གསར་འགོད་པ། རྡོ་རྗེ་ཚེ་རིང་གིས།
སྤྱི་ཟླ༣པའི་ཚེས་༡༡ཉིན་ཏེ་གཟའ་ཉི་མའི་ཉིན་ནས་དྷ་ས་ཀིརྟི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ་༼གངས་ལྗངས་མདོ་སྨད་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་༽དབུ་འཛུགས་གནང་ཡོད་ཅིང་། ཉིན་དང་པོར་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག བཀའ་ཟུར་དང་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིག་མཆོག་གིས་གཙོས། མདོ་སྨད་སྤྱི་འཐུས་རྣམས་དང་མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམ་པ། དེ་བཞིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་ཏེ་སྤྱི་ཚེས་༡༣སྟེ་ཉིན་གྲངས་གསུམ་གྱི་རིང་གྲོས་བསྡུར་དང་བགྲོ་གླེང་གནས་མཐར་༼ བོད་རྒྱལ་ལོ་ ༢༡༣༩ རབ་བྱུང་༡༧པའི་ཆུ་འབྲུག་སྤྱི་ལོ་༢༠༡༢ལོའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་པའི་ཚོགས་ཆེན་གྱི་གྲོས་གཞི་གྲོས་ཆོད་༽གཤམ་གསལ་ལྟར་ལ།
མཇུག་མཐར། གདན་ཞུའི་སྐུ་མགྲོན་བདེ་དོན་ཟླ་བ་ཚེ་རིང་སོགས་དབུར་བཞུགས་ཐོག་ཚོགས་ཞུགས་པ་མི་མང་དག་གིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཐེངས་གཉིས་བྱས་རྗེས་ཀྱི་གྲུབ་འབྲས་རིམ་པ་བརྒྱུད་མདོ་སྨད་དབུས་རྒྱུན་ལས་གསར་བ་བཅུ་གཅིག་༼པར་དང་མཚན་ཐོ་ཟུར་ན་གསལ་༽གཏན་ཁེལ་བ་དང་དགོང་མོའི་ཞལ་ཟས་ལྷན་དུ་རོལ་ཏེ་ཚོགས་འདུ་ཡོངས་སུ་བཀྲ་ཤིས་བདེ་ལེགས་ངང་མཇུག་བསྡུས་པ་ལགས་སོ།།
༄༅། ། བོད་རྒྱལ་ལོ་ ༢༡༣༩ རབ་བྱུང་བཅུ་བདུན་ཆུ་འབྲུག་ཕྱི་ལོ་ ༢༠༡༢ ལོའི་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་པའི་ཚོགས་ཆེན་གྱི་གྲོས་གཞི་གྲོས་ཆོད་གཤམ་གསལ།
དང་པོ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྐོར།
ཀ༽ འཛམ་གླིང་སྤྱི་དང་ལྷག་པར་རང་ཅག་བོད་ལྗོངས་ཆོལ་ཁ་གསུམ་གྱི་བླ་ན་མེད་པའི་མགོན་སྐྱབས་དང་བོད་མི་རིགས་ཀྱི་མཚོན་བྱེད་༸སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཕྱྭ་ལས་གལ་འགངས་ཆེ་བ་ཞིག་མེད་པར་བརྟེན་དགུང་ལོའི་བབ་དང་བསྟུན་ཏེ་རང་ཅག་གཞུང་མང་གཉིས་ནས་མཛད་རིམ་ཆུང་ཙག་རིགས་ཉུང་འཕྲི་དམ་དོན་ངེས་གནང་བྱ་རྒྱུ། སྤྱི་མོས།
ཁ༽ རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐུར་འདེབས་ཀྱིས་ཁྱབ་བསྒྲགས་རྫུན་བཟོ་བྱས་དང་བྱེད་བཞིན་པ་འདི༌རིགས་འབྱུང་འགྱུར་ལོ་རྒྱུས་འཁྱོག་བཤད༌སོགས་ལ་ཆེད་དམིགས་བེད་སྤྱོད་གཏོང་ངེས་པས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་དུས་ཐོག་དགག་ལན་ཚ་ནན་གྱི་རྩོམ་ཡིག་སྤེལ་རྒྱུ། སྤྱི་མོས།
ག༽ ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་སྐབས། མདོ་སྨད་གཞིས་བྱེས་གཉིས་ནས་སྐུའི་གྱ་སྟོན་གྱི་མཛད་སྒོ་གཟབ་རྒྱས་དང་བརྟན་བཞུགས་བསྟར་འབུལ་རྒྱ་ཆེན་ཞུ་ཕྱོགས་ཐད་དབུས་རྒྱུན་སྐབས་བཅོ་ལྔ་བས་གྲ་སྒྲིག་ཚགས་ཚུད་དང། སྐུའི་གྱ་སྟོན་བཀོད་སྒྲིག་ཚོགས་ཆུང་ཟུར་འཛུགས་ངེས་གནང་བྱ་རྒྱུ། སྤྱི་མོས།
གཉིས་པ། དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ནུས་ལྡན་དང་བོད་དོན་བདེན་མཐའ་མྱུར་བར་གསལ་ཐབས་སྐོར།
ཀ༽ དབུས་བོད་མིའི་སྒྲིག་འཛུགས་འདི་བཞིན་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་དང་ལོ་རྒྱུས་ཀྱི་དན་རྟགས་ཁུངས་འཕེར་ཡིན་པར་སོང་། ལོ་ངོ་ང་གསུམ་རིང་མདོ་སྨད་རྒྱ་ཆེའི་མི་མང་གིས་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཐད་སྔ་ཕྱི་བར་གསུམ་དུ་ཤར་བསྐྱོད་གནང་དང་གནང་མུས་དང། མ་འོངས་པར་ཡང་བོད་མིའི་སྒྲིག་འཛུགས་སྲ་བརྟན་ནུས་ལྡན་ཡོང་སླད་ཆར་བ་ཆུ་གྲོགས་དང་། ཕྱར་གྲུ་མཉམ་འདེགས་སྒོས་རྡོག་རྩ་གཅིག་སྒྲིལ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ། སྤྱི་མོས།
གསུམ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ནས་ལས་འགུལ་སྒྲུབ་ཕྱོགས་སྐོར།
ཀ༽ བོད་ས་ཡོངས་ཀྱི་དམར་གསོད་ཁྲིམས་གཅོད་ཕོག་མཁན་དང། རང་ལུས་མཆོད་མེར་སྒྲོན་འབུལ་གྱིས་རྒྱ་ནག་དྲག་པོའི་གཞུང་ལ་ཛ་དྲག་གི་ཞི་རྒོལ་བར་མེད་བྱུང་དང་འབྱུང་བཞིན་པའི་རྒྱལ་གཅེས་དཔའ་པོ་དཔའ་མོ་དག་གི་མངོན་འདོད་ལྷད་མེད་དེ། ཚོགས་པ་སྐྱིད་སྡུག་ཁག་གིས་ལངས་ཕྱོགས་ཀྱི་ངོ་བོར་ཁ་བསྒྱུར་མི་བྱེད་པར་ངེས་དོན་ཕན་འབྲས་ཡོང་བ་དང། རྒྱལ་སྤྱིའི་རང་བཞིན་ལ་ཁྱབ་སྤེལ་ཐུབ་ཐབས་ཀྱི་ལས་འགུལ་སྣ་མང་སྤེལ་རྒྱུ། སྤྱི་མོས།
ཁ༽ བོད་བསྟན་སྲིད་མི་རིགས་ཀྱི་འཆི་གསོན་ལས་དབང་ལ། གཞིས་བཞུགས་དཔའ་པོ་དཔའ་མོའི་བདེན་དོན་སྙིང་འབོད་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བཞིན་པའི་ཛ་དྲག་ལས་འགུལ་རྒྱ་ཁྱབ་ཡོངས་བསྒྲགས་བྱ་ཕྱིར། བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་ས་གཉིས་ནས་སྐད་ཡིག་འདྲ་མིན་དང་། བརྙན་ཐུང་། པར་རིས། བསྒྲགས་དེབ་སོགས་པར་སྐྲུན་གྱིས་རྣམ་པ་མི་འདྲ་བའི་བྱེད་ཐབས་སྣ་ཚོགས་སྤྱད་དེ། མཉམ་འབྲེལ་རྒྱལ་ཚོགས་གཙོས་འཛམ་གླིང་རྒྱལ་ཁབ་ཁག་དང་། ཚོགས་སྡེ། མི་སྒེར་སོགས་ལ་འགྲེམས་བཀྲམ་ཡོངས་ཁྱབ་གཏོང་རྒྱུ། སྤྱི་མོས།
བཞི་བ། བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་ཁང་གི་ལས་དོན་སྒྲུབ་ཕྱོགས་སྐོར།
ཀ༽ མདོ་སྨད་དབུས་རྒྱུན་སྐབས་བཅོ་ལྔ་པའི་སྐབས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བཙུགས་ནས་བགྲང་བྱ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་དེ་ཉིད། སྐབས་དེའི་སྤྱི་ཚོགས་གནས་སྟངས་ཀྱི་འགྱུར་འགྲོས་ལ་བསྟུན་ནས་གྲོས་བསྡུར་གྱིས་གང་དགའ་ཅི་ལེགས་བྱ་རྒྱུ། མང་མོས།
ཁ༽ ཛ་དྲག་ཉམ་ཐག་མ་དངུལ་སྔར་ལས་ཡར་རྒྱས་ཚགས་ཚུད་གཏོང་སླད་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་སོགས། ལྷག་བསམ་སྦྱིན་གཏོང་གི་སྒོ་འཕར་ཡངས་པའི་མི་སྣ་གང་ན་སུ་བཞུགས་ཀྱིས་ཞལ་འདེབས་གང་གནང་དང། གཞན་པའི་བྱེད་སྒོ་འདྲ་མིན་ཐོག་མ་དངུལ་བསྡུ་རུབ་ཀྱིས་ཛ་དྲག་ནད་མནར་དང་། ཉམ་ཐག་རྒས་གཅོང་། གློ་བུར་གེགས་རྐྱེན་སོགས་ཀྱི་ཆེད་དུ་མ་དངུལ་སྒྲིག་གཞིར་མ་འགལ་བའི་ཐོག་རོགས་རམ་ནར་མར་གཏོང་ཐབས་གནང་རྒྱུ། མང་མོས།
ག༽ མདོ་སྨད་དབུས་ས་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་དང་ལས་དོན་ཡར་རྒྱས་ཡོང་སླད། དབུས་རྒྱུན་རྣམས་དུས་ནས་དུས་སུ་ས་གནས་ཁག་ལ་ཆེད་ཕེབས་ཕྱོགས་བསྐྱོད་ངེས་གནང་དགོས་རྒྱུ། མང་མོས།
ང་༽སྐབས་བཅོ་ལྔ་པའི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་ནས་ལས་ཁུངས་གསར་ཉོའམ་གསར་བརྒྱག་དང་། ལས་བྱེད་གླ་འབབ་རང་གཞུང་སྤྱི་སྒེར་ཚོགས་སྡེ་ཁག་གི་གླ་འབབ་ཚད་གཞིར་དཔེ་བལྟ་བྱས་ནས་ཐག་གཅོད་དུས་ལྟར་བྱ་རྒྱུ། སྤྱི་མོས།
བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
ཕྱི་ལོ༢༠༡༢ལོའི་ཟླ༣ཚེས་༡༣ཉིན།
མདོ་སྨད་དབུས་རྒྱུན་ལས་གསར་བ་བཅུ་གཅིག་གི་མཚན་ཐོ་དང་འོས་ཐོབ།
རྒྱ་རིགས་ཐར ///// ///// ///// ///// // 22
རྒྱ་མཚོ ///// ///// ///// ///// // 22
ཚངས་དབྱངས ///// ///// ///// /// 18
ཨ་རིག་དགེ་མཐོང ///// ///// ///// /// 18
བསྟན་པའི་དངོས་གྲུབ ///// ///// ///// // 17
སྤྱི་འཐུས་རྨོག་རུ་བསྟན་པ ///// ///// //// 14
ཀརྨ་དགེ་ལེགས ///// ///// /// 13
ཨ་ལོ ///// ///// // 12
གཡང་ཁོ་རྒྱལ ///// ///// // 12
བཀྲ་ཤིས་དོན་འགྲུབ ///// ///// // 12
གངས་རི ///// ///// / 11
ཚོགས་འདུ་ཡག་པོ་བྱུང་བར་འཚམས་འདྲི་ཞུ།
སྐུ་མགྲོན་ཡང་གླིང་ཟླ་བ་ཚེ་རིང་བསུས་པ་དེ་ག་རང་གིས་མདོ་སྨད་ཚོགས་ཆེན་གྱི་གཟི་བརྗིད་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ལ་བཅང་པའི་ལྷག་བསམ་དེ་སྟོན་བྱུང་།
མདོ་སྨད་པ་ཚོ་ལ་འཚམས་འདྲི་ཞུ་མདོ་སྨད་ཡིན་འང་འདྲ་མདོ་སྟོད་ཡིན་ན་འང་འདྲ་དབུས་གཙང་ཡིན་ན་འང་འདྲ་གང་བལྟར་ང་ཚོ་ཚང་མ་བོད་རིགས་རེད་འཆི་ལ་ཉེ་བའི་མི་རིགས་ཤིག་རེད་དེ་འདྲ་ཡིང་གཙང་ལུང་ཚན་དངཆོས་ལུགས་ཀྱི་ཕྱོགས་འཐེན་གྱི་ནད་ཡམ་དེ་དོར་ནས་ང་ཚོས་བོད་རྒྱལ་ཁབ་ཆེན་པོ་འཛུགས་སྤྲིན་བྱེད་དགོས་འཆི་ལ་ཉེ་བའི་མི་རིགས་འདི་ཡལ་ལང་དགོས་བདག་གིས་སྙིང་ཐག་པ་ནས་རྔ་བ་གཙོས་པའི་མདོ་སྟོད་སྨད་གཉིས་ཀྱི་གཞིས་ལུས་མི་མང་དག་ལ་རྗེས་སུ་ཡི་རིང་ཡོད་དེ་དག་གི་བློ་སྟོབས་དང་གཏོང་ཕོད་དེ་བརྩན་བྱོལ་ལ་ཡོད་པའི་མི་ཁ་ཤས་ཀྱིས་ཆགས་བསྡང་དང་ཕྱོགས་བསླུང་གྱིས་ཆུ་ཟུས་སུ་གཏོང་མི་རུང་གར་སྲིད་གཏང་ན་ཡང་ལས་རྒྱུ་འབྲས་དང་མི་གཤིས་ནས་སྦད་དེ་འགལ་བར་འགྱུར།།།
དབུས་རྒྱུན་གསར་པ་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ།
རྒྱལ་བ་རིན་པོ་ཆེའི་྄སྐུ་ཕྱའི་སྐོར་ལ་དོ་འཁུར་གནང་ནས་དོན་དག་྄ཆུང་ཆུང་རྣམས་ལ་ཁོང་ལ་བསུན་པོ་བཟོ་མི་དགོས་པ་བརྩོན་ལེན་གནང་བ་དེ་ཡག་པོ་འདུག ད་དུང་མི་སྒེར་ལ་དགོས་ལ་མི་དགོས་ཀྱི་མཇལ་ཁ་དེ་ཚོ་བཀག་ཐུབ་ན་ཤིན་དུ་ལེགས། ལྷག་པར་དུ་ཕྱི་རྒྱལ་ལ་ཕེབས་སྐབས་དེ་ལ་དོ་སྣང་ལེགས་པོ་དགོས་འདུག དེར་བརྟེན། ྄ཕྱི་རྒྱལ་ལ་མ་྄ཕེབས་གོང་ནས་མཇལ་ཁ་རྣམས་གཏན་འ྄ཁེལ་གནང་ཐུབ་ན་ལེགས།
རྒྱུན་ལས་གསར་པ་ཚོར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁ་བདེ་མགོ་བདེ་མིན་པར་མདོ་སྨད་སེར་སྐྱ་མི་མང་གིས་མངོན་འདོད་ཀྱི་རེ་བ་ལྟར་བོད་བསྟན་སྲིད་མི་རིགས་ཆེད་དུ་ཁ་བཤད་ལག་བསྟར་ཡོང་བའི་རེ་སྐུལ་ཞུ།
མདོ་སྨད་ཚོགས་ཆེན་སྟེང་གནད་དོན་གལ་ཆེན་ཁག་ཅིག་ལ་གྲོས་ཆོད་བཞག་འདུག ལྷག་པར་དུ་སྣང་བར་འགྲོ་ཤོས་དེ་གྲོས་ཆོད་དོན་ཚན་གསུམ་པའི་ནང་གསེས་ཀ་བ་ཁ་བ་གཉིས་ལ་རྒྱབ་སྐྱོར་ཡོད།
འདིའི་ཐད་བསམ་ཚུལ་ཞིག་འདོན་འདོད་བྱུང་། རྒྱུན་ལས་རྣམས་ཀྱིས་ངེས་པར་དུ་དོན་ཚན་ཀ་བ་དེ་ལག་བསྟར་ཡོང་བའི་འབོད་སྐུལ་ཞུ། ནམ་རྒྱུན་བཙན་བྱོལ་བའི་གཤིས་ཀར་གྲོས་ཆོད་མང་པོ་འཇོག་པར་དགའ་ཞིང་། ལག་བསྟར་མང་པོ་མི་ཐུབ་པར་སྐྱོ་དགོས་པའི་གནས་ཚུལ་མང་དག་ཅིག་བྱུང་དང་འབྱུང་བཞིན་པ་རེད། དེ་ལྟར་བྱུང་ན་ད་ལྟའི་གྲོས་ཆོད་འདི་ཚོ་གཟི་བརྗིད་ཁོག་སྟོང་ལྟ་བུ་ཆགས་མི་སྲིད་པ་མ་རེད།
ལྷག་པར་དུ་དེང་གི་དུས་འདིར་གཞིས་ལུས་དཔའ་བོ་དཔའ་མོའི་མངོན་འདོད་ངོ་མ་དང་འབོད་སྒྲ་ངོ་མ་དེ་ངེས་པར་དུ་གསལ་བོ་བདག་པོ་རྒྱག་རྒྱུ་དང་། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེ། དེ་ལས་ཀྱང་གལ་ཆེ་བ་ནི་ཁོང་ཚོའི་མངོན་འདོད་དེ་འགྲུབ་ཆེད་རྒྱལ་སྤྱིའི་ཐོག་ནུས་པ་འདོན་ཐུབ་པར་འབད་བརྩོན་གནང་རྒྱུ་དེ་གལ་ཆེ། དཔེར་ན་གཞིས་ལུས་མི་མང་གི་འབོད་སྒྲ་གཅིག་གྱུར་ཞིག་ཡོད་པ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་བོད་དུ་གདན་འདྲེན་ཞུ་དགོས་ཟེར་པ་འདི་རེད། དེ་ལ་ཚང་མས་དགོངས་པ་ཆེར་བཞེས་ཀྱིས་གཞུང་སྒེར་ཚང་མས་ནུས་པ་འདོན་རན་པའི་དུས་ལ་སླེབས་འདུག
ད་རེས་དེའི་ཐོག་ཚོགས་ཐོག་ནས་གྲོས་ཆོད་འདྲ་བྱུང་མི་འདུག གནད་དོན་དེ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་རེད་འདོད་ཀི
ཚོགས་ཆེན་དེ་རྒྱལ་ཁའི་ངང་གྲོལ་བ་བཀྲིས་བདེ་ལེགས་ཞུ། ལྷག་ཏུ་རྒྱུན་ལས་གསར་པ་རྣམས་ཀྱིས་མ་འོངས་པའི་བོད་མའི་བདེན་མཐའ་གསལ་ཆེད་དུ་ཕན་རླབས་རྩ་ཆེན་རེ་ལག་ལེན་དུ་འཁེལ་ཐབས་ལ་འབད་རྒྱུ་གལ་ཆེན་དུ་རློམ།
གངས་ལྗོངས་མདོ་སྨད་ཆོལ་ཁ་ཞེས་པ་དེ་ཡག་པོ་འདུག ཡིན་ནའང་། བར་བར་ཞིག་ན་བོད་ལྗོངས་མདོ་སྨད་ཆོལ་ཁ་ཡིན་ན་ཅིག་ཟེར་གི་འདུག མདོ་སྨད་ཆོལ་ཁ་བོད་ལྗོངས་ཀྱི་ཕྱོགས་སུ་གཏོགས་སྟངས་ཤིག་མེད་པས་ཚིག་དེ་འདྲར་སྙིང་བོ་མི་འདུག
ཡིན་ནའང་། སྐབས་འདིར་རྡོ་རིང་གིས་( གངས་ལྗོངས། ) དང་། (གངས་ལྗངས། ) (བོད་ལྗོངས) སོགས་ཡོད་ཚད་བཀོལ་འདུག དོན་དངོས་གང་བཀོད་ཡོད་མེད་མི་ཤེས།
མདོ་སྨད་ཚོགས་ཆེན་ཐེངས་གཉིས་པ་ལེགས་འགྲུབ་ཡོང་བས་རྟེན་འབྲེལ་ཞུ། གྲོས་ཆོད་ཀྱི་དེ་འདྲ་ཞིག་གནང་པ་སྙིང་ནས་དགའ་བསུ་ཞུ་༧གོང་ས་མཆོག་གི་སྐུ་ཕྱྭ་གཙོས་ཅ་སྟོན་གནང་འཆར་ལ་ལྷག་ཏུ་དགའ་སྤོབས་སྐྱེས་བྱུང་། གོང་གསལ་གྱི་གྲོས་ཆོད་རྣམས་ཁ་ནས་གླེང་བ་ཙམ་མ་ཡིན་པར་དོན་འབྲས་ལྷུག་པོར་ཡོང་བ་རེ་བ་ཡོད།
བཀུར་འོས་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་སེམས་ཁྲལ་མ་བྱེད་དང་ན་རུ་ཆད་པ་ཙམ་རེད་བསམ་བཞིན་དུ་བྲིས་པ་ཞིག་མ་རེད་བསམ་སོང་། གངས་ལྗོངས་མདོ་སྨད་ཅེས་པ་ཧ་ཅང་ཡག་པོ་འདུག
ཚོགས་ཆེན་དུས་ཐོག་ཏུ་འཚོགས་ཐུབ་པ་དང་གྲོས་གཞི་གྲོས་ཆོད་ཡག་པོ་བཞག་གནང་ཡོད་པར་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུན་ལས་སྔོན་མ་དག་གིས་ཧུར་ཐག་གིས་འབད་སྒྲུབ་གནང་བའི་ལས་དོན་ཁག་ཡིན་ན་རེད། དཔལ་འབྱོར་གྱི་ཐད་ནས་ཡིན་ན་རེད། འཐུས་སྒོ་སྤུས་ལེགས་གནང་དགའ་སྤོབས་སྐྱེས་པ་ཞིག་རེད། རྒྱུན་ལས་གསར་པ་ཚོས་ཀྱང་དེ་བཞིན་རྒྱུན་ལས་སྔ་མ་དག་གིས་ཤུགས་རྒྱབ་པའི་གྲུབ་འབྲས་དག་ཡར་རྒྱས་གཏོང་ཐུབ་པ་དགོས་ལ། དེ་མ་ཐུབ་ཀྱང་ཉམས་དམས་སུ་འགྲོ་མ་བཅུག་པ་ཞིག་དགོས་རྒྱུ་ཅི་ནས་ཀྱང་གལ་ཆེ་བ་ཞིག་རེད། ཁ་ནས་སུ་མགྱོགས་གང་མགྱོགས་ཀྱིས་བཤད་ནས་བསྡད་པ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས་ཀྱང་འབད་བསྒྲུབ་དགོས་པ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན་ནོ།།
མདོ་སྨད་ཆོལ་ཁའི་ཚོགས་འདུ་ལེགས་གྲུབ་བྱུང་བར་དགའ་བསུ་ཞུ། གོང་དུ་གངས་ལྗོངས་མདོ་སྨད་དང་བོད་ལྗོངས་མདོ་སྨད་གཉིས་ལ་ངའི་བསམ་པར་ཁྱད་པར་མི་འདུག རྒྱ་ནག་གི་བོད་རང་སྐྱོང་ལྗོངས་ཟེར་བའི་བསྡུས་མིང་ལ་བོད་ལྗོངས་ཞེས་འབོད་་ཀྱིན་འདུག ་དེ་ནི་བོད་ཡོངས་རྫོགས་ཚུད་ཀྱི་མ་རེད། ཡིན་ནའང་ང་ཚོའི་བོད་གངས་ཅན་ལྗོངས། ཞེས་པའི་བསྡུས་མིང་ལའང་བོད་ལྗོངས་ཞེས་འབོད་ཆོག དེ་ཡིན་ན་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དེའི་ཁོངས་སུ་གཏོགས་ཆོག ཕྱི་མའི་དབང་དུ་བྱས་ན་བོད་ལྗོངས་མདོ་སྨད་ཞེས་ལབ་ན་འགྲིགས།
མདོ་སྨད་ཀྱི་མི་སྐབས་འཚོལ་བ་རྐྱང་འདེམས་འདུག་ག། ཤར་ཕྱོགས་ཁུག་རྟ་མི་འཇོག་དོན་ཅི་ཡིན།
ལགས་རེད་་་མ་གཞི་ཚོགས་ཆེན་འཕྲེད་དར་དུ་༼བོད་ལྗོངས་མདོ་སྨད་༽བཀོད་འདུག་ལ་ངས་ནི་༼གངས་ལྗོངས་མདོ་སྨད་༽ཅེས་བཀོད་པ་ཡིན་མོད་་་༼གངས་ལྗངས་༽ཞེས་པ་དེ་ངས་གཏགས་ནོར་ཐེབས་པ་ཡིན་པས་དགོངས་དག
ཨ་ལོ་འདྲ་བོ་འདེམས་པ་ལས་ཀླུ་མཁར་བྱམས་དང་ཤར་ཕྱོགས་ཁུག་རྟ། ད་དུང་བོན་རྒྱ་བསྟན་འཛིན་རབ་རྒྱས་འདྲ་བོ་འདེམས་ན་མ་རེད་དམ། མདོ་སྨད་ཚང་ལ་མི་ཚར་སོང་བ་མ་རེད་མོ། སྡུག་ཐུག་མདོག་ལ།
ཨ་དགེ་དང་གངས་རི་ངོ་མ་མདོ་སྨད་ལ་མི་ཟད་པ་འདྲ། ཆོས་མི་ཤེས་ཤིང་སྲིད་ཀྱང་མི་ཤེས།
གཞན་སྐབས་འདིའི་ཚོགས་གཙོ་ལ་བལ་ཡུལ་བཀྲ་དོན་ལ་རེ་བ་ཆེ།
འོན་ཀྱང་ངོ་ཤེས་ནང་ཚགས་བྱས་ལོས་འགྲོ་སྙམ་ན་ངའི་རེ་བ་སྟོང་བ་ལོས་ཡིན།
དགའ་བསུ་ཡོད་། གངས་ལྗོངས་མདོ་སྨད་ཟེར་ན་འདྲ་བོད་ལྗོངས་མདོ་སྨད་ཟེར་ན་འདྲ་དོན་དངོས་བོད་ཆོལ་ཁ་གསུམ་གྱི་ནང་ཚན་མདོ་སྨད་པ་རེད་། དེ་སྐབས་བོད་ནང་བྱུང་དང་བྱུང་བཞིན་པའི་གནས་སྟངས་ཛ་དྲག་དེར་བསམ་ནས་ཆིག་སྒྲིག་ཐོག་ཕྱག་ལས་མང་ཙམ་གནང་ཐུབ་པའི་རེ་བ་ཡོད་།
ཆོལ་ཁའི་ན་ཚ་ཅན་གྱི་སྐྱེ་བུ་དག།
དཀྲུགས་ཤིང་མ་བྱེད་བློ་རྒྱ་རྒྱང་དུ་སྐྱེད།།
བོད་མིིའི་ལས་དབང་སྡོང་འགོ་བྱེའུ་འདྲ།།
སྲོག་གཤེད་མ་ནམ་ཡོང་ཆ་མེད་རེད།།
ཉམ་ཆུང་བའི་ང་ཚོའི་ངང་ཚུལ་འདི།།
དུས་ཡུན་རིང་བཟུང་ན་ཚར་རྒྱུ་རེད།།
མ་བཤད་ཆོལ་ཁའི་ཕྱོགས་རིས།།
མ་སྡོད་ཡར་ལ་ལོངས་ཤོག།
ཆོལ་ཁའི་ཕྱོགས་རིས་ཀྱིས་བཙན་བྱོལ་ནང་དུ་ན་ཟུག་མི་ཉུང་བ་ཅིག་སླང་ཡོད་རྒྱུ་རེད་ཆོལ་ཁའི་ཕྱོགས་རིས་བྱེད་སྐབས་མ་རེད།
གངས་ལྗོངས་མདོ་སྨད་ཅེས་པ་ཡིད་ལ་ཤིན་ཏུ་འཐད་བྱུང་།
བོན་རྒྱ་སོགས་ལ་དམིགས་བསལ་འཇོན་ཐང་ཡོད་མ་རེད།
ད་འགྲིག་འགྲོ་གི་རེད། ས་ཆའི་ཚོད་ཀྱི་རི་དྭགས་རེད་པ།
རྒྱལ་བ་རིན་པོ་ཆེ་སྐུ་ངལ་གསོ་རུ་འཇུག་རྒྱུ་དེ་ཧ་ཅང་གལ་ཆེ།
བོན་རྒྱ་བསྟན་འཛིན་རབ་རྒྱས་སོགས་དྲ་འབུ་རྣམས་དེ་རིང་ཡང་ཁོམ་ཡོད་ས་རེད།
འདིའི་སྐོར་ང་ཚོའི་བསམ་ཚུལ་མཐུན་གྱི་མི་འདུག བསམ་ཚུལ་མི་མཐུན་པ་བརྗོད་མཁན་ཕལ་ཆེར་ང་གཅིག་པུ་ཡིན་པ་འདྲ།
བོད་ལྗོངས་མདོ་སྨད། གངས་ལྗོངས་མདོ་སྨད། ཟེར་བའི་ཚིག་འདི་གཉིས་ད་སྔ་མཐོང་མ་མྱོང་བའི་ཚིག་གསར་པ་ཞིག་ཡིན་པ་མ་ཟད་རྡོ་ཆག་བཙན་སྒྲིག་གི་བཟོ་འདྲ་ཞིག་ཀྱང་འདུག ནམ་རྒྱུན་གྱི་འབོད་སྟངས་ལྟར། མདོ་སྟོད། མདོ་སྨད། དབུས་གཙང་ཞེས་བཀོད་པ་ཡིན་ན་ག་རེ་འགྲིག་གི་ཡོད་མ་རེད།
བོད་ལྗོངས་མདོ་སྟོད། གངས་ལྗོངས་མདོ་སྟོད། བོད་ལྗོངས་དབུས་གཙང་། གངས་ལྗོངས་དབུས་གཙང་ཟེར་ན་བློ་ངོར་འབྱོར་དཀའ་སེ་བ་ཞིག་རེད།
མདོ་སྨད་བོད་ཡིན་མིན་དེ་རྩོད་གཞི་ཅན་ཞིག་མིན་པས་རྒྱ་ནག་བཞིན་ ་་ཀྲུང་གོའི་བོད་ལྗོངས་་ ཟེར་བ་དེ་འདྲའི་མི་འབྱོར་བའི་ཚིག་བཙན་སྦྱོར་བྱ་བར་འབད་དགོས་པ་ཁྱོན་ནས་མི་འདུག་སྙམ།
གྲོས་ཆོད་སྐོར།
དཔལ་འབྱོར་འདུ་འགོད་སྐོར་གྲོས་ཆོད་ཀླད་གོར།
ཆོལ་གསུམ་ཆིག་སྒྲིལ་ཕྱོགས་མདོ་སྨད་རང་ངོས་ནས་ནུས་པ་ག་རེ་འདོན་རྒྱུ་ཡིན་མིན་སྐོར་གྲོས་ཆོད་ཀླད་གོར།
རང་སྐད་ཡར་རྒྱས་གཏོང་ཐབས་སྐོར་གྲོས་ཆོད་ཀླད་གོར། ཀླད་གོར་མང་པོ་སྤྲད་ཡོང་བ་ཡིན་ན་ཀླད་པ་ན་རོགས་ཡིན་པས་འདི་ཙམ་གྱིས།
བོན་བརྒྱ་ལགས། མདོ་སྨད་བོད་ལྗོངས་ཀྱི་ཁུངས་སུ་མི་གཏོགས་ཟེར་ན་རྒྱའི་བཤད་སྟངས་ཤིག་རེད། བོད་ལྗོངས་ཟེར་ན་བོད་ཆོལ་ཁ་གསུམ་གྱི་ཡུལ་སྤྱིའི་མིང་རེད། མདོ་སྨད་ཀྱི་ཡུལ་གང་ཞིག་བོད་ཀྱི་ལྗོངས་སུ་གནས་མེད་པ་རེད། འདི་ཙམ་ལ་རྒྱས་བཤད་ཅང་དགོས་པ་མི་འདུག་སྙམ།
མདོ་སྨད་པ་རྣམས་ཆོས་ལུགས་ཕྱོགས་ཞེན་ཆེ། མདོ་སྟོད་པ་རྣམས་ཆོལ་ཁའི་ཕྱོགས་ཞེན་ཆེ། འདི་དངོས་གནས་འདྲ་བོ་ཞིག་ཡོད་རེད་དཱ།
གངས་ལྗོངས་མདོ་སྨད་སྐབས་བཅུ་བཞི་པ་འི་ཚོགས་འདུ་ལེགས་པར་བྱུང་བ་ལ། བཀྲ་ཤིས་བདེ་ལེགས་ཞུ། བོད་ལྗོངས་ཆེན་པོ་དེ་ལེགས་ཚོགས་ཕུན་སུམ་ཚོགས་པ་བྱུང་ན། འབྲུག འབྲས་ལྗོང་། བལ་ཡུལ་བོད་ཀྱི་རིག་གཞུང་ལུགས་འཛིན་པ་དག་དང་། གར་ཞ་སྟོད། སྤྱི་ཏི། ལ་དྭགས་བཅས་ཀྱི་སྐྱེ་དགུ་བོད་རིག་གཞུང་ལ་བརྟེན་པའི་མི་རིགས་ཚང་མ་ལ་ཡར་རྒྱས་འབྱུང་བ་མཐོང་བཞིན་པ་ཡིན་འདུག དེང་ཡང་སྐྱབས་མགོན་རྒྱལ་བའི་དབང་པོ་ཕྱག་ན་པདམོས་བཀའ་ཆོས་སྩོལ་ཞུ་བ་ལ་སྐྱེ་བོ་ཕོ་མོ་མང་པོ་ད་ལོ་གནས་མཆོག་རྡོ་རྗེ་གདན་དུ་འཛོམས་པ་ནི། དཔེར་ན། ལ་དྭགས་པ་རྣམས་ཀྱིས་མི་འབོར་ཆེན་མཐོང་སྟེ། ལ་དྭགས་ན་མི་ལུས་ཏེ་འདུག་གམ། ཞེས་དྲི་བ་བཀོད་པ་ཐོས། འདི་འདྲ་བྱུང་དང་འབྱུང་བཞིན་པ་ཡང་། རང་རེ་རྣམས་སྐད་རིགས་གཅིག་ཅིང་། རིག་གཞུང་གཅིག་ལ་བརྟེན་ནས་ཡིན་པ་མངོན་སུམ་དུ་གསལ་བ་ལགས། ད་དུང་རང་ཅག་ཚང་མས་ཡུལ་ལུང་སོ་སོར་སྐྱོན་བརྗོད་མེད་པར་མཛའ་མཐུན་ངང་དུ་གནས་པ་དགོས་པ་ནི། རང་རེའི་རྩ་བའི་བླ་མ་རྒྱལ་དབང་པད་དཀར་འཆང་གི་བཞེད་དོན་བླ་ན་མེད་པ་ལགས་ན། རང་ཅག་རྣམས་རྡོག་རྩ་གཅིག་ཏུ་འབྱུང་བ་ལ་སྔར་གྱི་བོད་མི་རིགས་ཀྱི་ཆོས་རྒྱལ་རྣམས་དང་། གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ཀྱིས་གུས་བཀུར་ཞུས་པ་བརྟེན་ནས། བོད་ཀྱི་མཁས་པ་རྣམས་ཀྱིས་ངལ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་བསྐྲུན་པའི་ཆོས་དང་རིག་གནས་ཀྱི་བཀའ་དང་བསྟན་བཅོས་རྒྱ་མཚོ་ལྟ་བུ། ཛམ་གླིང་རྒྱལ་ཁབ་གཞན་གྱི་བསམ་ཤེས་ཅན་རྣམས་ཀྱིས་སྐོམ་པ་ཆུ་འདོད་བཞིན་རང་རང་སོ་སོའི་སྐད་དུ་སྒྱུར་བ་དང་གཏན་འབེབས་བྱེད་བཞིན་པ་ལ་བལྟས་ཏེ། རང་རེས་ཀྱང་བོད་ཀྱི་སྐད་དུ། རིག་གཞུང་དེ་དག་བརླག་སྟོར་མེད་པར་གཙོ་བོ་བོད་སྤྱིའི་སྐད་དམ་རིག་གཞུང་སྐད་ཀྱི་དག་ཆ་རྣམས་ལུང་པའི་སོ་སོའི་ཁ་སྐད་དུ་མ་ཤོར་བ་ཞིག་རང་ཅག་ཚང་མས་བྱེད་དགོས་པར་མཐོང་། དེ་ཡང་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའི་དཔེ་ཆ་རྙིང་པ་དང་གསར་པ་དེབ་ཏུ་བསྐྲུན་པ་་བལྟས་པས། ལུང་པའི་སྐད་དེ་དག་པར་བསམས་ཏེ། ཡི་གེའི་དག་ཆ་མང་པོར་བསྒྱུར་བཅོས་ཡོད་པ་མཐོང་། དེ་བཞིན་རྩོམ་ཡིག་འདིར་ཡང་། དགོང་མོའི་ཞལ་ཟས་དང་། མིང་མཐའ་འདྲེན་ཚུལ་ལས། པ་ཡིག་དགོས་སར་བ་ཡིག་བྲིས་པ་འདུག་ན། དེ་འདྲ་མ་ཡིན་པར་རང་རེའི་མཁས་པས་བྲིས་པའི་དག་ཆ་དང་། དག་ཡིག་ཁུངས་ལྡན་དག་ལ་རྩི་དགོས་པ་གལ་ཆེ་བར་མཐོང་། དཔེར་ན། དགོངས་མོ་ལ་དགོང་མོ་ཞེས་འབྲི་བ་ནི། བཀའ་བསྟན་གསུང་འབུམ་དག་དང་། དེ་དག་གཞིར་བཟུང་སྟབས་བདེ་ཆེད་དུ་བྲིས་པའི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་སུ་བོད་རིག་གཞུང་ལ་གཅེས་པའི་མཁས་པ་དུ་མའི་ཕྱག་གིས་བསྐྲུན་པའི་ཚིག་གི་དག་ཆ་རྣམས་རང་རེའི་མི་རབས་འདིར་རྐང་པས་བསུབ་པ་མི་འདུག་གམ།
མདོ་སྨད་ཚོགས་ཆེན་ཡིན་ན་ཅིག ཡང་གང་ཞིག་ནས་ནང་ཁུལ་དཀྲུགས་ཤིང་སློང་བཞིན་ཡོད་པ་སུས་ཤེས། རྡ་སའི་ལས་མེད་ཁ་ཤས་ཀྱིས་ཁོ་རང་ཚོ་རང་གིས་རང་ཉིད་འདེམས་བཞིན་པ་ལས་མི་འདི་དག་གིས་མདོ་སྨད་མི་མང་གིས་ཚབ་མཚོན་མི་ཐུབ་པ་གསལ་བོ་ཡིན།
མདོ་སྨད་ཕྱོགས་ཀྱི་ཀླུ་མཁར་བྱམས་དང་བསོད་ནམས་རྒྱལ་མཚན་སོགས་ཅུང་ཤེས་ཡོན་གཉིས་འཛོམས་རེ་བསྐོས་ན་ཅིས་མི་ཆོག ལས་མེད་ནི་ལས་མེད་རང་རེད་དེ་མ་གཏོགས་ལས་ཀ་མི་འདུག་ག????????
མདོ་སྨད་དབུས་རྒྱུན་ལས་གསར་བ་ཡག་བོ་་ཞིག་འདེམས་པར་ཐུབ་པའི་རེ་བ་དང་ཡིད་ཆས་ཡོད།
འཚམས་འདྲི་ཞུ། བོད་ནས་ཆ་མཚོན་ན་དེང་སང་མདོ་སྟོད་སྨད་མེད་ན་ཚར་བའི་ཟོ་ཞིག་བསྟན་འོང་གི
བཙན་བྱོལ་ནང་གི་མདོ་སྨད་པ་རྣམས་ནི་སྐབས་འཚོལ་བ་ཆགས་གྲབ་འདུག་པས་གཟབ་པར་ཞུ།
འདྲ་པར་སྒང་ན་བསྟར་ཕྲེང་བསྒྲིགས་པའི་མི་འདི་དག་་མཐོང་དུས་སེམས་སྐྱོ་སྐྱོ་ངང་བོད་རང་དབང་གི་ཆེད་དུ་ཚེ་སྲོག་འཕྲོག་ཟིན་པ་དང་བཙོན་རྭར་གནར་གཅོད་མྱོང་གིན་པའི་རྒྱལ་གཅེས་དཔའ་རྒོད་ཚོགས་ལ་བཀའ་དྲིན་བསམ་ཤེས་དང་གུས་བརྩིའི་སླད་དུ་དཀར་གཙང་གི་ཁ་དར་ཡུག་ཅིག་རེ་འབུལ་འདོད་སྐྱེས་ཀི ཁོང་ཚོ་ཚང་མ་སྟེགས་བུའི་སྟེང་ནས་འགྱིང་ཉམས་ཀྱིས་བཞུགས་ནའང་གཟི་བརྗོད་དུ་བརྩི་ངེས།
ཆོལ་ཁ་ཆོས་ལུགས་ལུང་དང་ལུང་ཕྲན་སོགས།
ཕྱོགས་ལྷུང་འཐེན་ཁྱེར་དབྱེན་པའི་རྒྱུ་ཡིན་པས།
ཕ་རྒན་སྤྲེལ་དང་མ་རྒན་བྲག་སྲིན་གྱི།
ཁྲག་རྒྱུན་གཅིག་ལས་མཆེད་པ་ཡིད་ལ་སོམས།
ངོ་མ་མདོ་སྨད་ཀྱི་མི་ཤེས་འཇོན་ལྷག་བསམ་ཅན་དེ་དག་སླེབས་མི་འདུག་་་ངས་བལྟས་ན་འོས་བླུགས་སྟངས་དེ་ཅིག་འགྲིག་གི་མེད་པ་འདྲ།་་མི་བརྒྱ་ལྷག་གིས་འོས་བླུགས་པ་ནི་ཨེ་ཡིན།་་་འདི་ལྟར་སོང་ན་ཅིག་འགྲིག་གི་མི་འདུག་ད།
མདོ་སྨད་ཚང་ལ་བུ་མེད་ཀྱི་ཤུལ་ཆད་སོང་ནི་མིན་ནམ། བུ་མེད་རྐང་གཅིག་ཡང་མིག་གིས་མཐོང་རྒྱུ་མི་འདུག མདོ་སྨད་བུ་མེད་ཚོ་ཁ་བཙུམ་ནས་འདུག་རན་མ་རེད་པྰ།
རྒྱུན་ལས་གསར་བ་རྣམས་ཧ་ཅང་ཡག་པོ་འདུག
མང་གཙོའི་འགྲོ་ལུགས་ལྟར་ས་གནས་འོས་འདེམས་བྱེད
ཨ་ལོའི་ལྷག་བསམ་ལ་མང་གི་འོས་ཤོག་ཐོབས
ཁྱེད་ཀྱི་ཕྲག་དོག་དེ་སེམས་ཀྱི་དཀའ་ངལ་ཉིད
མདོ་སྨད་ཀྱི་རྒྱུན་ལས་གསར་བ་རྣམས་ཀྱི་ནང་ན་སྐུ་ཞབས་རྒྱ་རིགས་ཐར་མ་གཏོགས་མཇོན་ཐང་ཅན་ཞིག་མི་འདུག་ཡོན་ཏན་གྱི་ཕྱོགས་ནས་སྐུ་ཞབས་རྒྱ་རིགས་ཐར་ལ་ཡོད་མེད་མི་ཤེས་འོན་ཀྱང་ཁོང་གི་ཁ་སང་གི་སྤྱི་མཐུས་ལྷན་འཚོགས་སྐབས་ཀྱི་གཏམ་བཤད་དེ་ལ་ཉོན་དང་དངོས་གནས་ཁོང་ལྟ་བུ་ཆོལ་ཁ་གསུམ་གྱི་ནང་དཀོན་པོ་རེད་ཁོང་ལྟ་བུ་སྤྱི་མཐུས་ནང་མི་ཉུང་བ་ཞིག་ཡོད་ན། རེ་བ་དང་ཡིད་ཆེས་ཡོད།
བོན་རྒྱ་བསྟན་པ་རབ་རྒྱས་སོགས་ཀྱིས་གད་མོ་ཤོར་བཅུག་གི་འདུག ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། གོང་ས་སྐྱབས་མགོན་ཆེན་པོས་མདོ་སྨད་ལ་རང་དབང་ཐོབ་པའི་སྨོན་ཐུགས་སྨོན་གནང་མེད་པ་དོན་གྱིས་ཁས་བླངས་འདུག
མདོ་སྟོད་སྨད་དབུས་གཙང་མངའ་རི་ཟེར་བའི་རུ་ཁག་ཆུང་ཆུང་གི་འཚོགས་འདུ་འདིས་བོད་ལ་ཕན་ཐོག་པའི་ལོ་རྒྱུས་མེད་ལ། ཕན་ཐོག་ཀྱི་མེད་ལ། ཕན་ཐོག་པའི་ཡིད་ཆེས་མེད། དེའི་ཚབ་དུ། དེ་སྔོན་བོད་ཀྱི་རང་དབང་ཤོར་བའི་རྐྱེན་ངན་ཡང་རུ་ཁག་ཆུང་ཆུང་རེ་ས་ཁུག་རེ་བཅས། རྒྱལ་པོ་དང་དཔོན་པའི་མཚན་འདྲ་བཏགས། ཕན་ཚུན་རུ་ང་དང་ཐོབ་ཤོར་ཁོ་ནས་དུས་འདའ་ནས། ད་ལྟའི་གནས་ཚུལ་འདི་འདྲ་ཞིག་ཏུ་སླེབས་ཡོད།
བོད་ནང་དུ་ཡོད་པའི་འཆོལ་གསུམ་གྱི་བོད་མི་རིགས་ནི་དངོས་གནས་ཁ་ཞེ་མེད་པའི་རྡོག་རྩ་གཅིག་སྦྲེལ་རེད། དེའི་རྒྱུ་མཚན་གྱིས། བོད་ཀྱི་གསར་ཚར་རྣམས་ཀྱིས། མདོ་སྟོད་སྨད་དབུས་གཙང་སོ་སོར་གང་དང་ཤེས་མཁན་དཀོན། ཚང་མས་ང་ཚོ་བོད་རིགས་གཅིག་ཡིན་ཟེར་བ་དང་། ཕ་ཀ་ནས་རང་ལུས་མེ་སྲེག་གིས་སྐད་འབོད་གནང་གི་འདུག བུ་དང་བུ་མོ་དེ་དག་དངོས་གནས་དཔའ་བོ་དང་དཔའ་མོ་རེད་ཟེར་ཅིང་སོ་སོས་རང་ལུས་གཏོང་མ་སྤོབས་ནའང་གཞན་ལ་རྗེས་སུ་ཡིད་རངས་བྱེད་ནས་སྡད་ཀྱིན་འདུག
གཙན་བྱོལ་འདིའི་ནང་དུ། མང་གཙོའི་རྨངས་གཞི་འོས་ཤོག་བླུག་པའི་ལུགས་སྲོལ་དེ་ཡོད་པས། གོ་སྐབས་རིང་ལུགས་ཀྱི་ཆབ་སྲིད་པས་མདོ་སྟོད་ཀྱི་ཚོགས་པ། མདོ་སྨད་ཀྱི་ཚོགས་པ། དབུས་གཙང་གི་ཚོགས་པ་ཅེས་ཟེར་ནས། སྤྱི་ཚོགས་རྙིང་པའི་རུལ་སུལ་ཕྱོགས་ཞེན་དེ་སོ་སོའི་སྒེར་གྱི་ཁེ་ཕན་ལ་བེད་སྤྱོད་ཆེན་པོར་མཐོང་ནས། སློབ་གྲྭ་ཕྲུག་གུ་ཆུང་ཆུང་ཡན་ལ། ཕྱོགས་རིས་སུ་བཅད་པའི་ཞེན་རྨོངས་མགོ་ཐོམས་ཤིག་བསྒོས་བཞིན་ཡོད་པ་འདི་ནི། ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་གང་ཐུབ་སྤོང་དགོས་པའི་ནད་ངན་ཆེ་ཤོས་སུ་མཐོང་གི་ཡོད།
དེ་འདྲའི་ནད་ངན་དེས་བོད་ཀྱི་གསར་འགྱུར་བརྒྱུད་ལམ་གྱི་མིང་འཛིན་ནའང་ ལུང་ཁུང་གྲངས་ཉུང་མི་རིགས་ཤིག་གི་གནད་དོན་ཆུང་ཚག་བོད་སྤྱི་བའི་གནད་དོན་ལས་ཆེ་ཙམ་དུ་བརྩིས་པའི་གནད་དོན་ཞིག་འབྱུང་འདུག་པ་འདིས་གསལ་བཤད་བྱེད་ཀྱིན་འདུག
དེར་རྟེན། ང་ཚོས་མདོ་སྟོད་སྨད་དབུས་གཙང་གི་རྒྱུན་ལས་ཟེར་བ་དེ་རང་བཙན་ཚོགས་པ་མངས་གཙོ་ཚོགས་པ། གཉིས་ཕན་ཚོགས་པ་སོགས་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་བཙུགས་ནས། གཅིག་གྱུར་གྱི་ས་བོན་བསྐྲུན་གང་ཐུབ་བྱེད་དགོས་འདུག
ཕྱོགས་གཅིག་ནས་བཤད་ན། རིགས་གནས་ཅུང་ཟད་ནི་ཡོད། ཤེས་ཡོན་གྱི་ཆུ་ཚད་མཐོན་པོ་ནི་མེད་མཁན་འདི་རྣམས་ཕྱོགས་ཞེན་རུ་གཅོད་བྱེད་ཏེ་ངོ་མ་རེད་འདུག
མདོ་སྟོད་སྨད་ཀྱི་ཚོགས་པ་དམངས་ནས་གཤིགས། ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་གསར་བཙུགས་དགོས་འདུག་ཞུས་པ་ཡིན།
མདོ་སྨད་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་བ་དང་། རྒྱུན་ལས་གསར་འདེམས་བྱུང་བ་བཅས་ལ་བཀྲ་ཤིས་བདེ་ལེགས་ཡོད།
ནང་ཁུལ་ཕྱོགས་རིས་སོགས་ཀྱི་གཞན་དབང་དུ་མ་སོང་བར་བསམ་བློ་ཡག་པོ་ཞིག་གཏང་ཐུབ་ན། ཚོགས་གཙོ་ལ་བལ་ཡུལ་གྱི་བཀྲ་ཤིས་དོན་གྲུབ་ལགས་ངེས་པར་ཕེབས་དགོས་ངེས་རེད། སེམས་ལ་ཟུངས།
བོན་རྒྱ་སོགས་ཀྱིས་དཀྲོགས་གཏམ་དང་མ་ཤེས་ཤེས་མདོགས་བྱས་པར་ཉན་ས་གང་ཡང་ཡོད་པ་མ་རེད། བོད་གངས་ཅན་ལྗོངས་ལ་བོད་ལྗོངས་ཞེས་གཏགས་པ་རེད། གཞན་རྒྱ་མིས་བྱེད་སྟངས་ལ་ང་ཚོས་ངོས་ལེན་བྱས་པ་མ་རེད་ལ། དེ་ལྟར་བྱས་ན་སྨྱོན་པས་བྱེད་སྟངས་རེད། བྱེད་དགོས་ཀྱང་ཡོད་པ་མ་རེད།
ཆོས་འཕེལ་གྱིས་བཤད་པ་བདེན། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ལྷུན་གྲུབ་ཆོས་སྲིད་ཟུང་འབྲེལ་དགའ་སྟོན་ལ། །སྤྱོད་པའི་སྐལ་བཟང་མྱུར་བ་ཉིད་དུ་སྩོལ། །
འདི་ནང་མདོ་སྨད་ཐེ་མེད་པ་རེད། ཅེས་བཤད་ན་༧གོང་ས་མཆོག་གིས་ག་རེ་གསུང་རྩིས་ཡོད་དམ། མདོ་སྨད་མི་མང་གིས་ག་རེ་ཤོད་རྩིས་ཡོད་་དམ།
ལ་དྭགས་འཇམ་དཔལ་ལགས་སུ་ཡིན་མཐོང་ཐོས་གང་ནས་ཤེས་ཀྱི་མེད་རུང་། ཁ་བརྡ་འདིར་བཞག་པའི་བསམ་ཚུལ་སྔོན་རྗེས་བཀོད་པར་བལྟས་པས། ཁ་ཞེ་གཉིས་མེད་ཀྱིས། ཆོས་རྒྱལ་དཀའ་དྲིན་ཅན་རྣམས་ཀྱི་མཛད་རྗེས་ལ་དྲིན་དྲན་ཤེས་མཁན་ཞིག་དང་། ད་ལྟ་རང་རེ་ཧི་མ་ལ་ཡི་རི་བརྒྱུད་དུ་ཡོད་དོ་ཅོག་གིས་ངོམ་རིན་ཆོག་པའི་རིགས་གནས་ལ་མཐོང་ཆེན་དང་ཐུགས་ཁུར་རྒྱ་ཆེར་གནང་བཞིན་པ་དང་། བོད་ཀྱི་བརྡ་སྤྲོད་ལ་ཐུགས་ཁུར་གནང་བ་ནང་བཞིན་མཁྱེན་ཡོན་ཡག་པོ་ཡོད་པ་སོགས་ལ། གུས་བཀུར་ཆེན་པོའི་སྒོ་ནས་བསྟོད་བསྔགས་ཞུ་བཞིན་ཡོད། བཀྲ་ཤིས་བདེ་ལེགས
དགོང་དྲོ་ཆུ་ཚོད་ལྔ་བའི་དགོང་ཟས། འདི། དགོངས་དྲོ་ཆུ་ཚོད་ལྔ་པའི་དགོངས་ཟས་ཞེས། འབྲི་དགོས་གསུངས་འདུག་པས་་་་
མདོ་སྨད་དབུས་རྒྱུན་གསར་པ་རྣམས་ལ་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མ་འོངས་པར་མདོ་སྨད་མི་མང་གི་རེ་འདུན་བསྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་གཙང་མ་ཡོད། དེ་དང་ཆབས་ཅིག་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་ལ་བསམ་གཞིགས་ནན་པོ་གནང་རྒྱུའི་རེ་བ་ཆེན་པོ་ཡོད།
ཆོས་འཕེལ་གྱིས་གསུངས་པ་བདེན་པ་རེད་འདུག།བོད་ལྗོངས་ཟེར་བ་བོད་ཡུལ་སྤྱི་ལ་གོ་བ་ལས་ཨུ་ཚུགས་བྱས་ཏེ་ཀྲུང་ཀོའི་བོད་ལྗོངས་ལ་སྦྱར་དགོས་དོན་མེད་པ་རེད།མདོ་སྨད་ཚོགས་པར་དེ་སྔ་ལྐོག་ཟའི་དོན་རྐྱེན་མང་པོ་བྱུང་ནས་ཚོགས་པ་སྐྱོ་ཤོས་ཤིག་ཆགས་ཡོད་ནའང་།བར་ལམ་སྤྱི་འཐུས་རྒྱལ་རོང་ཟླ་བ་འདས་པོ་དང་སྤེན་པ་ཚེ་རིང་སོགས་ཀྱི་བཀའ་དྲིན་ལས་དེང་སང་དངུལ་འབོར་མང་པོ་ཅིག་ཡོད་པ་གོ་ཐོས་བྱུང་མོད།རྒྱུན་ལས་གསར་པའི་ནང་མི་ཁྱད་མཚར་མང་པོ་ཅིག་སླེབས་འདུག་པས།མ་འོངས་ལུང་བསྟན་ཅིག་བརྒྱབ་ན་འབྱུང་འགྱུར་དངུལ་གྱི་རྙོག་བྲ་ཡོང་སྲིད་པ་རེད།འོན་ཀྱང་།དེར་སྟངས་འཛིན་ལམ་ཁ་ཡག་པོ་ཅིག་ཡོད་པ་ནི་ཚོགས་གཙོ་ཚད་ལྡན་ཅིག་ངེས་པར་གདམས་དགོས་པ་རེད།
མདོ་སྨད་ཀྱི་རྒྱུན་ལས་གསར་པ་རྣམས་ལ་འཚམས་འདྲི་དང་ལྷན། མདོ་སྟོད་སྨད་ཆོལ་ཁའི་བར་གྱི་འབྲེལ་འཐུད་ལ་ཡིད་གཟབ་གནང་རོགས།
གལ་ཏེ་ང་ལ་ཐེངས་རྗེས་མའི་མདོ་སྨད་རྒྱུན་ལས་ནང་ལ་འོས་ཤོག་འཕེན་པའི་གོ་སྐབས་ཡོད་ན་ངས་བསོད་ནམས་རྒྱལ་མཚན་དང་གཡང་མཁོ་རྒྱལ། ཀླུ་མཁར་བྱམས། བོན་རྒྱ་བསྟན་འཛིན་རབ་རྒྱས་བཅས་ལ་འོས་ཤོག་ལྡུག་ངེས་ཡིན།
གོང་ནས་དྲ་ཐོག་ཏུ་མི་མང་པོས་བོད་ལྗོངས་མདོ་སྨད་ཅེས་པའི་སྐོར་ལ་བསམ་ཚུལ་མང་པོ་བཏོན་འདུག་ཀྱང་གནད་ལ་འཁེལ་བ་ཞིག་གཏན་ནས་འོང་གི་མེད། ལྷག་པར་དུ་རྒྱ་ནག་དམར་པོའི་གཞུང་གིས་བོད་ལྗོངས་ཞེས་པ་དབུས་གཙང་གཅིག་པུར་གོ་དགོས་ཞེས་ཨུ་ཚུགས་ཀྱིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་ཀྱང་། བོད་ཀྱི་ལོ་རྒྱུས་ན་བོད་ལྗོངས་དང། གངས་ལྗོངས། གངས་ཅན་ལྗོངས། བོད། ཁ་བ་གངས་ཅན་ལྗོངས། ཁ་བའི་ལྗོངས་སོགས་མིང་གི་རྣམ་གྲངས་ཡིན་པ་མ་ཟད་བོད་ས་ཁྱོན་ཡོངས་ལ་གོ་དགོས་པ་དཔེར་ན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུའི་ནང་དུ་༼བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་ བདེ་སྐྱིད་རྫོགས་ལྡན་གསར་པས་ཁྱབ་༽ཅེས་དང་། དེ་མ་ཟད་༼ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། །༽སོགས་མང་ཡང་ཡི་གེ་མང་དོགས་ནས་མ་བྲིས་ལ་འབྲི་དགོས་གལ་ཡང་མ་མཐོང།
ངས་འདི་ནས་ཁ་དཔེ་ཞིག་དྲན་ཡོང་གིན་འདུག
ཤོད་ཚོད་ཟིན་ན་མཁས་པ་ཡིན་་་་་་ཟ་ཚོད་ཐུབ་ན་སྨན་པ་ཡིན་ཟེར།
བོད་ལྗོངས་་་་ཁ་བའི་ལྗོངས་་་་་སྨན་ལྗོངས་་་བསིལ་ལྡན་ལྗོངས་་་གངས་རིའི་ལྗོངས་སོགས་མིང་མི་འདྲ་བ་ཅི་རིགས་མཆིས་ཀྱང་། དོན་ལ་བོད་ཆོལ་གསུམ་གྱི་ཁྱོན་ཡོངས་བསྟན་གྱིན་ཡོད་པ་ལས་འདི་དང་གན་འདུར་ཐུབ་དང་མི་ཐུབ་ཅེས་གླེང་བ་ནི་རང་ཉིད་ལྐུགས་པ་ལས་མཁས་རྟགས་ཤིག་དང་བཟང་རྟགས་རྩ་བ་ཉིད་ནས་མ་རེད། དེ་སྔར་མགོ་ལོག་དེ་ཡང་ཨ་མདོ་ཡིན་མིན་གྱི་སྐད་ཆ་ལུང་བ་གང་བཤད་སོང་བ་་་་སྐད་ཆ་འདི་ཚོགས་གླེང་དགོས་པའི་གནད་དོན་གལ་ཆེན་ཞིག་མ་རེད། གླེང་དགོས་པ་དང་་་རྩོད་དགོས་པ་དེ་བོད་ཆོལ་ཁ་གསུམ་པོ་རྒྱ་ནག་ལས་ལོགས་སུ་རྒྱལ་ཁབ་ཅིག་འཛུགས་སྐྲུན་གནང་རྒྱུ་དེ་རེད། གང་ལྟར་ཆོལ་ཁ་གསུམ་པོ་བོད་ཟེར་བའི་མིང་འདིའི་འོག་ན་འདུས་ཡོད་པ་ལས་ཅིག་ཅིག་ཉིག་ཉིག་ཟེར་ནས་གླེང་གིན་མ་འདུག་་་་དྲིན་ཅན་ཚོ།
རྒྱལ་བའི་ཐུགས་རྗེ་བཀའ་དྲིན་གྱིས་བཙན་བྱོལ་དུ་འཚར་ལོངས་བྱུང་བའི་རང་རིགས་རྣམས་ལ་ཆོལ་ཁའི་ཕྱོགས་ཞེན་ཕལ་ཆེ་བ་ལ་མེད་ཅིང་། ཕན་ཚུན་བོད་པ་ཡིན་པ་ཤེས་པ་ལས། ལོ་མང་འགྲོགས་པ་ཞིག་ཡིན་རུང་ལུང་ཚན་གང་ནས་ཡིན་མིན་མང་ཆེ་བས་མི་ཤེས། འདི་ནི་བཙན་བྱོལ་བའི་གཞོན་སྐྱེས་རྣམས་ཀྱི་ལེགས་ཆ་ཆེ་ཤོས་དེ་ཡིན། གཞིས་ཆགས་ཁག་ཏུ་འཚོ་བའི་ཉམ་ཆུང་མི་མང་རྣམས་ཀྱིས་ཀྱང་ཆོལ་ཁའི་ཕྱོགས་ཞེན་རྩ་བ་ནས་བྱེད་ཀྱི་མི་འདུག ད་འོ་ན་ཆོལ་ཁའི་འཐེན་འཁྱེར་འདི་གང་ནས་བྱུང་འདུག་ཅེ་ན། དེའི་འབྱུང་ཁུངས་རྡ་སར་སྐབས་འཚོལ་བ་འགའ་ཤས་ཀྱིས་ཁ་ནས་༸རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་རྩ་དོན་ཁོ་ན་བཤད་ནས་ལོ་ནས་ལོ་བསྟུད་རང་དང་རང་མིན་ན་རང་གི་ཉེ་ལྟོས་ཆོལ་ཁ་སོ་སོའི་ཚོགས་པའི་རྒྱུན་ལས་ཡིན་ཁུལ་རང་དོན་ཁོ་ན་བསྒྲུབས་དང་སྒྲུབ་བཞིན་པ་དང་། ད་བར་བོད་ཀྱི་སྤྱི་ཚོགས་སུ་རྙོག་དྲའི་སྐྱོ་མ་ཇི་ལྟར་གཡོས་སྦྱོར་བྱས་ཡོད་པ་ལོ་རྒྱུས་སུ་གསལ། ཕྱོགས་ལྷུང་དང་མགོ་བདེ་གླགས་འཚོལ་བའི་མི་རྒན་འགའ་ཞིག་གིས་རྒྱུད་སྐུལ་འོག་བོད་ནས་གསར་དུ་འབྱོར་བའི་སྐྱ་སེར་གཉིས་ལ་མགོ་བསྐོར་བཏང་སྟེ། ཆོལ་ཁའི་ཕྱོགས་ཞེན་བསླབས་པ་བཞིན་གསར་འབྱོར་བ་རྣམས་ཀྱིས་ཁོ་ཚོས་གཡོས་སྦྱོར་བྱེད་ཡུལ་དུ་ཡང་བསྐྱར་རྙོག་དྲའི་སྐྱོ་མ་གསར་དུ་གཡོས་སྦྱོར་བྱེད། མདོར་ན། ཆོལ་ཁའི་ཕྱོགས་ཞེན་ཞེས་པ་འདི་རང་ཉིད་ཀྱི་ཁེ་ཕན་ཞེ་ནས་བཟུང་བའི་མི་ཆེན་འགའི་ཕྱོགས་ཞེན་ཡིན་པ་ལས་བོད་སྤྱི་ཡོངས་ཀྱི་ཕྱོགས་ཞེན་གཏན་ནས་མིན་པ་དང་། ཆུ་བཞི་སྒང་དྲུག་གསར་རྙིང་གི་རྩོད་རྙོག་དེ་ཡང་མི་ངན་འགའི་ཕྱོགས་ཞེན་གྱི་རྩོད་རྙོག་ཡིན་པ་ལས། མདོ་སྟོད་མི་མང་ཕལ་པའི་རྩོད་རྙོག་ཅིག་གཏན་ནས་མ་རེད། དེས་ན་རྡ་སའི་ཆོལ་ཁ་གསུམ་ཞེས་པའི་དཔུང་པ་རོང་རོང་གསུམ་པོ་ད་བར་ནུས་པ་ཤོར་དང་འཆོར་བཞིན་པ་མི་མང་རྣམས་ལ་གོ་རྟོགས་རྙེད་པའི་རྟགས་ཡིན་པ་ཧ་ཅང་ཡིད་དགའ་བའི་གནས་ཚུལ་རེད། དེ་སྔོན་ཟམ་གདོང་རིན་པོ་ཆེས། གསུང་བཤད་རིན་ཐང་ཅན་འདི་འདྲ་ཞིག་གསུངས་ཡོད་པ་སྟེ། ཆོལ་ཁ་གསུམ་ཆིག་སྒྲིལ་ཞེས་པ་མདའ་གསུམ་སྐུད་པས་བསྡམས་པ་བཞིན། གཅིག་ཡོད་སར་གཞན་གཉིས་དེ་ཡིན་གཅིག་སླེབས་དགོས་པ་ཡིན་ན། ཆིག་སྒྲིལ་མ་བྱུང་ཚར་བ་རེད། ཆོལ་ཁ་གསུམ་ཆིག་སྒྲིལ་ཞེས་པ་ཆུ་དང་འོ་མ་འདྲེས་པ་བཞིན་དགོས་ཞེས་གསུངས་ཡོད།