གངས་ལྗོངས་སྐྱེ་དགུ་ཡོངས་ཀྱིས་གསན་ཅིང་དགོངས་དགོས་པའི་ཞུ་བ། Posted on 2010-05-162010-05-16 By དགེ་རབ་ 14 Comments on གངས་ལྗོངས་སྐྱེ་དགུ་ཡོངས་ཀྱིས་གསན་ཅིང་དགོངས་དགོས་པའི་ཞུ་བ། མར་ཡུལ་ལ་དྭགས་པ་བློ་བཟང་འཇམ་དཔལ། ———————– རྩོམ་ཡིག་ཆ་ཚང་ གཤམ་གྱི་འབྲེལ་ཐག་བརྒྱུད་གཟིགས་རོགས། tsc རྩོམ་རིག
ཨོ་རེད། རྩོམ་ཡིག་འདིའི་མགོ་ནས་ཅུང་ཙམ་ཀློག་པ་ཡིན། ལ་དྭགས་པའི་བརྡ་དག་ཅིག་ལོགས་སུ་ཡོད་ན་མི་ཤེས་དེ་མིན་བརྡ་དག་དགོས་ནི་རེད་ཅེས་བཤད་ཞོར་དུ་མ་དག་པ་མང་བོ་ཞིག་བྲིས་འདུག་ཕལ་ཆེར་ཡིག་སྐྱོན་ཡིན་རྒྱུ་རེད་སྙམ། ལ་དྭགས་པའི་སུམ་རྟགས་ཟེར་ནི་ཞིག་སྔོན་མ་མཐོང་མྱོངས་ཡོད་དེ་ཡང་བོད་ཀྱི་སུམ་རྟགས་གཞི་བཞག་ནས་དེ་ཐོག་ཏུ་རང་འདོད་ལྟར་ས་གནས་དེའི་ཡུལ་སྐད་ཀྱི་འགྲོས་དང་མཐུན་པའི་ཕྲད་ཀྱི་རྣམ་བཞག་སྐབས་སྐབས་ཅུང་ཙམ་རེ་བཅུགས་པ་ཞིག་རེད། དེ་ལ་ལ་དྭགས་སུམ་རྟགས་ཞེས་མིང་བཏགས་འདུག གང་ལྟར་དེ་ལ་དྭགས་སུ་བེད་སྤྱོད་བྱེད་ཀྱི་ཡོད་མེད་མི་ཤེས།
འཇམ་དཔལ་ལགས། ཁྱེད་ཀྱིས་ཕལ་ཆེར་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་ཀའི་གཞུང་ལ་ཞུས་དག་གཏོང་ཁུལ་བྱས་འདུག སྤྱིར་བཏང་ཡག་པོ་རེད། འོན་ཀྱང་བོད་ཀྱི་གཏམ་དཔེར། གཞན་ལ་བལྟ་བའི་མིག་དང་། རང་ལ་བལྟ་བའི་མེ་ལོང་དགོས། ཞེས་པའི་དཔེ་ལྟར། ཐོག་མར་རང་ཉིད་ལ་ཞུས་དག་གཏོང་དགོས། རང་ཉིད་ཡིག་ནོར་གྱིས་གང་བཞིན་དུ། གཞན་ལ་སྐྱོན་བརྗོད་ཇི་ལྟར་བྱེད། ངས་ཁྱེད་རང་ལའང་ཡིག་ནོར་༤༠བཞི་བཅུ་ཙམ་ཐེར་འདོན་བྱས་ཡོད། འདིར་མཆན་བུར་བཀོད་ན་རིང་དྲགས་ཀྱི་འདུག དེར་བརྟེན་དུས་བབས་སུ་༼སྒོམ་སྡེ་ལྷ་རམས་པའི་ཟིན་བྲིས་༽ལ་ཕེབས་ནས་ཟིན་ཙམ་གནང་དང་། ཅིག་བྱས་ན་བློ་སྐྱེད་འདྲ་ཡོད་སྲིད། མ་གཞི་ཁྱོད་ལ་བློ་སྐྱེད་འབུལ་ཐུབ་མཁན་སུ་ཡང་ཡོད་ས་མ་རེད། ཁྱོད་རང་རང་རློམ་ཆེན་པོ་ཡོད་པའི་མི་ཞིག་ཡིན་པར་གོ་ཐོས་བྱུང་། ཁྱོད་རང་གཞན་ཐམས་ཅད་ཅི་ཡང་མི་ཤེས་པའི་བྱིས་པ་ཆུང་ངུ་ལྟ་བུར་བརྩི་མཁན་གྱི་མི་ཞིག་རེད་འདུག རང་ཉིད་རིག་གནས་ཀྱི་ཆུ་ཚད་ཤིན་ཏུ་དམན་པ་ཞིག་ཡིན་ནའང་། ད་དུང་རིག་གནས་ལ་ནང་བྱན་ཆུབ་པའི་ཨ་མདོ་བ་ཚོར་རིག་གནས་ཤེས་ཀྱི་མི་འདུག་མདོག་མདོག་བྱེད་ན་བཞད་གད་ཀྱི་གནས་ཡིན་ནོ། །
ཁྱོད་རང་གི་རྩོམ་ཡིག་ནང་ཁྱོད་ཀྱིས་ཞུས་དག་བྱས་པ་དེ་དག་གཞན་ལ་ཀླན་ཀ་འཚོལ་བའི་ཕྱིར་མ་ཡིན་ཞེས་ལྷག་བསམ་རྣམ་དག་ཡིན་ཁུལ་བྱས་འདུག་ཀྱང་། དངོས་ཡོད་གནས་ཚུལ་ལ་ཁྱོད་སྟེང་ཤོད་བར་གསུམ་ཚང་མ་ལ་ཅི་ཡང་ཤེས་ཀྱི་མ་རེད་ཅེས་ཁ་གཏོང་ནས་རྒྱུག་སྡོད་མཁན་ཞིག་རེད་འདུག ཡིད་མ་ཆེས་ན་ནིའུ་ཡོག་ཏུ་ཡོད་པའི་རིག་གནས་ཡག་པོ་ཤེས་མཁན་གྱི་ཨ་མདོ་བ་ཚོར་དྲིས།
འདིར་དག་ཆའི་སྐོར་དམིགས་སུ་བཟུང་ནས་ཤོད་ཀྱི་འདུག་པས། ངས་ཀྱང་ནོར་བཅོས་ལ་ཞལ་འདེབས་ཁ་ཤས་བྱེད། དེ་ཡང་། བློ་བཟང་འཇམ་དཔལ་ལགས་ཀྱི་ཞུ་ཡིག་དེ་གཅིག་པོའི་ནང་ན། ༡ དེ་སྐད་དུ་ཡང་། བོད་ཀྱི་མཁས་གྲུབ་ཆེན་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ཞལ་སྔ་ནས་ ཞེས་པའི་ནང་གི་དེ་སྐད་དུ་ཡང་ཟེར་བ་ནོར་བ་མ་ཡིན་ནམ། ཇི་སྐད་དུ་ ཟེར་ནས་བཅོས། ༢ དག་ཅིང་རྨ་པ་མེད་པ་ལ་དག་ཅིང་རྨ་མེད་པ། ༣ ཡིན་ཀྱང་ལ་ཡིན་ཡང་། ༤ བྲིས་པ་དག་ལ་བལྟ་ན་ལ་བྲིས་པ་དག་ལ་བལྟས་ན། ༥ ཞེས་ལྟར་ལ་ཞེས་པ་ལྟར། ༦ ཕྱི་རྒྱལ་ཁབ་རྣམས་ཀྱི་ལ་ཕྱིའི་རྒྱལ་ཁབ་རྣམས་ཀྱི། ༧ དག་པོ་འབྱུང་བ་ཞིག་ཐུབ་ན་ལ་དག་པོ་འབྱུང་བ་ཞིག་བྱ་ཐུབ་ན། ༨ དགོངས་བཞེད་ལ་དགོངས་བཞེས། ༩ སྐྱེ་དགུ་བདག་ཅག་ལ་སྐྱེ་དགུ་ཡོངས། ༡༠ གཞེན་བསྐུལ་ལ་གཞེན་སྐུལ། ༡༡ དབང་བརྟུལ་ལ་དབང་རྟུལ། ༡༢ སྣང་རྟགས? སྒོམ་སྡེའི་མཆན་ཐུང་ཐུང་གཉིས་ཀྱི་ནང་ལའང་ནོར་བ་བརྒྱད་འདུག གཞན་ལ་ཞུ་དག་གཏོང་བ་ངོ་ཚ། ༡ དུས་བབས་ལ་དུས་བབ། ༢ ཞུས་དག་ལ་ཞུ་དག་རྒྱུག་ཆེ། ༣ ཅིག་བྱས་ན་ལ་གཅིག་བྱས་ན། ༤ ཟིན་ཙམ་གནང་ལ་གཟིགས་ཙམ་གནང་། ༥ ཡིན་པར་གོ་ཐོས་བྱུང་ལ་ཡིན་པ་གོ་ཐོས་བྱུང་། ༦ བརྩི་མཁན་ལ་རྩི་མཁན། ༧ ཁ་གཏོང་ནས་རྒྱུག་སྡོད་མཁན་ལ་ཁ་བཏང་ནས་རྒྱུག་སྡོད་མཁན། ༨ སྟེང་ཤོད་བར་གསུམ་ཚང་མ་ལ་གོང་འོག་བར་གསུམ་ཚང་མ། ཁང་པ་མ་གཏོགས་མི་ལ་སྟེང་ཤོད་བར་གསུམ་ཟེར་ན་ཁྱད་མཚར་རེད། ཡུལ་སྐད་ལ་དེ་ལྟར་ཤོད་ཀྱི་ཡོད་ན་ང་ནོར། དགེ་བཤེས་རྣམ་པ་གཉིས་ཀྱི་རྩོམ་ཐུང་ཐུང་ཞིག་ནང་ཡིག་ནོར་བཅུ་དགུ་འདུག སྤྱིར་བཏང་ང་རང་གིས་ཀྱང་ཡིག་ནོར་ཡང་ཡང་འབྲི་གི་ཡོད། གཞན་ལ་ཞུ་དག་གཏོང་རྒྱུར་དགའ་བོ་མེད་ཀྱང་། དེ་རིང་ཡིག་ནོར་སྐོར་ཤོད་ཀྱི་འདུག་པས་རྟ་མཆོག་རྐྱང་རྒོད་གཡེར་བའི་ཁ་འདི་ཕྱོགས་སུ་ཐེངས་གཅིག་དཀྱུ་དགོས་བྱུང་སོང་བས་དགོངས་འགལ་མེད་པ་ཞུ།
མདའ་ཚན་པ་ལགས། དག་བཅོས་གནང་བར་ཐུགས་རྗེ་ཆེ། གཞན་གྱིས་སྐྱོན་བརྗོད་རེ་རེ་བྱེད་དུས་བློ་སྐྱེད་རེ་རེ་འཐོབ་ཡོང་། འོན་ཀྱང་སྤྱིར་བཏང་རྩོམ་འབྲི་བ་དང་མཆན་བུ་འདེབས་པ་གཉིས་ལ་ཡི་གེ་དག་མིན་ལ་ཁྱད་པར་ཆེན་པོ་ཡོང་གི་རེད། མཆན་བུ་ནི་གློ་བུར་དུ་བཏབ་པ་ཞིག་རེད། རྩོམ་ནི་བསམ་བློ་བཏང་ནས་དག་ཆ་སོགས་ལ་ཞིབ་བཤེར་བྱས་པས་ཁྱད་པར་ཆེན་པོ་ཡོང་གི་རེད་དོ། ། ཁྱེད་ཀྱིས་ང་ལ་ཡིག་ནོར་བརྒྱད་འདུག་ཅེས་གསུངས་འདུག་ཀྱང་། ཚང་མ་ཡིག་ནོར་མིན་པར་མ་ཟད་གཉིས་ཙམ་ཞིག་ཁྱེད་རང་གི་ནོར་འཁྲུལ་རེད་འདུག ༡ དུས་བབས་དང་། དུས་བབ། (འདི་གདམ་ང་རེད།) ༢ ཞུས་དག། ཞུ་དག (འདི་ཡང་གདམ་ང་རེད།) ༣ ཅིག་བྱས་ན་ལ་གཅིག་བྱས་ན། (འདི་ཁྱེད་རང་བདེན) ༤ ཟིན་ཙམ་གནང་ལ་གཟིགས་ཙམ་གནང་། (ཁྱེད་རང་བདེ) ༥ ཡིན་པར་གོ་ཐོས་བྱུང་ལ་ཡིན་པ་གོ་ཐོས་བྱུང་། (འདི་ཁྱེད་རང་ནོར་འདུག ངོ་ཚ། ཚ་ཚ། ཧ་ཧ་ཧ། ཀུ་རེ་ཡིན་ད། “ཡིན་པ”ཞེས་པའི་སྒྲ་ལས། “ཡིན་པར”ཞེས་པའི་ཚིག་འདི་ནུས་པ་ཆེ་བ་དང་། བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་ཆེའོ། །“ཡིན་པར”ཞེས་པའི་ར་སྒྲ་དེ། དེ་ཉིད་ཀྱི་སྒྲ་རེད། དཔེར་ན། བུམ་པ་དངོས་པོ་རྟོགས། ཞེས་བརྗོད་ན་གོ་རྒྱུ་ཡོད་མ་རེད། བུམ་པ་དངོས་པོར་རྟོགས། ཞེས་ལ་དོན་གྱི་སྒྲ་ངེས་པར་སྦྱར་དགོས་རེད། འདི་གཞུང་ཆེན་མོ་ལྟ་མྱོང་མཁན་ཚོས་ལས་སླ་པོར་ཤེས་ཐུབ) ༦ བརྩི་མཁན་ལ་རྩི་མཁན། (ཁྱེད་རང་བདེན། འོན་ཀྱང་གོང་དུ་ངེད་ཀྱི་རྩོམ་ཡིག་༼ལ་དྭགས་པ་འཇམ་དཔལ་ལགས་རྐང་པ་ལ་དྲི་ཆེན་གོས་འདུག༽ཅེས་པའི་ནང་གཟིགས་དང་། རྩི་མཁན་ཞེས་བྲིས་ཡོད) ༧ ཁ་གཏོང་ནས་རྒྱུག་སྡོད་མཁན་ལ་ཁ་བཏང་ནས་རྒྱུག་སྡོད་མཁན། (འདི་དངོས་གནས་ནོར་འདུག ངོས་ལེན་ཡོད) ༨ སྟེང་ཤོད་བར་གསུམ་ཚང་མ་ལ་གོང་འོག་བར་གསུམ་ཚང་མ། (འདི་ཡང་ཁྱེད་རང་ནོར་འདུག མི་ལ་སྟེང་ཞལ་ཟེར་རྒྱུ་ཨེ་འགྲིག བཟའ་ཚོ་ལ་སྟེང་ཞལ་ཟེར་བ་ཨེ་རེད། སྟེང་ཞལ་དང་། སྟེང་ཤོད་གཉིས་ཀ་སྟེང་འོག་གི་དོན་དུ་མཚུངས་སོ། །)
༡ དུས་བབ། དར་བབ། སྐབས་བབ་སོགས་ལ་ས་མཐའ་འབྲི་བ་མ་དག་པ་ཡིན་ཚུལ་ཐོན་མིའི་དགོངས་རྒྱན་ཏུ་གསུངས། སྐབས་སུ་བབས། དུས་ལ་བབས། དར་ལ་བབས་ཟེར་ནས་འབྲི་སྐབས་ས་ཡོད་པ་དེ་དག། ཡི་རང་ཡང་དེ་བཞིན་རེད། རྗེས་སུ་ཡི་རངས་སོ་ཟེར་ན་ས་མཐའ་དག ༢ ཞུ་དག། ཞུ་ཡིག ཞུ་འཕྲིན། ཞུ་འབུལ། ཞུ་གཏུག ཞུ་བཤེར་ཟེར་བ་ལས། ཞུས་ཡིག ཞུས་འབུལ། ཞུས་གཏུགས། ཞུས་བཤེར་སོགས་མི་ཟེར། ཞུས་དག་ཟེར་ནས་དག་ཡིག་རེ་ཟུང་ནང་མཐོང་རྒྱུ་ཡོད་པ་དེ། འབྲི་རྒྱུན་ནོར་འཁྲུལ་ཅན་འདི་འདྲ་མཐོང་རྒྱུ་ཡོད་པ་ཁོ་ནར་་ཁུངས་གཏུགས་ནས་དེ་ལྟར་བཞག་པ་འདྲ། ༣ ཡིན་པར་གོ་དང་ཡིན་པ་གོ་ཐོས་བྱུང་གཉིས་ལ་ཁྱད་པར་འབྱེད་རྒྱུ་ཡོད་པ་རེད། ༤ མི་སྟེང་ཤོད་བར་གསུམ་ཚང་མ་ཟེར་བའི་ཚིག་ཅིག གཞུང་ཁུངས་ཐུབ་གང་ཞིག་ནས་ལུང་དྲངས་ཡོང་ན་ཁས་ལེན། གཞན་ཁས་མི་ལེན། མདོར་དེད་ན། ང་ལ་ཕྱིར་ལོག་རྒྱབ་པ་འདི་དག་ཚང་མ་ད་དུང་ཡང་ངོས་ལེན་བྱེད་དཀའ།
༡ ངས་ཞུ་དག་བཏང་བ་མང་ཆེ་བ་ཁྱེད་ཀྱིས་ཁས་བླངས་འདུག དེ་ཡིན་ན་འགྲིག་ག ༢ གདམ་ང་རེད་ཟེར་བ་དེ་ཚོ་ནོར་བ་ཡིན་པའི་སྐོར་གླེང་བར་བྱ་བ་མང་པོ་ཞིག་ཡོད་ཀྱང་། རེ་ཞིག་བཏང་སྙོམས་སུ་འཇོག ད་མི་རབས་རེ་རེ་ཕྱིན་པ་ཡིན་ན་གདམ་ང་ཅན་མང་དུ་འགྲོ་རྒྱུ་ཡིན་པ་འདྲ། ཚིག་མཛོད་ཀྱི་ཕྱེད་ཀ་གདམ་ང་ཅན་གྱིས་གང་བའི་ཉེན་ཁ་འདུག ༣ ཡིན་པ་གོ་ཐོས་བྱུང་དང་ཡིན་པར་གོ་ཐོས་བྱུང་གཉིས་དོན་དག་མ་་འདྲ་བ་གཉིས་རེད། འདི་ད་རུང་ཁྱེད་རང་གིས་ནོར་བ་ཁས་ལེན་གྱི་མི་འདུག་ག ད་ངས་ཁྱོད་ལ་སློབ་ཁྲིད་བྱེད། ལེགས་པར་ཉོན་ལ་ཡིད་ལ་ཟུངས། ཁྱེད་རང་གིས། ཡིན་པ”ཞེས་པའི་སྒྲ་ལས། “ཡིན་པར”ཞེས་པའི་ཚིག་འདི་ནུས་པ་ཆེ་ཟེར། འདི་ནུས་པ་ཆེ་ཆུང་ཞིག་མ་རེད། དོན་དག་མ་འདྲ་བ་གཉིས་རེད། ཡིན་པ་གོ་ཐོས་བྱུང་ཟེར་ན། ཡིན་པ་དེ་གོ་ཐོས་བྱུང་བ་རེད། ཡིན་པར་གོ་ཐོས་བྱུང་ཟེར་ན་ཡིན་པའི་ངོ་བོར་གོ་ཐོས་བྱུང་བ་རེད། དེས་ན། ཁྱོད་ཀྱིས་གོང་དུ་བྲིས་པའི་ ་་ཁྱོད་རང་རང་རློམ་ཆེན་པོ་ཡོད་པའི་མི་ཞིག་ཡིན་པར་གོ་ཐོས་བྱུང་། ་་ ཟེར་བ་འདི་ནོར་བ་རེད། རང་རློམ་ཆེན་པོ་ཡིན་པའི་མི་ཞིག་ཡིན་པ་དེ་གོ་ཐོས་བྱུང་བ་རེད། དེ་ལ་ར་མི་འཇུག་ཀྱང་ད་རུང་ཨུ་ཚུགས་བྱེད་གི་ཡིན་ནམ། ངས་མཆན་༧ འདི་ཁྱེད་རང་གིས་མ་རིག་མདོག་མདོག་བྱས་ནས་འགྲོ་རྒྱུ་ཡིན་ནམ།
འདི་ན་ཡང་མདའ་ཚན་པས་བྱ་ཚིག་ལ་རྒྱབ་ཅེས་བྲིས་འདུག ཡོངས་གྲགས་སུ་བྱ་ཚིག་ལ་རྒྱག་དང་བརྒྱབ། རྒྱོབས་ཞེས་འབྲི་དགོས།
བློ་བཟང་འཇམ་དཔལ་འདི་དག་ཆ་ལ་མཁྱེན་རྒྱ་ཆེན་པོ་ཞིག་མི་འདུག ཡིན་ན་ཡང་མིང་ཚིག་གི་འབྱུང་ཁུངས་དང་དེའི་འཕེལ་རིམ་སྐོར་ལ་སྐད་བརྡ་རིག་པའི་ཞིབ་འཇུག་པ་ཞིག་ཡིན་ན་ཐང་།
ཕྱོགས་གཅིག་ནས་ང་ཚོས་ཁོང་དག་ཆ་ཞེ་དྲགས་མེད་མཁན་ཞིག་ཏུ་མཐོང་བ་དེ་ནི་ཁོང་གིས་ལ་དྭགས་པའི་ཡུལ་སྐད་དེ་ཡིག་ཐོག་ཏུ་བྲིས་པས་ཡིན་ནའང་ཐང་། དེ་ནི་འབྲུག་པས་བྲིས་པའི་འབྲུག་ཡིག་དེ་སུམ་རྟགས་ཀྱི་འགྲོས་དང་མཐུན་མིན་ཅི་རིགས་ཡོད་པ་དང་གཅིག་པ་རེད།
ཚིག་མཛོད་ཆེན་མོ་ལས། ད་ལྟ་བ། འདས་པ། མ་འོངས་པ། སྐུལཚིག དབྱུག་རྡོ་སོགས། རྒྱག་པ་ བརྒྱབ་པ་ བརྒྱག་པ་ རྒྱོབ། ཐ་དད་པ། རྒྱག་པ་ བརྒྱག་པ་ རྒྱག་པ་ ཐ་མི་དད་པ། ཤ་སོགས། རྒྱགས་པ་ བརྒྱག་པ་ ཐ་མི་དད་པ་། རྒྱགས་པ་ རྒྱགས་པ་ ཐ་མི་དད་པ། རྡོ་རྒྱག་མཁན་གྱིས་ བརྒྱག་བྱའམ་བརྒྱག་ཡ་རྡོ་དེ་ཕར་ལ་བརྒྱབ་ཟིན་ནས་ཚུར་ལ་རྒྱོབ་ཤོག ལྟ་བུ་མི་དགོས་སམ། ང་ཤ་རྒྱགས་པ་ཆགས་ བགྱིད་ཡོད། བསམ་བགྱིན་ཡོད་ལ། བྲོད་ཁོག་ཡང་བརྒྱག་སོང་། ད་དུང་མ་འོངས་པ་ལ་ཡང་། ཤ་རྒྱགས་པ་ཆགས་བགྱི་རེད། བསམས་ནས་ཕྱི་དྲོའི་ཁ་ལག་ཀྱང་ཟ་བགྱིད་མེད། ལྟ་བུར་བྲིས་ན་མཁོ་ཆེའོ།
དུས་གསུམ་འདི་རྙོག་དྲ་ཚ་ཤོས་ཤིག་རེད། མཁས་པ་ལྔ་དྲུག་ཅིག་གི་དུས་གསུམ་རྣམ་གཞག་མཉམ་གཅིག་ཏུ་ཁ་ཕྱེ་ནས་ཅིག་བལྟས་པ་ཡིན་ན་དེར་མ་མཐུན་པ་ཧ་ལས་པའི་མང་པོ་ཡོད་པ་རེད། འདིའི་སྐོར་གཅིག་གྱུར་ཅིག་ཡོང་ན་མ་འོངས་པ་ན་ཕན་ཐོགས་ཆེ་ས་རེད། རྒྱབ་འདི་ད་ལྟ་འབྲི་ཁྱབ་ཆེ་བ་དང་སོར་ཡང་བ་ཞིག་ཡིན་པས་འདི་ལྟར་བྲིས་པ་ཡིན། ནོར་ཡོད་ན་དགོངས་འགལ་མེད་པ་ཞུ། ང་འདིར་དུས་གསུམ་གྱི་རྣམ་གཞག་དེ་འདྲ་གཅིག་ཀྱང་མེད། ཡིན་ན་ཡང་། རྒྱག་གི་དུས་གསུམ་བཞེད་པ་མི་མཐུན་པ་ཤེས་ཚོད་ཅིག་དྲངས་ན་འདི་ལྟར་ལགས། ད་ག་རེ་བྱེད་དགོས་རེད། ཁུངས་ཡོད་ཤོས་གཅིག་གཤམ་གསལ་གྱི་དང་པོ་དེ་ཡིན་པ་འདྲ་སྟེ། ད་ལྟ་མ་འོངས་པ་ལ་བརྒྱག་འབྲི་མཁན་ཞིག་ཡོད་ན་ཕལ་ཆེར་ནོར་བར་བརྩི་གི་མ་རེད་དམ། དེ་མིན་གཟུག དགུག དབྱུང་ལ་སོགས་པའང་དེ་བཞིན་ནོ། དུས་གསུམ་གྱི་སྐོར་དེ། སྔོན་མ་བཙན་བྱོལ་སློབ་དེབ་ནང་གི་བརྡ་སྤྲོད་སྐོར་འབྲི་སྐབས། དུས་གསུམ་གྱི་རྣམ་གཞག་ལག་ལ་ཐེབས་ཚད་ཅིག་ཁྱེར་ཡོང་ནས་རེ་རེ་བཞིན་བསྡུར་བ་ཡིན། འབྲི་ཚུལ་མི་མཐུན་པ་དེ། རྟ་མོགམོག་གི་སྤུ་རེད། མི་མཐུན་པ་དེ་ཚོ་ཡང་ཕལ་ཆེ་བ་ཞིག་ལ་ཁུངས་ཤིག་ཡོད་པ་རེད། དེའང་སྔོན་མའི་གཞུང་ཆེ་ཁག་དང་མཁས་པ་སྔོན་མ་ཚོ། རང་རང་སོ་སོའི་ཆོས་བརྒྱུད་དེ་འདྲར་ཁུངས་གཏུགས་ཡོད་པ་རེད། སྔོན་མ་དེ་ཚོ་ནོར་འདུག་ཟེར་མཁན་ཞིག་ཡོད་པ་མ་རེད། དེ་ནོར་འདུག་ཟེར་ན་ཁྱེད་རང་དམྱལ་བའི་ནང་ལ་མགོ་རྟིང་སློག་ནས་འགྲོ་གི་རེད། འདིའི་སྐོར་ཐབས་ཤེས་ཤིག་འཐེན་ནས་གཅིག་གྱུར་ཅིག་བཟོ་མ་ཐུབ་པ་ཡིན་ན། བོད་ཀྱི་སྤྲུལ་སྐུ་བཞིན་གདམ་ང་ཅན་མང་ནས་མང་དུ་འགྲོ་རྒྱུ་ཡིན་པ་ཉག་གཅིག་རེད མ་འོངས་པ། ད་ལྟ་བ། འདས་པ། སྐུལ་ཚིག བརྒྱག རྒྱག བརྒྱབ རྒྱོབ བརྒྱབ རྒྱག བརྒྱབ རྒྱོབ བརྒྱབ རྒྱག བརྒྱབས རྒྱོབས
ཇུ་ལེ་ཅི་འཁྱོངས་བ་འདི་ནི། ཤིན་ཏུ་བདེན་འདུག ཊི་ཨེས་སི་ནི། ཕྱེ་ཐུབ་མ་སོང་། ཁམས་བཟང་ལེ།
ཨོ་རེད། རྩོམ་ཡིག་འདིའི་མགོ་ནས་ཅུང་ཙམ་ཀློག་པ་ཡིན། ལ་དྭགས་པའི་བརྡ་དག་ཅིག་ལོགས་སུ་ཡོད་ན་མི་ཤེས་དེ་མིན་བརྡ་དག་དགོས་ནི་རེད་ཅེས་བཤད་ཞོར་དུ་མ་དག་པ་མང་བོ་ཞིག་བྲིས་འདུག་ཕལ་ཆེར་ཡིག་སྐྱོན་ཡིན་རྒྱུ་རེད་སྙམ། ལ་དྭགས་པའི་སུམ་རྟགས་ཟེར་ནི་ཞིག་སྔོན་མ་མཐོང་མྱོངས་ཡོད་དེ་ཡང་བོད་ཀྱི་སུམ་རྟགས་གཞི་བཞག་ནས་དེ་ཐོག་ཏུ་རང་འདོད་ལྟར་ས་གནས་དེའི་ཡུལ་སྐད་ཀྱི་འགྲོས་དང་མཐུན་པའི་ཕྲད་ཀྱི་རྣམ་བཞག་སྐབས་སྐབས་ཅུང་ཙམ་རེ་བཅུགས་པ་ཞིག་རེད། དེ་ལ་ལ་དྭགས་སུམ་རྟགས་ཞེས་མིང་བཏགས་འདུག
གང་ལྟར་དེ་ལ་དྭགས་སུ་བེད་སྤྱོད་བྱེད་ཀྱི་ཡོད་མེད་མི་ཤེས།
འཇམ་དཔལ་ལགས།
ཁྱེད་ཀྱིས་ཕལ་ཆེར་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་ཀའི་གཞུང་ལ་ཞུས་དག་གཏོང་ཁུལ་བྱས་འདུག སྤྱིར་བཏང་ཡག་པོ་རེད། འོན་ཀྱང་བོད་ཀྱི་གཏམ་དཔེར། གཞན་ལ་བལྟ་བའི་མིག་དང་། རང་ལ་བལྟ་བའི་མེ་ལོང་དགོས། ཞེས་པའི་དཔེ་ལྟར། ཐོག་མར་རང་ཉིད་ལ་ཞུས་དག་གཏོང་དགོས། རང་ཉིད་ཡིག་ནོར་གྱིས་གང་བཞིན་དུ། གཞན་ལ་སྐྱོན་བརྗོད་ཇི་ལྟར་བྱེད། ངས་ཁྱེད་རང་ལའང་ཡིག་ནོར་༤༠བཞི་བཅུ་ཙམ་ཐེར་འདོན་བྱས་ཡོད། འདིར་མཆན་བུར་བཀོད་ན་རིང་དྲགས་ཀྱི་འདུག དེར་བརྟེན་དུས་བབས་སུ་༼སྒོམ་སྡེ་ལྷ་རམས་པའི་ཟིན་བྲིས་༽ལ་ཕེབས་ནས་ཟིན་ཙམ་གནང་དང་། ཅིག་བྱས་ན་བློ་སྐྱེད་འདྲ་ཡོད་སྲིད། མ་གཞི་ཁྱོད་ལ་བློ་སྐྱེད་འབུལ་ཐུབ་མཁན་སུ་ཡང་ཡོད་ས་མ་རེད། ཁྱོད་རང་རང་རློམ་ཆེན་པོ་ཡོད་པའི་མི་ཞིག་ཡིན་པར་གོ་ཐོས་བྱུང་། ཁྱོད་རང་གཞན་ཐམས་ཅད་ཅི་ཡང་མི་ཤེས་པའི་བྱིས་པ་ཆུང་ངུ་ལྟ་བུར་བརྩི་མཁན་གྱི་མི་ཞིག་རེད་འདུག རང་ཉིད་རིག་གནས་ཀྱི་ཆུ་ཚད་ཤིན་ཏུ་དམན་པ་ཞིག་ཡིན་ནའང་། ད་དུང་རིག་གནས་ལ་ནང་བྱན་ཆུབ་པའི་ཨ་མདོ་བ་ཚོར་རིག་གནས་ཤེས་ཀྱི་མི་འདུག་མདོག་མདོག་བྱེད་ན་བཞད་གད་ཀྱི་གནས་ཡིན་ནོ། །
ཁྱོད་རང་གི་རྩོམ་ཡིག་ནང་ཁྱོད་ཀྱིས་ཞུས་དག་བྱས་པ་དེ་དག་གཞན་ལ་ཀླན་ཀ་འཚོལ་བའི་ཕྱིར་མ་ཡིན་ཞེས་ལྷག་བསམ་རྣམ་དག་ཡིན་ཁུལ་བྱས་འདུག་ཀྱང་། དངོས་ཡོད་གནས་ཚུལ་ལ་ཁྱོད་སྟེང་ཤོད་བར་གསུམ་ཚང་མ་ལ་ཅི་ཡང་ཤེས་ཀྱི་མ་རེད་ཅེས་ཁ་གཏོང་ནས་རྒྱུག་སྡོད་མཁན་ཞིག་རེད་འདུག ཡིད་མ་ཆེས་ན་ནིའུ་ཡོག་ཏུ་ཡོད་པའི་རིག་གནས་ཡག་པོ་ཤེས་མཁན་གྱི་ཨ་མདོ་བ་ཚོར་དྲིས།
འདིར་དག་ཆའི་སྐོར་དམིགས་སུ་བཟུང་ནས་ཤོད་ཀྱི་འདུག་པས། ངས་ཀྱང་ནོར་བཅོས་ལ་ཞལ་འདེབས་ཁ་ཤས་བྱེད། དེ་ཡང་། བློ་བཟང་འཇམ་དཔལ་ལགས་ཀྱི་ཞུ་ཡིག་དེ་གཅིག་པོའི་ནང་ན།
༡ དེ་སྐད་དུ་ཡང་། བོད་ཀྱི་མཁས་གྲུབ་ཆེན་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ཞལ་སྔ་ནས་ ཞེས་པའི་ནང་གི་དེ་སྐད་དུ་ཡང་ཟེར་བ་ནོར་བ་མ་ཡིན་ནམ། ཇི་སྐད་དུ་ ཟེར་ནས་བཅོས།
༢ དག་ཅིང་རྨ་པ་མེད་པ་ལ་དག་ཅིང་རྨ་མེད་པ།
༣ ཡིན་ཀྱང་ལ་ཡིན་ཡང་།
༤ བྲིས་པ་དག་ལ་བལྟ་ན་ལ་བྲིས་པ་དག་ལ་བལྟས་ན།
༥ ཞེས་ལྟར་ལ་ཞེས་པ་ལྟར།
༦ ཕྱི་རྒྱལ་ཁབ་རྣམས་ཀྱི་ལ་ཕྱིའི་རྒྱལ་ཁབ་རྣམས་ཀྱི།
༧ དག་པོ་འབྱུང་བ་ཞིག་ཐུབ་ན་ལ་དག་པོ་འབྱུང་བ་ཞིག་བྱ་ཐུབ་ན།
༨ དགོངས་བཞེད་ལ་དགོངས་བཞེས།
༩ སྐྱེ་དགུ་བདག་ཅག་ལ་སྐྱེ་དགུ་ཡོངས།
༡༠ གཞེན་བསྐུལ་ལ་གཞེན་སྐུལ།
༡༡ དབང་བརྟུལ་ལ་དབང་རྟུལ།
༡༢ སྣང་རྟགས?
སྒོམ་སྡེའི་མཆན་ཐུང་ཐུང་གཉིས་ཀྱི་ནང་ལའང་ནོར་བ་བརྒྱད་འདུག གཞན་ལ་ཞུ་དག་གཏོང་བ་ངོ་ཚ།
༡ དུས་བབས་ལ་དུས་བབ།
༢ ཞུས་དག་ལ་ཞུ་དག་རྒྱུག་ཆེ།
༣ ཅིག་བྱས་ན་ལ་གཅིག་བྱས་ན།
༤ ཟིན་ཙམ་གནང་ལ་གཟིགས་ཙམ་གནང་།
༥ ཡིན་པར་གོ་ཐོས་བྱུང་ལ་ཡིན་པ་གོ་ཐོས་བྱུང་།
༦ བརྩི་མཁན་ལ་རྩི་མཁན།
༧ ཁ་གཏོང་ནས་རྒྱུག་སྡོད་མཁན་ལ་ཁ་བཏང་ནས་རྒྱུག་སྡོད་མཁན།
༨ སྟེང་ཤོད་བར་གསུམ་ཚང་མ་ལ་གོང་འོག་བར་གསུམ་ཚང་མ། ཁང་པ་མ་གཏོགས་མི་ལ་སྟེང་ཤོད་བར་གསུམ་ཟེར་ན་ཁྱད་མཚར་རེད། ཡུལ་སྐད་ལ་དེ་ལྟར་ཤོད་ཀྱི་ཡོད་ན་ང་ནོར།
དགེ་བཤེས་རྣམ་པ་གཉིས་ཀྱི་རྩོམ་ཐུང་ཐུང་ཞིག་ནང་ཡིག་ནོར་བཅུ་དགུ་འདུག སྤྱིར་བཏང་ང་རང་གིས་ཀྱང་ཡིག་ནོར་ཡང་ཡང་འབྲི་གི་ཡོད། གཞན་ལ་ཞུ་དག་གཏོང་རྒྱུར་དགའ་བོ་མེད་ཀྱང་། དེ་རིང་ཡིག་ནོར་སྐོར་ཤོད་ཀྱི་འདུག་པས་རྟ་མཆོག་རྐྱང་རྒོད་གཡེར་བའི་ཁ་འདི་ཕྱོགས་སུ་ཐེངས་གཅིག་དཀྱུ་དགོས་བྱུང་སོང་བས་དགོངས་འགལ་མེད་པ་ཞུ།
མདའ་ཚན་པ་ལགས།
དག་བཅོས་གནང་བར་ཐུགས་རྗེ་ཆེ། གཞན་གྱིས་སྐྱོན་བརྗོད་རེ་རེ་བྱེད་དུས་བློ་སྐྱེད་རེ་རེ་འཐོབ་ཡོང་།
འོན་ཀྱང་སྤྱིར་བཏང་རྩོམ་འབྲི་བ་དང་མཆན་བུ་འདེབས་པ་གཉིས་ལ་ཡི་གེ་དག་མིན་ལ་ཁྱད་པར་ཆེན་པོ་ཡོང་གི་རེད། མཆན་བུ་ནི་གློ་བུར་དུ་བཏབ་པ་ཞིག་རེད། རྩོམ་ནི་བསམ་བློ་བཏང་ནས་དག་ཆ་སོགས་ལ་ཞིབ་བཤེར་བྱས་པས་ཁྱད་པར་ཆེན་པོ་ཡོང་གི་རེད་དོ། །
ཁྱེད་ཀྱིས་ང་ལ་ཡིག་ནོར་བརྒྱད་འདུག་ཅེས་གསུངས་འདུག་ཀྱང་། ཚང་མ་ཡིག་ནོར་མིན་པར་མ་ཟད་གཉིས་ཙམ་ཞིག་ཁྱེད་རང་གི་ནོར་འཁྲུལ་རེད་འདུག
༡ དུས་བབས་དང་། དུས་བབ། (འདི་གདམ་ང་རེད།)
༢ ཞུས་དག། ཞུ་དག (འདི་ཡང་གདམ་ང་རེད།)
༣ ཅིག་བྱས་ན་ལ་གཅིག་བྱས་ན། (འདི་ཁྱེད་རང་བདེན)
༤ ཟིན་ཙམ་གནང་ལ་གཟིགས་ཙམ་གནང་། (ཁྱེད་རང་བདེ)
༥ ཡིན་པར་གོ་ཐོས་བྱུང་ལ་ཡིན་པ་གོ་ཐོས་བྱུང་། (འདི་ཁྱེད་རང་ནོར་འདུག ངོ་ཚ། ཚ་ཚ། ཧ་ཧ་ཧ། ཀུ་རེ་ཡིན་ད། “ཡིན་པ”ཞེས་པའི་སྒྲ་ལས། “ཡིན་པར”ཞེས་པའི་ཚིག་འདི་ནུས་པ་ཆེ་བ་དང་། བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་ཆེའོ། །“ཡིན་པར”ཞེས་པའི་ར་སྒྲ་དེ། དེ་ཉིད་ཀྱི་སྒྲ་རེད། དཔེར་ན། བུམ་པ་དངོས་པོ་རྟོགས། ཞེས་བརྗོད་ན་གོ་རྒྱུ་ཡོད་མ་རེད། བུམ་པ་དངོས་པོར་རྟོགས། ཞེས་ལ་དོན་གྱི་སྒྲ་ངེས་པར་སྦྱར་དགོས་རེད། འདི་གཞུང་ཆེན་མོ་ལྟ་མྱོང་མཁན་ཚོས་ལས་སླ་པོར་ཤེས་ཐུབ)
༦ བརྩི་མཁན་ལ་རྩི་མཁན། (ཁྱེད་རང་བདེན། འོན་ཀྱང་གོང་དུ་ངེད་ཀྱི་རྩོམ་ཡིག་༼ལ་དྭགས་པ་འཇམ་དཔལ་ལགས་རྐང་པ་ལ་དྲི་ཆེན་གོས་འདུག༽ཅེས་པའི་ནང་གཟིགས་དང་། རྩི་མཁན་ཞེས་བྲིས་ཡོད)
༧ ཁ་གཏོང་ནས་རྒྱུག་སྡོད་མཁན་ལ་ཁ་བཏང་ནས་རྒྱུག་སྡོད་མཁན། (འདི་དངོས་གནས་ནོར་འདུག ངོས་ལེན་ཡོད)
༨ སྟེང་ཤོད་བར་གསུམ་ཚང་མ་ལ་གོང་འོག་བར་གསུམ་ཚང་མ། (འདི་ཡང་ཁྱེད་རང་ནོར་འདུག མི་ལ་སྟེང་ཞལ་ཟེར་རྒྱུ་ཨེ་འགྲིག བཟའ་ཚོ་ལ་སྟེང་ཞལ་ཟེར་བ་ཨེ་རེད། སྟེང་ཞལ་དང་། སྟེང་ཤོད་གཉིས་ཀ་སྟེང་འོག་གི་དོན་དུ་མཚུངས་སོ། །)
༡ དུས་བབ། དར་བབ། སྐབས་བབ་སོགས་ལ་ས་མཐའ་འབྲི་བ་མ་དག་པ་ཡིན་ཚུལ་ཐོན་མིའི་དགོངས་རྒྱན་ཏུ་གསུངས། སྐབས་སུ་བབས། དུས་ལ་བབས། དར་ལ་བབས་ཟེར་ནས་འབྲི་སྐབས་ས་ཡོད་པ་དེ་དག། ཡི་རང་ཡང་དེ་བཞིན་རེད། རྗེས་སུ་ཡི་རངས་སོ་ཟེར་ན་ས་མཐའ་དག
༢ ཞུ་དག། ཞུ་ཡིག ཞུ་འཕྲིན། ཞུ་འབུལ། ཞུ་གཏུག ཞུ་བཤེར་ཟེར་བ་ལས། ཞུས་ཡིག ཞུས་འབུལ། ཞུས་གཏུགས། ཞུས་བཤེར་སོགས་མི་ཟེར། ཞུས་དག་ཟེར་ནས་དག་ཡིག་རེ་ཟུང་ནང་མཐོང་རྒྱུ་ཡོད་པ་དེ། འབྲི་རྒྱུན་ནོར་འཁྲུལ་ཅན་འདི་འདྲ་མཐོང་རྒྱུ་ཡོད་པ་ཁོ་ནར་་ཁུངས་གཏུགས་ནས་དེ་ལྟར་བཞག་པ་འདྲ།
༣ ཡིན་པར་གོ་དང་ཡིན་པ་གོ་ཐོས་བྱུང་གཉིས་ལ་ཁྱད་པར་འབྱེད་རྒྱུ་ཡོད་པ་རེད།
༤ མི་སྟེང་ཤོད་བར་གསུམ་ཚང་མ་ཟེར་བའི་ཚིག་ཅིག གཞུང་ཁུངས་ཐུབ་གང་ཞིག་ནས་ལུང་དྲངས་ཡོང་ན་ཁས་ལེན། གཞན་ཁས་མི་ལེན།
མདོར་དེད་ན། ང་ལ་ཕྱིར་ལོག་རྒྱབ་པ་འདི་དག་ཚང་མ་ད་དུང་ཡང་ངོས་ལེན་བྱེད་དཀའ།
༡ ངས་ཞུ་དག་བཏང་བ་མང་ཆེ་བ་ཁྱེད་ཀྱིས་ཁས་བླངས་འདུག དེ་ཡིན་ན་འགྲིག་ག
༢ གདམ་ང་རེད་ཟེར་བ་དེ་ཚོ་ནོར་བ་ཡིན་པའི་སྐོར་གླེང་བར་བྱ་བ་མང་པོ་ཞིག་ཡོད་ཀྱང་། རེ་ཞིག་བཏང་སྙོམས་སུ་འཇོག ད་མི་རབས་རེ་རེ་ཕྱིན་པ་ཡིན་ན་གདམ་ང་ཅན་མང་དུ་འགྲོ་རྒྱུ་ཡིན་པ་འདྲ། ཚིག་མཛོད་ཀྱི་ཕྱེད་ཀ་གདམ་ང་ཅན་གྱིས་གང་བའི་ཉེན་ཁ་འདུག
༣ ཡིན་པ་གོ་ཐོས་བྱུང་དང་ཡིན་པར་གོ་ཐོས་བྱུང་གཉིས་དོན་དག་མ་་འདྲ་བ་གཉིས་རེད། འདི་ད་རུང་ཁྱེད་རང་གིས་ནོར་བ་ཁས་ལེན་གྱི་མི་འདུག་ག
ད་ངས་ཁྱོད་ལ་སློབ་ཁྲིད་བྱེད། ལེགས་པར་ཉོན་ལ་ཡིད་ལ་ཟུངས།
ཁྱེད་རང་གིས། ཡིན་པ”ཞེས་པའི་སྒྲ་ལས། “ཡིན་པར”ཞེས་པའི་ཚིག་འདི་ནུས་པ་ཆེ་ཟེར། འདི་ནུས་པ་ཆེ་ཆུང་ཞིག་མ་རེད། དོན་དག་མ་འདྲ་བ་གཉིས་རེད།
ཡིན་པ་གོ་ཐོས་བྱུང་ཟེར་ན། ཡིན་པ་དེ་གོ་ཐོས་བྱུང་བ་རེད། ཡིན་པར་གོ་ཐོས་བྱུང་ཟེར་ན་ཡིན་པའི་ངོ་བོར་གོ་ཐོས་བྱུང་བ་རེད། དེས་ན། ཁྱོད་ཀྱིས་གོང་དུ་བྲིས་པའི་ ་་ཁྱོད་རང་རང་རློམ་ཆེན་པོ་ཡོད་པའི་མི་ཞིག་ཡིན་པར་གོ་ཐོས་བྱུང་། ་་ ཟེར་བ་འདི་ནོར་བ་རེད། རང་རློམ་ཆེན་པོ་ཡིན་པའི་མི་ཞིག་ཡིན་པ་དེ་གོ་ཐོས་བྱུང་བ་རེད། དེ་ལ་ར་མི་འཇུག་ཀྱང་ད་རུང་ཨུ་ཚུགས་བྱེད་གི་ཡིན་ནམ།
ངས་མཆན་༧ འདི་ཁྱེད་རང་གིས་མ་རིག་མདོག་མདོག་བྱས་ནས་འགྲོ་རྒྱུ་ཡིན་ནམ།
འདི་ན་ཡང་མདའ་ཚན་པས་བྱ་ཚིག་ལ་རྒྱབ་ཅེས་བྲིས་འདུག ཡོངས་གྲགས་སུ་བྱ་ཚིག་ལ་རྒྱག་དང་བརྒྱབ། རྒྱོབས་ཞེས་འབྲི་དགོས།
བློ་བཟང་འཇམ་དཔལ་འདི་དག་ཆ་ལ་མཁྱེན་རྒྱ་ཆེན་པོ་ཞིག་མི་འདུག ཡིན་ན་ཡང་མིང་ཚིག་གི་འབྱུང་ཁུངས་དང་དེའི་འཕེལ་རིམ་སྐོར་ལ་སྐད་བརྡ་རིག་པའི་ཞིབ་འཇུག་པ་ཞིག་ཡིན་ན་ཐང་།
ཕྱོགས་གཅིག་ནས་ང་ཚོས་ཁོང་དག་ཆ་ཞེ་དྲགས་མེད་མཁན་ཞིག་ཏུ་མཐོང་བ་དེ་ནི་ཁོང་གིས་ལ་དྭགས་པའི་ཡུལ་སྐད་དེ་ཡིག་ཐོག་ཏུ་བྲིས་པས་ཡིན་ནའང་ཐང་། དེ་ནི་འབྲུག་པས་བྲིས་པའི་འབྲུག་ཡིག་དེ་སུམ་རྟགས་ཀྱི་འགྲོས་དང་མཐུན་མིན་ཅི་རིགས་ཡོད་པ་དང་གཅིག་པ་རེད།
ཚིག་མཛོད་ཆེན་མོ་ལས།
ད་ལྟ་བ། འདས་པ། མ་འོངས་པ། སྐུལཚིག
དབྱུག་རྡོ་སོགས། རྒྱག་པ་ བརྒྱབ་པ་ བརྒྱག་པ་ རྒྱོབ། ཐ་དད་པ།
རྒྱག་པ་ བརྒྱག་པ་ རྒྱག་པ་ ཐ་མི་དད་པ།
ཤ་སོགས། རྒྱགས་པ་ བརྒྱག་པ་ ཐ་མི་དད་པ་།
རྒྱགས་པ་ རྒྱགས་པ་ ཐ་མི་དད་པ།
རྡོ་རྒྱག་མཁན་གྱིས་ བརྒྱག་བྱའམ་བརྒྱག་ཡ་རྡོ་དེ་ཕར་ལ་བརྒྱབ་ཟིན་ནས་ཚུར་ལ་རྒྱོབ་ཤོག ལྟ་བུ་མི་དགོས་སམ།
ང་ཤ་རྒྱགས་པ་ཆགས་ བགྱིད་ཡོད། བསམ་བགྱིན་ཡོད་ལ། བྲོད་ཁོག་ཡང་བརྒྱག་སོང་། ད་དུང་མ་འོངས་པ་ལ་ཡང་། ཤ་རྒྱགས་པ་ཆགས་བགྱི་རེད། བསམས་ནས་ཕྱི་དྲོའི་ཁ་ལག་ཀྱང་ཟ་བགྱིད་མེད། ལྟ་བུར་བྲིས་ན་མཁོ་ཆེའོ།
དུས་གསུམ་འདི་རྙོག་དྲ་ཚ་ཤོས་ཤིག་རེད། མཁས་པ་ལྔ་དྲུག་ཅིག་གི་དུས་གསུམ་རྣམ་གཞག་མཉམ་གཅིག་ཏུ་ཁ་ཕྱེ་ནས་ཅིག་བལྟས་པ་ཡིན་ན་དེར་མ་མཐུན་པ་ཧ་ལས་པའི་མང་པོ་ཡོད་པ་རེད། འདིའི་སྐོར་གཅིག་གྱུར་ཅིག་ཡོང་ན་མ་འོངས་པ་ན་ཕན་ཐོགས་ཆེ་ས་རེད།
རྒྱབ་འདི་ད་ལྟ་འབྲི་ཁྱབ་ཆེ་བ་དང་སོར་ཡང་བ་ཞིག་ཡིན་པས་འདི་ལྟར་བྲིས་པ་ཡིན། ནོར་ཡོད་ན་དགོངས་འགལ་མེད་པ་ཞུ། ང་འདིར་དུས་གསུམ་གྱི་རྣམ་གཞག་དེ་འདྲ་གཅིག་ཀྱང་མེད། ཡིན་ན་ཡང་། རྒྱག་གི་དུས་གསུམ་བཞེད་པ་མི་མཐུན་པ་ཤེས་ཚོད་ཅིག་དྲངས་ན་འདི་ལྟར་ལགས། ད་ག་རེ་བྱེད་དགོས་རེད། ཁུངས་ཡོད་ཤོས་གཅིག་གཤམ་གསལ་གྱི་དང་པོ་དེ་ཡིན་པ་འདྲ་སྟེ། ད་ལྟ་མ་འོངས་པ་ལ་བརྒྱག་འབྲི་མཁན་ཞིག་ཡོད་ན་ཕལ་ཆེར་ནོར་བར་བརྩི་གི་མ་རེད་དམ། དེ་མིན་གཟུག དགུག དབྱུང་ལ་སོགས་པའང་དེ་བཞིན་ནོ། དུས་གསུམ་གྱི་སྐོར་དེ། སྔོན་མ་བཙན་བྱོལ་སློབ་དེབ་ནང་གི་བརྡ་སྤྲོད་སྐོར་འབྲི་སྐབས། དུས་གསུམ་གྱི་རྣམ་གཞག་ལག་ལ་ཐེབས་ཚད་ཅིག་ཁྱེར་ཡོང་ནས་རེ་རེ་བཞིན་བསྡུར་བ་ཡིན། འབྲི་ཚུལ་མི་མཐུན་པ་དེ། རྟ་མོགམོག་གི་སྤུ་རེད། མི་མཐུན་པ་དེ་ཚོ་ཡང་ཕལ་ཆེ་བ་ཞིག་ལ་ཁུངས་ཤིག་ཡོད་པ་རེད། དེའང་སྔོན་མའི་གཞུང་ཆེ་ཁག་དང་མཁས་པ་སྔོན་མ་ཚོ། རང་རང་སོ་སོའི་ཆོས་བརྒྱུད་དེ་འདྲར་ཁུངས་གཏུགས་ཡོད་པ་རེད། སྔོན་མ་དེ་ཚོ་ནོར་འདུག་ཟེར་མཁན་ཞིག་ཡོད་པ་མ་རེད། དེ་ནོར་འདུག་ཟེར་ན་ཁྱེད་རང་དམྱལ་བའི་ནང་ལ་མགོ་རྟིང་སློག་ནས་འགྲོ་གི་རེད། འདིའི་སྐོར་ཐབས་ཤེས་ཤིག་འཐེན་ནས་གཅིག་གྱུར་ཅིག་བཟོ་མ་ཐུབ་པ་ཡིན་ན། བོད་ཀྱི་སྤྲུལ་སྐུ་བཞིན་གདམ་ང་ཅན་མང་ནས་མང་དུ་འགྲོ་རྒྱུ་ཡིན་པ་ཉག་གཅིག་རེད
མ་འོངས་པ། ད་ལྟ་བ། འདས་པ། སྐུལ་ཚིག
བརྒྱག རྒྱག བརྒྱབ རྒྱོབ
བརྒྱབ རྒྱག བརྒྱབ རྒྱོབ
བརྒྱབ རྒྱག བརྒྱབས རྒྱོབས
སྒོམ་སྡེ་ཁོང་། འདིར་ཡང་ཕེབས་མི་འདུག ཨ་ཡ་མཚན། ད་ཁོང་གང་ལ་ཕེབས་པ་ཡིན་ན།