་གཅིག
དམིག་ཡུལ་ག་རེ་ཡིན་དང་གཉིས།
ལུང་པ་གང་ནས་ཡིན་དང་གསུམ།
ཁམས་ཚན་ག་བ་ཡིན་དང་བཞི།
ཚང་མ་ངས་ཤེས་ཀི་ཡོད།
ཨོ་རྒྱན་རིག་འཛིན་ཟེར་བ་འདི་དང་།
ཆོས་བཟང་ཟེར་བ་དང་།
གཤམ་གསལ་ཟིན་བྲིས་བདག་པོ་གསུམ་ག་མི་གཅིག་ཡིན་པ་རེད།
ཨོ་རྒྱན་རིག་འཛིན་ཟེར་བས་བྲིས་པའི་མཆན་བུ་དེ་གཤམ་གསལ་ཟིན་བྲིས་ནང་བཀོད་འདུག གཟིགས་རོགས།
http://www.tibettimes.net/blogs.php?id=235&post_id=16103
༡ནོར་བཅོས། ཨོ་རྒྱན་རིག་འཛིན་གྱི་མིང་འོག་ནས་འཛུལ་བའི་མཆན་བུ་༢༦་པར་བཅོས་རོགས།
༢་སྤོབ་པ་མཐའ་ཡས་ལགས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མ་ཤེས་ན། ཁྱོད་བོད་གངས་ཅན་གྱི་ཆོས་དང་རིགས་གཞུང་གི་ཐད་ལ་ཐུགས་ཁུར་གང་ཡང་གནང་གི་མེད་པའི་དཔང་རྟགས་ཤིག་རེད།
༣་སྐྱབས་བཅོལ་བའི་མིང་འོག་ནས་འཛུལ་བའི་མཆན་བུ་༣༨་པ་ལགས། ཨོ་རྒྱན་རིག་འཛིན་ཟེར་བ་སོགས་ཀྱི་མི་འདི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཡིན་པའི་དཔང་རྟགས་ཅི་ཞིག་ཡོད་ཁུང་སྐྱེལ་བྱེད་རོགས།
གང་ཟག་སྒེར་བ་ཞིག་གིས་གངས་ཅན་པའི་ཆོས་སྲིད་གཉིས་ཀྱི་ལས་དོན་ལ་རང་སྟེང་ནས་འགུལ་སྐྱོད་བྱེད་མི་ཐུབ་པ་མ་ཟད་གྲྭ་ཚང་ཞིག་གི་རིན་མེད་ཐོག་གནང་བཞག་པའི་ཁང་ཆུང་ཞིག་གི་ནང་ཉལ་ས་སྐྱིད་པོ་ཞིག་བཅས་ཏེ་ད་དུང་སྩིས་འཕྲུལ་བརྡ་རྟགས་ཡོད་མཁན་ཞིག་མདུན་དུ་བཞག་ཡོད་མཁན་དགེ་འདུན་པ་ཁོང་ནི་རང་སྐྱོན་ཁོག་དུ་སྦས་ནས་ག་དུས་ཡིན་ཡང་གཞན་སྐྱོན་ཁོ་ན་འཚོལ་མཁན་ཞིག་ཡིན་པས་འདི་དག་གི་རིགས་ནི་རིག་པ་སྨྲ་བ་ཞིག་གི་ལན་འདེབས་སའི་ཡུལ་མ་ཡིན་པས་དྲྭ་གྲོགས་ཚོའི་སྣང་མེད་དུ་འཇོག་རོགས། ཤར་ཕྱོགས་ཟླ་དཀརམ་ཡང་ན་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཁོང་ནི། ནང་པ་སངས་རྒྱས་པའི་ཆོས་དང་། ཁ་བ་གངས་ཅན་པའི་ལས་དབང་ལལྷག་བསམ་རྣམ་དག་མངའ་བའི་གངས་ཅན་པའི་མཁས་བའི་ཁྱུ་མཆོག་ཞིག་ཡིན་པ་ཆོས་ལུགས་དང་མི་རིགས་དབྱེ་བ་མེད་པའི་གངས་ཅན་པའི་རིག་སྨྲ་བ་ཡོངས་ཀྱིས་མགྲིན་གཅིག་དུ་སྨྲ་བཞིན་ཡོད་པ་ཡོངས་གྲགས་རེད་རྣ་བ་ཡོད་མཁན་ཞིག་ཡིན་ན་གོ་རྒྱུ་རེད།
http://www.youtube.com/watch?v=Mqh-OqsfrD4