བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།
དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦།༣༠ ཡས་མས་སུ། མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བའི་རང་ལོ་ ༤༠ ཡིན་པའི་བོད་མི་རྟ་མགྲིན་ཐར་ཞུ་བ་ཞིག་གིས། གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག མེར་བསྲེགས་བཏང་སྟེ་ཅང་མ་འགོར་བར་ས་གནས་དམག་མིས་མེ་བསད་དེ་བཙན་འཁྱེར་བྱས་འདུག ད་ནངས་ཞོགས་པར་ས་གནས་མང་ཚོགས་ཀྱིས་རྟ་མགྲིན་ཐར་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་སྟེ་ངོ་རྒོལ་བྱས་སྟབས། ས་གནས་ཉེན་རྟོག་པས་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ཁོང་ཕྱིར་ནང་མིར་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། ད་ལྟའི་ཆར་ཁོང་གྲོངས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག ད་ལྟའི་ཆར་རྒྱ་ནག་གཞུང་གིས་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང་ཐོག་ཏུ་དམག་མི་འགྲེམས་འཇོག་གིས་ས་གནས་མི་མང་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག གསར་འགོད་པ། དོན་གོ
ས་
མེ་ལྕེ་འདི་ནི་བསྟན་པ་ཆབ་སྲིད་དང་ཆོས་ལྡན་བོད་མི་རིགས་ཀྱི་རང་དབང་དང་བདེ་དོན་གྱི་ཆེད་ཆེས་བླ་ན་མེད་པའི་འཐབ་རྩོད་ཀྱི་རང་བཞིན་མཐོ་ཤོས་ཤིག་ཡིན། ང་ཚོས་དུས་ནམ་ཡང་ཁོང་ཚོའི་དམིགས་ཡུལ་དང་བློས་བཏང་བརྗེད་མི་རུང།
དཔའ་བོ་རྟ་མགྲིན་ཐར་ལ་གུས་འདུད་ཞུ།།
དཔའ་རྒོད་ཁོང་ལ་སྙིང་ནས་གུས་མདུད་ཞུ་བ་དང་ཆབས་ཅིག་ཕྱི་སྡོད་བོད་མི་རྣམས་ཀྱི་བོད་ནང་བོད་མི་བློས་གཏོང་ལ་གྲང་ག་བགྲང་བ་མ་ཡིན་པར་ཁོང་ཚོའི་ཁ་ཆེམས་དང་འབོད་སྒྲ་སེམས་ལ་ངེས་པར་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཁོང་ཚོའི་བློས་བཏང་ལ་ཕྱི་ལོག་ནས་ལྷོད་ཡངས་སུ་མི་གཏོང་རྒྱུ་གལ་ཆེའོ།
ཕ་བཟང་གི་བུ། རིགས་བཟང་གི་མི། དཔའ་པོའི་རིན་ཐང་ལ་ཡིད་སྨོན་ཤོར།
དེ་རིང་ཡང་བོད་མི་དཀྱུས་མ་ཞིག་གིས་ང་ཚོའི་ཆེད་དུ་མི་ལུས་གསོན་པོ་མེ་རུ་བསྲེགས་སོང་།
གསར་འགྱུར་འདི་རིགས་གོ་ཐེངས་རེ་རེ་སེམས་པ་ཀློང་ཀློང་པོར་གྱུར་ནས་མིད་པ་ཡན་ཆད་ཀྱི་གུས་འདུད་ཟེར་བའི་ཚིག་དེ་རིགས་ཀྱང་ཐོན་གི་མི་འདུག སྐད་ཆ་ཆེན་པོ་དང་རྒྱ་ཆེ་ཆེ་རེ་བཞག་ནས་དྲང་མོ་བཤད་ན་ཁོང་གི་ནང་མི་ཚོའི་སྐྱོ་གདུང་གི་སྡུག་མནར་འདི་ལྕི་ལྕི་ཞིག་མིན་ནམ།
ཨོམ་ྣིཔདྨེ་ཧཱུམ
ད་ག་རེ་ཞུ་དགོས་རེད། ངོ་མ་དཀའ་འི་ཡ། འཇིག་རྟེན་འདི་ན་དབུ་ཁྲིད་ནིའི་མྱི་སྣ་ཤ་ཚ་ནི་ཞིག་མེད་ན་འདི་འདི་ལྟར་དུ་ལྷག་འགྱོ་རྒྱུའི་ཉན་ཁ་ཡོད་ས་རེད།
ཁོང་གྲོངས་ཟིན་འདུག མྱ་ངན་དང་ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད།
མེ་སྲེག་གི་གནས་ཚུལ་ཐོས་ཐེངས་རེར་སེམས་བློང་བློང་པོར་འགྱུར་བཞིན་འདུག ད་ནི། རང་སྲེག་མཚམས་བཞག་དགོས་འདུག དཔའ་བོ་རྟ་མགྲིན་ཐར་ཐར་པའི་ལམ་སྣ་ཟིན་པར་ཤོག
སྒང་བ་བོད་པའི་ཕོ་རྒོད་ལགས། ག་ལེར་ཕེབས། ཤུལ་ལུས་ཀྱི་བོད་མི་ས་ཡ་དྲུག་གིས་གདུང་སེམས་དང་ཡིག་དྲུག་གིས་ཁྱེད་ལ་སྐྱེལ་མ་ཞུ། ཁྱེད་ནི་ང་ཚོའི་སེམས་ཁུང་གི་སྒྲོན་མེ་ཡིན།
རང་ལུས་མེར་སྒྲོན་གྱི་འཐབ་རྩོད།།
ཁ་ཞེ་གཉིས་མེད་བོད་ལ་དགའ་ཞེན་ཅན།།
སྙིང་སྟོབས་ལ་རྒྱ་ལྡན་པའི་དཔའ་བཏུལ་ཚོ།།
ལུས་སྲོག་ལོངས་སྤྱོད་བཏང་ནས་མེ་རླབས་འཁྲོད།།
གཅིག་རེར་གཉིས་རེར་སྐར་མདའ་བཞིན་དུ་ཡལ།།
ཚུལ་དེ་ཐོས་པར་དམར་ཆུང་སེམས་པ་སྐྱོ།།
ཕངས་སེམས་ཚད་མེད་སྙིང་ཁར་གཟེར་ཟུག་ལང།།
ཤུལ་དུ་ལུས་པའི་ཕ་མ་སྤུན་ཉེའི་ཚོགས།།
སྐྱོ་བ་མ་གནང་ང་ཡི་སེམས་གསོ་ཙམ།།
འདས་གསོན་དཔའ་བཏུལ་དག་ལ་གུས་པས་འདུད།།
ཁྱེད་ཚོས་མངོན་འདོད་ཤུལ་ལུས་བོད་མིས་སྒྲུབ།།
མི་རིང་གངས་ལྗོངས་རང་དབང་བདེ་སྐྱིད་ཐོབ།།
དེ་དུས་སླར་ཡང་བོད་ལ་སྐྱེ་བར་སྨོན།།
བླ་ན་མེད་པའི་སྐྱབས་མགོན་བླ་ཆེན་ཚོས།།
དཔའ་བོ་དཔའ་མོའི་རྣམ་ཤེས་འདྲེན་པར་མཛོད།།
ད་དུང་བོད་ཀྱི་གཞུང་དང་འབངས་མི་ཚོ།།
ཁ་རོག་མ་བཞུགས་བློ་རྩེ་གཅིག་ཏུ་སྒྲིམས།།