གངས་སྒྲོན་གྱིས་བརྩམས།
“གཅེས་ཕྲུག(baby)”
“པོ་དོ།”
“ཨ། ག་རེ། པོ་དོ་ཨེ། (o baby) འོ་གཅེས་ཕྲུག དེ་འདྲ་མ་གསུང༌།” “ང་ད་དུང་པོ་དོ་ག་ལ་གྱུར། ཡང་བསྐྱར་གཅིག།”
“མིན། ང་ལ་baby(ཕྲུ་གུ།ཆགས་ན་ག་རེ་བྱ།”
“ངས་མི་ཆགས་པའི་ཐབས་ཤེས་བྱ་ཆོག གཅེས་ཕྲུག མགྱོགས་སུ།”
བཟི་ལ་ཉེ་བའི་དར་མ་ཞིག་གི་མིག་འོད་བཞིན་སྙོམ་ཞིང་གསལ་ཆ་ཆེར་མེད་པའི་གློག་འོད་དམར་པོ་དེའི་འོད་ངོགས་སུ། ལུས་པོ་དམར་ཧྲིང་དུ་ཕོ་མོ་ཡི་འདོད་བརྩེ་འཁྲིག་སྤྱོད་དང་འོ་སྦྱར་ལན་མང་བྱས་པའི་གཡུལ་འགྱེད་དེའི་མཐར། ལུས་པོ་མགོ་རྟིང་གི་བ་སྤུ་བུ་ག་མ་ལུས་པ་ནས་ངལ་དུབ་ཀྱི་རྔུལ་ཆུ་ཕྲོམ་ཕྲོམ་དུ་བཞུར་བཞིན་པའི་སྣང་བརྙན་དེ་ནི། གལ་སྲིད་འཁོར་བ་རྒྱབ་ཏུ་བསྐྱུར་པའི་རྣལ་འབྱོར་བ་ཞིག་གིས་གཟིགས་ཚེ། ཀྱེ་ཧུད། མ་བསྐུལ་དང་དུ་བླངས་པའི་དཀའ་སྡུག་འདི་ཨང་སྙམ་སྲིད་མོད། འོན་ཀྱང༌། འཇིག་རྟེན་ཁྱིམ་པ་བ་སུ་ལའང་ཡོད་པའི་ཉམས་མྱོང་འདི་ནི་འདོད་པ་ཡིད་སིམ་གྱི་བདེ་བ་ཁྱད་པར་བ་ཞིག་ལས། དཀའ་བ་དང་ངལ་བ་ཞིག་ཏུ་གཏན་ནས་མི་བརྩིས་མོད། ཡང་ན་ཚོད་ཀྱིས་ཕངས་པའི་རྒན་རྒོན་ཆགས་ལྡན་འབའ་ཞིག་ལ་དེ་ལྟར་སྲིད།
ཆ་འགྲིག་ཉལ་ཁྲི་ཡི་སྟེང་ན་དབུགས་དུབ་ངལ་ངལ་ཏུ་བརྒྱལ་འདུག་པའི་བསྟན་འཛིན་གྱིས། དྲག་ཏུ་འཁོར་བཞིན་པའི་ཁང་ངོས་ཀྱི་རླུང་གཡབ་དེ་ཉིད་སྔར་ལས་ཤུགས་ཆེར་གཏོང་འདོད་ཀྱིས། ཉལ་ཁྲི་ལས་སར་རྐང་པ་ཕབས་པ་ན། ནག་འཐོམ་འཐོམ་ཏུ་གྱུར་པའི་སྣང་བ་ཞིག་དང་ལྷན་ཏུ་སླར་ཉལ་ཁྲིའི་སྟེང་དུ་གན་རྐྱལ་དུ་རིལ། གློ་བུར་དངངས་སྐྲག་གིས་ཁ་ནས་ཨ་མ་འཆོར་པའི་མཚོ་མོས།
“བསྟན་འཛིན། ཁྱེད་ག་རེ་བྱས་སོང༌། འ་་འ་་་་ག་རེ་བྱས་སོང་་་་་་་་་་”
“གཅེས་ཕྲུག ངའི་ནུས་ཤུགས་ཡོད་ཚད་རྫོགས་ཚར་བ་འདྲ། ང་མགོ་ཡུ་འཁོར་གྱིན་འདུག དངངས་སྐྲག་མ་བྱེད། ཅུང་ཙམ་གཉིད་པ་ན་འགྲིག་ངེས། ད་ལྟ་ཆུ་ཚོད་ག་ཚོད་རེད་དམ།”
“འ་ལ་་་་ཉོབ་པ་ལ། ད་ལྟ་ཆུ་ཚོད་་་་ཨ་མ་་་་་་ཞོགས་པའི་ཆུ་ཚོད་ལྔ་པ་རེད་འདུག ཧུ་ཧུ་་་ཧ་ཧ”
ནམ་ལངས་ཀྱང་གཉིད་མི་ཡོང་བའི་མཚོ་མོའི་འཇམ་མཉེན་གྱི་ལག་པས། ཐར་ཐོར་ཏུ་སྐྱེས་པའི་བ་སྤུའི་གསེབ་ཏུ་ཆར་ཆུ་བཞིན་འཛུམ་པའི་བསྟན་འཛིན་གྱི་བྲང་གཞུང་གི་རྔུལ་ཆུ་ཕྱིས། འདོད་སྲེད་ཀྱི་གབ་ཁང་ལྟ་བུ་མཆན་འོག་དང་བརླ་ཤ བྲང་ནུ་གང་སར་ལག་པས་ཕུར་ཕུར་དང་འགུལ་སློང་བྱ་ཞོར། འཇེབས་ཤིང་དམའ་བའི་ངག་གིས་ཁོང་གི་རྣ་ནང་དུ་“བསྟན་འཛིན་བྱབྱཞེས་བོས་ཀྱང༌། གར་ཡོང་ཆ་མི་འཚལ་པའི་གཉིད་དུབ་སྟུག་པོ་ཞིག་གིས་ཡོངས་སུ་གཏུམས་པའི་བསྟན་འཛིན་གྱི་ངོ་གདོང་དུ་ཡང་ཡང་ལྟ་རྒྱུ་ལས་བྱ་ཐབས་ཅི་ཡང་མ་རྙེད།
རང་ཉིང་ཀྱི་རེ་འདོད་ཕམ་ཉེས་སུ་བྱུང་བའི་མཚོ་མོས་དབུགས་རིང་དང་བཅས་ཁོང་གི་གཡོན་ཟུར་ཏུ་སྟེགས་རྒྱས་སུ་ཉལ་ཏེ་མིག་ཟུང་བཙུམ།
བདུན་ཕྲག་གཅིག་གི་གུང་སེང་གི་དུས་ཡུན་ཡུན་ཙམ་གྱིས་རྫོགས་སོང་སྙམ་པའི་མཚོ་མོ་བསྟན་འཛིན་གྱི་རྒྱབ་ཏུ་ད་དུང་ཞེན་ཆགས་ཀྱི་མིག་མདའ་ཡང་ཡང་སྐྱུར་ནས་འགྲོ་བཞིན་པའི་བལ་ཡུལ་འཕགས་པ་ཞིང་ཁམས་ཀྱི་༼རྨི་ལམ་མགྲོན་ཁང་༽གི་ཁང་མིག་གཉིས་པ་དེ། ཉིན་འདི་དག་ཏུ་ཁོང་དང་ལྷན་ཏུ་འཇིག་རྟེན་གྱི་ཆེས་ཡིད་དུ་འོང་བའི་མཛེས་སྡུག་དང་བདེ་སྐྱིད་རྙེད་སའི་ཁང་མིག་དེར་ཕངས་ཤིང༌། བརྗེད་དུ་མེད་པའི་དྲན་རྟེན་ཞིག་ཏུ་འདོད་པའི་ངོ་གདོང་དུ་འདོད་བློ་ཚིམ་པའི་འཛུམ་མདངས་ཤིག་རྒྱས།
མུ་མཐུད་སྲིང་ལམ་དུ་བསྟན་འཛིན་གྱི་དཔུང་བར་འཇུ་ནས་འགྲོ་བཞིན་པའི་མཚོ་མོའི་གོམ་སྟེབས་ནི། རྩོལ་མེད་སྤྲིན་གྱི་བང་རིམ་དུ་འཕུར་གྱི་ཡོད་པ་ཇི་བཞིན། ཧ་ཅང་ཡོང་མོ་ཞིག་དང༌། ཁྲོམ་རའི་མི་རྣམས་ཀྱི་མིག་སྔར་ནས་མོ་རང་ཉིད་ཁོ་དང་མཉམ་དུ་སོང་བ་དེར། མོའི་བློ་ལ་རང་དབང་མེད་པར་ང་རྒྱལ་དང་སྤོབས་པ་ཞིག་སྐྱེས་ཡོང་གི་ཡོད།
མོའི་ཕྲག་ཏུ་དེང་རབས་དར་བཟོ་ཅན་གྱི་ཕྲག་ཁུར་གོ་ཁུག་ཅིག་ཁུར་ཅིང༌། འཇོར་རྐོག་གི་རྩེ་བཞིན་རྣོ་བའི་གོ་ལྷམ། ཁ་ཞེང་ཆེ་བའི་རྐང་ཐུང་དཀར་པོ། གཞུང་ཐུང་བའི་སྟོད་གོས་དམར་པོ་སོགས། ཕྱིའི་རྣམ་འགྱུར་ལ་ལྟ་བ་ཙམ་གྱིས་དར་ལ་བབས་པའི་སྒེག་མ་མོའི་ངོ་གདོང་ན། རང་ཉིད་ཀྱི་ལོ་ཚད་དང་གཟུགས་པོ་གཉིས་ལ་མི་འཚམ་པའི་བྱ་སྤྱོད་གཉིས་ཡོད་པ་དེ་ནི། བསམ་མེད་བྱིས་པ་ལྟ་བུའི་སྨྲ་བརྗོད་དང་ཆུང་མདོག་གི་རྣམ་སྣང་དེ་གཉིས་ཡིན།
མོས་༼འཕགས་པ་ཞིང་ཁམས་༽ཀྱི་གཡས་གཡོན་ན། ཕྱི་རྒྱལ་མགོ་སེར་ཚོས་དཀར་ཚིབ་ཀར་དཔར་ལེན་བཞིན་པའི་ཕོག་རོན་དང་དེ་དག་གི་འཕར་ལྡིང་ལ་ལྟ་ཀྱིན་ཁོ་ལ།
“བསྟན་འཛིན། མཆོད་རྟེན་གྱི་ས་ཆ་འདི་ཁོ་ནང་འདི་འདྲའི་ཕུག་རོན་མང་དོན་ཅི་བྱབྱ ཞེས་སྐད་ཆ་དྲིས། ལྷག་རླུང་གི་གཡུག་ཕྱོགས་དང་གཏུན་ནས་རྒྱབ་ཀྱི་སྟོད་གོས་དཀར་པོ་ལེབ་ལེབ་ཏུ་གཡོ་ཞིང༌། ཁོའི་ནང་དུ་འགྱིག་ཅི་རིལ་བལྡད་བཞིན་པའི་བསྟན་འཛིན་གྱིས། གདོང་གི་མིག་ཤེལ་ནག་པོ་ལ་ལག་པས་ཐུག་ཙམ་་བྱེད་ཀྱིན།
“དེ་ནི་ཆོས་ཀྱི་ཞིང་ཁམས་ཡིན་ཕྱིར་རེད། གནས་འདིར་ཞི་བདེ་ཁོ་ན་མ་གཏོགས་འཚེ་བ་མེད་པས། ཕུག་རོན་གཙོས་པའི་འགྲོ་བ་ཐམས་ཅད་ཀྱིས་འདི་ནས་བདེ་སྐྱིད་གསར་བ་ཞིག་མྱོང་ཐུབ་ཀྱིན་ཡོད། དེ་འདྲ་མ་རེད་དམ།”
“འོ་རེད། ཁྱེད་ངོ་མ་མཁས་པ་རེད། ངའི་ཀླད་པར་དེ་ལྟ་བུ་འཁོར་ཡང་མི་འཁོར།”
“ག་བ། ག་བ། ཁྱེད་ཀྱིས་བསམ་བློ་མ་གཏོང་པ་རེད་མ་གཏོགས། ཁྱེད་ཧ་ཅང་སྤྱང་གྲུང་འཛོམས་པ་ཞིག་རེད། གཅེས་ཕྲུག མགྱོགས་ཙམ་བྱེད། རླང་འཁོར་གྱི་རྗེས་ཟིན་དགོས།”
མཚོ་མོས་བཀའ་གསུང་ཅི་སྒྲུབ་ཀྱིས་ཅི་ཡང་མི་བཤད་ཅིང་གང་ཡང་མ་དྲིས་པར། བསྟན་འཛིན་གྱི་ལག་དཔུང་གཡོན་ཏུ་འཇུས་ནས་རླངས་འཁོར་བབས་ཚུགས་ཀྱི་ཕྱོགས་སུ་ཆས།
རླུང་འཁོར་དུ་མཚོ་མོས་རང་ཉིད་ཀྱི་མགོ་བོ་བསྟན་འཛིན་གྱི་ཕྲག་པར་བསྙེས་ཤིང་ཁོང་དང་ལྷན་དུ་དེང་འདིར་སྐད་གྲགས་ཆེ་བའི་གློག་བརྙན་གསར་པའི་སྐོར་ལ་ལབ་གླེང་དང་མཚམས་རེ་གཉིད་ཤོར་བ་དང་བཅས་མཚན་གཅིག་འདས་རྗེས་ཀྱི་ཕྱི་ཉིན་ཞོགས་པ་དེར་སླར་ཡང་སློབ་གླིང་དུ་འབྱོར།
“ཀེ། མཚོ་མོ། ད་ལྟ་རང་འབྱོར་བ་ཡིན་ནམ། ངས་ཁྱེད་རང་རྗེས་ལུས་ཐེབས་སོང་བསམ་ནས་ཞེ་དྲག་ཞེད་སོང་ད། གུང་སེང་ག་འདྲ་བྱུང་སོང༌། ཁོང་་་་་ཧེ་ཧེ་་་༌། ག་འདྲ་རེད༌། ངས་བཤད་པ་ནང་བཞིན་རེད་འདུག་གམ།”
“ཧུན་ཧུན། ཁྱེད་འདི། འོ་རེད། ང་ལ་ཁྲག་བཞུར་མ་སོང་པས། དེ་ག་འདྲ་རེད།”
“ཧེ་ཧེ་་་་་་ ཁྱེད་ཕལ་ཆེར་རྙིང་བ་ཡིན་པ་འདྲ་་་་་༌། སྐྱིད་པོ་འདུག་གམ།”
“རྒྱལ་བ། ང་ཐེངས་དང་པོ་ཡིན། ཁྱེད་ཀྱིས་བཤད་པ་ནང་བཞིན་གྱི་སྐྱིད་པོ་མི་འདུག། ངས་གསལ་པོ་མི་ཤེས།”
“ཧེ་ཧེ་་་་་་ ག་རེ་ཡིན་ན། ག་ཚོད་་་་་༌།”
“མི་ཤེས། ཨ་མ། ངོ་ཚ་བ་ལ་་་་་་་”
“ག་རེ་ངོ་ཚ་་་་༌། ངས་ཁྱེད་ལ་ངའི་གསང་བ་ཚང་མ་བཤད་མ་སོང་ངམ་་་་་ ད་ཁྱེད་ཀྱི་བང་རིམ་རེད།”
“ཁོང་་་་ཁོང་་༌། ང་ལ་དམིགས་བསལ་གྱི་ཚོར་བ་མ་སླེབས་པའི་སྔོན་དུ། ཁོང་སྐྱིད་པ་ནས་དཀའ་ལས་ཁོག་འགྲོ་མོད། ཡང་ཡང་བསྐྱར་བྱས་ཆོག་ཆོག་ཅིག་རེད་འདུག་པས། ངས་ངོ་མ་གྲངས་ཀ་མ་ཤེས།”
“ཉི་ཤུ། སུམ་ཅུ། ཧེ་ཧེ་་༌། རྩེ་མོ་ཡིན། ཁྱེད་ཀྱི་ཁོང་གིས་ད་དུང་དགེ་ཆོས་ཀྱི་༼འདོད་པའི་བསྟན་འཅོས༽ལ་སློབ་གཉེར་བྱས་མེད་པ་འདྲ། རྗེས་གསོར་རང་གིས་སློབས་མ་གཏོགས་” “ད་འོ་ན། ཁྱེད་ལ་རྔན་པ་ག་རེ་སྤྲད་སོང༌།”
“ང་ལ་་་་་་་ང་ལ་འདི་སྤྲད་སོང༌།”
“འདི་ཨེ། འདི་་་༌། འདི་ཤོག་བུ་རིལ་རིལ་ཞིག་་མ་རེད་དམ།”
“ཧ་ཧ་་་་་༌། འདི་ད་ལྟ་ཤོག་རིལ་ཙམ་རེད་མོད། ཁོང་གིས་མ་འོངས་པར་ང་ལ་འདི་ལྟ་བུ་གསེར་གྱི་མཛུབ་དཀྲིས་ཤིག་བརྡུང་ཆོག་ཟེར་བས། འདི་དེ་ཡི་མ་དཔེ་ཙམ་དུ་ངའི་མཛུབ་མོར་གཡོག་སོང༌།”
གཅུ་རིལ་བྱས་ནས་མཛུབ་དཀྲིས་ཀྱི་དབྱིབས་སུ་བཟོས་པའི་ཤོག་བུའི་མཛུབ་དཀྲིས་དེ་ཉིད་ནི་བསྟན་འཛིན་གྱིས་མཚོ་མོར་མ་འོངས་པར་བཟོ་རྒྱུར་ཁས་བླངས་པའི་མ་དཔེ་རེད་མོད། མཚོ་མོའི་གྲོགས་མོ་ཡག་ཤོས་ལྷ་སྐྱིད་ཀྱི་སེམས་སུ་འཇིག་རྟེན་ཁམས་སུ། འདི་འདྲའི་དགོད་བྲོ་བའི་གནས་ཚུལ་ཡང་ཡོད་པ་འདྲ་སྙམ་གྱིན་ཡུན་རིང་འཐོམ་པའི་གནས་སུ་གྱུར་ཡང༌། མཚོ་མོས་དེ་ལ་རིན་ཐང་ཆེན་པོ་ཞིག་ཏུ་བརྩིས་ནས་ཉར་ཚགས་བྱས་ཤིང་དེ་ལ་ལྟ་བཞིན་ཡིད་དུ་འོང་བའི་མ་འོངས་པ་ཞིག་ཀྱང་མཐོང་ཞིང༌། དེ་ལྟ་བུར་མ་འོངས་པ་ན་མོ་རང་ཉིད་ཁོང་དང་ཅི་ལྟར་ཆང་ས་གྱོད་ཚུལ་དང༌། ད་དུང་བུ་ཕྲུག་བུ་གཅིག་དང་བུ་མོ་གཅིག་མ་གཏོགས་མི་དགོས་སེམས་པའི་བསམ་བློ་དེར་མོ་རང་ཉིད་ཅུང་ཟད་འགྱོངས་པའི་མིག་ཟུང་ཤུགས་ཀྱིས་བཙུམ། འོན་ཀྱང༌།་མོའི་བསམ་བློ་མུ་མཐུད་དུ་ཡང་དང་ཡང་དུ་འཁོར་འོང་བ་ནི། དེ་སྔོན་བལ་ཡུལ་ནས་སློབ་གྲྭར་ལོག་ཡོང་བའི་རླངས་འཁོར་ནང་ནས་ཁོང་གིས་མོ་ལ་ཚུལ་ཅི་ལྟར་གཡོག་པ་དང༌།
ལྷག་པར་ཁོས་མོ་ལ་ཁྱེད་དེ་རིང་ནས་ང་ལ་བདག་སོང་བ་རེད་་ཅེས་པའི་སྐད་ཆ་དེ་ནི༌། མོས་རིན་ཆེན་གསེར་ལས་ཀྱང་རྩ་་ཆེར་སྣང་བའི་སྣང་ངོ་དེར༌། མཛེས་སྡུག་གི་ཕྱིར་དྲན་སྟོང་ཕྲག་ཅིག། སྒྱུ་འཕྲུལ་གྱི་གཟིགས་རིས་བཞིན་ཤར་འོང་ཐེངས་རེ་རེར། མོའི་ངོ་གདོང་དུ་མངོན་པར་གསལ་བའི་འཛུམ་དམུལ་ཞིག་ཀྱང་ངང་གིས་གྲོལ།
“ཏུར་ཏུར་་་་་་་༌།”
“ཧ་ལོ། སུ་་་་་་་་འ་ལེ། མ་རབས། ཡང་ང་ལ་རང་སྦྱོང་སྦྱོང་དུ་མི་འཇུག་གམ།”
“གཅེས་ཕྲུག དེ་རིང་གཅིག་པུ་ཅི་སྐྱོན། སང་ཉིན་གཟའ་ཉི་མ་ཡིན་པས། ངེད་གཉིས་་་་”
“ངེད་གཉིས་་་་་་་ག་རེ་་་་་་་”
“ངེད་གཉིས་རྭ་གོའོ་ལིའི་ལྡུམ་རྭའི་ནང་མཉམ་དུ་ཟ་མ་ཟ་རུ་འགྲོ་ན་འགྲིག་གམ།”
“ག་རེ། ང་རང་རྭ་གོའོ་ལིར་རྩྭ་ཟ་རུ་ཁྲིད་ཀྱིན་ཡིན་ཨེ། ང་སེམས་ཅན་མིན་ད།”
“ཧ་ཧ་་་་༌། གཅེས་ཕྲུག ཆུ་ཚོད་ལྔ་པར་སྒོ་ཆེན་ཁར་སྒུག་ངེས་ཡིན། ཤོག་ཨ།”
“ལགས་སོ། སྐུ་ངོ་ལགས།”
“འ་ཡི་ལོ་ཧཕ་ཡོ་་་”
“ཐན་ཁུའི་ཡོ་་་”
ཝཱར་ཎའི་བུ་མོའི་སྡོད་ཁང་སྒྱུ་མ་ལྷ་མཛེས་ཐོག་ཁང་གི་སྒོ་ཆེན་ནི་སློབ་གྲྭའི་སྒྲིག་གཞི་ལྟར། ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀའ་སྟེང་དུ་མ་གཏོགས་མི་ཕྱེད་མོད། ཡིན་ན་ཡང༌། མཚོ་མོས་མཚན་སྲུང་རྒྱ་གར་བ་དེར་ཧིན་སྒོར་བརྒྱ་ལྷག་གི་ལྐོག་རྔན་སྤྲད་པ་བརྒྱུད། ལྕགས་སྒོར་འཛེག་ནས་བྲོས་ཐར་བྱ་མ་དགོས་པར་བདེ་འབྱོར་བྱུང་པའི་མཚོ་མོ་བསྟན་འཛིན་གྱིས་རྐང་འཁོར་རྒྱབ་ཏུ་བཀལ་ནས་གཞུང་ལམ་སྟེང་ན་མྱུར་བསྐྱོད་བྱེད་བཞིན་པའི་གཞོན་ནུ་ཁོང་གཉིས་ཀྱིས། ཞོགས་པའི་ཁ་རླུང་གཙང་མ་རྔུབ་ཀྱིན། དགའ་སྤྲོའི་དགོད་སྒྲ་སྒྲོག་གིན། ཁ་སང་ནས་གོ་སྒྲིག་བྱས་ཟིན་པའི་སཱ་རཱ་ཎ་ཐའི་༼བྱམས་པ་མགྲོན་ཁང༌།་་༽གི་ཁང་མིག་གཉིས་པར་ཤར་མུར་འཛུལ་ནས། ཐེངས་གཉིས་པའི་འདོད་པའི་གར་དུ་རོལ་རྗེས། མཚོ་མོའི་ངོ་གདོང་དུ་ཡིད་ཚིམ་པའི་འཛུམ་དམུལ་ལྡིང་བཞིན།
“བསྟན་འཛིན། ཁྱེད་ཀྱིས་གཞས་ཤིག་གཏོང་དང། ”
“ཨ་་་གཞས་ཨེ། ངའི་གཞས་དགའ་ཤོག་ནི་་་གཞོན་ནུ་བདག་མེད་་་ཅེས་པ་དེ་རེད། ཉོན་ཨཱ།”
“ལགས་སོ།”
“ཧུ། ཧུ། ང་གཞོན་ནུ་བདག་མེད། གར་འགྲོ་ང་ཡི་འདོད་པ། ང་གཞོན་ནུ་བདག་མེད། གང་བྱས་ང་ཡི་བསམ་པ། ང་གཞོན་ནུ་བདག་མེད་་་་་་་་་་”
“ཉོབ་པ་ལ། ང་ཁྱེད་ཀྱི་བདག་པོ་མ་རེད་དམ།”
“ཨ་་་་ཁྱེད་ངའི་བདག་པོ། ཁྱེད་ངའི་བདག་པོ་མ་རེད།”
“འོ་ན། ང་སུ་རེད། ཁྱེད་ཀྱིས་ང་ལ་རྩེད་མོ་རྩེས་ཀྱིན་ཡོད་དམ།”
“འོ་་་་་༌། གཅེས་ཕྲུག ག་བ། ག་བ། ཁྱེད་ངའི་བདག་མོ་རེད།”
“ཧུན་་་་་ མ་རབས།་་ ཞེས་མཚོ་མོས་ཁོང་ཁྲོ་ཟ་ཁུལ་གྱི་རྒྱབ་ཕྱོགས་སུ་ཁ་སློག་ཀྱང༌། མོའི་རྣ་བའི་བུ་ག་ནས་ཡིད་ཀྱི་སྙིང་གི་སྦུག་ཏུ་སླེབས་ཤིང༌། དེ་དང་ལྷན་ཅིག་ཏུ་འདྲེན་འོང་པའི་དགའ་བ་སྔར་མེད་ཅིག་འཕེལ་དོན་ནི་ཁོང་གིས་མོ་ལ་་་བདག་མོ་་ཞེས་མོ་རང་ཁོང་གི་ཚེ་གཅིག་གི་ཟླ་གྲོགས་སུ་བརྩིས་འདུག་པ་དེ་ཉིད་དང༌། ཏག་ཏག་རང་ཉིད་ཀྱི་རེ་དོན་འགྲུབ་སོང་སྙམ་པའི་སྣང་བ་ཞིག་དང་མཉམ་དུ་ཆེས་ཐོག་མའི་དགའ་བའི་མིག་ཆུ་ཤར་མར་མཚོ་མོའི་མིག་ཟུང་ནས་ཉལ་སར་ལྷུང༌། མོ་ག་ལེར་བསྟན་འཛིན་ལ་ཁ་ཕྱོགས་ནས།
“བསྟན་འཛིན། ང་ལ་ཚེ་འདིར་ཁྱེད་མ་གཏོགས་གཞན་སུ་གཅིག་ཀྱང་མི་དགོས།བྱབྱཞེས་བསྟན་འཛིན་གྱི་མགྲིན་པར་འཁྱུད་པ་ན། བསྟན་འཛིན་མོར་སྙིང་རྗེ་དང་རང་གནོངས་ཀྱི་ཚོར་བ་ཅིག་ཅར་དུ་སྐྱེས་པའི་ཚོར་བ་གཉིས་པོས། གློ་བུར་ཁོའི་བློ་རུ་ཞེད་པའི་སྣང་བ་ཞིག་དྲངས་པར་གྱུར་པས། ཁོས་མཚོ་མོའི་མིག་ཟུང་དུ་ཐད་ཀར་ལྟ་མི་ཕོད་ལ་མུ་མཐུད་ཁོ་མོར་ཨ་ལན་ཅི་ཞིག་སློག་དགོས་མ་ཤེས་པར་འཚབ་འཚུབ་ཞིག་ཏུ་གྱུར་ཀྱང༌། མིག་ཟུང་བཙུམ་ནས་མཚོ་མོ་རང་ཉིད་ཀྱི་བྲང་ཁར་ཤུགས་ཀྱིས་བལྟམས།
མཚོ་མོའི་བློ་རུ་འཇིགས་པ་དང་སྐྱོ་བ། དོགས་པ་སོགས་དུས་རྒྱུན་རང་ཉིད་མི་སྐྱིད་པར་བཟོ་བའི་ཚོར་བ་ཐམས་ཅད་སྐད་ཅིག་ཉིད་དུ་ཡལ་བའི་སྣང་བ་དང་བཅས་བསྟན་འཛིན་གྱིས་མོ་རང་སྔར་ལས་ཤུགས་ཀྱིས་འཐམ་པར་འདོད་ཅིང༌། དེ་ལྟར་དུས་ནམ་ཡང་ཁོང་གི་བྲང་ཁ་ནས་བྲལ་མི་དགོས་ན་ཅི་མ་རུང་འང་སྙམ་གྱི་ཁོང་ལ་བཅངས་པའི་བརྩེ་བ་ལྡབ་འགྱུར་གྱིས་འཕེལ། འོན་ཏེ། ཡུན་ཐུང་གི་གཟའ་ཉི་མའི་ཉིན་མ་ཧྲེལ་པོར་དེ་སྔོན་གྱི་སྐད་ཆ་ལྟར་རཱ་འགོའོ་ལིར་ཟ་མ་ཟ་རུ་མ་སོང་ཡང༌། གཉིས་ཀར་དམིགས་བསལ་གྱི་ལྟོགས་སྣང་ཆེར་མེད་པར་ངེས།
“ཀེ། Hero! དཔའ་བོ་)་་་་་བསྟན་འཛིན། དེང་སང་ཁྱེད་དང་ སྐྱཎཏཕྲ རྟསྤྱརྡརྡ མཚོ་མོའི་མིང་འདོགས།)་་གཉིས་ཀྱིས་ལྟད་མོ་གསར་པ་ཞིག- Shooting (འཁྲབ ཀྱིན་ཡོད་དམ། གོ་རྒྱུ་འདུག་ད། མ་གཞི་དེ་སྔོན་གྱི་དེ་ག་རེ་བྱས་པ་ཡིན་ནམ། ཡང་གཡུག་པ་ཡིན་ནམ། པཱ་མགོ་ཁྱེད།”
“ཀེ། Book worm! (དཔེ་ཆ་བ་གླེན་པ།ང་ལ་སློབ་སྦྱོང་གྱིས། མི་ཚེ་ཐུང་ཐུང་ལ་སྐྱིད་པོ་གཏོང་དགོས་རེད། Just for the enjoying (སྐྱིད་པོ་ཁོ་ནའི་ཆེད་དུ། ཧ་ཧ་་་་་་”
“ཀེ། སྡིག་ཆེན། འགྲོ་བ་སེམས་ཅན་ཐམས་ཅད་རང་ཉིད་ཀྱི་ཨ་མ་རུ་མ་གྱུར་པ་ཞིག་གཅིག་ཀྱང་མེད་ཅེས་པའི་གོ་དོན་དེ་མ་མཁྱེན་ནམ། སྙིང་རྗེ། མགོ་བསྐོར་མ་གཏོང་མ་གཏོགས། དམྱལ་པར་ལྷུང་ཡོང།”
“སུས་་་་ ངས་མགོ་བསྐོར་གཏོང་གི་འདུག་ལབ་སོང༌། ཁོང་ཚོ་རེ་རེ་ལ་ང་རང་དགའ་བའི་ཁྱད་ཆོས་མ་འདྲ་བ་རེ་མཆིས་པས། ང་ཁོང་ཚོར་དགའ་ལ་ངའི་བརྩེ་སེམས་དྲང་བ་ཡིན།”
“ཧུན་ཧུན་་་་་༌། བརྩེ་སེམས་དྲང་བ། པ་མགོ། ད་ཡིན་ན་སྒྲོལ་མ་ཉེར་གཅིག་ཚར་ལེ་རེད་དོ། ཚར་ལེ་རེད།”
ཁྲུས་ཁང་གི་ཁང་མིག་ཡས་མས་ན་གཟུགས་པོ་ཀྲུ་བཞིན་པའི་བསྟན་འཛིན་གྱིས་ཅུང་མ་འགོར་པར་ཡོད་པ་རེད། བུ་མོ་མང་པོ་ཡོད་པ་རེད་” ཅེས་པའི་གླུ་གཞས་ལེན་བཞིན་ཁྲུས་ཁང་དང་གྱེས་ནས་མལ་ཁང་དུ་སོང༌། ཚད་མ་ལ་མཁས་པའི་རྒྱུ་མཚན་གྱིས་ཀུན་གྱིས་ཁོའི་མིང་འདོགས་ལ་་་ཟླ་བ་གྲགས་པ།བྱབྱ ཞེས་དང༌། ཡང་རྐང་རྩེ་སྤོ་ལོ་རྩེ་མཁས་པས་རོ་ན་ཏྲོ་ཞེས་འབོད་སྲོལ་ཡོད།
བསྟན་འཛིན་གྱི་འཛིན་གྲོགས་ཚེ་རྡོར་གྱིས། བསྟན་འཛིན་ལ་ཚིག་པ་དང་བསྟན་འཛིན་གྱི་ཁ་ཟས་ལྟ་བུ་བུ་མོ་དེ་དག་ལ་སེམས་གཏིང་ནས་སྙིང་རྗེ་ཚད་མེད་ཅིག་སྐྱེས་ཀྱིན་འགོག་རྒྱུར་བརྗེད་པའི་རྐ་ཆུ། ཁོའི་འགྲོ་ཤུལ་ན་མུ་མཐུད་ཤག་ཤག་ཏུ་བཞུར།
དབྱར་ཟླ་བཞི་པའི་ཝཱ་ར་ཎ་སའི་ཚ་བ་ནི་ཁོར་ཡུག་གི་མཛེས་སྡུག་ཡོད་ཚད་བཅོམས་པའི་གཤེད་མ་ལྟ་བུ་ཞིག་ཡིན་ལ། ཚ་བས་གདུང་པའི་མི་སེམས་ནི་དེ་བས་བརྗོད་དུ་དཀའ་བའི་མྱ་རྔམ་ཐང་ལས་མ་འདས།
གནམ་གཤིས་ལ་ཡང་འཕོ་འགྱུར་བྱུང་བའི་རྐྱེན་གྱིས་སྔར་ན་མེད་པའི་ནད་རིགས་ཀྱང་གང་མང་ཞིག་བགོས་རྒྱུ་ཡོད་པས། ཀུན་གྱིས་སུན་སྣང་དང་བཅས་དུས་ཚིགས་འདི་ལ་བྱབྱཝཱར་ཎའི་ཚ་དམྱལ།བྱབྱ ཞེས་ལབ་ཀྱིན་ཡོད་པ་རེད། དེ་ལྟར་ཉིན་འདི་དག་ཏུ་ཡང་ཡང་སྐྱུག་པའི་རྐྱེན་གྱིས་རང་ཉིད་ལ་ན་ཚ་ཞིག་བྱུང་བར་དོགས་པའི་མཚོ་མོས། གྲོགས་མོ་ལྷ་སྐྱིད་ཁྲིད་ནས་ཉིན་རྒྱབ་ཀྱི་ཆུ་ཚོད་བཞི་པ་ཡས་མས་སུ་སམ་བྷ་བ་བུའི་སྡོ་ཁང་གི་ཐོག་འོག་ཏུ་ཡོད་པའི་སློབ་གྲྭའི་སྨན་ཁང་དུ་ཕྱིན།
“ཨམ་ཇི་ལགས། མོ་ན་ཡི་འདུག་ཟེར།”
“ག་རེ་ན་གིན་འདུག་གམ།”
“སྐྱུག་མེར་ལངས་ཤིང་མགོ་ཡུ་འཁོར་གྱིན་འདུག”
སྨན་པས་མཚོ་མོའི་ལག་པ་གཡས་པའི་རྩ་ལ་ལྟས་རྗེས། དབུགས་རིང་ཞིག་ལྷོད་ཅིང་མགོ་བོ་འཕྲེད་དུ་གཡུག་པའི་རྣམ་འགྱུར་དེས། མཚོ་མོ་དང་ལྷ་སྐྱིད་གཉིས་ལ་བསམ་བརྗོད་ལས་འདས་པའི་དངངས་སྐྲག་ཅིག་བཟོས། མཚོ་མོ་ཡོངས་སུ་ཐེ་ཚོམ་ཞིག་ལས་ཨམ་ཇི་ལ་རང་ཉིད་ཀྱི་ན་ཚ་གང་ཡིན་འདྲི་ཡང་མ་ཕོད་མོད། ལྷ་སྐྱིད་ཀྱིས་འཚབ་འཚུབ་ཀྱིས་སྐད་ཆ་དྲིས་པ་ན། ཡིད་ཕངས་ཤིང་ཚིག་པ་ཟ་བའི་ཨམ་ཇི་ཡིས་མིག་ཟུང་ཆེར་བསྐྲད་ནས།
“མིང་དང་འཛིན་གྲྭ་ག་ཚོད།”
“མཚོ་མོ། དབུ་མ་འོག་མ་ལོ་རིམ་གཉིས་པ།”
“འགྲིག་སོང་་༌།་་ ཟེར་བའི་སྐབས་ཐོག་དེར་ནད་གཡོག་མ་་ཨ་ཅག་དབྱངས་སྐྱིད་ཨམ་ཇི་ཡི་འཁྲིས་སུ་ཡོང་ནས་ནན་ཏན་གྱིས།
“ཟླ་བ་ག་ཚོད་རེད། རེ་བ་འདུག་གམ།”
“མི་འདུག ཟླ་བ་གསུམ་ཙམ་འགོར་ཟིན་འདུག”
སྐད་ཆ་འདི་ལས་ཁོང་གཉིས་གཞི་ནས་གཉིད་ལས་སད་པ་ལྟར། གཉིས་ཀའི་མིག་ནང་དུ་མཆི་མ་འཁོར་བཞིན་ཕན་ཚུན་གྱི་ངོ་གདོང་ལ་ཅེར་རེ་ལྟས་ནས་འདུག་རྒྱུ་ལས། བྱ་ཐབས་ཅི་ཡང་མ་མཆིས་པར་ལུས། འོན་ཀྱང༌། ཨམ་ཇི་ཡིས་ལྷ་སྐྱིད་སྒོ་ཕྱི་རུ་འགྲོ་བར་བསྐུལ་བ་བཞིན་ལྷ་སྐྱིད་སྨན་ཁང་གི་ཕྱི་རུ་ཕྱིན་རྗེས། མཚོ་མོར་མངལ་གྱི་ཕྲུ་གུ་སུའི་ཡིན་མིན་སྐད་ཆ་དྲིས་ཀྱང༌། འགྱོད་གདུང་དང་སྐྲག་སྣང་གིས་བཟིར་བའི་མཚོ་མོ་ཤུགས་ཇེ་ཆེར་ངུ་རྒྱུ་ལས་ཁོང་ལ་ཨ་ལན་ཚིག་གཅིག་ཀྱང་མ་འདེབས།
མཐར་མལ་ཁང་དུ་ལོག་ཡོང་རྗེས། བསྟན་འཛིན་ལ་འཕྲལ་མར་ཁ་པར་གཏོང་ནས་ཐབས་ཤེས་ཤིག་བཙལ་པར་ཞུ་འདོད་སྐྱེས་ཀྱང༌། ཁོང་གིས་ཁ་དཔར་གཏན་ནས་མི་འགྱོག་པས། མོས་ངོ་གདོང་དུ་རྐ་ཆུ་ལན་འགར་གཏོར་རྗེས་བསྟན་འཛིན་གྱི་གམ་དུ་འགྲོ་དགོས་སྙམ་ནས་སོང༌། ཡིན་ན་ཡང། ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་ཏུ་སྒྱུ་མ་ལྷ་མཛེས་ཐོག་ཁང་གི་སྒོ་ཆེན་རྒྱབ་ཀྱིན་ཡོད་པ་ལྟར། སྐབས་དེར་ཡང་ཆེ་ཞིང་ལྗིད་པའི་སྒོ་ལྕགས་རྒྱབ་ཟིན་པ་མཐོང། དེ་ལ་ཚིག་པ་དང་བཅས་སླར་ཡང་མལ་ཁང་དུ་མི་ལོག་ཀ་མེད་བྱུང༌།
ཁ་ཁུ་སིམ་པའི་མལ་ཁང་གི་དཀར་གསལ་གྱི་གློག་འོད་འོག་ཏུ་མལ་གྲོགས་ཚོས་དུས་རྒྱུན་ལྟར། རང་སྦྱོང་གི་ལས་ལ་བྲེལ། མཚོ་མོས་རང་ཉིད་ཅུང་ཟད་བདེ་པོ་མི་འདུག་ཟེར་ནས་སྔ་ཉལ་བྱས་ཀྱང༌། ཡང་ཡང་ཁ་པར་སྙོགས་པའི་སྣང་ཚུལ་དེ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པས། མལ་གྲོགས་ཚོ་སུས་ཀྱང་མོར་དམིགས་བསལ་གྱི་དོ་སྣང་མ་སྤྲད།
ཧུར་ཧུར་གྱི་ངུར་བ་འཐེན་ནས་གཉིད་ཟིན་པའི་ཤུལ་ཏུ། བསམ་བློར་དངངས་སྐྲག་དང་རེ་དོགས་སོགས་འདྲ་མིན་སྣ་ཚོགས་ཤིག་འཁོར་ཡོང་བའི་མཚོ་མོའི་ཀླད་སྣོད་ཇེ་ལྗིད་དང་བཟོད་གླགས་བྲལ་བའི་ན་ཟུག་ཅིག་རྒྱས་འོང་པས། གཉིད་ཁུག་པར་རེ་ནས་མིག་ཟུང་ཡང་ཡང་བཙུམ་ཡང༌། གཉིད་ཅུང་ཟད་ཙམ་ཡང་མ་ཁུག་པར་ནམ་ལངས།
ཞོགས་ཟས་རྗེས་ནས་སློབ་ཚན་དང་པོ་མ་ཚོགས་པའི་བར་གྱི་ཆུ་ཚོད་གཅིག་གམ་ཆུ་ཚོད་བརྒྱད་པའ་བར་ནི་དུས་རྒྱུན་ལྟར་ན། མཚོ་མོར་ངོ་གདོང་བཀྲུ་རྒྱུ་དང་མེ་ལོང་དུ་ལྟ་རྒྱུ་སོགས་ཀྱི་དུས་ཡུན་མ་འདང་པའི་དཀའ་ལས་ཤིག་གམ། ཐུང་དྲགས་པའི་སྣང་བ་ཞིག་སླེབས་ཀྱིན་ཡོད་མོད། ཡིན་ན་ཡང༌། དེ་ཉིན་དེ་ལྟར་མ་ཡིན་པའམ་དེ་ལས་ལྡོག་ཏེ། འཛིན་གྲྭའི་བར་གསེང་ནས་བསྟན་འཛིན་དང་ཐུག་རྒྱུར་སྒུག་པའི་མཚོ་མོའི་སེམས་སུ་ཆུ་ཚོད་གཅིག་ཡང་འཁྱོལ་དཀའ་བ་ཞིག་དང་ཡུན་རིང་པོ་ཞིག་ཏུ་ཚོར།
སློབ་གྲྭའི་སྒོ་ཆེན་གྱི་གཞུང་ལམ་གྱི་ཕ་རོལ་ན་ཡོད་པའི་ཇ་ཁང་དུ། བསྟན་འཛིན་གྱིས་དུས་རྒྱུན་ལྟར་མངར་ཇའི་རྫ་ཕོར་བསྐྱོར་ནས། སློབ་གྲོགས་རྣམས་དང་གཏམ་གླེང་སྣ་ཚོགས་ལ་གཡེང་འདུག་པའི་སྐབས་ཐོག་དེར། ཁོར་ཁོའི་གྲོགས་པས་ཁ་དཔར་ཡོང་ནས་མཚོ་མོར་མངའ་ཆགས་པའི་སྐད་ཆ་དེ་ཉིད་བཤད། གློ་བུར་ངོ་གདོང་གི་ཤ་མདོག་གྱུར་པའི་བསྟན་འཛིན་གྱིས་ཅི་བྱ་འདི་བྱ་མེད་པར་དེ་མུར་ཇ་ཁང་དང་བྲལ་ནས་སོང༌། ཁོ་ཐད་ཀར་་ཁོར་ཁ་དཔར་གཏོང་མཁན༌། གྲོགས་པོ་བཀྲ་ཤིས་ཀྱི་མལ་ཁང་དུ་ཡོང་ནས། གནས་ཚུལ་རྣམས་གསལ་པོར་སྐད་ཆ་དྲིས།
ཁོང་གཉིས་ཀྱི་ངོ་གདོང་ལྷོད་ནས། སོ་སོ་ས་ནས་ཐབས་བཀོད་ཅི་ཞིག་ཡོད་མེད་ལ་མནོ་བསམ་གཏོང༌། ཐབས་བཀོད་ཡག་པོ་ཞིག་མ་རེག་པར་ཡུན་རིང་འགོར། བཀྲ་ཤིས་གློ་བུར་གཉིད་ལས་སད་པ་ལྟར། མལ་ཁྲི་ལས་མཆོམ་ནས་ལངས་ཤིང༌། གང་ཟག་གསུམ་པ་གཞན་ཞིག་མ་ཡོད་ཀྱང༌། ཁོས་བསྟན་འཛིན་གྱི་རྣ་བར་ཅི་ཞིག་ཤུབ་ཤུབ་ཀྱིས་བཤད་པ་དེས། བསྟན་འཛིན་ལའང་དགའ་སྣང་གི་ཀི་རིང་ཞིག་དང་བཅས། བཀྲ་ཤིས་ལ་ཐུགས་རྗེ་ཆེ་ཞུས།
མཚོ་མོ་ཞོགས་པའི་དྲིལ་བརྡ་བརྡུངས་པ་དང་འཛིན་གྲྭར་སོང་ཞིང་འཛིན་གྲྭའི་སྒོ་ཕྱི་ནས་བསྟན་འཛིན་གྱི་འཛིན་ཁང་ཕྱོགས་སུ་བལྟས་ནས་ཁོང་ཡོང་རྒྱུར་སྒུག་ཅིང༌། ཡང་ཡང་ཡར་མར་ལ་ཁོ་ཡོང་གི་ཡོད་མེད་ལ་ལྟ་བཞིན་པའི་སྐབས་ཐོག་དེར། ཆ་རྒྱུས་མེད་པའི་སློབ་མ་ཞིག་མོའི་གམ་དུ་ཡོང་ནས། མོར་ངེས་སྟོན་པའི་ལས་ཁུངས་སུ་ཡོང་རྒྱུའི་བརྡ་ལན་སྐྱེལ་པ་ན། ད་གཟོད་གནམ་ལྕགས་འཐེབ་པ་བཞིན་མོ་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་ཁུམ་པར་གྱུར་ཞིང༌། ཞེད་སྣང་ཁོ་ན་ལས་ཅི་བསམ་འདི་བསམ་མེད་པར་ལས་ཁུུངས་སུ་སླེབས། སྒམ་བརླིང་ཅན་གྱི་ངེས་སྟན་པ་རྒན་བློ་བཟང་གི་དྲུང་ངམ། དེར་བསྟན་འཛིན་ཡང་ལངས་འདུག་པ་མཐོང༌། རེ་བ་དང་བཅས་ཁོང་གི་ངོ་གདོང་ལ་ལྟ་ཙམ་བྱས་ཀྱང༌། ཁོང་གི་གྲང་ཤུར་ཤུར་གྱི་རྣམ་འགྱུར་དེས་མཚོ་མོར་སྔར་མེད་ཀྱི་སེམས་ཁྲལ་དང་དོགས་པ་འཕར་མ་ཞིག་བསྣན།
མདུན་ལྕོག་གི་གཡས་ཟུར་ན་གཉའ་ཞུམ་ཞུམ་གྱི་མགོ་བོ་བསྒུར་འདུག་པའི་འསྟན་འཛིན་དང་མཚོ་མོར། ངེས་སྟན་པས་ཅུང་ཟད་ཁྲོས་པའི་མིག་གིས་ཐད་ཀར་ལྟས་ནས།
“ད་ཡིན་ན། ཁྱེད་རྣམ་པ་གཉིས་ནས་ག་རེ་གནང་རྩིས་ཡོད་དམ།”
“བསྟན་འཛིན། ཁྱེད་ཀྱིས་ཁོང་མ་བུ་གཉིས་གྱི་མི་ཚེའི་མདུན་ལམ་ལ་འགན་ཁུར་དང་ཁག་ཐོག་བྱ་ཤག་ཡིན་པས་་་་་་་་”
“མ་བུ་་་༌།་ ངས་རྒན་ལགས་རང་གི་བཀའ་མོལ་གོ་བ་ལེན་་མི་ཐུབ།བྱབྱ
“ཁྱེད་་་༌། འདི་་་་་་་”
“རྒན་ལགས། ངོ་མ་ཡིན། ང་མོ་དང་འབྲེལ་བ་གཏན་ནས་མེད།”
དེ་མུར་ཀོབ་སྒྲ་དང་བཅས་ས་ལ་འགྱེལ་པའི་མཚོ་མོ། ངེས་སྟོན་པའི་ཞབས་ཞུ་བ་གཉིས་ཀྱིས་ཁུར་ནས་བུ་མོའི་སྡོད་ཁང་གི་ཁང་མིག་ཞིག་ཏུ་བསྐྱལ། ངེས་སྟོན་པ་ཡིད་མུག་དང་ཚིག་པ་ཆེར་ཟ་ཡང༌། མཐོ་སློབ་སློབ་མའམ་བསམ་བློ་ལོངས་ཟིན་པ་ཞིག་ལ་གཅར་རྡུང་བྱ་རྒྱུ་ནི་ཐབས་རྡུགས་ཀྱི་བྱ་སྤྱོད་ཅིག་རེད་དགོངས་ནས། ཐུགས་མགོ་གནན་ནས་མུ་མཐུད་འདྲི་རྩད་བྱས།
“གནས་ཚུལ་མ་ལུས་པ་ར་སྤྲོད་བྱུང་བའི་སྐབས་འདིར། ཁྱེད་ཀྱིས་ད་དུང་སྐྱོག་རྫུན་དང་མ་རབས་འཁྲབ་དོན་ཅི།”
“མ་གཞི། ཁྱེད་རང་ད་ལྟ་བཙུན་གཟུགས་སུ་ཡོད་པ་་༌། ཁྱེད་་་༌། མུ་མཐུད་རང་ཉིད་ཀྱི་མི་ཚེ་འཕྲོ་བརླག་གཏང་བ་ལྟ་བུ་སློབ་གླིང་འདི་ནས་མི་འགྲོ་དོན་ཅི། གལ་སྲིད་འདུག་ཚེ་སྒྲིག་ལམ་བརྩི་སྲུང་བྱ་དགོས་པ་རེད། ཁྱེད་་་་་”
“སྒྲིག་ལམ། ང་འདིར་སྒྲིག་ལམ་སྲུང་དུ་ཡོང་བ་མིན། ང་རང་ཉིད་ཀྱི་མི་ཚེའི་མདུན་ལམ་དང་་ལག་ཁྱེར་གྱི་ཆེད་དུ་ཡོང་བ་ལས། རང་ཉིད་གྲྭ་པ་རྣམ་དག་ཅིག་བྱ་འདུན་ཡོད་ཚེ་དགོན་པར་འདུག་རྒྱུ་ལས་འདིར་ཡོང་མི་དགོས། དེ་ལྟར་ང་ཡོང་དོན་མུ་མཐུད་གྲྭ་པ་བྱ་རྒྱུ་དེ་ཉིད་མིན། ཡང་འདི་ནི་གང་ཟག་སུ་ལའང་ཡོད་པའི་ཆོས་དད་རང་མོས་ཤིག་ལས། ངས་མི་སྲིད་པ་ཞིག་བྱས་པ་མ་རེད། ཡིན་ན་ཡང༌། སློབ་གླིང་འདིའི་ལྐུགས་རྟགས་ཅན་གྱི་བཙན་ཁྲིམས་ཀྱིས་ང་ལྟ་བུ་གང་ཟག་རེ་འགའ་ཞིག་ལ་མི་འདོད་བཞིན་ཉེས་དམིགས་གང་མང་ཞིག་བསག་ཏུ་བཅུག་པ་ནི། ཅི་འདྲའི་ཞེ་སེམས་སྡང་པ་ཞིག་རེང་ཨང༌།”
“སྒྲིག་ལམ་ལ་སློབ་མ་ཕོ་མོ་སུ་ཡིན་ཡང་རང་ཉིད་སློབ་གླིང་འདིར་ཐོག་མར་འཛུལ་བའི་སྐབས་སུ་གྲྭ་པ་དང་ཨ་ནེ་ཡིན་ཚེ། སློབ་མཐར་མ་ཕྱིན་བར་དུ་གྲྭ་པ་དང་ཨ་ནེ་ལོག་མི་ཆོག་པའི་སྒྲིག་གཞི་འདི། འཛུལ་ཞུགས་མ་བྱས་སྔོན་གྱི་གསལ་བཤད་དུ་ཡོད་པ་ཁྱེད་ཀྱིས་ཤེས་གསལལྟར་ངོས་ལེན་བྱ་དགོས་པ་ཡིན་ལ། ཡང་ང་ཚོས་འདི་ལྟ་བུ་སྒྲིག་གཞི་ཞིག་བཟོས་པའི་དགོས་པ་ནི། མི་སུ་དང་སུ་ཡིན་ཡང་མ་རིག་པའི་གཞན་དབང་གིས། མི་ཚེ་འཕྲོག་བརླག་ཏུ་འགྲོ་བའི་ནོར་འཁྲུལ་མི་ཡོང་པའི་མཐུན་རྐྱེན་ཞིག་ཏུ་སྦྱར་བ་ཡིན་ཡང༌། ཁྱེད་ལྟ་བུ་གང་ཟག་རེ་འགའ་ཞིག་ལ་དེ་ཉིད་འགལ་རྐྱེན་ཞིག་ཏུ་སོང་ཡོད་ན། དེ་ནི་སྒེར་གྱི་གནད་དོན་ཞིག་ཡིན་པས་་་་་༌།”
“འགྲིག་སོང༌། རྒན་ལགས། གང་ལྟར་འཛམ་གླིང་གང་དུའང་མེད་པའི་བཙན་ཁྲིམས་འདི་ཉིད་མེད་པར་བཟོ་རྒྱུ་ནི་ངའི་ཐ་མའི་རེ་བ་ཡིན། I hate this stupid disepline! ལྐུགས་རྟགས་ཅན་གྱི་སྒྲིག་གཞི་འདི་ལ་ཞེ་ནས་སྡང༌།་་
བསྟན་འཛིན་གྱིས་ལས་ཁུངས་ཀྱི་ཤིང་སྒོ་ཁྲག་སེ་རྒྱབ་ནས་ཕྱིན་ཟིན་པའི་ཤུལ་ཏུ། བློ་ཕམ་དང་འུ་ཐག་གི་དབུགས་རིང་ལྷོད་པའི་ངེས་སྟོན་པ་རང་འཁོར་ཞབས་སྟེགསཀྱི་སྟེང་ན་རྒྱབ་སྟེགས་སུ་འཁེན་ནས་ཅི་ཞིག་བསམ་གཞིགས་གནང་ནས་གནས།
བརྒྱལ་བ་ནས་དྭངས་པའི་མཚོ་མོ། མོ་དང་གཞིས་ཆགས་གཅིག་པའི་ཨ་ཅག་སྒྲོལ་མས་མཚོ་མོ་མོ་རང་གི་ཉལ་ཁང་དུ་བསྐྱལ། མཚོ་མོས་རང་ཉིད་ལ་བདག་པའི་མཇུག་འབྲས། ཁྱིམ་དུ་ལོག་པའི་སྟ་གོན་ནམ་གཅིག་པུས་ཅ་ལག་རྣམས་བསྡུ་བསོག་རྒྱག་འགོ་བཙུགས། སློབ་གླིང་དུ་མུ་མཐུད་སྡོད་རྒྱུའི་དུས་ཡུན་ནི་སྐར་ཆ་རེ་རེ་བྱས་ནས་ཐུང་དུ་སོང་བ་ན། མོའི་མིག་སྔར་གྱི་སློབ་གྲྭའི་སྒོ་རྭ་ཁོར་ཡུག་ནི་སྔར་ལས་ཡིད་དུ་འོང་བ་དང་སྙིང་ཉེ་བར་གྱུར་ཞིང༌། ཁོར་ཡུག་འདི་དང་བཀའ་དྲིན་ཅན་གྱི་དགེ་རྒན་དང་སློབ་གྲོགས་ཚོར་སྐད་ཅིག་ཙམ་ཡང་བྲལ་མི་འདོད་པའི་སྣང་བ་ཆེ་ནས་ཆེ་རུ་འཕེལ། ཡང་དུས་རྒྱུན་འགྲོ་འདོད་དང་ཐུག་འདུན་ཆེ་བའི་ནང་ཁྱིམ་དེ་ཉིད་ལ་སྐར་ཆ་རེ་རེ་ཡིས་ཉེ་ནས་ཉེ་བར་སོང་བ་ན། ནང་སེམས་སུ་དངངས་སྐྲག་དང་ངོ་ཚའི་ན་ཟུག་ཆེ་རུ་རྒྱས་པས། ན་ཟུག་མ་ལུས་པ་མིག་ཆུར་བརྗེ་བའི་མཚོ་མོ་མོ་རང་གཅིག་པུ་ཅི་ཙམ་ཤུགས་ཆེར་ངུས་པ་ན། ཕ་མའི་ངོ་གདོང་མོ་རང་གི་མིག་ཁར་གསལ་པོ་མངོན་ཞིང༌། དེ་བས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་རུ་དཀའ་སྡུག་ཁྱད་དུ་བསད་ནས། ཁྲོམ་ས་ངེས་མེད་དུ་སོ་དྲ་བཙོང་ནས་རང་ཉིད་ཀྱི་སློབ་ཡོན་དང་འགྲོ་གྲོན་གསོག་པའི་དཀའ་ལས་དང་ནང་མིའི་གནས་བབས་སྐྱོ་བོ་མ་ལུས་རེ་རེ་གློག་བརྙན་བཞིན་མཐོང་འོང་པ་ན། རང་སེམས་ཀྱི་སྡུག་བསྔལ་ཆེ་རུ་ཕྱིན་ཡང་བྱ་ཐབས་གཏན་ནས་མེད་པ་སྙམ་པའམ། ཡང་ན་ངུ་ནས་དཀའ་ལས་ཁག་པ་རེད། གང་ལྟར་ངུ་མཚམས་ཆད་ནས་འཇིམ་སྐུ་བཞིན་མལ་ཁྲིའི་ཟུར་གཅིག་ཏུ་འཐོམ་འདུག་པའི་མཚོ་མོའི་ངོ་གདོང་ན། རེ་ཐག་ཆད་པའི་སྣང་བརྙན་ཡ་ང་བ་ཞིག་མངོན་ཞིང༌། ལོ་ན་བཅོ་བརྒྱད་ཅན་གྱི་ན་ཆུང་བུ་མོ་གཞན་སུ་ལའང་ཡོང་མ་མྱངས་པའི་སྡུག་བསྔལ་ཞིག་གི་འོབས་སུ་ལྷུང༌།
སྡུག་བསྔལ་ཁྲོད་ཀྱི་མཚོ་མོ་སླར་ཡང་རང་ཉིད་ཀྱི་མི་ཚིའི་ནང་ཆེས་ཐོག་མར་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་དེ་ཉིད་ཕྱིར་དྲན་གྱི་གླིང་དུ་ཚུད།
སྤྱིར་མཚོ་མོ་རང་ཉིད་ཀྱི་གཤིས་ཀ་ལྟར་མི་གཞན་ལ་སྐད་ཆ་བཤད་རྒྱུར་དེ་ཙམ་དགའ་པོ་མེད་ལ། ལྷག་པར་ཕོ་ཚོ་ལ་སྐད་ཆ་བཤད་མི་ཤེས་མོད། གྲོགས་མོ་སྷ་སྐྱིད་བརྒྱུད་ཇོ་ཇོ་མང་པོ་ངོ་ཤེས་སུ་གྱུར་པ་མ་ཟད། དེ་དག་དང་ལྷན་དུ་གཏམ་གླིང་ལས་རང་ཉིད་ཀྱི་མི་ཚེ་ལ་ཁ་མདོག་གསར་པའམ་བདེ་སྐྱིད་འཕར་མ་ཞིག་བསྣན་འགྲོ་ཡང༌། ཕ་མ་གཉིས་ཀྱིས་མོ་རང་ཉིད་ལ་བཅོལ་པའི་རེ་བ་དང་མི་ཚེ་དོན་ལྡན་ཞིག་བསྐྲུན་སླད་དུ། སློབ་སྦྱོང་འཐུས་ཤོར་དུ་མི་འགྲོ་བའི་ཐབས་སུ་ཟུར་ཁྲིད་སློབ་ཕྲུག་དགེ་རྒན་གང་མང་ཞིག་ཡོད་པ་ལས། ཚད་མ་ཟུར་ཁྲིད་མཁན་ནི་མ་བསྐུལ་དང་ལེན་ཐོག་མོ་རང་གི་དགེ་རྒན་དུ་ཁས་བླངས་མཁན་ནི་་བསྟན་འཛིན་རེད།
ཁོང་གི་རོགས་རམ་དང་མོ་རང་ཉིད་ཀྱི་འབད་བརྩོན་འོག་མོ་རང་ཉིད་ཀྱི་ཤེས་ཚད་དང་རྒྱུགས་འབྲས་ཡར་རྒྱས་མངོན་སུམ་དུ་ཕྱིན་པས། ཁོང་གི་བཀའ་དྲིན་དེར་མོས་གོང་བཀུར་ཞུས་ཀྱིན་ཡོད་པ་དེ་ནི། དགེ་སློབ་ཀྱི་མཛའ་བརྩེ་ལྷད་མེད་ཅིག་ལས་མ་འདས་མོད། ཕོ་གསར་གྱི་བརྩེ་བ་ལས་གྲྭ་བ་བརྩེ་བ་དྲང་བར་བདེན་མིན་ཅི་ལྟར་ཡང༌། སློབ་གླིང་འདིའི་ཕོ་གསར་ལས་གྲྭ་བ་རྫིག་པར་བཤད་པའི་རྫིག་པོ་དེའི་གྲས་ཀྱི་བསྟན་འཛིན་གྱིས་ཡུན་རིང་མ་འགོར་བར།
མོ་ལ་སློབ་ཁྲིད་ཡོང་ཐེངས་རེ་རེ་རུ་མོ་ཟ་རྒྱུར་དགའ་བའི་ཇོ་ཀག་ལེ་ཏྲི་ཉོ་ནས་ཡོང་ཞིང༌། སློབ་གྲྭའི་སྤྱི་ཐབ་ཀྱི་ཟ་མ་ཡག་པོ་མ་གཏོང་ཚེ། ཁོས་ཕྱི་ལོག་གི་སྒེར་པའི་ཟ་ཁང་ནས་ཁ་ལག་ཉོས་ནས་མོར་བསྐྱལ་རྐྱང་བྱས། མོས་ཀྱང་ཁོས་དེ་འདྲ་ཡག་པོ་བྱེད་པའི་དམིགས་པ་ནི་ཁོང་དང་དགའ་རོགས་སྒྲིག་རྒྱུ་དེ་ཉིད་ཡིན་པ་ཤེས་མོད། ཁོང་གི་ལུས་ཀྱི་གྲྭ་ཆས་དེར་གུས་བརྩི་ཡོད་པ་ཇིབཞིན་ཁོང་ལ་གུས་བརྩི་ཞུ་རྒྱུ་ལས།་ མོས་དེ་ནི་ངོ་མ་རུ་ཟིན་པའམ་ངོས་ལེན་བྱ་འཆར་མ་མཆིས་ཀྱང༌།
ཁོང་མོ་ལ་དགའ་རབས་དང་བདེན་དཔང་གི་སྙན་ངག་ཚན་པ་མི་ཉུང་བ་ཞིག་མིག་སྟོན་བྱེད་པ་མ་ཟད། མོའི་ཆེད་དུ་ཁོང་གི་དགའ་གྲོགས་བུ་མོ་ཞིག་ཡོད་པ་གཡུག་ཟིན་རབས་དང་ཕྱིན་ཆད་ཀྱི་མི་ཚེའི་ནང་མོ་རང་མ་གཏོགས་སུའི་ངོ་གདོང་ལའང་མི་བལྟ་བའི་དམ་བཅའི་མནའ་ཚིག་བཞག ཁོང་གི་སྡོམ་པ་མེད་པར་བཟོས་པའི་ཉེས་པ་མོ་རང་ཉིད་ལ་མེད་པ་ཤེས། མོ་ག་ལར་ཁོང་གི་ནན་ཏན་གྱི་ཞུ་བ་དང་མིག་ཟུང་གི་ལྟ་སྟངས་གཙོས་པའི་དར་ལ་བབས་པའི་ལང་ཚོ་དང༌། མི་ཚེ་འཚོལ་སྙེག་སོགས་ལ་ཡིད་སེམས་རབ་ཏུ་འཕྲོག་པར་གྱུར། ཁོང་དང་དགའ་རོགས་སྒྲིག་ཅིང་འདོད་ཡོན་ལ་རོལ། འོན་ཏེ། ད་ལྟ་བསམ་པའི་སྐབས་དེར། མཚོ་མོ་མོ་རང་་ཕྱིར་དྲན་ལས་སངས་པ་དང་ལྷན་དུ། བསྟན་འཛིན་གྱི་སྤྲང་རྩིའི་མངར་ཁ་ལྟ་བུ་འཇམ་བསླུ་བྱས་པ་དེ་ལ་ཁོང་ཁྲོ་དང༌། འགྱོད་གདུང་གི་ན་ཟུག་ཆེ་རུ་ཕྱིན་མོད། མོས་སེམས་པར་ད་དུང་ཁོང་གིས་དེ་སྔོན་དེར་ངེས་སྟོན་པའི་མདུན་ནས་བཤད་པའི་སྐད་ཆ་དང༌། བྱེད་སྟངས་དེ་དག་དགོས་པ་གཞན་་ཞིག་མེད་འགྲོ་བསམ་ཞིང་ །
མོས་མོ་རང་ཉིད་སྔ་ས་ནས་མངའ་ཆགས་པ་མ་ཤེས་པ་དེ་ནི་མོ་རང་ཉིད་ལྐུགས་དྲགས་པ་དང༌།
གལ་སྲིད་སྨན་པར་ཤེས་སུ་མ་བཅུག་ཚེ། མོ་གཅིག་པུས་མ་གཏོགས་བསྟནའཛིན་གྱིས་སློབ་གྲྭ་སགཡུག་དགོས་འཁེལ་གྱི་མ་རེད་སྙམ་ནས། ལྷག་པར་འགྱོད་ཅིང༌། ད་དུང་ཁོང་ལ་སྐད་ཆ་གང་མང་ཞིག་དང༌། རང་སེམས་ཀྱི་སྡུག་བསྔལ་མ་ལུས་པ་བཤད་འདོད་དྲག་པོ་སྐྱེས།
ཉིན་དེའི་ཕྱི་ཉིན་གྱི་དབྱར་ཟླ་ལྔ་པའི་ཝྭར་ཎའི་ཁོར་ཡུག་ཏུ་ཤིང་སྡོང་དང་ལོ་མ། རྩི་ཏོག་མ་ལུས་པ་ཚ་བའི་དབང་གིས་གསོན་ཉམས་ཤིག་ཡོད་པ་མ་ཡིན་མོད། བསྟན་བཅོས་ལོ་རིམ་དང་པོའི་སློབ་མ་བསྟན་འཛིན་རབ་རྒྱས་དང་དབུ་མ་འོག་མ་ལོ་རིམ་གཉིས་པའི་སློབ་མ་མཚོ་མོ། ཁོང་གཉིས་སློབ་གྲྭ་ནས་ཕྱིར་བུད་བྱས་པའི་གཏམ་ངན་དེ་ནི་ཁོར་ཡུག་གི་ལྷིང་འཇགས་དཀྲོགས་པའི་འབྲུག་སྒྲ་ལྟར་ཡོངས་སུ་གྲགས་པར་གྱུར།།
ཁོང་གཉིས་སློབ་གྲྭ་ནས་ཕྱིར་འབུད་བཏང་རྗེས་སོ་ན་ལི་ས་མཚམས་འགག་སྒོ་བརྒྱུད་བལ་ཡུལ་དུ་འབྱོར་ཞིང་། དེར་བསྟན་འཛིན་གྱིས་ཀོ་པན་དགོན་པའི་བོད་ཡིག་གི་དགེ་རྒན་བྱས་ཤིང་། མཚོ་མོས་བོད་གཞུང་རུམ་གདན་བཟོ་གྲྭའི་དྲུང་ཡིག་བྱས་ནས་འཇིག་རྟེན་འཚོ་བ་སྐྱེལ་མགོ་བརྩམས། ལོ་གཉིས་ཀྱི་རྗེས་སུ་བསྟན་འཛིན་ལ་གློ་ནད་དྲག་པོ་ཞིག་བྱུང་སྟེ་སྨན་རྩིས་རིམ་གྲོ་གང་གིས་ཀྱང་མ་ཕན་པར་འཇིག་རྟེན་ཕྱི་མའི་མགྲོན་དུ་ཆས་ཤིང་། ཕྲུ་གུ་དམར་འབྱར་ཞིག་གི་ཨ་མར་གྱུར་ཟིན་པའི་མཚོ་མོ་རང་ཉིད་ཀྱི་ཕ་མ་ཡོད་པའི་སྦེ་ལ་ཀོ་སྤིའི་གཞིས་ཆགས་སུ་བསྐྱོད།
བློ་ཡུལ་ལས་འདས་པ་ཞིག་ལ་གློ་ནད་ཀྱིས་མནར་བའི་བསྟན་འཛིན་གྱི་ལུས་པོ་ཤ་སྐམ་པགས་སྐམ་ཆགས་ཡོད་ཀྱང་གྲོངས་ལ་ཉེ་བའི་ཉིན་ཤས་སྔོན་ནས་སེམས་ལ་སྟོབས་ཤུགས་གསར་པ་ཞིག་སླེབས་འདུག་ཟེར། ང་ལ་ཉམས་ལེན་དང་གདེངས་སྤོབས་གཞན་མེད་ཀྱང་བདེན་པ་ཁོ་ན་མི་ཚེའི་སྙིང་པོར་ངོས་ཟིན་པ་དེས་ཁོ་རང་འཆི་ཁར་སེམས་དེ་བར་འདུག ཅེས་བརྗོད་ཀྱིན་འདུག གྲོངས་པའི་རྗེས་སུ་སྙིང་ཁར་དྲོད་རྟ་རྔ་ཙམ་ཞིག་མ་ཡལ་བར་ཉིན་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་ཐུགས་དམ་ལ་བསྡད་སོང་།
འཕགས་ཤིང་རི་འདབས་ནས་ཕུང་པོ་མེར་སྲེག་སྐབས་ནམ་མཁའ་ནས་འཇའ་ཚོན་སྣ་ལྔ་དྲང་པོར་བརྐྱངས་ནས་ཁོའི་ཕུང་པོའི་སྟེང་དུ་ཟུག་ཅིང་། མེ་ཡང་ཁོའི་སྙིང་ཀའི་ཐད་ཅིག་ནས་རང་འབར་དུ་སོང་བ་མ་གཏོགས་མི་གཞན་གྱིས་མེ་སྦར་དགོས་བྱུང་མ་སོང་བས། དེ་རུ་འདུས་པའི་གྲོགས་པོ་གྲོགས་མོ་ལ་སོགས་པའི་བོད་པ་ཚོས་གྲྭ་ལོག་འདི་ཚོ་ཡང་མི་སྐྱ་གཞན་དང་འདྲ་གི་མི་འདུག་ཟེར་ནས་མགོ་བོ་འཕྲེད་དུ་གཡུགས།
གནད་དོན་དེ་ལ་བརྟེན་ནས་གྲྭ་ལོག་ཚོར་མཇེ་སྐམ་པོ་མ་གཏོགས་ཅི་ཡང་མེད་ཅེས་པའི་མི་ཁ་ངན་པ་དེ་ཡང་ཆད་པར་གྱུར།
ལོ་ངོ་གསུམ་གྱི་རྗེས་སུ་བསྟན་འཛིན་གྱི་ཡང་སྲིད་རེད་ཟེར་བའི་བྱིས་པ་སྣབ་ལུག་གཅིག་ཁྲི་མཐོན་པོ་ཞིག་གི་ཐོག་ཏུ་བཞགས་ནས་བོད་མི་ཁྲི་ཚོ་མང་པོས་ཕྱག་འཚལ་གྱིན་འདུག་སྐད།
དེ་ནས་ཉིན་འགའི་རྗེས་མེ་ཤི་བ་དང་ཐབ་ཁ་ཕྱེ་ནས་བལྟ་དུས་མཇེ་གཅིག་བུ་མེས་ཅི་ཡང་བྱེད་མ་ཐུབ་པར་ལྷག་འདུག་པ་དེར་འདུས་མི་མང་གིས་མཐོང་བས་ཁ་ཉིན་གྱི་དད་འདུན་དེ་ཡང་ཡལ་བ་མ་ཟད། ཡང་བསྐྱར་མི་མང་གིས་”གྲ་ལོག་འདི་དག་ཤི་གསོན་ཅི་བྱུང་རུང་མཇེ་སྐམ་པོ་མ་གཏོགས་མི་འདུག”ཞེས་ཁ་རང་འཇགས་བཏང་སོང་ངོ།།
ཡིན་ན་ཡང་མཇེ་མེས་མ་ཚིག་པ་དེ་ངོ་མཚར་ཅན་དུ་བརྩིས་ནས་ཚགས་པར་མང་པོ་ཞིག་གི་མདུན་ཤོག་སྒང་དུ་བཀོད། རྒྱལ་བ་རིན་པོ་ཆེ་ལ་སྤྱན་འབུལ་ཡང་ཞུས། དེ་ནས་ལོན་དྲོན་གྱི་རྩ་རྒྱུས་བརྟག་དཔྱད་ཁང་ཞིག་ཏུ་ཁྱེར་ནས་ཞིབ་འཇུག་བྱས།
རྩ་རྒྱུས་རྟག་ཞིབ་མཁན་གྱིས་ཟེར་ན་མཇེ་དེ་ལ་རང་བྱུང་ཁམས་ཀྱི་བྱ་དངོས་ལས་འདས་པའི་ཐུན་མིན་གྱི་གསང་བ་ཞིག་འདུག་པས་ཕལ་ཆེར་བོད་ཀྱི་མཇེ་རིན་པོ་ཆེ་ཟེར་བ་དེ་ཡིན་ས་རེད་ཟེར
ཉིན་དེ་ནས་བཟུང་དྲྭ་གྲོགས་མདའ་ཚན་པ་ལགས་ཀྱིས་ཀྱང་སྐྱབས་འགྲོ་གྲལ་ནས་དགེ་འདུན་དཀོན་མཆོག་མར་ཕུད་ནས་མཇེ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ་ཞེས་པ་ཞིག་དེའི་ཚབ་ཏུ་ཡར་བཅུག དེར་བརྟེན་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་ཚོ་འཛོམས་ནས་བཀའ་མོལ་གནང་ཞིང་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེའི་སྐོར་ལ་གྲོས་ཆོད་ཅིག་ཀྱང་བཞག་སོང་ཟེར།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་ཅིག་ཀྱང་བཞག་གནང་བ་དེ་ནི་མཇེ་རིན་པོ་ཆེ་དེ་ལྷ་ས་གདན་འདྲེན་ཞུསཏེ་ཇོ་བོ་རིན་པོ་ཆེ་ལ་འབུལ་རྒྱུ་བྱས། འོན་ཏེ་ཚོགས་གཞོན་རྒྱ་རི་སྒྲོལ་མས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་གངས་སྐྱིད་ལྷན་ཁང་དུ་འཇོག་དགོས་པའི་སྐད་འབོད་ཡང་བྱེད་ཀྱིན་འདུག་ཟེར།།
སྐབས་དེ་ཙམ་ཞིག་ནས་སྤོབས་པ་དང་མིའུ་ཕྲུག་སོགས་བོད་མི་རྨོངས་དད་མཁན་པོ་སྐོར་ཞིག་གིས་འགྱིག་གི་མཇེ་རེ་བཟོས་ནས་སྐེ་ལ་བཏགས་པ་མ་ཟད། ཁ་ནས་ཀྱང་མཇེ་སྐམ་པོ་མ་གཏོགས་གཞན་དོན་དང་ལྡན་པའི་སྐད་ཆ་བཤད་ཡ་ཧ་ཅང་ཉུང་དུ་ཕྱིན་སོང་ངོ།།
སྤོབས་པ་དང་མི་ཕྲུག་སོགས་མཇེ་ལ་དགའ་བའི་ཕོ་སྐྱེས་ཚོས་མཇེ་རེ་བཏགས་ཤིང་དེའི་རིན་ཐང་གླེང་དུས་མཇེ་ཡོད་ཀྱང་བེད་སྤྱོད་མི་ཤེས་པའི་དཀོན་མཆོག་ནས་ཕྲག་དོག་ཆེན་པོ་ཞིག་གིས་མཇེ་སུ་ལ་ཡོད་ན་དེ་ཤུགས་ལྡན་ཚོགས་པ་ཡིན། དེ་རྒྱ་མིའི་རྒྱུག་ཁྱི་ཡིན་ཞེས་སྐད་འབོད་བྱེད་ཀྱིན་འདུག་ཟེར།
མུག་ཕྲུག་ཟེར་བ་དེ་མཇེ་ལ་དགའ་བ་གཅིག་བུ་མ་ཡིན་པར་མཇེ་ག་པ་ག་སར་བཙུགས་པ་མ་ཟད་ད་དུང་ཁོ་རང་དགེ་འདུན་དཀོན་མཆོག་ཡིན་མདོག་མདོག་བྱས་ནས་མི་མང་མགོ་བསྐོར་བཏང་བའི་རྣམ་སྨིན་གྱིས་དེང་སང་ཁ་ལེ་ཕོར་ནའི་གཞུང་གི་སྨན་ཁང་ཞིག་ན་ཨེ་ཙི་ན་ནས་བསྡད་འདུག་པ་མ་ཟད། ད་དུང་ཁྲིམས་ཁང་ལ་ཡང་འགྲོ་དགོས་རེད་ཟེར།
དེ་ནས་ཉིན་ཞིག་མགོན་པོ་ཕྱག་གཉིས་པས་དྲ་གྲོགས་རེ་རེའི་སྐེ་མཇེ་རེ་བཏགས་འདུག་པ་གོ་ནས་གནས་ཚུལ་རྩད་ཞིབ་བྱས་ཏེ། མཇེ་དེ་ཚོ་སུའི་མཇེ་དང་འབྲེལ་བ་ཡོད་པ་རྩད་ཞིབ་བྱས་པ་མ་ཟད། མི་དེ་མ་ཤི་སྔོན་གྱི་གནས་ཚུལ་ཆ་ཚང་རྒྱུས་ལོན་དང་། ལྷག་པར་དུ་མི་དེ་ཆུང་གཞོན་ནུའི་སྐབས་ནས་མ་ཤི་བར་གྱི་སེམས་ཁམས་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་མི་དེའི་སྒྲུང་གི་ནང་སླེབས་མེད་པའི་གསང་གནས་ཀྱང་མང་པོ་གསར་དུ་ཤེས། མཐར་སྙན་ཞུ་རིང་པོ་ཞིག་བྲིས་དེ་མི་དེ་འདོད་ལྷ་དགའ་རབ་དབང་ཕྱུག་གི་སྤྲུལ་བ་ཡིན་པ་དང་མཇེ་མ་ཚིག་པའི་རྒྱུ་མཚན་སོགས་མི་ཕལ་བས་མཐོང་ཡང་ཡིད་ཆེས་འཕེར་བ་ཞིག་བྲིས་པ་རེད། དེ་ནས་མིའུ་ཕྲུག་སོགས་བླ་དྲ་རྣམས་དང་མི་ཕལ་ཆེ་བ་རྣམ་རྟོག་ཟོས་ཏེ་འཕྲོ་རིམ་འཕྲོར་མཇེ་བླངས་ནས་གད་རྙིགས་སུ་གཡུགས་འདུག
མགོན་པོ་ཕྱག་གཉིས་པ་ཁོ་རང་དང་གཞན་འདོད་ལྡན་གྱི་སྐྱེ་བོ་ཉུང་ཤས་ཤིག་གིས། འདོད་པའི་ཁམས་འདི་འདོད་ཆགས་ས་པ་སྟེ།། མཇེ་འདི་འདོད་པ་སྤྱོད་པའི་དངོས་གྲུབ་ཡིན་ཟེར་ནས།། མུ་མཐུད་སྐེ་བཏགས་ནས་འགྲོ་ལ་འདོད་པ་སྤྱོད་ས་ཡང་འདོད་རྒུར་རྙེད་ཀྱི་ཡོད་པར་བརྟེན། ཡང་སྐྱར་སྤྱི་ཚོགས་གང་སར་མཇེ་སྐེ་ལ་འདོགས་རྒྱུ་དེ་དར་ཞིང་། དེ་ནས་མིའུ་ཕྲུག་སོགས་ཀྱིས་ཀྱང་ཡང་སྐྱར་མཇེ་རེ་ཉོས་ཏེ་གསང་བ་བྱས་ནས་ཉར་ཡོད་སྐད།
གཟའ་སྤེན་པ་ཞིག་གི་ཉིན། ཡེ་ཤེས་དང་གཡང་སྐྱབས་རྒྱལ། སྤོབས་པ་མཐའ་ཡས། དཀོན་མཆོག་སོགས་ལ་ལྟ་ལུང་ལྟ་བྱེད་པའི་ཆེད་རི་མཐོན་པོ་ཞིག་གི་རྩེ་རུ་འཛེགས། བར་ལམ་དུ། གཡང་སྐྱབས་རྒྱལ་གྱིས་ཤྭ་བོ་ཞིག་གིས་ཡུ་མོ་ཞིག་ལ་འཁྲིག་པ་སྤྱོད་པར་སེམས་གཡེང་ནས་མཇེ་བོར་བརླག་ཏུ་ཕྱིན། ཁོས་བསམ་བློ་ཞིག་བཏང་ནས་མཇེ་བརླག་ས་གང་ཡིན་ཤེས་ཏེ་མར་མགྱོགས་པོར་ཡོང་ཡང་། ཁོ་གནས་དེར་མ་སླེབས་སྔོན་སྟག་སྨྱོན་དེར་བསླེབས་ཚར་ནས་ཁོའི་མཇེ་དེ་བཟས་ཤིང་ཁྱུར་མིད་བཏང་ཚར་ཡོད་འདུག་པས་ཁོ་སེམས་པ་སྐྱོ་བོ་ཞེ་དྲག་བྱུང་འདུག
དེ་ནས་ཁོས་མཇེ་དེ་ལ་རྗེས་དྲན་གྱི་ཆེད་དུ་ཁ་བརྡ་དྲ་ཁང་གི་མིང་ལ་མཇེ་ཁང་ཞེས་བཏགས། རིང་བོ་མ་ཐོགས་པར་སྐྱེས་ཕོ་མོ་གཉིས་ཀ་འཚང་ཀ་ཤིག་ཤིག་གིས་ཁ་བརྡ་དྲ་ཁང་ནང་ཡོང་བས། ཁོ་སེམས་པ་དགའ་ལྷང་ལྷང་དུ་གྱུར།
ཅི་འདྲའི་མཇེ་སྒྲུང་སྙན་པོ་ཞིག
དེའི་སྐབས་ཤིག་ལ་གངས་རིའི་ལྗོངས་ཀྱི་སྙན་ངག་པ་ྐླུ་སྨྱོན་ཧེ་རུ་ཀས་མཇེ་རིན་པོ་ཆེའི་རྟོགས་པ་བརྗོད་པ་འཛམ་གླིང་རྒྱན་གཅིག་ཅེས་པ་ཞིག་བརྩམས།
རྟོགས་བརྗོད་དེའི་མགོ་ནས་མར་འདི་ལྟར་བྲིས་འདུག
སྲིད་པ་འཁོར་བའི་ས་བོན་མཇེ་འདིས་འདེབས། །
ཐར་བ་དམ་པའི་རྩ་བ་མཇེ་འདིས་འཛུགས། །
མཇེ་འདི་འཁོར་འདས་ཀུན་གྱི་བྱེད་པོ་སྟེ། །
མཇེ་ཡིས་རིན་ཐང་རང་ངོ་འཕྲོད་པ་མཚར། །
འཁྲེགས་པོར་འགྲེངས་ཚེ་ལྕགས་ཀྱི་ཀ་བ་འདྲ། །
ལྷོད་པོར་ཉལ་ཚེ་གླ་ལྤགས་མཉེན་མ་འདྲ། །
མཇེ་འདི་ནོར་བུ་དོན་ཡོད་ཞགས་པ་བཞིན།།
འདོད་ལྡན་འདོད་པའི་རེ་བ་སྐོང་བར་བྱེད། །
ཅེས་སོགས་བྲིས་འདུག་ཀྱང་ཐམས་ཅད་ཚིག་ཅི་བཞིན་དུ་མི་དྲན་མོད་མཚོན་བྱ་དོན་གྱི་མཇེ་རིན་པོ་ཆེ་དང་མཚོན་བྱེད་དཔེ་ཡི་མཇེ་རིན་པོ་ཆེ་སོགས་ཚིག་སྙན་དོན་ཟབ་ཅིག་བྲིས་འདུག
བུ་མོ་གངས་སྒྲོན་གྱིས་མཇེ་སྒྲུང་སྙན་པོ་ཞིག་བཤད་ནས་མི་མང་པོ་འུར་ལངས་སེ་བཏང་ནས་དེ་རིང་བར་ཏག་ཏག་ཟླ་ངོ་བཞི་འགྲོ་སོང་། ད་ཡིན་ན་མེས་འཚིག་མ་ཐུབ་པའི་མཇེ་ཡ་མཚན་དེ་ཡང་ཁ་བརྡ་དྲྭ་ཁང་གི་ཟུར་ཞིག་ཏུ་ཐལ་རྡུལ་གྱིས་བཏུམས་ནས་འདུག་ལ། ཐོག་མར་ཨ་གསར་གྱིས་མཇེ་སྐེ་ལ་བཏགས་ནས་འགྲོ་མཁན་དེའི་རིགས་ཀྱང་དེང་སང་མཇེ་འདི་ལ་དགྲ་མཐོང་བ་ནང་བཞིན་རྒྱང་བཀྱེད་ནས་འགྲོ་གིན་འདུག མི་ཚོས་མགོན་པོ་ཕྱག་གཉིས་པས་རྣམ་རྟོག་བསླངས་པ་དེས་ད་གདོད་མཇེ་འདི་ཚད་འདི་ལ་བསྐྱལ་བ་རེད་ཟེར།