ཁྲོ་གཏུམ།
ཕ་གཞིས་ཀྱི་ཚིག་རོས་མནན་པའི་སེམས་པ་སྐྱ་མོ
སྣ་ཁུང་དུ་འཚངས་པའི་གཞོབ་དྲི་ལྗན་ལྗིན
བླ་སྲོག་དབྱངས་རྟར་བརྒྱུས་པའི་དྲི་བ་ནག་པོ་རེ་རེ་སྟེ
གཅིན་པ་ཤག་སེར་བཏང་ནས་ཨག་ཞིག་བཏབ
ཨ་འབྱོག་ཏུ་ལུད་པའི་ཁ་བའི་མེ་སྒྲ
མིག་ལམ་དུ་བབ་པའི་མེ་ལྕེ་ལྷོག་ལྷོག
གསོན་འདས་ཀྱི་སོ་མཚམས་སུ་ལུས་པའི་རེ་བ་ལྷག་མ་དག
གཅིན་པ་ཤག་སེར་བཏང་ནས་ཨག་ཞིག་བཏབ
ངོ་མ་ལྟག་རྒྱབ་བཤད་ཀྱི་ཡོད་མེད་མ་ཤེས་ཐ་ར། ལྟག་ལོག་རྐྱང་རེད་འདུག ཧཧ