༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདིར་འདྲེན་བཀོད་ཞུས་པ་ཡིན༽
དེ་རིང་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་ ༣ ཚེས་ ༨ ཉིན་ཏེ་བོད་ལུགས་ཀྱི་ཆོ་འཕྲུལ་དུས་ཆེན་ཉིན། མདོ་སྨད་གཅན་ཚ་རྫོང་ནང་ཁོག་ཞང་ལ་མོ་བདེ་ཆེན་དགོན་པའི་དགེ་འདུན་པ་ཚོས་སྨོན་ལམ་གྱི་མཆོད་གཏོར་སྟེང་མར་རྒྱན་གྱིས་བོད་ཀྱི་རྒྱལ་དར་དང་། ༧གོང་ས་མཆོག་གི་སྐུ་བརྙན་བཞེངས་ཏེ་སྨོན་ལམ་གསུངས་ཡོད་འདུག
ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ལ་མོ་བདེ་ཆེན་དགོན་གྱི་དགེ་འདུན་པ་ ༧༠ ནས་ ༨༠ ཙམ་གྱིས་དགོན་པའི་ཉེ་འཁྲིས་ཀྱི་རི་སྒང་ཞིག་ཏུ་བསང་གསོལ་ཆེན་པོ་ཞིག་གནང་སྟེ། མི་ལོ་ང་གསུམ་གོང་གི་ཉིན་མོ་འདིར་བོད་མིས་རང་དབང་སྒེར་ལངས་ལ་རྒྱ་དམག་གིས་དྲག་གནོན་བྱས་པར་དྲན་གསོའི་ཆེད་ཤོག་སྦག་སྦར་སྒྲོན་ཞིང་། བྱང་ཆུབ་སེམས་མཆོག་སྐྱོར་བཞིན་རྫོང་ཐོག་ཏུ་ཁ་ཕྱོགས་ཏེ་བསྐྱོད་ཡོད་འདུག
དགེ་འདུན་པ་རྣམ་ས་ཀྱི་སྐད་གསེང་རིམ་བཞིན་ཇེ་མཐོར་སོང་སྟེ་“བོད་ལ་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས” སོགས་ཀྱི་སྐད་འབོད་རྒྱག་བཞིན་དགོན་པ་དང་སྤྱི་ལེ་ ༡ དང་ཕྱེད་ཙམ་གྱི་སར་ཡོད་པའི་མ་ཎི་རྡོ་ལུང་གྲོང་ཚོར་འབྱོར་སྐབས། གྲོང་སྡེའི་མི་མང་བསླེབས་ཏེ་དགེ་འདུན་པ་རྣམས་རྫོང་ཐོག་ཏུ་མི་ཕེབས་རྒྱུར་བཀག་འགོག་བྱས་ཡོད་ཅིང་། བུད་མེད་དང་བྱིས་པ་ཚོས་ངུ་འབོད་བྱེད་བཞིན་ཞུ་བ་འཐེན་ཏེ་དགེ་འདུན་པ་རྣམས་ཀྱི་མདུན་བཀག་ཡོད་འདུག
ཕྱི་དྲོའི་ཆུ་ཚོད་ ༢ པ་ཡོལ་ཙམ་ལ་གར་ཡོང་མི་ཤེས་པའི་དམག་མིའི་རླངས་འཁོར་ ༥ ཙམ་དགོན་གཤམ་གྱི་གཞུང་ལམ་དུ་འབྱོར་ཡོད་ཅིང་། དེའི་རྗེས་ཁ་པར་གྱི་བརྒྱུད་ལམ་བཀག་འདུག་སྟབས། གནས་ཚུལ་ཅི་བྱུང་དང་གྲྭ་མང་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ།
གནས་ཚུལ་ནང་མུ་མཐུད་དུ་བཀོད་དོན། “ ཕྱི་ཟླ་ ༢ པའི་ཕྱི་ཚེས་ ༨ ཉིན་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐད། ཉིན་བརྒྱ་དུས་གཅིག་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་སྐབས། གཅན་ཚ་རྫོང་གི་རྨ་མགུར་རྣམ་རྒྱལ་གླིང་དགོན་པའི་དགེ་འདུན་པ་དང་ཉེ་འཁོར་གྱི་མང་ཚོགས་དགོན་པར་འཛོམས་ཏེ་སྨོན་ལམ་གསུངས་ཡོད” ཅེས་དང་།
“ སྤྱིར་ན་རྒྱ་ནག་ཁོངས་ཀྱི་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་ཕྱི་ཟླ་ ༣ ཚེས་ ༡ ནས་རྫོགས་ཡོད་ཀྱང་། རྫོང་འདིའི་འོག་ཏུ་ད་ལོ་དགུན་གནང་གི་དུས་ཡུན་ཉིན་ ༡༥ འཕར་འགྱངས་བྱས་ཏེ། དགེ་རྒན་དང་ལས་བྱེད་རྣམས་ས་གནས་ཆ་བགོས་ཀྱིས་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ལ་མཉམ་ཞུགས་བྱེད་དགོས་པའི་བཙན་བཀའ་བཏང་འདུག
གཅན་ཚ་ནི་ ༢༠༠༨ ལོ་ནས་རྒྱ་ལུགས་ཀྱི་ལོ་གསར་སྲུང་བརྩི་མི་བྱེད་པའི་ས་གནས་ཤིག་ཡིན་པ་དང་། སྐབས་དེར་ལས་འགུལ་སྐུལ་སློང་བྱེད་མཁན་གཙོ་བོ་ལ་མོ་བདེ་ཆེན་སོགས་དགོན་སྡེ་ཁག་ཡིན་འདུག” ཅེས་སོགས་བཀོད་འདུག
གཞིས་བཞུ་གས་སྤུན་ཟླ་ཚོས་བློ་སྟོབས་དང་ཆོད་སེམས་ལ་རྗེས་སུ་ཡི་རང་གུས་འདུད་དང་ང་ཚོ་ནི་ཁྱེད་ཚོ་དང་ནམ་ཡང་བྲལ་ཐབས་མེད་་་་་་་་་་་་་ཁྱེད་ཚོས་བོད་བསྟན་སྲིད་མི་རིགས་ཆེད་དུ་སྐུ་ངལ་བརྒྱབ་པ་སྟེ་ང་ཚོས་ཕན་མེད་དང་ཆུད་དུ་ནམ་ཡང་གཏོང་ཐབས་མེད་་་་ཁྱེད་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད།་་་་་་་་་བོད་རྒྱལ་ལོ་་་་་་་་་་་་་བོད་དོན་བདེན་མཐའ་འཛམ་གླིང་འོད་སྣང་ཁྱབ་པར་ཤོག །
ཁྱེད་ཚོའི་ལ་རྒྱ་ལ་རྗེས་སུ་ཡི་རང་ཡོད། བོད་རྒྱལོ།
ྱ
མི་རིགས་ཤིག་གི་དབའ་བོ་དངོས་གནས་ཁྱེད་ཚོ་རེད་མཛད་རྗེས་ལ་འོད་སྟོང་ལོ་རྒྱུས་ཡོད་་་་་་་་་་་་
གསེར་རྟའི་བརྗོད་པའི་འོད་སྟོང་ལོ་རྒྱུས་དེ་ང་ཚོ་འདྲ་བ་ཁག་གཅིག་གིས་ཀློག་རྒྱུའི་ཡིག་རྙོག་ཞིག་ལ་མ་གྱུར་ན་བཟང་གི
ནང་གི་གཟི་བརྗིད་དེ་བློ་སྟོབས་ཀྱི་དཔལ་འབར་བའི་དགེ་འདུན་པ་ཚོས་བྱང་ཆུབ་སེམས་མཆོག་སྐྱོར་བཞིན་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་རང་བཙན་ཡིན་ཞེས་མི་འཇིགས་པའི་ང་རོ་སྒྲོག་པ་ཧ་ལས་པ་རེད།
ཁོ་རང་ཚོ་དོལ་རྒྱལ་བསྟེན་འཕྲོ་བཞག་ཡག་པོ་རེད། ༣༠་དུས་དྲན་ཚཽ་ཅང་མི་ཤེས་ཡ།
བཀྲ་ཤིས་ཟེར་བ་ལགས། དོན་མེད་དུ་ཉོག་གཏམ་མ་བཤད་ན་བཟང་། ལ་མོ་བདེ་ཆེན་དགོན་པའི་ལོ་རྒྱུས་སྟེང་དོལ་རྒྱལ་བརྟེན་མ་མྱོང་ལ་ད་དུང་ཡང་བརྟེན་བཞིན་མེད། མདོ་སྨད་ཕྱོགས་ནས་དོལ་རྒྱལ་བརྟེན་མཁན་གྱི་དགོན་སྡེ་ནི་སྟག་ཚང་ལྷ་མོ་ལས་གཞན་མེད་པས་མ་ཤེས་པར་ཉོག་གཏམ་མ་བཤད།
རྒྱ་ནག་དམར་པོའི་སྡུག་རྩུབ་ཀྱི་སྲིད་བྱུས་འོག་ནས་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ལ་ཕན་པའི་རླབས་ཆེན་གྱི་ལས་འགུལ་སྤེལ་བའི་མི་མང་དང་ས་གནས། དེ་བཞིན་དགོན་པ་སོགས་ཀྱི་ལོ་རྒྱུས་ཅི་ཡང་མ་རྟོགས་པར་དེ་དག་ལ་སྐྱོན་བརྗོད་བྱེད་མཁན་ནི་ཐེ་དོགས་ཟ་དགོས་པའི་མི་རེད་དོ།
ད་འུ་ཆ་གས་རྒྱ་ནག་པོ་ངོ་ལེན་ཆོག་གི་མ་རེད། དེ་ལས་འགོ་བཏགས་ཞུ་ན་ཡག་ག བོད་ནང་གི་གྲྭ་བ་ཀླད་མེད་ཚོས་ལྐུག་རྟགས་སྟོན་པར་ཅི་ལྟ་རྒྱུ་མེད་ཀི་ཡ།