ཚེ་འབར།
ཕྱི་ཕྱོགས་སུ་ཡོད་པའི་བོད་ཀྱི་སྐྱིད་སྡུག་ཚོགས་པ་ཆུང་ཆུང་དེ་ཚོ། མིང་ཆེན་པོ་རི་འདྲ་རེ་བཏགས་ནས་དོན་ལ་མི་སྒེར་གྱི་སྦ་ཁུག་འགེངས་བྱེད་དང་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆ་རུ་བསྒྱུར་གྱིན་ཡོད་པ་དེ་ནི་མ་འོངས་བོད་ཀྱི་འཐབ་རྩོད་ལ་འཇིགས་སུ་རུང་བའི་ཉེན་ཁ་ཞིག་ཡིན་པ་མ་ཟད།སྤྱི་ཚོགས་རུལ་སུངས་སུ་འགྱུར་རྒྱུའི་སྔ་ལྟས་ཀྱང་རེད་ལ། རྩ་དོན་ལ་འགན་མ་ཁུར་པའི་ཆེས་བློ་ཕམ་པའི་གནས་ཤིག་ཀྱང་རེད། ད་ཐེངས་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་དོན་རྐྱེན་གཙོ་བོ་ཡང་དེ་ལ་ཐུག་ཡོད། སྤྱི་ལོ་༢༠༡༧ ཟླ་༩ ཚེས་ ༢ ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་སྐབས་སུ་གཏན་ལ་ཕབས་པའི་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་རྩ་བའི་རྩ་དོན་བཞི་ཟེར་བ་ཞིག་བཞག་ཡོད། དེ་ནི་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་དཀའ་ངལ་དང་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་སྐབས་ལྔ་པའི་ལོ་གཉིས་ཀྱི་དུས་ཡུན་རིང་ལ་འཕྲད་པའི་དཀའ་ངལ་སོགས་ཀྱི་ཉམས་མྱོང་གཞི་ལ་བཞག་ནས་བཟོས་བ་ཞིག་ཡིན་ལ། སྐབས་དེར་མང་མོས་ཀྱིས་ཚོགས་ཆེན་རང་གི་སྟེང་ནས་གཏན་ལ་ཕབས་པ་རེད། རྩ་དོན་བཞི་དེ་བཞག་ནས་ཟླ་བ་བཞི་དང་ཉི་མ་ལྔའི་རྗེས་སུ།སྤྱི་ལོ ༢༠༡༨ ཟླ་ ༡ ཚེས་ ༧ ཉིན་རྒྱུན་ལས་སྐབས་དྲུག་པའི་ལས་དོན་བྱེད་ཕྱོགས་ཤིག་རྩ་དོན་བཞིའི་དོན་ཚན་བཞི་བ་དང་འགལ་ཡོད་མེད་ཀྱི་ཚོགས་འདུ་ཞིག་འདུས་ཤིང་དེའི་སྐབས་སུ་ངས་རྒྱུན་ལས་སྐབས་དྲུག་པར་དོན་ངོ་མ་ཁྱེད་ཚོས་ཚོགས་ཆེན་སྐབས་སུ་ཚོགས་མི་མང་མོས་ཀྱིས་ཐག་ཆོད་བྱས་པའི་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་རྩ་བའི་རྩ་དོན་བཞི་ཟེར་བ་དེར་ངོས་ལེན་ཡོད་དམ་མེད་ཅེས་དྲི་བ་དྲིས་པ་ཡིན་ལ། ལན་དུ་སྐབས་དྲུག་པའི་རྒྱུན་ལས་ཚོས་སྒེར་གྱི་དངོས་ནས་དེ་ལ་མོས་མཐུན་མེད་པ་མ་ཟད། ཚོགས་ཆེན་སྟེང་ནས་ཐག་ཆོད་དེ་འདྲ་ཞིག་བྱུང་ཡོད་མེད་ཀྱང་ཤེས་མ་སོང་།གལ་སྲིད་དེ་འདྲ་ཞིག་བྱུང་ཡོད་ན་ང་ཚོས་བརྩི་བཀུར་བྱས་ན་འགྲིག་གི་རེད་ཟེར། མངོན་སུམ་ལ་སྙོན་སྟངས་དེས་རེ་ཞིག་ང་ཧ་ལས་སུ་བཅུག་སོང་། ཚོགས་ཆེན་སྟེང་ལ་རྒྱུན་ལས་བཞི་ཀ་ཡོད་པ་མ་ཟད་ད་ལྟའི་ཚོགས་གཙོ་ལས་ཐོག་གིས་སྐབས་དེའི་རྩ་དོན་བཞི་དགོས་པ་རྩ་བ་ཉིད་ནས་མི་འདུག་གསུང་མཁན་གྱི་གྲས་སུ་ཡོད་པ་རེད། སྤྱི་ལོ་༢༠༡༧ ཟླ་བཅུ་བའི་ནང་གི་ཚོགས་འདུ་ཞིག་གི་སྐབས་སུ་དྲུང་ཡིག་གི་ཞལ་ནས་ང་ཚོ་སྤྱན་རས་གཟིགས་ཀྱི་ཆོས་ཚོགས་དང་བསྟན་འཛིན་ཆོས་རྒྱལ་གཉིས་མཉམ་དུ་༧ གོང་ས་མཆོག་གི་ནོར་ཝེལ་ཞི་བདེའི་གཟེངས་རྟགས་སྲུང་བརྩི་བྱེད་སར་སོང་ན་རྒྱུན་ལས་ཀྱི་ངོས་ནས་རྩ་དོན་བཞི་ལ་འགལ་མེད་པ་ངོས་འཛིན་གྱིན་ཡོད། དེ་ལ་མི་མང་གི་ངོས་ནས་དགོངས་ཚུལ་ག་འདྲ་ཡོད་ཅེས་བཀའ་འདྲི་གནང་སྟེ་རྩ་དོན་བཞི་བོར་ངོས་ལེན་དང་བརྩི་བཀུར་ཡོད་པའི་རྣམ་པ་གསལ་བོ་བསྟན་པ་རེད། རེད་དེ། ཚེས་༧ཉིན་གྱི་ཚོགས་འདུའི་སྐབས་སུ་རྩ་དོན་བཞི་ལ་བརྩི་བཀུར་བྱེད་པ་ཕར་ཟད་དེ་འདྲའི་རྩ་དོན་བཞི་ཐག་ཆོད་བྱུང་ཡོད་མེད་ཀྱང་ཤེས་མེད་མདོག་མདོག་གནང་དོན་ཅི་ཡིན་ནམ། དེ་འདྲ་ཞིག་གསུང་དགོས་པའི་དམིགས་བྱ་གཙོ་བོ་དེ་རྩ་དོན་བཞིའི་དོན་ཚན་བཞི་བ་སྟེ་”4. ཚོགས་པའི་ཁྱབ་ཚད། བོད་རིགས་མཐུན་ཚོགས་འདི་མངའ་སྡེ་འདིའི་ནང་དུ་ཡོད་པའི་བོད་པ་ཚང་མའི་བདེ་སྡུག་ལ་ལྟ་རྟོག་བྱེད་པའི་སྐྱིད་སྡུག་གི་ཚོགས་པ་ཞིག་ཡིན་པ་ལས་མི་བྱེ་བྲག་པ་སུའི་ཆེད་དུའང་བཙུགས་པ་མིན། རྒྱུ་མཚན་དེའི་ཕྱིར་ན་སྐབས་བབ་ཀྱི་ཚོགས་གཙོ་འམ་རྒྱུན་ལས་གཙོ་བོར་གྱུར་བའི་ཚོགས་མི་སུ་ཞིག་གིས་སྒེར་གྱི་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆ་རུ་འགྱུར་མི་རུང་། “ཞེས་པ་འདི་ལ་མོས་མཐུན་དང་ངོས་ལེན་ཐུབ་ཀྱིན་མེད་པའི་རྣམ་པ་ཞིག་གསལ་བོར་མཐོང་།རྒྱུ་མཚན་ནི་ཚེས་༧ཉིན་གྱི་ཚོགས་འདུ་དེ་དོན་ཚན་བཞི་བ་དང་འགལ་ཡོད་མེད་ཀྱི་ཚོགས་འདུ་ཡིན་པ་དེས་ཀྱང་དོན་དག་ཅིག་གསལ་བོར་རྟོགས་ཡོང་ངེས་ཡིན། ད་དུང་ཚོགས་ཆེན་སྟེང་ལ་རྩ་བ་ནས་མ་ཕེབས་ཤིང་ཚོགས་འདུ་ཆེ་ཆུང་གང་ལའང་མི་ཕེབས་མཁན་གྱི་མི་རེ་ཟུང་ཞིག་ཉིན་དེའི་ཚོགས་འདུ་ལ་ཆེད་དུ་ཕེབས་ཏེ་ཡར་ལངས་ནས་རྩ་དོན་བཞི་ཅན་གྱི་ཡིག་ཆ་དེ་ངོས་ལེན་མེད་པ་དང་། ཡིག་ཆ་འདི་ཚོགས་པའི་ལས་ཤོག་སྟེང་ལ་དཔར་ནས་ཚོགས་པའི་ཐམ་ག་བརྒྱབ་ཡོད་པ་ལས་མཚན་རྟགས་མི་འདུག་ཅེས་བསམ་གཟས་ཏེ་རྙོག་བསླངས་སོང་། ཚོགས་པ་ཞིག་ལ་མཆོན་ན་ཐམ་ཀ་དང་ལས་ཤོག་ནི་ཚོགས་པ་གང་དེའི་ཆེ་མཐོང་དང་རིན་ཐང་མཚོན་བྱེད་ཡོད་ན་མེད་ན་ཞིག་ཡིན་པས།དེ་ལ་ཆོ་མེད་མདོག་མདོག་བྱེད་པའང་རང་འཚང་བསྟན་པ་ལས་གཞན་ཅི་ཡང་མེད།མ་གཞི་སྐབས་དང་པོའི་ཚོགས་ཆེན་རྗེས་སུ་མང་མོས་ཐོག་ཐག་ཆོད་བྱུང་བའི་རྩ་དོན་བཞི་བོ་དེ་ཚོགས་པའི་ལས་ཤོག་སྟེང་བཀོད་དེ་པར་ལོག་བརྒྱབ་ནས་ཁྱིམ་ཚང་རེ་རེ་ལ་འཕྲོད་པར་གྱིས་ཡོད།སྐབས་དང་པོའི་ཚོགས་ཆེན་གྱི་འགོ་ནས་མཇུག་བར་དུ་མཐོང་མྱོང་མཁན་གྱི་ཚོགས་མི་རེ་ཟུང་ཡར་ལངས་ནས་ངེས་པར་དུ་མཚན་རྟགས་ཤིག་དགོས་ན། ད་ལྟ་ཚོགས་གཙོ་གསར་རྙིང་གཉིས་ཀ་འདི་ལ་འདུག་པས་མཚན་རྟགས་ཞིག་བཀོད་བཞག་ན་འགྲིག་གི་རེད་གསུང་སོང་། དེ་མུར་ད་ལྟའི་ལས་ཐོག་ཚོགས་གཙོས་ངའི་ངོས་ནས་མཚན་རྟགས་རྩ་བ་ནས་འགོད་ཀྱི་མིན་གསུང་སོང་ལ། སྐབས་དེར་ཕྲན་གྱིས་མི་སྒེར་གྱི་ཁེ་ཕན་སྒྲུབ་བྱེད་ཀྱི་སྐྱིད་སྡུག་ཚོགས་པ་ཞིག་ཡོད་པ་ལས་མེད་ན་དགའ་ས་རེད་ཅེས་བཤད་པ་ཡིན། མི་མང་ནང་ནས་ཀྱང་བསམ་ཚུལ་གྱི་འགལ་ཟླ་རྣོ་ངར་ཆེ་རུ་སོང་བ་དང་། དེ་མཉམ་དུ་རྒྱུན་ལས་ཚང་མས་མི་མང་ཞི་འཇགས་བཟོ་རྒྱུ་བཞག་སྟེ་དགོངས་པ་ཞུས་པའི་གསལ་བསྒྲགས་གནང་སྟེ་ཚོགས་མི་ཚང་མ་རང་རང་སོ་སོའི་གནས་སུ་ལོག་པ་རེད། ངོ་མ་བཤད་ན་སྐྱིད་སྡུག་གི་ཚོགས་པ་གང་འདྲ་ཞིག་ཡིན་ན། མི་སྒེར་སྟོབས་ཤུགས་ཅན་འགའ་ཤས་ཀྱི་ལག་ཆ་རུ་འགྱུར་ཚར་བའི་རྗེས་ལ། མི་མང་དཀྱུས་མ་དེ་ཚོ་ཚོགས་པ་ལ་ཞེན་པ་ལོག་གི་རེད་ལ། རང་བཞིན་གྱིས་ཚོགས་ཁུངས་ནས་ཐོན་འགྲོ་གི་རེད། སྐབས་དེའི་ཚོགས་པ་དེ་གཞུང་དང་མི་མང་གཉིས་ཀྱི་ཡིད་ཆེས་མ་ཐུབ་པ་ཞིག་ཆགས་རྒྱུ་ཡིན་པ་སྨྲོས་ག་ལ་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱུན་ལས་སྐབས་ལྔ་བའི་ངོས་ནས་ཁོན་སི་ལན་ཊི་བོད་རིགས་མཐུན་ཚོགས་འདི་ཡང་མི་སྒེར་གྱི་ལག་ཆ་མ་ཆགས་པའི་ཆེད་དུ། གནས་སྟངས་མང་པོ་གདོང་ལེན་བྱས་ཏེ་སྐབས་དང་པོའི་ཁོན་སི་ལན་ཊི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་རྩ་དོན་བཞི་མང་མོས་ཐོག་ཐག་གཅོད་བྱུང་བ་རེད། ཐག་གཅོད་དེས་མི་བུ་སྒེར་གྱི་ས་ནས་ཁེ་ཕན་ཏོག་ཙམ་རག་མཁན་རེ་ཟུང་ལ་ཕོག་ཐུག་ཤོར་ཡོད་པ་འདྲ། སོང་ཙང་ཁོང་ཚོས་གནས་ལུགས་ལ་རྒྱབ་འགལ་བྱས། བདེན་པ་ལ་ངོ་ལོག་བྱས། མང་མོས་ཐག་གཅོད་ཀྱི་རྩ་དོན་རྩིས་མེད་བྱས་ནས་ས་གནས་བོད་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་སའི་མཐུན་ཚོགས་དེ་མི་བུ་སྒེར་རེ་ཟུང་གིས་ལག་ཆའམ་སྦ་ཁུག་འགེངས་བྱེད་དུ་ཆགས་ན་ཡང་སྐྱོན་མེད་མདོག་མདོག་བྱེད་པ་འདི་ནི་ཤིན་ཏུ་ནས་ངོས་ལེན་བྱེད་ཐབས་མི་འདུག
༢༠༡༨-༡-༠༧གྱི་དགོང་མོ་ཁོན་སི་ལན་ཊི་བོད་རིགས་མཐུན་ཚོགས་ཀྱི་གནད་དོན་དེ་དང་འབྲེལ་བའི་སྐད་ཆ་འགའ་བདག་གི་ངོ་དེབ་ཏུ་བཀོད་པ་ཡིན་ལ། དེའི་ཕྱིར་ཉིན་བོད་རིགས་མཐུན་ཚོགས་ཀྱི་ངོ་དེབ་ཏུ་ང་ལ་ལན་འདེབས་ཡིན་པའི་སྲོལ་གྱི་ཁྱབ་བསྒྲགས་ཡི་གེ་ཞིག་སྤེལ་འདུག རྒྱུན་ལས་ཚོས་ཚེས་༧ཉིན་དགོངས་པ་ཞུས་པ་དེ་བདེན་ན་ཚེས་༨ཉིན་ཚོགས་པའི་ངོ་དེབ་བེད་སྤྱོད་གཏོང་ཆོག་པའི་ཐོབ་ཐང་དང་དབང་ཆ་སུས་སྤྲད་པ་རེད། དེ་ཁྲིམས་འགལ་མ་རེད་པས། ཡང་ན་དོན་ཚན་བཞི་བ་རྩིས་མེད་བྱས་ཏེ་མི་སྒེར་གྱི་ཁེ་ཕན་སྒྲུབ་ཏུ་ཕེབས་སའི་མི་སྒེར་བ་དེས་སྐབས་དྲུག་པའི་རྒྱུན་ལས་ཟུར་བ་དག་ལ་ཚོགས་པའི་ངོ་དེབ་བདེ་སྤྱོད་གཏོང་ཆོག་པའི་ཆོག་མཆན་སྤྲད་པ་རེད་དམ། ཚེས་༩ཉིན་ཡང་བསྐྱར་ངོ་དེབ་ཏུ་”གསལ་བསྒྲགས།
༄། དཔལ་ལྡན་སྐུ་ཚབ་དོན་གཅོད་མཆོག་གི་ལམ་སྟོན་ལྟར་ཁུན་སི་ལན་ཀྲི་བོད་རིགས་ཚོགས་པའི་རྒྱུན་ལས་སྐབས་ ༦ པ་དགོངས་པ་ཞུས་པར་སོང་རྒྱུན་ལས་གསར་པའི་གསར་འདེམས་ཀྱི་འོས་བསྡུ་དེ་བཞིན་ ༢༠༡༨།༡།༡༤ རེས་གཟའ་ཉི་མའི་ཉིན་རྒྱབ་ཚོུད་ ༢ པར New Farm Library ཚོགས་ཁང་དུ་ཞུ་རྒྱུ་ཡིན་པ་དང་། སྐུ་ངོ་དོན་གཅོད་མཆོག་ཀྱང་འོས་བསྡུའི་ཆེད་དུ་ཕེབས་ཀྱི་ཡོད་པས་དེ་དོན་ཚོགས་མི་ཚང་མ་རྒྱུན་ལས་གསར་འདེམས་ཀྱི་འོས་འཕེན་པར་ངེས་ཕེབས་དགོས་པའི་གསལ་བསྒྲགས་སུ། ཁུན་སི་ལན་ཀྲི་བོད་རིགས་ཚོགས་པའི་རྒྱུན་ལས་ནས་ ༢༠༡༨།༡།༩ལ།། ” ཞེས་གསལ་བསྒྲགས་ཤིག་སྤེལ་འདུག དེ་ཡང་སུས་ཆོག་མཆན་སྤྲད་པ་རེད། སྐུ་ངོ་དོན་གཅོད་ཀྱིས་སྤྲད་པ་རེད་དམ། གལ་སྲིད་ཡིན་ན་གསལ་བསྒྲགས་ཀྱི་འགོ་ལ་”སྐབས་དྲུག་པའི་ལས་རྒྱུན་ཚོས་དགོངས་པ་ཞུས་པར་སོང་”ཞེས་རྒྱུན་ལས་མེད་མདོག་མདོག་དང་མཐའ་ལ་”རྒྱུན་ལས་ནས”་ཞེས་ལས་ཐོག་རྒྱུན་ལས་འགའ་ཡང་ཡོད་མདོག་མདོག་བྱེད་དོན་ཅི་ཡིན། རྒྱུན་ལས་ལས་ཐོག་འགའ་ཡོད་པ་ཡིན་ན་རྒྱུན་ལས་ཀྱི་དུས་ཡུན་ལོ་གཉིས་རེད་ལ། སྐབས་ལྔ་བའི་རྒྱུན་ལས་ཀྱི་ལས་མཚམས་བཞག་ཏེ་ཟླ་བ་བཞི་དང་ཉི་མ་བདུན་ལས་སོང་མེད་ལ། ལས་ཐོག་རྒྱུན་ལས་ཤིག་ཡོད་ན་ལས་འཁུར་གནང་སྟེ་ཟླ་བ་བཞི་བ་དང་ཉི་མ་བདུན་ལས་སོང་ཡོད་མ་རེད། ཚེས་༧ཉིན་སྐབས་དྲུག་པའི་རྒྱུན་ལས་ཚོས་དགོངས་པ་ཞུས་ཤིང་ཚེས་༨ཉིན་ཚོགས་པའི་ངོ་དེབ་དང་རྒྱུན་ལས་ཀྱི་མིང་བདེ་སྤྱོད་གཏོང་ཆོག་མཁན་གྱི་རྒྱུན་ལས་ཞིག་ཡོད་ན། ཁོ་ཚོས་ལས་འཁུར་གནང་སྟེ་ཉིན་གཅིག་ལས་སོང་མེད་ཙང་། རྒྱུན་ལས་ཀྱི་དུས་ཡུན་མ་རྫོགས་སྔོན་ལ་རྒྱུན་ལས་གསར་འདེམས་ཀྱི་འོས་བསྡུ་འདི་ཡང་དཀའ་ངལ་དང་འཕྲོ་བརླག་མ་རེད་དམ། སྐུ་ངོ་དོན་གཅོད་ཀྱིས་འགན་འཁུར་ཏེ་ཚོགས་འདུ་ཞིག་དགོས་གལ་དུ་མཐོང་བ་ཡིན་ན་སྐུ་ངོ་དོན་གཅོད་ཀྱི་མིང་ཐོག་ནས་གསལ་བསྒྲགས་སྤེལ་ཆོག་པ་ལས་དགོངས་པ་ཞུས་ཟིན་པའི་རྒྱུན་ལས་ཚོས་སླར་ཡང་རྒྱུན་ལས་ཀྱི་མིང་བེད་སྤྱོད་བྱེད་དགོས་དོན་འདུག་གམ།ཡང་ན་ཚེས་༧ཉིན་མི་མང་གི་མདུན་དུ་དགོངས་པ་ཞུས་ཤིང་ཚེས་༨ཉིན་སྐབས་དྲུག་པའི་རྒྱུན་ལས་ཟུར་བ་ཚོ་ཡང་བསྐྱར་རྒྱུན་ལས་སུ་རང་འགུལ་གྱིས་འདེམས་ཐོན་བྱས་ཏེ་རྒྱུན་ལས་ཀྱི་མིང་བེད་སྤྱད་པ་ཡིན་ནམ། ཁ་དང་ལག་ལེན་མི་མཚུངས་པའི་ལས་དོན་བྱེད་ཕྱོགས་འདིས་ཀྱང་གནད་དོན་འགའ་གསལ་ལེར་ཧ་གོ་ཡོང་ངེས་རེད།
གལ་སྲིད་སྐུ་ངོ་དོན་གཅོད་དོན་ཚན་བཞི་བའི་གནད་དོན་དེའི་རྐྱེན་པས་རྒྱུན་ལས་སྐབས་དྲུག་པ་དང་ཚོགས་མིའི་བར་ལ་འགལ་ཟླ་ཡོང་བཞིན་པ་དེ་འདུམ་འགྲིག་གི་ཆེད་དུ་ཕེབས་རྩིས་ཡིན་ན་དེ་ཡང་བློ་གཟུ་བོར་གནས་པའི་ཐག་གཅོད་ཅིག་བྱུང་སྲིད་ཀི་མ་རེད། རྒྱུ་མཚན་སྐབས་དང་པོའི་ཚོགས་ཆེན་སྐབས་སུ་རྩ་དོན་བཞི་གཏན་འབེབས་གནང་དུས་སྐུ་ངོ་དོན་གཅོད་ཀྱིས་དོན་ཚན་བཞི་བར་འགྲེལ་ལོག་བྱས་པ་མ་ཟད་དགག་བྱ་བྱས་རེད། རྩ་དོན་བཞི་མང་མོས་ཀྱིས་ཐག་གཅོད་བྱུང་ཟིན་རྗེས་ཀྱང་སྐུ་ངོ་དོན་གཅོད་ཀྱིས་དགག་བྱ་གང་ཐུབ་བྱས་ཤིང་རྩིས་མེད་གཏོང་བར་ཤུགས་བརྒྱབ་པ་རེད། དེའི་རྒྱབ་ལྗོངས་ན་གནས་ཚུལ་གཞན་འགའ་ཞིག་ཡོད་མོད། ཕྱིས་སུ་ཞུ་དགོས་མ་ཐུག་ན་རེ་ཞིག་གླེང་དོན་མེད། སྐབས་དེའི་ཚོགས་ཆེན་གྱི་སྔ་ཕྱི་ཡོད་ཚད་བརྙན་བླངས་ཡོད་ཙང་། དེ་ལ་བལྟས་ནའང་གནད་དོན་འདི་སྐུ་ངོ་དོན་གཅོད་ཀྱིས་གཟུ་བོར་གནས་པའི་ཐག་གཅོད་ཅིག་མི་ཡོང་བའང་གསལ་བོར་རྟོགས་ངེས་ཡིན།ད་དུང་བདེན་པ་ལ་ངོ་ལོག་སྟེ་མངོན་སུམ་ལ་མུ་མཐུད་དུ་སྙོན་རྩིས་ཡིན་ན་ནི་སྐབས་དེའི་བརྙན་ཡང་སྤྱི་ཚོགས་དྲ་ལམ་ལ་བཞག་སྟེ་མི་མང་ལ་བདེན་རྫུན་གྱི་དབྱེ་བ་འབྱེད་དུ་བཅུག་ནའང་མ་ཆོག་པ་ཅི་ཡང་ཡོད་མ་རེད།གང་ལྟར་བདག་གིས་ཞུ་འདོད་པ་ནི་གཅིག་རྒྱབ་གཅིག་ལངས་ཀྱིས་ཚོགས་མི་མང་མོས་ཀྱི་ཐག་གཅོད་ལ་བརྩི་བཀུར་དང་རིན་ཐང་མི་སྤྲད་པར་གོ་ས་དང་ཧམ་བཤད་ཀྱིས་དཀྲུགས་ཅི་ཐུབ་བྱེད་པའི་ཚོགས་འདུ་ངན་ངོན་དག་ལ་རྩ་བ་ནས་ཞུགས་རྩིས་མེད།
སྤྱི་ལོ་༢༠༡༨ཟླ་༡ཚེས་༡༠ཉིན།
བོད་རིགས་ཚོགས་པར་དཀའ་རྙོག་འཕྲད་པ་འདི་ཆེས་བློ་ཕམ་གྱི་གནས་ལས་མ་འདས། འོན་ཀྱང་། དཀའ་རྙོག་འདི་སེལ་མཁན་ནི་ས་གནས་བོད་རིགས་མི་མང་མ་གཏོགས། རང་གཞུང་དང་སྐུ་ངོ་དོན་གཅོད་སོགས་ཀྱིས་སེལ་མི་ཐུབ་བའི་རྒྱུ་མཚན་ནི། དེང་སང་མཐོ་རིམ་འགོ་ཁྲིད་རྣམས་ནི་ང་ཚོའི་སྤྱི་ཚོགས་དཀྲུགས་མཁན་གཏེ་བོ་དེ་ཡིན་པ་དང་། ལྷག་པར་དུ་ད་ལྟའི་ཁོན་སི་ལེན་དྲའི་རྙོག་དྲ་འདི་ཡང་སྲིད་སྐྱོང་དང་དོན་གཅོད་གཉིས་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པ་ནི་སྨོས་མི་དགོས། ཨོ་གླིང་གི་དོན་གཅོད་ལྷག་པ་མཚོ་སྒོ་ཟེར་བ་དེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མི་མཐུན་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ཞུའི་གོ་སྒྲིག་ཚོགས་པ་དང་མི་མཐུན་པ། རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་མི་མཐུན་པ། ས་གནས་བོད་རིགས་ཚོགས་པ་ཁག་དང་མི་མཐུན་པའི་གནས་ཚུལ་ཞིག་ཡོངས་གྲགས་ཡིན་ན་ཁོ་རང་རྙོག་དྲ་བཟོ་མཁན་ཞིག་གིས་རྙོག་དྲ་སེལ་རྒྱུ་ནི་ཡོང་མི་སྲིད་པ་ལྟ་བུ་རེད། གལ་སྲིད་ཁོ་རང་ཁོན་སི་ལེན་དྲར་ཕེབས་པ་ཡིན་ན་གཅིག་རྒྱབ་གཅིག་ལངས་མ་གཏོགས་མི་མང་གི་མངོན་འདོད་སྒྲུབ་རྒྱུ་མིན་པ་གཏན་ཁེལ་ནས་བཤད་ཆོག
དོན་གཅོད་སུ་ཡིན་ནམ།
གཞན་ཅི་མཤེས་སྟེ། ལྡི་ལི་ཆུ་བཞི་སྒང་དྲུག་དེ་འཇུ་ཆེན་ནང་མིའི་རེད་འདུག ཆུ་སྒང་དམག་གི་ དཀའ་ལས་དངོས་གནས་རྒྱབ་མཁན་འབའ་ལི་རྒྱལ་གསུམ། འཇུ་ཀོང་གཉིས། ཆ་ཕྲེང་། སྣང་བཟང་། རྨི་ལི་སོགས་ཁམས་སྨད་ཀྱི་དགེ་ལུགས་པ་རེད།