དོལ་སྨྱོན།
སེམས་ཅན་ལ་ཕ་མའི་འདུ་ཤེས་མེད་རུང་སེམས་ཅན་ལ་སེམས་ཅན་གྱི་འདུ་ཤེས་ཤིག་འཇོག་རོགས།
རང་ཉིད་གཞན་གྱི་ཚེ་གཡོག་བྱེད་མི་ཐུབ་རུང་གཞན་དག་རང་གི་ཚེ་གཡོག་ཏུ་མ་ཉར་རོགས།
ཁྱོད་ཚོ་ནི་ཆོས་ལུགས་ཤིག་གི་སྣེ་འཁྲིད་དང་མི་རིགས་ཤིག་གི་ལམ་སྟོན་ཡིན་པས།
མི་ཚོགས་འདུ་ས་དང་པར་ཆས་མང་ས་དག་ནས་ངེས་པར་དུ་གཟབ་རོགས།
བརྒྱད་ཅུའི་འཁར་བར་བརྟེན་པའི་ལོ་ལོན་ཡིན་ན་དམིགས་གསལ་ཡིན།
ལུས་ཟུངས་འདུ་བ་འཁྲུགས་པའི་ནད་པ་ཡིན་ན་སྨོས་ཅི་དགོས།
འོན་ཀྱང་གཞོན་ནུ་ཤ་དར་ཁྲག་དར་ཞིག་ལ་མཚོན་ན།
ཆེས་ཡིད་མུག་དགོས་པ་ཞིག་ཅི་ལ་མིན་ཨང་།
སྔོན་གྱི་སྐྱེས་ཆེན་ཚོའི་མཛད་པ་དང་རྣམ་ཐར་དག་ལ་ཐུགས་བསམ་བཞེས་རོགས།
ད་ལྟའི་དུས་རབས་ཀྱི་གནས་སྟངས་དང་འཕོ་འགྱུར་ལ་རྒྱང་ལྟ་བྱེད་རོགས།
ཤེས་མེད་ཚོས་སྤྱི་བོར་བཀུར་སྲིད་ལ་ཞབས་ལའང་གཏུགས་སྲིད་པས།
རང་ཉིད་ཀྱི་མི་བུའི་འདུ་ཤེས་དེ་ནམ་ཡང་མ་འདོར་རོགས།
རྙིང་བསྟན་གྱི་སྲོག་རྩར་གྱུར་པའི་དམ་པ་མང་པོ་ཞིག་ཞི་བར་གཤེགས་སོང་།
ད་ལྟ་རེ་ཟུང་བཞུགས་པ་དག་ཀྱང་བགྲང་བྱའི་གཉེར་རིས་ཤིན་ཏུ་སྟུག
ང་ཡི་བློ་གཏད་ས་དང་རེ་བ་འཇོག་ས་ཁྱོད་ཁོ་ན་ལས་མེད་པས།
ང་ཡི་ཞུ་ཚིག་ཉུང་ངུ་འདི་ནམ་ཡང་ཡིད་ལ་འཛིན་རོགས།
ཕྱི་ནས་ཆོས་གོས་གྱོན་ཅིང་ནང་ནས་བུད་མེད་སྒྱོ་བའི་ཕུང་སུམ་པ་དག་ལ་རེ་བ་མེད་ལ་དད་པའང་མེད།
ཁ་ནས་གཞན་དོན་གྱེར་ཞིང་ཁོག་ཏུ་རང་དོན་གཉེར་བའི་མཁན་སྤྲུལ་དག་ལའང་དེ་བཞིན་ཡིན།
མདུན་རྒྱབ་གང་ནས་བལྟས་རུང་ཁྱེད་ལ་རེ་བ་ཞིག་དང་དད་པ་ཞིག་སྐྱེ་བཞིན་འདུག་པས།
མིག་ལ་མི་མཛེས་པའི་སྤྱོད་ངན་དེ་རིགས་རིང་ནས་རིང་དུ་སྤོངས་རོགས།
དད་ལྡན་འབུམ་ཕྲག་མང་པོའི་སྨོན་སེམས་དེ་ཁྱོད་ཕྱོགས་ལ་བཅོལ་ནས་ཡོད།
མི་ཚོགས་ཁྲི་ཕྲག་མང་པོའི་མིག་ཟུང་ཡང་ཁྱོད་ཕྱོགས་ལ་ཅེར་ནས་ཡོད།
ད་དུང་པར་ཆས་སྟོང་ཕྲག་གི་རྩེ་མོ་ཁྱོད་ཕྱོགས་ལ་གཏད་ཡོད་པས།
ཁྱོད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་གཟབ་གནང་རོགས།
ཉམ་ཐག་པའི་རང་རེའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཟིགས་རོགས།
སྐྱི་གཡའ་བའི་ནང་བསྟན་གྱི་འཕོ་འགྱུར་ལ་དགོངས་རོགས།
སྣང་བ་སྐྱིད་པོ་ཞིག་དང་མིང་བྱང་ཆེན་པོ་ཞིག་ཁུར་ནས།
མུ་མཐུད་ནས་མི་ཡི་གཉའ་བར་མ་ཞོན་རོགས།
14.07.2013
འདི་ནི་དཔོན་གཡོག་དང་། དབུལ་ཕྱུག། ཕོ་མོ། རིགས་རུས་སོགས་ཐོབ་སྟངས་འདྲ་མཉམ་མེད་པའིགནས་སྟངས་ཤིག་གི་འོག་ནས་བཙན་དབང་གིས་གཉའ་བར་ཞོན་པ་ཞིག་གཏན་ནས་མིན་ཚོད་ལ། འོ་ན་གང་ལ་ཞེ་ན་ཆོས་མཐུན་གྱི་བྱ་བ་བླ་སློབ་དང་འབྲེལ་བའི་ཐོག་ནས་རང་མོས་དང་བླངས་ཀྱིས་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་པའི་སྒོ་ནས། དགོས་པ་དང་རྒྱུ་མཚན་ཁྱད་པར་ཅན་ཞིག་ཡོད་པ་སྨྲོས་མེད་རེད། དེ་འདྲ་ཡིན་དུས་སུས་ཀྱང་བཤེ་སྐུར་བྱེད་པ་དང་། བྱུས་གཏོགས་གནང་དགོས་པ་མ་མཐོང་ལགས།
དོལ་སྨྱོན་ནས་ཡག་པོ་བྲིས་འདུག་ཁུངས་བསྐྱེལ་གྱི་པར་དང་བཅས་པར་བཀའ་དྲིན་ཆེ། བྱུང་ན་བླ་མ་དེ་སྤྲུལ་སྐུ་དེ་སུ་ཡིན་ནམ། མཚན་ལ་གང་ཞུ་གི་ཡོད་དམ་གཅིག་གསུང་རོགས།
རང་གི་མ་ཡི་གཉའ་བར་བཞོན་མཁན་བོད་ཀྱི་བླ་སྤྲུལ་དཔོན་ངན་དེ་རིགས་མ་གཏོགས་ཕལ་ཆེར་ཡུལ་ལུང་གཞན་དུ་ཡོད་ཚོད་མི་འདུག ཁམས་གསུམ་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་གང་ཡང་མེད་ཅེས་མིག་ཚུམ་ཚུམ་ཕྱག་རུག་རུག
བཅིངས་ཏེ་ཁྲི་མཐོན་པོའི་སྟེང་ནས་བཤད་པར་མཁས་རུང། དོན་དུ་རང་གི་ཕ་མའི་གཉའ་བར་བཞོན་ཐུབ་མཁན་ཁོང་ཚོ་མ་གཏོགས་མེད།
མི་ངོ་མའི་པར་འདི་འདྲ་གང་བྱུང་མང་བྱུང་དུ་མ་སྟོན་རོགས རྩོམ་ཡིག་འབྲི་མཁན་འདི་འགྱོག་ཁྲིའི་སྟེང་གི་མི་འདི་ལ་མི་དགའ་བས་བྲིས་པ་ཙམ་ཡིན་ན་ལས་རྒྱུ་མཚན་ཞིག་མི་འདུག ངས་འགྱོག་ཁྲིའི་སྟེང་གི་མི་འདི་རྩད་གཅོད་བྱེད་འདོད་མེད། ང་སྔོན་མ་རྒྱ་ནག་གླང་ཆེན་འགྱིང་རི་ལ་འགྲོ་དུས་རྡོ་སྐས་རིང་པོའི་སྟེང་དུ་འབབ་འཛེགས་བྱེད་དགོས་ཀྱི་འདུག རྒྱ་མི་ཁུར་གླ་ལེན་མཁན་གཉིས་ལ་ཚོར་སྒོར་མོ་སྤྲད་ན་གྱེན་ཐུར་གང་ལ་འགྲོ་བསམ་ན་ཡང་ཐག་རིང་ཙམ་ལ་ཁུར་གི་འདུག དེ་ཁོ་རང་ཚོ་དགའ་བཞིན་སྤྲོ་བཞིན་དུ་ལས་ཀ་དེ་བྱེད་ཀྱི་ཡོད་པ་རེད། སུ་གཅིག་གིས་ལས་ཀ་དེར་བཙན་སྐུལ་བྱེད་ཀྱིན་ཡོད་པ་མ་རེད། ཁུར་ཨེ་དགོས་ཟེར་ནས་ཚུར་ཨུ་ཚུགས་ཀྱང་རྒྱག་གི་འདུག དེ་གླ་ཆའི་ཆེད་དུ་ཁུར་བ་དང་། གུས་ཞབས་བྱས་ནས་ཁུར་བ། ནད་པ་དང་རྒན་པ་བྱིས་པ་ཁུར་བ་སོགས་ཁྲིམས་མཐུན་ཡ་རབ་ལུགས་དང་མཐུན་པའི་ཁུར་སྟངས་མང་པོ་ཡོད་པ་རེད། བཙན་ཤེད་ཀྱིས་ཁུར་བཅུག་ན་ཁྲིམས་འགལ་རེད་མ་གཏོགས་ཅི་ཡིན་མི་གོ་བའི་མི་ངོ་མའི་པར་འདི་འདྲ་ཁྱེར་ཡོང་ནས་དམའ་འབེབས་བྱེད་ཁུལ་བྱེད་མི་རུང་།
སྤོབས་མཐའ་འདི་གང་བཤད་ཀྱིན་ཡོད་དམ། སྐབས་རེར་བླ་རྫུས་སྤྲུལ་རྫུས་ཆེན་པོ་དེ་ཚོར་དགག་པ་དང་སྐབས་རེར་དེ་ཚོའི་བྱ་ཉེས་བྱས་ཉེས་གསང་དགོས་ཟེར་བར་ཧ་ལས་སོང། རང་གི་ཨ་མས་ཁྱོད་ཤ་རྒྱས་ཁྲག་རྒྱས་དར་མ་ཞིག་སྐེ་གཉག་ལ་ཞོན་ནས་ཁུར་གྱི་ཡིན་ཟེར་ན་ཁུར་དུ་འཇུག་རྒྱུ་ཡིན་ནམ། དེ་ཡང་དགའ་བཞིན་སྤྲོ་བཞིན་ཁུར་མདོག་རེད། པར་དེ་རིགས་མང་ཙམ་འགྲེམ་རོགས་གནང།
གཉའ་བར་འཁུར་ན། གཉའ་བར་ཞོན་པས་མ་ཁྱབ།
ང་ལ་འདོད་པ་མེད་བཞིན་དུ་མི་ཞིག་གི་ཆེད་དུ་མོ་ཏྲ་གཏོང་བ་དང་ང་ལ་འདོད་མོས་ཡོད་བཞིན་དུ་མི་ཞིག་ངའི་ངའི་གཉའ་བར་ཁུར་བ་གཉིས་ལས་ཕྱི་མ་བདམས་ངེས་ཡིན། སྐྱེས་པ་ཚོས་མི་ཚོགས་ཀྱི་འདུ་བ་ཆེ་ས་དང་ས་ཆ་སྐད་གྲགས་ཆེ་ས་ལ་རང་གི་དགའ་མ་གཉའ་བར་ཁུར་བའི་པར་འདེབས་པ་སོགས་ངོམ་སྲོལ་ཡོད་པ་རེད། ཕ་མ་ཚོས་རང་གི་བུ་ཕྲུག་གཉའ་བར་ཁུར་སྲོལ་ཡོད་པ་རེད། ཆོས་དད་པ་ཞིག་གི་རང་གི་དགེ་རྒན་དང་། བུ་ཕྲུག་གིས་རང་གི་ཕ་མ་གཉའ་བར་ཁུར་བ་འདི་ཚོ་ངོམ་མི་ཆོག་དོན་ཅི་ཡོད། པར་འདི་ལ་བསྟོད་པ་ཞིག་བྲིས་ན་ངས་ངས་ཡིད་སེམས་གཏིང་ནས་གཡོ་ནུས་པའི་སློབ་དཔོན་དང་སློབ་མའི་བར་གྱི་འབྲེལ་བ་དང་། གཏིང་ཟབ་པའི་ཆོས་ལུགས་ཀྱི་སློབ་སྟོན་པ་དང་དད་ལྡན་པའི་བར་གྱི་བརྩེ་དུང་། མི་དང་མི་བར་ལ་བརྩི་འཇོག་ཆེ་བའི་ཤར་ཕྱོགས་ཨེ་ཤེ་ཡའི་མི་མང་གི་་ཡ་རབ་རིག་གཞུང་གོམས་སྲོལ་ཀྱི་ཁྱད་ཆོས་ལུང་པ་གང་འབྲི་རྒྱུ་འདུག
པར་འདི་བལྟས་ན་གླང་ཆེན་འགྱིང་རི་ལ་འགྲེལ་བ་མེད་ཀི འགྱིང་རིའི་ངོས་ཀྱི་ཡར་མར་འཁུར་མཁན་ནི་མི་སྐྱ་གླ་རྒྱག་རིགས་ཤིག་ཡིན་ལ། འདི་གའི་པར་སྟེང་གི་བླ་མ་འཁུར་མཁན་ནི་གྲྭ་བའི་དབྱིབས་སུ་སྣང་བར་བལྟས་ན་འཇིག་རྟེན་རྙིང་བའི་ཕྱོགས་ཀྱི་འདུ་ཤེས་ཤིག་དང་དུ་བླངས་པར་འདྲ་ངོས་ན་གསལ་གྱི་ལེ།
བན་དེ་ལགས། ངས་འདི་འདྲ་དེ་ཚོ་ཚབ་ཆེན་ལ་བརྩི་གི་མེད། འདི་ཅི་གང་ཡང་མ་རེད།
བླ་མས་སློབ་མར་གཅིན་སྐྱག་ཟ་འཐུང་སྤྲོད་པའི་སྲོལ་དེ་ཚོ་ལའང་བླ་མ་སློབ་བུའི་དབར་གྱི་བྱམས་བརྩེའི་འདུ་ཤེས་ཀྱི་བསྟོད་པ་ཞིག་འབྲི་རོགས།
གཉའ་བར་ཞོན་དང་མ་ཞོན་གྱི་ཚད་གང་འདྲ་བྱས་ཏེ་འཇོག་གམ། མི་རྟས་ཁུར། མིས་རྟ་ལ་མ་ཞོན་ཅེས་ཟིན་མཚམས་བྱེད་དགོས་པ་འདྲ།
སྤྱིར་ན་ང་ནི་བཟང་ཕྱོགས་ནས་ལྟ་སྲོལ་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན། དཔེར་ན། ཆུ་ཕོར་ཕྱེད་ཀ་ཅན་ཞིག་ཡོད་ན། ངས་ནམ་ཡིན་ན་ཡང་ཕོར་བ་ཕྱེད་ཀ་གང་འདུག་ཟེར་མཁན་ཞིག་ཡིན་མ་གཏོགས་ཕོར་བ་ཕྱེད་ཀ་སྟོང་པ་རེད་ཟེར་སྲོལ་ཡོད་མཁན་ཞིག་མིན། གལ་སྲིད་ལ་ཁུར་དགོས་པའི་དུས་ཤིག་ཤར་ན་ཁུར་མཁན་ཞིག་ཡོད་ན་ང་དགའ་ས་རེད། ཡིན་ན་ཡང་ངས་བཙན་སྐུལ་གྱིས་ཁུར་འཇུག་གི་མིན། ཕར་ཡང་དེ་བཞིན་ཡིན། གྲྭ་བ་གྲོང་པ་སུ་ཡིན་དང་། ལོ་ན་རྒན་གཞོན་གང་ཡིན་གྱི་ཁྱད་པར་མེད། རང་གི་གཟུགས་པོའི་གནས་བབ་ཀྱི་ལྕོག་ན་མི་ཞིག་ཁུར་དགོས་ན་ཁུར་བར་འཛེམས་ཟོན་མེད། འདི་ཡ་རབ་བཟང་སྤྱོད་ཀྱི་ཆ་ཤས་ཤིག་རེད་མ་གཏོགས་གཉའ་གནོན་པ་དང་གཉའ་གནོན་པའི་འབྲེལ་བའི་དཔང་རྟགས་ཤིག་ཡིན་པའི་ངེས་པ་མེད་པ་རེད། དེ་ནི་གཅིག་བྱས་ན་ཁྱོད་དང་ངའི་མི་གཤིས་ཀྱི་ཁྱད་པར་མིན་ནམ་སྙམ།
སྔར་གྱི་བླ་མ་སྐྱེས་ཆེན་མང་པོས་རྟ་ལ་མི་ཞོན་པའི་དམ་བཅའ་གནང་བ་རྣམ་ཐར་མང་པོའི་ནང་དུ་གསལ།
དད་ལྡན་པ་དག་གིས་བླ་མའི་དོན་དུ་ཅི་ཡང་བྱེད་སྲིད། འོན་ཀྱང་བླ་མ་སྤྲུལ་སྐུ་རང་ཉིད་ནས་ཕ་རོལ་གྱི་ལུས་སེམས་ཀྱི་དཀའ་སྡུག་ལ་ཇི་སེམས་པར་གཉའ་བར་ཞོན་རྐྱང་དང་ལས་བྱ་བསྐུལ་རྐྱང་བྱས་ན་གང་འདྲ་ཡོང་ངམ། ལྔ་བཅུ་ང་དགུའི་སྐབས་སུ་བླ་མ་སྤྲུལ་སྐུནལས་སོགས་མངའ་བདག་ཆེ་གསུམ་དེ་ཚོར་དཀའ་སྡུག་ཚད་མེད་པར་བྱུང་བ་དེ་ཚོར་ལས་འབྲས་ཀྱི་རྣམ་སྨིན་འཁོར་བ་རེད་ཟེར་ནས། བླ་མ་སྤྲུལ་སྐུ་ཚད་དང་ལྡན་པ་མང་པོས་གསུང་འདུག
ཇི་མི་སེམས་པར་ཞེས་བཅོས་རོགས
སྲོལ་རྒྱུན་སྨན་བཅོས་རྙིང་པའི་རིགས་ཀྱི་ནང་ན་གཅིན་སྐྱག་སྨན་དུ་གཏོང་དགོས་དུས་ཀྱང་ཡོད་པ་རེད། ཐ་ན་དེང་དུས་བཏུང་སྲོལ་ཆེན་པོ་དར་བཞིན་པའི་ཁོ་ཧྥུས་ཡག་ཤོས་དེ་ཡང་སྲོག་ཆགས་ཤིག་གིས་ཁོ་ཧྥུས་སྲན་མ་དེ་ཟོས་ནས་མར་སྐྱག་པའི་ནང་དུ་བཏང་ཡོང་བ་དེ་ཡར་བསྒྲུགས།་དེ་གཙང་སེལ་བྱས་པ་དེ་ཁོ་ཧྥུས་གོང་ཆེན་རེད། གཅིག་སྐྱག་ཟ་བཏུང་བྱས་ཚད་སྡུག་པོ་རེད་ཟེར་ས་མི་འདུག བལྟས་ན་མི་རྒྱུས་མེད་ཚོའི་ངོར་བཙོག་པ་འདྲ་ཞིག་རེད། ང་སྐྲག་ས་དེ་གཅིག་སྐྱག་དེ་ག་ཙམ་དུ་བཟའ་བཏུང་བྱེད་དུ་བཅུག་ན་ནད་འགོས་པའི་ཉེན་ཁ་ཡོད་པས་ཉེན་ཁ་ཞིག་ལ་རྩི་གི་ཡོད་པ་དེ་ཙམ་ཡིན།
༼༡༥༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ གི་ཆུ་ཚོད་ ༢༣ སྐར་མ་ ༡༡
འདྲེ་རྐང་ཏོ་ལགས། རྒྱལ་བ་རིན་པོ་ཆེ་བསམ་བཞིན་མི་ཡི་ཚུལ་དུ་བྱོན་པ་མ་རེད མ་བསམ་བཞིན་དུ་མི་རུ་འཁྲུངས་པ་ཤ་སྟག་རེད།༽
སྤོབས་མཐའི་ཚིག་སྔ་ཕྱི་དང་བསམ་ཚུལ་སྔ་ཕྱི་ལ་འགལ་བ་ཆེན་པོ་འདུག་པས་མི་གཤིས་བརྟན་པོ་མེད་མཁན་ཞིག་ཡིན་པ་འདྲ། སྐྱེས་ཕོ་རབ་མི་ཟེར་མཁན་དེ་ལ་དམ་བཅའ་བརྟན་པོ་དགོས་པ་རེད སྐབས་རེར་དག་སྣང་ཡོད་ཚུལ་དང་སྐབས་རེར་མཐོང་བ་མངོན་སུམ་ལས་མ་མཐོང་ལྐོག་གྱུར་ལ་ཡིད་ཆེས་མེད་པའི་བཟོ་འདྲ་བོ་དེ་འདྲ་ཡིན་མདོག་མ་རེད། ངས་ཁྱེད་ལ་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད།
དོལ་འདྲེ་སྨྱོན་པ་ཁྱོད་གཅེར་བུ་བྱུང་ཐལ། ཁྱོད་ཚོ་ལ་ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་སོགས་ནང་བསྟན་སྤྱིའི་དབུ་ཁྲིད་སོགས་ལ་ཟུར་ཟ་དང་ཕྲག་དོག་ལས་བཤད་རྒྱུ་ཅི་ཡང་མེད་པ། གཞི་བསམ་སྦྱོར་མཐར་ཐུག་གི་དོན་ལ་བསམ་བློ་ཐོངས། ཁྱོས་རོས་བླ་མ་ཁ་བརྡ་རེད་ལོ། བསོད་ཆེན་མི་ལ་ཁ་གཏོང་ན། བསོད་ཆུང་མུ་གེས་ཤི་ཟེར་བ་གོ་མྱོང་ངམ། སྐྱག་པོ་རིའི་སྨན་ཁང་གི་ལས་གཡོག་ཡག་པོ་བྱུང་ན་དེས་འགྲིག་གི་མོད། ཁྱོད་ཀྱིས་ཟ་ཕོར་ནང་སྐྱག་པ་མ་གཏོང་ཨ། དོལ་ཕྲུག་ཁྱོད་མི་ངོ་ཞིག་རེད་མོ། དཀྲུགས་ཤིང་ཟེར་ན་འདིས་ལྷག་ཅི་ཡོད་ནི་མ་རེད། ཤེས་བཞིན་དུ་ཁྱད་གསོད་ཟེར་བ་རེད། ཁྱི་ཁ་ཚུམས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྟ་ལ་ཞོན་པ་དང་མིའི་ཁུར་བ་ལ་མི་་འདྲ་ས་ཞིག་ནི་རྟ་ལ་ཆོས་དད་མེད་པ་དང་མི་ལ་ཆོས་དད་ཡོད་པས་རེད། དེ་གསལ་པོ་རེད། རྟ་ལ་སྲབ་བསྐོན་ནས་ལྕག་གིས་བྲབ་དགོས་པ་དང་མི་ལ་དེ་མི་དགོས་པ་དེ་མིས་དང་བླངས་ཀྱིས་བྱེད་བཞིན་ཡོད་པས་རེད།
བོད་ཀྱི་གཏམ་དཔེ་ལ། རང་ཆུ་དེ་སྨན་ཡིན། གཞན་ཆུ་དེ་དུག་ཡིན། ཟེར་སྲོལ་ཡོད་པ་རེད་ད།
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། ཅུ་མཛད་ལེགས་པར་མཐོང་བའི་དག་སྣང་ཅན་ལ་ཞུ་གི་མེད།
བན་དེ་ལགས། རྒྱལ་བ་རིན་པོ་ཆེ་མི་རེད་དང་ལྷ་རེད་ཟེར་བའི་དམ་བཅའ་ལ་དེ་ཡིན་པའི་དམ་བཅའ་ལ་འགྱུར་བ་ཆེན་པོ་སོང་ཡོད་པ་བདེན། སྤྱིར་ན་རྒྱུ་མཚན་རྙེད་པའི་རིམ་པ་བཞིན་དུ་སྔར་གྱི་དམ་བཅའ་དེ་ཚོར་འགྱུར་བ་འགྲོ་དགོས་པ་དེ་ངས་ཡར་རྒྱས་ཀྱི་གོམ་སྟབས་ངོ་མ་དེ་བརྩི་གི་ཡོད། ངས་ང་རང་འགྱུར་བ་འགྲོ་ཆོག་པ་ཞིག་ཏུ་ངོས་འཛིན་ཐུབ་པའི་ཉིན་ནས་ངའི་བདེ་སྐྱིད་ཀྱི་མི་ཚེ་མགོ་ཚུགས་སོང་། སྤྱིར་ན་རྒྱལ་བ་རིན་པོ་ཆེ་ལྟ་བུའི་མི་སྤྱང་པོ་ཞིག་གི་མིའི་མཐོང་སྣང་ལ་མཛེས་པའི་ཆེད་དུ་མི་ལ་ཁུར་འཇུག་གི་མ་རེད་མོད་མི་ལ་མོ་ཏྲ་གཏོང་འཇུག་གི་ཡོད་པ་རེད། ཁྱད་པར་དེ་ཙམ་རེད།
ངས་མི་འདི་ལ་སྲུང་སྐྱོབ་བྱེད་དགོས་དོན་དང་རྩོམ་པ་པོ་འདི་ལ་སྐྱོན་རྗོད་དོན་གང་ཡང་མེད། ཡིན་ན་ཡང་གནས་སྟངས་ངོ་མ་དེ་མ་མཐོང་ན་པར་འདི་ཙམ་ལ་བརྟེན་ནས་མི་སྒེར་ལ་སྐྱོན་རྗོད་བྱས་ན་ཡག་པོ་མེད་པ་རེད། བགྲོ་གླེང་འདི་ཡང་ཡག་པོ་འདུག
རྩོམ་པ་པོས་སྐུ་པར་དེ་བཞག་པ་ལ་བརྟེན་ནས་ངེད་ཚོའི་བསམ་ཚུལ་ཀྱང་མི་འདྲ་བ་བྱུང་བ་ཡིན་པ་འདྲ། གལ་ཏེ་རྩོམ་པ་པོས་པར་དེ་མ་བཞག་ནས་རྩོམ་དེ་བཏང་བ་ཡིན་ན་ད་བཟོད་ཕལ་ཆེར་གྱི་བསམ་ཚུལ་མཐུན་ངེས་རེད། གང་ལྟར་ང་ལྟ་བུར་དེའི་རིགས་མིའི་བཟང་སྤྱོད་ལས་འདས་པ་ཞིག་ཏུ་བརྩི་ངེས། ཁྱེད་དག་སྣང་ཅན་ཚོས་དག་སྣང་སྒོམ་ལ་སྡོད།
ངས་རྒྱུ་མཚན་བཤད་གི་ཡོད་མ་གཏོགས་དག་སྣང་བཤད་གི་མེད། ཡིན་ན་ཡང་ང་ནམ་ཡིན་ན་ཡང་ཐོག་མར་བཟང་ཕྱོགས་དེ་མཐོང་མཁན་ཞིག་ཡིན་པ་གོང་དུ་བཤད་པ་དེ་རེད། ཁྱོད་དང་ང་ཐེ་བའི་དྲ་དམངས་དཀྱུས་མ་ཚོ་ནམ་ཡིན་ན་ཡང་རྩོམ་པ་པོ་དང་རྩོམ་པ་པོའི་བརྩམས་ཆོས་ནང་གི་མི་འདི་གཉིས་ཀྱི་བར་གནས་ཀྱི་ངོ་བོའི་ཐོག་ནས་དབྱེ་ཞིབ་བྱེད་དགོས་པ་རེད། དག་སྣང་མ་རེད། དག་སྣང་ཡིན་ན་ཡང་གཉིས་ཆར་ལ་དག་སྣང་སྦྱང་ནས་བཏང་སྙོམ་དུ་འཇོག་དགོས་མོད་དེ་ང་ཚོས་ཐུབ་གི་མེད་པ་གསལ་པོ་རེད། མི་རིག་པ་ཡིས་གཟུགས་ལའང་མི་རིགས་ན།།ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་དགོས།།ཟེར་ནས་བཏང་སྙོམ་དུ་འཇོག་པ་དེ་ཡང་ང་ཚོའི་འགན་མ་རེད།
གང་ལྟར་ཁྱེད་ལྟར་ན་ཕ་རོལ་པོའི་ངོས་ནས་དགའ་ཞིང་སྤྲོ་བས་བྱེད་འདོད་ན་གང་བྱེད་ཀྱང་བྱེད་དུ་འཇུག་རྒྱུ་ཡིན་ནམ། ཁྱོད་ཀྱི་ཨ་མས་ཁྱོད་ཀྱི་དོན་དུ་དགའ་ཞིང་སྤྲོ་བས་གང་བྱེད་འདོད་ཀྱང་བྱེད་དུ་འཇུག་རྒྱུ་ཡིན་ནམ། གོང་གི་པར་ནང་གི་བླ་མས་གཉའ་བར་ཞོན་སའི་མི་དེ་དག་གིས་དགའ་ཞིང་སྤྲོ་བས་ཁུར་གྱི་ཡོད་པ་སུས་བཤད་ཐུབ། ཡུལ་ལུང་འགའ་ཞིག་ཏུ་བླ་མར་ཞབས་ཞུ་བྱེད་མཁན་ཁྲལ་གྱིས་རྒྱུག་དགོས་པ་མང་དུ་ཡོད། མི་འདྲ་འདྲ་ལ་ཐམས་ཅད་རྐང་པས་འགྲོ་ཐུབ་སར་ཟོག་རྫུས་དེ་ཚོ་འགྲོ་མི་ཐུབ་པའི་རྒྱུ་མཚན་ཡོད་དམ། སངས་རྒྱས་འགྲོ་བའི་དོན་དུ་སྐུ་མི་ཕངས། ཟེར་ཡོད་རེད་མ་གཏོགས། འགྲོ་བ་སངས་རྒྱས་དོན་དུ་སྐུ་མི་ཕངས་གསུང་མི་འདུག་ག
ད་བན་དེ་ལགས་གཏིང་ཟབ་ས་དེ་ལ་སླེབས་པ་རེད། ཡ་རབ་བཟང་སྤྱོད་ཀྱི་ལེགས་ཉེས་དབྱེ་འབྱེད་ཀྱི་ས་མཚམས་དེ་འདྲ་ཞིག་ལ་སླེབས་ཚར་དུས་ད་རང་རང་གི་རྣམ་དཔྱོད་ཀྱིས་ཐག་གཅོད་དགོས་པ་རེད། ཨ་མས་བུ་དང་ལྷན་དུ་ཆང་ས་རྒྱག་ཆོག་གི་རེད་ཟེར་ནས་ཆང་ས་རྒྱག་མཁན་ཡོད་རེད་ལ་མི་འགྲིགས་གི་ཟེར་ནས་མི་རྒྱག་མཁན་ཡང་ཡོད་རེད། འདོད་མོས་ཡོད་པ་དེ་ཡང་ཕན་ཚུན་སུ་ལ་ཡང་མ་གནོད་པ་དགོས་པ་སོགས་ད་གཏིང་ཟབ་ས་དེར་སླེབས་དུས་ནུབ་ཕྱོགས་མཚན་ཉིད་རིགས་པའི་སློབ་དཔོན་ཚོའི་བར་ལ་ཡང་རྩོད་པ་འདུག་ག
དེ་རེད། བན་དེ་ལགས། ང་ཚོས་པར་འདི་ལས་རྒྱ་ཆེན་པོ་ཞིག་ཤེས་གི་མི་འདུག རྩེད་མོ་རྩེད་གི་ཡོད་ན་ཡང་སུས་ཤེས། ནད་པ་ཞིག་ཁུར་ན་ཡང་སུས་ཤེས། འཁྲབ་སྟོན་ཞིག་ཡིན་ན་ཡང་སུས་ཤེས། དགའ་བཞིན་སྤྲོ་བཞིན་ཡིན་ན་ཡང་སུས་ཤེས། མི་འདོད་བཙན་སྐུལ་ཡིན་ན་ཡང་སུས་ཤེས། ཕར་ཨུ་ཚུགས་བརྒྱབ་པ་ཡིན་ན་ཡང་སུས་ཤེས། སྐྱོན་རྗོད་བྱེད་རྐྱང་བྱས་ན་འགྲིགས་གི་མ་རེད་བསམ་གི་འདུག བསྟོད་པ་ཞིག་བྲིས་ན་ཡང་ཁྲིམས་ཐོག་དང་ཡ་རབ་བཟང་སྤྱོད་གཉིས་ཆར་ནས་འགྲིགས་བསྡད་ཡོད་པ་ཞིག་བཤད་རྒྱུ་འདུག ཁྱེད་རྩོམ་པ་པོ་ཚོ་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་ཡིན་པས་གཟབ་དགོས་པ་འདུག
འདི་ནས་གསལ་བཤད་ཅིག་ལ།
ངས་པར་འདི་ངོ་དེབ་ནས་མཐོང་སོང་། དེ་དུས་མི་ཚོས་ཧ་ལས་པའི་སྐྱོན་བརྗོད་བྱེད་ཀྱི་འདུག
དུས་རབས་རྙིང་པའི་ལམ་ལུགས་རེད་ཟེར་གྱི་འདུག རྐང་ཆག་རེད་ཟེར་གྱི་འདུག
ཚང་མ་ཧོན་ཐོར་ཐོར་བྱེད་ཀྱི་འདུག
ངས་ནི་འདི་ནས་རེ་བསྐུལ་ཙམ་ལས་སྐྱོན་བརྗོད་བྱས་མེད་པ་རྩོམ་ཡིག་རང་ན་གསལ་པོར་ཡོད།
ཁྱོད་ཚོས་དང་པོ་རྩོམ་ཡིག་དེ་ཡག་པོ་ཀློགས་རོགས།
པར་གཅིག་པུ་ལ་བལྟས་ནས་འདྲ་མིན་མ་ལབ་རོགས།
༢༠༽ གནམ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༣༨
ང་ཚོའི་དད་སྟོབས་ཀྱི་ལག་མི་ཚ་ས་ན། ཁྱེད་ཚོའི་ཕྲག་དོག་གི་མྱིག་ཚ་འི་མ་འདུག། གོང་གི་མཆན་པ་འགའ་ལ། དགའ་ལྡན་གསེར་ཁྲིར་བདག་པོ་མེད་ཟེར་བ་རེད། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་ཤོག་ཡ། ང་ཚོས་མྱི་ཆེན་དང་བླ་ཆེན་ལ་འབུལ་བ་གང་དགོས་དགོས་བཤམས་ནས་ཡོད། དད་ན་དད་པའི་འབུལ་བ་ཡོད། དགའ་ན་དགའ་བའི་དགའ་རྟགས་ཡོད།
དེ་མིན་འབུ་སྲིན་གྲོག་མ་ཚུན་ཆད་ལ་གོ་རིམ་ཡོད་པ་ཤེས་བར་བྱོས། ཨ་ལས་ངན་ཆ་བོ།
སྒོར་རྡོག་ཁ་ཤས་ཤིག་གི་དོན་དུ་བླ་མ་ཁྲི་ས་ནས་གཡུག་གི་ཡིན་ཟེར་ན་ཁྱེད་ཚོ་སྨྱོ་བསྡད་ཡོན་རྒྱུ་རེད།
དེ་མིན། འདྲེ་རྒན་ཁྱེད་ཚོའི།
སེར་སྣའི་ལག་པ་དམ་དུ་བཅང་ནས། ཁ་རྐུབ་གཉིས་ཀ་བཙུན་ནས་བསྡད་ན་ཡག་གི་རེད།
སེམས་སྐྱོ་བ་ཞིག་ནི་ཁྱེད་རང་ཚོས་ཕྱི་བལྟས་བྱས་ནས་ཁ་མཆུ་སློང་བ་ལས། སྔ་བལྟས་བྱོས་ནས་མདུན་སྐྱོད་བྱེད་མི་ཐུབ་པ་འདི་རེད། དང་རབས་དང་དུས་རབས་ལ་དགོས་མཁོ་བའི་རྩོམ་ཆག་ཞིག་ཕར་བཞག། ཐ་ན་མིང་ཚིག་གཅིག་གི་ཞབས་འདེགས་ཡང་མི་ཐུབ་པར་ཁ་རྒོད་རྒོད་དང་རིག་གྲུང་གྲུང་བྱེད་ཁུལ་ལ་ངོ་མ་ཚ་བ་འདི་ཅི་རེད།
རྩ་བའི་བླ་མ་ཚོ་དད་ཅན་སློབ་མ་ཚོ་ལ་བཞག་ན་ཡག་གི་རེད། སྐལ་མེད་ས་གྱོད་སློང་གི་མ་འདུག།
བསོད་ཆེན་ལ་ཁ་བཏང་ན། བསོད་ཆུང་ཚེ་ཟད།
དེ་ཡིན་ས་རེད་གཞན་གྱི་གྲུབ་མཐའ་བཟང་པོར་སྨད་ཅིང་ཁ་བཏང་བ་ལས་ད་ནི་ཁྱི་ལས་ཀྱང་ལོད་པར་བྱུང་ནས་སྡུག་སྐད་ཨག་སྐད་རྒྱབ་འདུག
༼ཡིད་རྟོན་རུང་བའི་ལྟ་གྲུབ་གཅིག་ཀྱང་མེད།།
ཕྱག་འཚལ་རུང་བའི་ཉམས་ལེན་ཐིགས་གཅིག་མེད།།
མི་རུ་སྐྱེས་ཀྱང་ཁྱི་ལས་ལོད་ངེས་པའི།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།
ཚེ་འདིར་དགོས་པའི་དཔལ་དང་འབྱོར་བ་མེད།།
ཕྱི་མར་ཕན་པའི་དམ་ཆོས་རྒྱགས་ཕྱེ་མེད།།
འདི་ཕྱིར་སྨན་པའི་ཡ་རབས་སྤྱོད་བཟང་མེད།།
ཨོ་རྒྱན་ཉི་མའི་ཞབས་ལ་གསོལ་བ་འདེབས།།༽
རྩོམ་པ་པོ་དོལ་སྨྱོན་ལགས་ཀྱི་ཐུགས་ལ་མི་གཟན་པར་ཞུ། དྲ་ཐོག་ན་འུར་རྒྱག་གི་ཡོད་པ་དེ་འདྲ་བདེན་དུ་འཛིན་རྒྱུ་མེད། ངས་རྩོམ་ཡིག་ཅིག་གི་ནང་ལ་དྲྭ་དམངས་ཕལ་མོ་ཆེ་ནི་འབྲོག་པའི་ཁྱུ་ཚོགས་དང་མཚུངས་པར་རྐུན་མ་སྡུག་ཤོས་དེ་ཚོ་མ་གཏོགས་འཛིན་མི་ཐུབ་ཅེས་བྲིས་ཡོད། དེ་རེད། སྤྱིར་ན་རིག་གཞུང་། དད་མོས་ཡིད་ཆེས། ལྟ་གྲུབ། དེ་འདྲ་ལ་སྐྱོན་རྗོད་མི་ཆོག་པ་སྣ་གཅིག་ཀྱང་མེད། དག་ཐེར་བྱེད་དགོས། གཙང་སེལ་བྱེད་དགོས། ཡིན་ན་ཡང་དེང་སང་དྲ་ཐོག་གི་ཁྲིམས་འགལ་ལས་ཀ་བྱེད་མཁན་མང་པོ་རེད། རང་རེ་ཡང་འཛམ་གླིང་གི་དྲ་དམངས་སྤྱི་ཚོགས་སུ་གཏོགས་སྐབས་དྲ་ཐོག་གི་བཟང་སྤྱོད་ལ་འགན་འཁུར་དགོས་པ་གལ་ཆེན་པོ་རེད། མི་ངོ་མའི་མིང་དང་པར་སྟོན་དུས་ཅུང་ཙམ་མ་གཟབ་ན་རྩོམ་པ་པོས་སྤྱི་ཚོགས་ཀྱི་སྣེ་ཁྲིད་ནས་མི་སྒེར་བ་རེ་ཟུང་གི་མི་ཚེ་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་དང་། ཐ་ན་རང་སྲོག་གཅོད་རྐྱེན་དུ་འགྱུར་བ་སོགས་ཡོང་གི་ཡོད་སྟབས་དྲ་ཐོག་གི་སྐྱོན་འཛུགས་རིགས་ལ་གཟབ་དགོས། གང་ལྟར་ཡང་གཅིག་གིས་གཅིག་ལ་བཀའ་བཀྱོན་རྐྱང་མི་བྱེད་པར་བགྲོ་གླེང་བྱས་ན་གསལ་པོ་ཆགས་གི་རེད།
སྔ་མོ་བོད་ཀྱི་སྐུ་གྲག་ཚོ་དེ་ག་ནང་བཞིན་རེད ་། དངོས་གནས་མི་གཉའ་བར་ཁུར་དགོས་པའི་སྟན་དགྲ་ཞིག་དང ། རྒྱ་དམར་ནསྒཉའ་གནོན་གཤོས་གཞོག་ཞེས་པ་འདི་ཚོའི་རིག་ལུས་ཡིན་། མིང་དང་ཡུལ་ལུང་སོགས་ཁ་གསལ་བཀོད་ན་ཕན་ཐོག་ཆེ།
ང་ཚོས་རྟ་སེམས་ཅན་དང་མི་སྐད་སྨྲ་མི་ཤེས་དུས་ཞོན་ཆོག་ཆོག་བྱས་ད་ནས་གཟུང་ཁྱེད་ཚོས་རྟ་ཞོན་མི་ཆོག།
བོན་པོ་ལ་རེ་མ་དགོས་ཙམ་ཡོད།
སྤོབས་པ་མཐའ་ཡས་ལགས་ནི།ཆོས་ལུགས་ཀྱི་ཞེན་ཁོག་ཧ་ཅང་ཡོད་མཁན་ཅིག་རེད།མི་བདེན་བསམ་ན་ཁོང་གི་ལོ་ཤས་ནས་བཏབ་པའི་མཆན་ཚང་མ་ལ་གཟིགས་དང་ཤེས་ངེས་རེད།༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཁག་ཕྱི་རྒྱལ་བ་ཚོས་ལྷམ་ངོས་སུ་བརྒྱབས་པར།ནང་བ་སྤྱི་དང་བོད་མི་ཚོས་དེ་ལ་བཟོད་སྒོམ་བྱས་ཏེ་ངོ་རྒོལ་བྱེད་མི་འོས་ལུགས།སྤྱོད་འཇུག་གི་བཟོད་པའི་ལེའུའི་ལུང་མང་པོ་དྲངས་ཏེ་སྤོབས་མཐའི་རྩོམ་ཡིག་སྤེལ་སོང་།ཨོ་དངོས་གནས་ཆོས་པ་ཅིག་ཡིན་ས་རེད་བསམ་སོང་།འོན་ཀྱང་།རིམ་པས་སྤོབས་མཐའི་རང་མདོག་ཕྱི་ལ་མངོན་ཡོང་གི་འདུག།མཆན་བུ་ཁག་ནང་ནམ་རྒྱུན་དགེ་ལུགས་པ་དང་དགའ་ལྡན་ཕོ་བྲང་།༧གོང་ས་སྐྱབས་མགོན་ཆེན་པོར་ཟུར་མདའ་ཅིག་འཕེན་ཅི་ཐུབ་བྱས་སོང་ལ།རང་བཙན་ཁ་ལ་ཁྱེར་ཏེ་༧རྒྱལ་བ་རིན་པོ་ཆེར་ཟུར་ཟ་གང་མང་བྱས་སོང་།
ལྷག་པར་༧རྒྱལ་བ་རིན་པོ་ཆེར་མདོ་སྨད་པ་ཚོས་དགུང་ལོ་བརྒྱད་ཅུའི་གྱ་སྟོན་བྱེད་རྒྱུར་ཡང་མ་འདོད་པར་མཱ་པུ་ཧྥང་གི་ཚ་བོ་དང་ཚ་མོ་སོགས་སྡུག་ཚད་བཤད་སོང་ལ།ཐ་ན་དགེ་ལུགས་པའི་ནང་བླ་དགེ་བཤེས་ཡག་པོ་ཅིག་དང་ཚེ་གཅིག་ལ་སངས་རྒྱས་ཐོབ་མཁན་ཅིག་བྱུང་མྱོང་བ་རེད་ཅེས་ཀྱང་བཤད་མི་ཆོག་པར་སྤོབས་མཐས་བཀའ་བཀྱོན་སྡུག་ཚད་ཕབས་ཀྱི་ཡོད་རེད།མདོར་དེད་ན།སྤོབས་མཐའི་དགྲ་དྭངས་མ་༧རྒྱལ་བ་རིན་པོ་ཆེ་དང་དགེ་ལུགས་པ།བོད་གཞུང་དང་དབུ་མའི་ལམ་བཅས་ཡིན་པ་ཁོང་གི་མཆན་ཁག་ལ་གཟིགས་དང་རྣམ་དཔྱོད་ཅན་ཚོས་ཤེས་ངེས་རེད།དེ་ཚོར་མི་བདེ་བ་ཞིག་བྱུང་ན་སྤོབས་མཐའ་དགའ་ངེས་རེད།དེ་ཚོར་ལེགས་པའི་ཆ་ཅིག་བྱུང་ན་སྤོབས་མཐའ་དགའ་ནི་མ་རེད།དེ་བས་སྤོབས་མཐའ་ལ་དྲ་གྲོགས་ཚོས་གཟབ་ན་ཡག་པོ་ཡོད་རེད།
ད་དུང་སྤོབས་མཐར་མཚོན་ན་སོ་སོའི་ཕྱོགས་གཏོགས་ཀྱིས་ནོར་འཁྲུལ་ཅི་ཙམ་བྱས་ན་དེ་ལ་རྩ་བ་ནས་སྐྱོན་བརྗོད་བྱས་མི་ཆོག་པ་རེད།
ཨའོ། བཀྲ་ཤིས་རྒྱལ་མཚན་ངོ་མ་དེ་འདྲ་ཡིན་ན་སྤོབས་པ་མཐའ་ཡས་ལ་གཟབ་དགོས་ས་རེད། དགེ་ལུགས་ལ་སྡུག་པོ་དེ་འདྲ་རེ་བྱས་འདུག དབུ་མའི་ལམ་ལ་ཟུར་ཟ་བྱས། གྱ་སྟོན་ལ་མ་པུའུ་ཧྤང་ལབ། བོད་གཞུང་ལ་མ་དགའ། ངོ་མ་ཆོས་ལུགས་ཀྱི་ཞེན་ཁོགས་ཟེར་བ་དེ་མིན་ན་གང་ཡིན།
འདྲ་འདི་དེ་ཙམ་གསལ་པོ་ཞིག་མི་འདུག འོན་གྱང་ཕྲན་གྱིས་མཐོང་མྱོང་ཡོད་པའི་འབྲུག་པའི་གྲྭ་བ་རྐང་པ་གཉིས་ཀ་འགུལ་སྐྱོད་མི་ནུས་པའི་འཚམས་པ་ལོ་མང་རིང་ལ་བསྙེན་འཚམས་གང་མང་ལ་འདུག་མྱོང་མཁན་སྔག་གི་ནུས་པ་དང་མོ་རྩིས་ཀྱིས་མི་གང་མང་ལ་ཕན་རབས་བཤད་སྟེ་མི་མང་པོ་ཞིག་གིས་ཁོང་ལ་རྩི་མཐོང་ཡག་པོ་བྱེད་ཀྱིན་འདུག་པ་མ་ཟད་ཁོ་རང་དང་མཉམ་དུ་མི་གཉིས་གསུམ་རེ་ཡོད་ཡོད་ཁ་ན་རེད། དབང་ལུང་སོགས་ཞུ་དུས་ཡང་ལག་འདེད་འཁོར་ལོ་དེའི་སྒང་ལ་འདུག་པ་ལས་གཞན་མི་ནུས་པ་རེད། ཕལ་ཆེར་མི་ཡིན་ས་རེད་བསམ་བསམ་ཞིག་འདུག འདྲ་འདི་ལས་གསལ་བོ་ཞིག་ཡོད་ན་ཡག་པོ་འདུག ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། བགྲོ་གླེང་ཡག་པོ་གནང་གིས་འདུག
ཕལ་ཆེར་མི་དེ་ཡིན་ས་རེད་ བཅོས་རོག་
ད་རུང་སྤྲུལ་སྐུའི་ལམ་ལུགས་ལ་དགག་རྒྱག་འདི་ཚར་མི་འདུག ཁ་སྔོན་ནས་ལྟ་ལོག་པ་ནམ་མཁས་བཤད་པ་ནས་ཨོ་ཉིས་རྒྱུན་མཐུད་དེ་ད་རུང་རྫོགས་མི་འདུག ད་མཚམས་བཞག་ན་འགྲིག་གི་བསམ།
མོ་རྩིས་གཏོ་དཔྱད་ལ་རེ་མེད་ན་འགྲིག་གི་འདུག དེ་མིན་དེ་ཚོར་རེ་བ་དེ་སུ་ལ་རེ་བ་ཡིན་མིན་ཤེས་ངེས་རེད།
སྤོབས་པ་མཐའ་ཡས་འདིས་སྐད་ཆ་བཤད་ཚད་ལ་ཉན་རྒྱུ་ཡོད་པ་ཞིག་མིན་ཡང་དེ་རིང་གནས་ལུགས་ལྡན་པའི་སྐད་ཆ་ཞིག་བཤད་འདུག བོད་པའི་དྲ་འབུ་ཚོ་ནི་བཟང་རུང་ངན་རུང་རང་ཕྱོགས་མིན་ན་སྐྱོན་བརྗོད་བྱེད་རྐྱང་ལས་གཞན་གང་ཡང་ཤེས་མཁན་ཞིག་མ་རེད། འདི་ཚོས་ངོ་མ་སུན་བཅུག་གི
ནོར་བཅོས།
སྤོབས་པ་མཐའ་ཡས་འདིས་སྐད་ཆ་བཤད་ཚད་ལ་ཉན་རྒྱུ་ཡོད་པ་ཞིག་མིན་ཡང་དེ་རིང་གནས་ལུགས་ལྡན་པའི་སྐད་ཆ་ཞིག་བཤད་འདུག བོད་པའི་དྲ་འབུ་ཚོ་ནི་བཟང་རུང་ངན་རུང་རང་ཕྱོགས་མིན་ན་སྐྱོན་བརྗོད་བྱེད་རྐྱང་ལས་གཞན་གང་ཡང་ཤེས་མཁན་ཞིག་རེད། འདི་ཚོས་ངོ་མ་སུན་བཅུག་གི
སྤོབས་པ་མཐའ་ཡས་ཞེས་པའི་མིང་འདིའི་འོག་ན་མི་གཉིས་གསུམ་ཞིག་འདུག་ཅེས་ཉེ་ཆར་རྡ་རམ་ས་ལ་ནས་འདིར་འབྱོར་བ་ཞིག་གིས་གསལ་གསལ་ཐིང་ཐིང་འདྲ་ཞིག་ལབ་སོང་། བདེན་མིན་མི་ཤེས། ལོས་བདེན་བསམ་པའི་ཚོར་བ་ཞིག་ལོ་གཅིག་སྔོན་ནས་ཡོད། ཡང་མིན་ན་སྤོབས་པའི་སྤྱི་ཚོགས་ལྟ་སྟངས་ལ་འགྱུར་པ་ཕྱིན་པ་འདྲ། གང་ལྟར་མིས་མི་འཁུར་བ་འདི་གུས་ཞབས་ཀྱིས་ཡིན་ན་འགྲིག་གི་རེད། སྒོར་མོའི་ཆེད་དུ་ཡིན་ན་ཡང་འགྲིག་གི་རེད། ཡིན་ན་ཡང་ཕར་ཕྱོགས་དེར་དཀའ་ལས་སྤྲོད་ཀྱི་ཡོད་མེད་ལ་ཡང་ལྟ་དགོས། ཉིས་སྟོང་བཅུ་གཅིག་ལོར་གོང་ས་མཆོག་གི་ཨ་རིའི་རྒྱལ་སར་དུས་འཁོར་དབང་ཆེན་གསུང་དུས། ང་དང་ངའི་ཆོས་གྲོགས་རྒྱགས་པ་ཞིག་དང་སྐམ་པོ་ཞིག་བཅས་ངེད་ཅག་བོད་ཀྱི་བླ་ཆས་གྱོན་པ་གསུམ་མི་དཀར་བུ་མོ་ཞིག་གི་མི་
འདྲུད་རྐང་འཁོར་ནང་བསྡད་པ་ཡིན། ཉིན་དེའི་ཚ་དྲོད་ནི་བརྒྱ་དང་ལྔ་དྲུག་རེད། སྐར་མ་བཅོ་ལྔ་ཙམ་གྱི་རྗེས་སུ་མི་དཀར་བུ་མོའི་སྟོད་གོས་ཀྱི་རྒྱབ་ལོགས་ཡོངས་རྫོགས་རྔུལ་ཆུས་འཚོས་སོང་། ངས་མོ་ལ་ཁྱེད་ཀྱིས་ང་ཚོ་གསུམ་ག་འདྲུད་ཐུབ་ས་མ་རེད་ང་སར་འབབ་ཀི་ཡིན་ལབ་པ་ཡིན་ཏེ། མོས་སྐྱོན་མི་འདུག ངས་འདྲུད་ཐུབ་ཟེར། དེ་ནས་གང་འཚམ་སོང་ནས་གྱེན་དུ་འདྲུད་དགོས་ས་ཞིག་ཏུ་བསླེབས་སོང་ལ། མོའི་ནུས་ཤུགས་རྫོགས་གྲབ་ཡོད་པ་དང་། སྲང་ལམ་གཡས་གཡོན་གྱི་མི་དཀར་ནག་མང་པོས་ངེད་ཅག་དམར་ལྷབ་ལྷུབ་གསུམ་མི་དཀར་བུ་མོ་ཞིག་གིས་རྔུལ་ནག་བཞུར་གྱིན་འདྲུད་བཞིན་པར་ལྟ་གིན་འདུག་པས། ངས་ནི་སྣང་ཚུལ་དེ་སྐར་མ་གཅིག་ལ་ཡང་བཟོད་ཐབས་བྲལ་ཏེ་འདྲུད་འཁོར་ལས་མར་བབས་པ་ཡིན། ཕར་ཙམ་སོང་རྗེས་ང་ཚོ་དུས་དབང་གསུང་སའི་ས་གནས་དེར་བསླེབས་སོང་ལ། མི་དཀར་བུ་མོས་ཁོང་གཉིས་དང་ང་རང་བཅས་ལ་གླ་ཆ་གཅིག་འདྲ་བླངས་སོང་། ཡིན་ན་ཡང་མི་དང་མིའི་བར་དང་། མི་དང་སྒོར་མོའི་བར་གང་ཞིག་ཏུ་བསམས་ཀྱང་། ཡུལ་དུས་གནས་སྟབས་གསུམ་གྱིས་དགོངས་པ་སྤྲོད་ན་མ་གཏོགས་མིས་མི་ཞོན་པ་དང་མིས་མི་འཁུར་བ། མིས་མི་འདྲུད་པ། མིས་མི་རྡུང་བ་འདི་རིགས་ལ་གཟབ་གཟབ་ཧ་ཅང་བྱེད་དགོས་པར་མཐོང་།
ཡུལ་དུས་གནས་སྐབས་
སྤྲུལ་སྐུའི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་འདོད་ན་་་ཐོག་མར་སྒྱུར་བཅོས་གཏོང་དགོས་ཟེར་མཁན་ཚོས་རང་ཉིད་མི་ཡག་པོ་ཞིག་ཏུ་བསྒྱུར་དགོས་པ་རེད། རང་ཉིད་ར་ལུག་གང་གི་ཁོངས་སུ་མི་གཏོགས་བཞིན་དུ་སྐད་ཆ་ཆེན་པོ་ཆེན་པོ་ཞིག་ལབ་བསྡད་ན་ཉན་མཁན་ཅང་ཨེ་ཡོད་ལ།
ཀླུ་སྨྱོན་གྱི་གསུངས་ལ་མངོན་པར་བསྟོད་དོ། ད་ཡིན་ན་ཁྱེད་རང་ཚོ་་་་ཕྱི་དང་ནང་དབྱེ་བ་་་དཀར་དང་ནག་དབྱེ་བ་་་་བྱེད་པོ་ཡོད་མེད་དབྱེ་བ་་་མུ་ལ་སྟེགས་མིན་དབྱེ་བ་་་་ཀླ་དང་ཀློ་ཡིན་མིན་དབྱེ་བ་སོགས་ལའང་གཟབ་གཟབ་བྱོས་མ་གཏོགས་ད་དེང་སང་བུ་ང་ཡིན་ཟེར་མཁན་མང་པོ་ཡོད་ས་རེད་དོ། ང་བོན་པོ་ད་སྔོན་ཡང་ཉམས་ཆུང་ཡིན་ལ་དེང་ཡང་ཉམས་ཆུང་ཡིན་ཁྱེད་རྣམ་ཚང་རྩ་བ་ཉིད་ནས་ཞེ་མི་དགོས། །
བསམ་འཆར་གཅིག་ལ་བསྐྱར་སྐོར་ཡང་སྐོར་བཤད་ནས་གང་ཡོང་། ཉན་མཁན་ཡོད་ན་གོ་ཚོད་རེད། རྒྱུས་པ་ཡིན་ནས་ལྡུར་ཚོད་རེད། གང་ལྟར་རང་ཉིད་དཀར་པོ་བཟོ་ཐབས་གཙོ་དོན་རེད་འདུག མ་གཏོགས་འདི་ནང་ང་ཕམ་སོང་ཟེར་མཁན་གཅིག་མཐོང་མ་སོང་།
དམིགས་ཡུལ་དང་རང་ལུགས་གཅིག་ཟུང་ནས་གྲོས་བསྡུར་གནང་མཁན་ཧ་ལས་པའི་ཉུང་ཉུང་རེད་འདུག ཕལ་ཆེར་ལ་རང་ལུགས་མེད་པ་ལྟར་མཐོང་།
བློ་བཟང་ཟེར་བ་དེའི་བཤད་སྟངས་ཁྱད་མཚར་རེད། ཁོང་གི་ཡིན་གཅིག་མིན་གཅིག་ཕམ་སོང་མཁན་ཞིག་མཐོང་དགོས་ཀྱི་ཡོད་པ་འདྲ། ང་ཚོས་འདི་ན་རྒྱལ་ཕམ་རྩོད་གི་མེད། མིག་མང་རྩེ་བ་བཞིན་དུ་ཕམ་འགྲོ་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། བགྲོ་གླེང་བྱས་ཀྱིན་བྱས་ཀྱིན་ཚང་མས་བློ་སྐྱེད་རེ་རག་གི་ཡོད་པ་རེད། ཚང་མ་རྒྱལ་ནས་བསྡད་ཡོད་ལགས། འདི་ན་ང་ཕམ་སོང་ཟེར་མཁན་མེད་དོན་དེ་རེད།
ངའི་ལངས་ཕྱོགས་ཟེར་ནས་བསྒྱུར་མི་རུང་བ་ཞིག་ཁྱེར་ཡོང་ན་མི་འགྲིགས། རྒྱུ་མཚན་རྙེད་པ་དང་། བདེན་པ་རྙེད་པའི་རིམ་པ་བཞིན་དུ་བསམ་བློ་ལའགྱུར་བ་འགྲོ་བ་དེ་ལ་ཡར་རྒྱས་ཟེར། ང་ཚོས་བདེན་པ་དང་རྒྱུ་མཚན་དང་ལེན་བྱེད་པའི་ལངས་ཕྱོགས་ཤིག་བཟུང་ནས་འདིར་ཡོང་གིན་ཡོད་ལགས།
རང་ཉིད་དཀར་པོ་བཟོས་དགོས་ས་དེ་ཚོ་དཀར་པོ་བཟོ་དང་བཟོ། གཞན་དཀར་པོ་བཟོས་དགོས་ན་དེ་ཡང་ཡིན་དང་ཡིན། དེ་བཞིན་དུ་ནག་པོ་ཡོད་ན་དེ་ཡང་ངོ་འཕྲོད་དུ་འཇུག་དགོས། དོན་ངོ་མར་ང་ཚོས་དཀར་ནག་གཉིས་ཀ་མིན་པའི་ཚོན་མདོག་གཞན་མང་པོ་ལ་ལྟ་ཐུབ་གི་ཡོད་པ་དེ་ཁ་བརྡ་ཚང་གི་ཁྱད་ཆོས་ཤིག་ཡིན་བསམ་གི་ཡོད།
གདོན་གཟུགས་པ་དོལ་སྨྱོན་སོགས་གྲུབ་མཐའི་ཞེན་ཆགས་ཁོ་ནས་གཞན་དབང་དུ་སོང་བ་ཚོ་ལ་གཏམ་ཐུང་ཞིག་ཞུ་འདོད་བྱུང་། ཁྱོས་ཤེས་བཞིན་དུ་པར་དབང་དང་ཆོས་ལུགས་རྡོལ་རོལ་ཏུ་གཏོང་བ་ཞིག་རེད། དེ་མིན་དཔར་འདི་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་ཉིད་ལོ་བརྒྱད་ཀྱི་རིང་དུ་སྐུ་མཚམས་དམ་བཞུགས་གནང་ནས་བདུད་འཇོམས་མཁའ་འགྲོ་གླིང་དུ་ཕྱིར་ཕེབས་ལམ་དུ་སྐུ་མཚམས་བཞུགས་ཡུན་རིང་བ་དང་དཀའ་སྤྱད་གནང་དྲག་ནས་ཞབས་ཐང་དུ་ཕེབས་མི་ཐུབ་ཀྱང་། ཞལ་སློབ་དམ་ཚིག་དང་དད་གུས་ཅན་ཚོས་དང་བླངས་ཀྱིས་འདེག་འཁྱོག་གིས་གདན་འདྲེན་ཞུ་བཞིན་པ་ལས་གཉའ་བར་ཞོན་ནས་བྲན་གཡོག་གི་རྣམ་པ་གང་ཡང་མ་རེད། ཕྱི་རྒྱལ་དང་རྒྱ་ཡུལ་སོགས་ནས་གཞན་མགོ་བསྐོར་བའི་དཀོར་གཟན་སྤྱང་ཀི་རྒྱབ་སེར། ཆོས་མིན་སྲིད་མིན། ར་མིན་ལུག་མིན། སྐྱ་མིན་སེར་ཚོ་དང་གཏན་ནས་མི་འདྲ་བར་བདུད་འཇོམས་འདི་བ་སང་རྒྱལ་བའི་བསྟན་པའི་བཤད་སྒྲུབ་ཁོ་ན་ལ་བརྩོན་པའི་བདུད་འཇོམས་པདྨ་གེ་སར་ཡིན་པས་དོལ་འདྲེ་ཁྱོད་བསམ་བློ་བཏང་ཤེས་མཁན་ཞིག་ཡིན་བཟོད་གསོལ་གྱིས་མ་གཏོགས་མི་སྐྱུར་ཁོ་ཐག་ཡིན། བན་དེ་བ་ཟེར་བའི་ཟ་ཁ་ནང་བསྟན་སྙིང་ཁ་ཕྱིར་བསྟན་གྱི་ནང་བསྟན་ལ་སྨད་ཅིང་བོན་ལ་བསྟོད་ཁུལ་གྱི་ཤེས་མེད་ཁོག་རུལ་དེ་ཡང་ཁྱོད་ཡིན་པ་འདྲ། གང་ལྟར་དགྲ་གྱོད་དགོས་དོན་ཅི་ཡིན་གསལ་བོ་ཤོད།
ཀླུ་སྨྱོན་ལགས་ཀྱིས་མིའི་རྔུལ་ནག་བཞུར་བ་མཐོང་མི་འདོད་པ་དེ་ཡག་པོ་རེད། ཡིན་ན་ཡང་། ཁྱེད་ཀྱི་དངུལ་གྱི་ཆེད་དུ་དུ་རྔུལ་ནག་བཞུར་བ་དེ་དུས་མ་གཏོགས་མ་མཐོང་བ་ཡ་མཚན་རེད། ངས་དངུལ་གྱི་ཆེད་དུ་རྔུལ་ནག་བཞུར་ན་དེ་འོས་པ་ཞིག་ལ་མཐོང་གི་ཡོད། དངུལ་ནག་བཞུར་ནས་རྙེད་པའི་དངུལ་ཞིག་ཡིན་ཕྱིན་ངས་སྤོབས་པ་དང་བཅས་བེད་སྤྱོད་སྲོལ་ཡོད། ངས་ཕར་དངུལ་སྤྲད་ནས་རྔུལ་ནག་བཞུར་འཇུག་དགོས་ཀྱང་འཛེམས་ཟོན་མེད། ང་ལ་དངུལ་སྤྲོད་རྒྱུ་ཡོད་ན་ངས་སྤོབས་པ་དང་བཅས་མི་ལ་འཁུར་འཇུག་ས་རེད། དེ་རྒྱུ་འབྲས་དང་མཐུན་པ་རེད། དེང་སང་རྔུལ་ནག་བཞུར་མི་དགོས་པར་དངུལ་འདོད་མཁན་མང་དྲགས་པ་དེ་ལ་ངས་སེམས་ཁྲལ་བྱེད་བཞིན་ཡོད། ལྷག་པར་ཡང་རང་རེའི་སྤྱི་ཚོགས་ནང་ན་དངུལ་དང་རྔུལ་ནག་གི་རྒྱུ་འབྲས་གོ་ལྡོག་ཁྱབ་ཆེ་བ་དེ་མི་བཟང་།
ཉེ་ཆར་རྒྱལ་བ་རིན་པོ་ཆེའི་ཤི་ལི་རྒི་རིར་བཀའ་སློབ་གནང་དུས་ཀྱང་། རྒྱ་ནག་ལ་དངུལ་མང་པོ་རེད། བོད་མི་དངུལ་ལ་དགའ་པོ་རེད། རང་བཙན་མེད་ཀྱང་དངུལ་ཡོད་མཁན་དང་མཉམ་དུ་སྡོད་རྒྱུ་རག་ན་ཁེ་བཟང་རེད་གསུངས་པ་མ་ཐོས་སམ། མ་གཞི་ངས་དེ་འདྲ་རང་ད་བསམ་གི་མེད། ཧཧཧཧཧ
མི་འགའ་ཞིག་རང་རྟགས་ཚང་མ་ཕྱི་ལ་བཏོན་ཡོང་གི་འདུག གཏམ་ཚིག་གཅིག་བཤད་ན་གདོན་གཟུགས། ཡི་གེ་ན་གཅིག་བྲིས་ཀྱང་གདོན་གཟུགས་ཟེར་ནས་ཨག་སྐད་དང་ཨུག་སྐད་རྐྱང་རྒྱབ་ནས་དྲི་ངན་སྐད་ངན་གང་སར་གཏོར་བ་འདི་ཡ་མཚན་པོ་རེད། སྤྱིར་སྟངས་ང་ལྟ་བུར་གང་ལབ་ཀྱང་ཁྱད་པར་མེད། བྱད་མ་རང་གཤེད་རང་ལ་འབེབ་རྒྱུ་ལས་གཞན་གང་ཡང་མེད། ཕ་མ་བཟང་པོའི་བུ་ཕྲུག་ཡིན་ན་གཏམ་གཅིག་བཤད་ཀྱང་ཡ་རབས་ཚུལ་མཐུན་གྱི་གཏམ། ཡི་གེ་ན་གཅིག་བྲིས་ཀྱང་མཛའ་བརྩེ་འབྲི་ངེས། འོན་ཀྱང་གྲུབ་མཐའ་བཟང་པོ་ཡིན་ཟེར་ན་རང་རྒྱལ་གཞན་ཕམ་གྱི་སྐད་ངན་རྐྱང་སྒྲོག། རྫོགས་པ་ཆེན་པོ་བ་ཡིན་ཟེར་ནས་དུག་གསུམ་དུག་ལྔའི་ངར་སྐད་རྐྱང་སྒྲོག བླ་མ་བཟང་པོའི་སློབ་བུ་ཡིན་ཟེར་ནས་དྲ་གྲོགས་ཀུན་ལ་རྩིག་པའི་རྡོ་རིལ་བཞིན་ཀུན་ཏུ་འཁྲུགས། ད་དེ་ཚོ་ནི་རང་གི་ནང་རྟགས་ཡོད་ཚད་ཕྱི་རུ་བཏོན་པ་ལས་སུ་གཅིག་གིས་ཡ་བྱེད་མདོག་མེད། མི་དེའི་རིགས་ཀྱི་ཉམས་ལེན་གང་བྱེད་ཀྱི་ཡོད་མེད་་དགེ་རྒན་སུ་ཡིན་མིན་བརྟག་དཔྱད་གཏོང་དགོས་ངེས་རེད། གཟིགས་ཨ་་་ཡང་ངས་མིང་ནས་སྨྲོས་མེད་ཀྱང་རང་མཚངས་ཕྱི་རུ་ཐོན་ནས་ང་ཡིན་ཟེར་ནས་་་་་དཔུང་པ་བརྫེས་ནས་ཡོང་གི་རེད། ངས་འདིར་མིང་ནས་མ་བོས་ཀྱང་སུ་ལ་ཕོག་ན་དེ་རང་ལ་ཞུ་གི་ཡོད།
ཨ་ལས་ད་ཡིན་ན་་་་གཞི་ནས་ཧ་གོ་སོང། སྤོབས་མཐའ་ཟེར་བ་ཆོས་རྒྱུད་ཆོས་ལུགས་གང་དུ་གཏོགས་མིན་དང། ལྟ་བ་གང་ཡིན་མིན་ཤེས་སོང། ཁོང་གི་སྔ་ཕྱིའི་གཏམ་རྣམས་མི་མཐུན་པར་ཁག་མེད། ཡིན་ནའང་དྲ་གྲོགས་སྤོབས་མཐའ་ཞུ་བ་འདིའི་རྩོམ་རྩལ་ལེགས་ཀྱི། སྐད་ཆ་ཤོད་སྟངས་མཁས་ཀྱིས། རང་གི་ལྟ་གྲུབ་ཞེན་ཕྱོགས་གང་ཡིན་ཀྱང་མངོན་གསལ་དོད་པོས་མི་བཤད་པར་ཐབས་ལ་མཁས་པས་ཤོད་ལ་མཁས་ཀྱིས། ལྷག་པར་དུ་གཞན་གྱི་ཆོས་ལུགས་ལ་མངོན་གསལ་དོད་པོས་དགག་རྒྱག་མི་བྱེད་པར་ཟུར་ནས་ཚིག་མདའ་འཕེན་པར་མཁས་པ་སོགས་ཞིག་རེད། འོན་ཀྱང་སྔོན་མར་ཾཁོང་གིས་དམར་རྗེན་དུ་བཏོན་ཏེ་སྨྲས་པའང་མི་ཉུང་བ
ཞིག་ཡོད། ད་དེ་ཚོ་གླེང་ནས་གང་ཡོང། ང་ཚོས་བགྲོ་གླེང་ལ་འཇུས་ནས་གླེང་ནས་ཡག་གི་རེད།༠
སྤོབས་པ་ཡ་སྤོབས་པ།
བསྒྱུར་དུ་མེད་པའི་ལངས་ཕྱོགས་མི་རིགས་ཟེར།།
འཇམ་ནོར་བསྟོད་ལ་ཨུ་ཚུགས་བྱས་པ་འགལ།།
བགྲོ་གླེང་བྱེད་བཞིན་བློ་སྐྱེད་རག་སོང་ཟེར།།
སྐྱོན་ལ་ངོས་ལེན་མེད་པ་དེ་བས་འགལ།།
བདེན་པར་དང་ལེན་བྱས་ནས་འདིར་བསླེབས་ཟེར།།
ནམ་ཡང་རྫུན་པ་བློས་མི་གཏོང་བ་འགལ།།
སྔ་ཕྱི་མི་མཐུན་འགྱུར་ལྡོག་མང་བ་དེས།།
སྤོབས་པ་གཉིས་སམ་གསུམ་ཞེས་ལབ་གླེང་མང་།།
མཚོན་མདོག་མང་བས་གཞན་ལ་བསླུ་བ་ཡིན།།
བློ་བཟང་བཤད་སྟངས་ཁྱད་མཚར་མ་གསུངས་ཤིག །
ནག་པོ་ཡོད་ན་ངོ་འཕྲོད་འཇུག་དགོས་ཟེར།།
ནག་པོ་གཅིག་ལས་མེད་པ་ཁྱད་མཚར་རེད།།
རང་གཞན་དཀར་པོ་བཟོས་དགོས་ལོས་ཡིན་ཟེར།།
ཀུན་དང་མི་མཐུན་དཀར་པོ་ཁྱད་མཚར་རེད།།
འདི་ནས་པདྨ་མིང་ཅན་ལ་གཏམ་ཞིག་བཤད་འདོད།
ཁྱེད་ཀྱིས་ང་ལ་གང་ཞིག་ལབ་རུང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་ཅི་ཡང་མི་སྐྱོན།
རབ་བྱུང་ན་ཁྱེད་ཀྱིས་པར་དང་རྩོམ་གྱི་ཁ་བྱང་ཙམ་མིན་པར་མ་རྩོམ་དེ་ཡག་པོ་ཞིག་ཀློགས་རོགས།
ཁྱེད་ཀྱིས་གདོན་འདྲེ་དང་དཀྲུགས་ཤིང་ཟུར་ཟ་དང་སྐྱོན་བརྗོད་སོགས་མང་པོ་ཞིག་གསུངས་འདུག་སྟེ།
ངས་ནི་རང་གི་བསམ་ཚུལ་དང་རེ་བ་ཙམ་ཞིག་ཞུས་པ་ལས་སྐྱོན་བརྗོད་དང་དཀྲུགས་ཤིང་གི་གཏམ་མིན་པ་ནི།
མ་རྩོམ་རང་ན་གསལ་པོར་ཡོད་ལ་ད་དུང་རེ་བ་ཆེན་པོ་ཞིག་ཡོད་པའང་གསལ་པོར་བཀོད་ཡོད།
ངས་སྨྱུ་གུ་ལག་ཏུ་བཟུང་ནས་ད་བར་ཆོས་ལུགས་དང་ཆོས་ཀྱི་དབུ་འཁྲིད་སྐྱེས་ཆེན་དམ་པ་དག་ལ།
སྐྱོན་བརྗོད་ཀྱི་རྩོམ་ཡིག་རྐང་གཅིག་ཀྱང་བྲིས་མེད་པས་ཁྱེད་རང་ཁ་སྡིག་མ་སོག་རོགས།
ང་རང་བླ་མ་ཁོང་ལ་དད་པ་དང་ཡིད་ཆེས་ད་དུང་རེ་བའང་ཤིན་ཏུ་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན།
ཁ་སྔོན་ངོ་དེབ་ནས་པར་འདི་མཐོང་ཞིང་དེ་དུས་མི་ཚོས་ཧ་ལས་པའི་སྐྱོན་བརྗོད་བྱེད་ཀྱིན་འདུག་པས།
ང་ཡང་སེམས་པ་སྐྱོ་བོ་བྱུང་ལ་ཡིད་ཕམ་པོའང་བྱུང་སོང་།
མཐའ་དོན་ངས་འདི་ནས་རེ་བ་ཅུང་ཞུས་པ་ལས་སྐྱོན་བརྗོད་དང་དཀྲུགས་ཤིང་ནི་གཏན་ནས་མིན་པས།
ཁྱེད་ཀྱིས་ཅི་ཞིག་གསུངས་རུང་ང་ལ་མི་སྐྱོན་པས་རང་སྡིག་མ་སོག་རོགས་ཞུ་རྒྱུ་ཡིན།
དེ་མིན་ཁྱེད་ཀྱི་གཏམ་ཡོད་ཚད་ལ་ལན་ཞིག་འདེབ་པའི་དགོས་པ་མ་མཐོང་ངོ་།།
གཉའ་བར་ཁྱེར་བ་ཙམ་ལ་དེཙམ་ཡ་མཚན་མི་དགོས། དེ་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་རེད། ཧིན་དུ་རྣམས་མདུང་རྩེ་གསུམ་སྟེང་མཆོང་བ་དང། མེ་ལ་གོམ་པ་སྤོ་བ། ལུས་ལ་ལྕགས་ཟེར་རྒྱབ་ནས་ལྷའི་རྟེན་འདྲེན་པའི་བརྟུལ་ཞུགས་སོགས་ད་ལྟའང་རྒྱ་གར་ནང་ཡོད། ད་དུང་རྒྱ་གར་བའི་ལོ་རྒྱུས་སྐད་གྲགས་ཅན་བུ་ཞིག་ནས་རང་གི་ཕ་མ་རྒན་གོག་ལོང་བ་གཉིས་པོ་གཉའ་བར་ཁྱེར་བའི་ལོ་རྒྱུས་ཡོད། དེ་དགེ་ཆོས་ལགས་ནས་རི་མོར་བྲིས་གནང་འདུག
ལྷ་སྐུ་གཉའ་བར་ཁྱེར་བ་ཆོས་ལུགས་ཕལ་ཆེར་ནང་ཡོད། དེས་ན་ལྷ་དངོས་སུ་འཕེབ་ནའང་འཁྱེར་ངེས་རེད་སྙམ།
འོ་ན་ད་ལྟའ་དེ་ལྟར་གནས་དགོས་སམ་གསུངས་ན་ཐག་གཅོད་ཁག་པོ་རེད་བསམ།
བདག་ལ་བརྟེན་ནས་འགའ་ཞིག་ལ།།
ཁྲོ་འམ་དད་པའི་སེམས་བྱུང་ན།།
དེ་ཉིད་རྟག་ཏུ་དེ་དག་གི།།
དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག།
ཅེས་ཀྱང་སྨོན་ནོ།།
དྲ་གྲོགས་ཚོ། མ་གཞི་མི་ཁུར་ཆོག་དང་མི་ཆོག་གི་རྩོད་པ་དེ་ཆོས་ལུགས་ལ་འབྲེལ་བ་ཨེ་ཡོད་བསམ། སྤོབས་མཐའ་ཟེར་བ་དེ་ཆོས་ལུགས་ཞེན་ཁོགས་ཆེན་པོ་ཡིན་ན་ཡང་གང་ཡང་ཞེད་དགོས་ཀྱི་མ་རེད། ཐུགས་ལྷོད་ལྷོད་ཀྱིས། དེང་སང་ཆོས་ལུགས་ཕྱོགས་རིས་ཞེན་ཁོགས་ཆེན་པོ་དེ་ཚོ་དཀའ་ལས་ཁག་གི་ཡོད་པ་རེད། གྲྭ་དམག་རྒྱག་གི་ཡིན་ཟེར་ན་ཁྲིམས་འགལ་ཆགས། མཐུ་གཏང་གི་ཡིན་ལབ་ན་སྐྲག་རོགས་མི་བྱེད། ཕ་མེས་ཀྱི་ཆོས་རེད་ལབ་ན་མཁས་པ་ཚོ་ཡིད་ཆེས་རོགས་མི་བྱེད། ད་སྤོབས་མཐའ་སྙིང་ནད་ཀྱིས་ཤི་འགྲོ་གི་ཡོད་ན་ཡང་ཁོ་རང་གི་སྡུག་གྱོང་རེད།
དོལ་སྨྱོན་ནམ་བན་དེ་ལ་ཕོག་པར་དགའ་མོད། ཁ་ཆེ་དང་ཡེ་ཤུས་འདི་འདྲ་ལབ་ཀྱིན་མ་རེད། མ་རབས་སྣ་དགུ་བཤད་ནས་དད་པ་ཡོད་ཟེར་ན་འགྲིག་གམ། ཡིན་ན་ཡང་ངོ་ཚ་མེད་པ་ཁྱོད་ཚོས་་་་་་ཚིག་སྙན་པོས་སྨད་པ་འདིས་བུ་བསད་ནས་སྙིང་དྲོན་མོ་མ་ལ་སྦྱིན་ནས་ཟོས་ད་ཞིམ་ནི་རེད་ཨ་ཟེར་བ་ནང་བཞིན་རེད། ཤི་མདའ་ཁོག་ཏུ་བརྒྱབས། རྨ་ཁ་ཚིལ་གྱིས་བསུར་ཟེར་བ་དེ་རེད། མངོན་སུམ་ལ་སྙོན་མ་སྡང་ལོ། ། རྡར་སའི་ཁ་སྙན་ཁོག་རྩོག་གི་བླུན་རྒན་ཁྱེད་ཚོ། བྱི་ལས་ཆོས་བཞིན་དུ་སྤུན་ཟླའི་ཚེ་སྲོག་མེ་རུ་སྒྲོན་ནས་ད་དུང་སྙིང་རྗེ་ཟེར་ནས་ཁ་གཡང་འབོད་པ་ཁྱེད་ཚོས་ཟེར་ཤེས་ཡ། བསོད་ཟད་ཁྱོད་ལ་ཁ་ཏ་བྱས་མ་བྱས་མི་འདུག དོལ་འདྲེ་ཁྱོད་ཚོས་རྒྱལ་བ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་རྣམས་ལ་ཡང་ངན་སྨྲས་ཀྱི་དཔར་སོགས་མ་ཉེས་ཁ་གཡོགས་ཚད་ལས་འདས་པ་ཞུས་ཟིན་པ་ཤེས་ཡོད། ཚོགས་དྲུག་ཤེས་པ་བེད་སྤྱོད་ཡོད་ན་སྐྱག་རྫུན་མ་ཤོད་ཨ། ཐང་བདེ་ས་ནས་ཉི་མ་གཅིག་ལ་ཐུག་ཆོག་ཡ་་་་་་་་་
བན་དེ་བ། དང་པོ་རང་ཉིད་ཀྱིས་ཅི་ཞིག་བཤད་ཀྱི་ཡོད་ལེགས་པར་རྟག་དེ་ནས་མི་ལ་བཤད་ན་དགའ། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་ལྟ་བར་མེ་ལོང་དགོས་ཞེས་པ་དེ་ཅི་མ་བདེན།
པདྨ་ལ།
དང་པོར་ངེས་དགོས་པ་དེ་མཆན་བུ་བ་བན་དེ་ཞེས་པ་དེ་དང་དོལ་སྨྱོན་གཉིས་མི་གཅིག་མིན་པ་ངེས་པར་མཛོད་ཅིག དེ་ནས་ཁྱོད་ཀྱིས་ངས་༧ གོང་ས་སོགས་ཆོས་ལུགས་ཀྱི་སྣེ་འཁྲིད་དག་ལ་ངན་སྨྲས་དང་སྐྱོན་བརྗོད་བྱས་རབས་ཡང་དང་སྐྱར་དུ་ཤོད་ཀྱིན་འདུག་པས། དེ་དག་རེ་རེ་བཞིན་ཁུངས་བསྐྱེལ་བྱེད་རོགས། དེ་མིན་རྒྱུ་མཚན་མེད་པའི་ཉོག་གཏམ་མ་ཤོད་རོགས།
ཁ་བརྡ་དྲ་བ་ནི་ཅི་ཡང་ཡོད་ཆོག་ལ་གང་མེད་ཆོག་པའི་དྲ་ཚིགས་གུ་ཡངས་ཤིག་དང་། དེ་ནང་གི་རྩོམ་པ་པོ་དང་མཆན་བུ་བ་དག་ནི་བདེན་པ་དང་རྒྱུ་མཚན་ལ་གཞི་འཛིན་ཅིང་། རང་གི་ནོར་འཁྲུལ་སྨྲས་ཐུབ་ཅིང་གཞན་གྱི་ཡོན་ཏན་མཐོང་ཐུབ་པ། ད་དུང་ཁ་རྩེད་ལ་མཁས་ཤིང་རྩེད་མོ་ལ་དགའ་བའི་མི་སྣ་གུ་བདེ་ལྷོད་ཡངས་ཤ་སྟག་ཡིན་པས།
ཁྱོད་ལྟ་བུ་དག་སྣང་ཅན་དང་ཕྱོགས་རིས་ཅན་ཚོའི་མིག་ལ་མི་མཛའ་ཞིང་སྣ་བར་མི་སྙན་པས། རེ་ཞིག་རྐང་ཆག་ལག་ཆག་གི་ཡི་གེ་དེ་དག་དང་། བདེན་དཔང་དང་རྒྱུ་མཚན་མེད་པའི་གཏམ་འཆལ་དག་འདིར་མ་བཤད་ན་མཛེས་ཤིང་། ཁྲོན་སྦལ་གྱི་རྟུལ་ཞུགས་ལ་གནས་ན་དགའ་བར་སེམས་སོ།།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།
སྐྱེས་པ་ཉམས་པ་མེད་པར་ཡང་།།
གོང་ནས་གོང་དུ་འཕེལ་བར་ཤོག།
ངས་བྲིས་པའི་མཆན་༥༡ དེ་ཡི་ནང་དུ་ངས་ལན་བཏབ་ཅིང་ཅི་སྨྲས་པ་དེ་མིང་འདི་ཞེས་སྨྲས་པ་མེད་ཅིང་དེ་ཉིད་སུ་ཡི་སྣ་ལ་ཕོག་ཀྱང་དེ་ཉིད་འདི་ཡི་འབེན་གྱི་ཚ་ལུ་ཡིན་པར་ངེས་ཤིག
དོལ་སྨྱོན་ང་བན་དེ་བ་དང་དོལ་སྨྱོན་གཉིས་མི་གཅིག་མིན་ཚུལ་གྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད། དེ་གསལ་གསལ་ཐིང་ཐིང་དུ་ཁ་བརྡ་དྲ་བས་མཁྱེན་ངེས་རེད། མི་ངན་དེ་ཡི་རིགས་ནི་རྟག་ཏུ་ཆགས་སྡང་རྨོངས་པའི་དུག་ཆུ་སྐྱུག་བཞིན་ཡོད་པ་མཆན་བུ་དང་རྩོམ་པ་པོ་ཡོངས་ནས་མཁྱེན་ངེས་རེད། མི་དེ་ཡི་རིགས་ཀྱིས་ཉམས་ལེན་ཅི་ཞིག་བྱེད་ཀྱི་ཡོད་མེད་དང། དགེ་རྒན་བླ་མ་སུ་ཞིག་བསྟེན་མིན་དང་དེ་དག་གིས་ཅི་ཞིག་སློབ་མིན་ལ་དྭོགས་པ་ཆེན་པོ་འདུག
བཙན་ཤེད་དང་དང་བླངས་གཉིས་མི་འདྲའོ།
དྲ་གྲོགས་ཡོངས་དང་ལྷག་པར་སྤོབས་མཐའ་དང་བན་དེ་བ་གཉིས་ཀྱིས་བགྲོ་གླེང་ལྷུག་པོར་གནང་སོང་བས་མི་བུ་ང་རང་བློ་སྐྱེད་ཆེན་པོ་བྱུང་མ་ཟད་ང་རང་རྒྱལ་ནས་བསྡད་ཡོད་དོ།
སྤོབས་པ་འདི་ལོ་རབས་སུམ་ཅུ་བའི་ནང་གི་རྒྱ་ནག་གི་གྲོང་ཁྱེར་རྙིང་པ་ཧྲང་ཧེའི་སྐུ་དྲག་ཅིག་གི་རྣམ་ཤེས་ཡིན་པ་འདྲ། དེ་དུས་འདྲུད་འཁོར་ཁ་ལོ་བ་ཚོས་སྐུ་དྲག་གི་ལག་ནས་དངུལ་ལེན་ན་ཁྱོད་ཀྱི་རྔུལ་དང་ཁྲག་གཉིས་ཀ་གཅིག་མ་འདྲེས་ན་ལོན་ནི་མ་རེད། རྩེད་མོ་ཡིན།
དོལ་འདྲེ་ཁྱོད་ཀྱིས་་བདུད་འཇོམས་རིན་པོ་ཆེ་ལ་་་་ཕྱི་ནས་ཆོས་གོས་གྱོན་ཅིང་ནང་ནས་བུད་མེད་སྒྱོ་བའི་ཕུང་སུམ་པ་དག་ལ་རེ་བ་མེད་ལ་དད་པའང་མེད།ཁ་ནས་གཞན་དོན་གྱེར་ཞིང་ཁོག་ཏུ་རང་དོན་གཉེར་བའི་མཁན་སྤྲུལ་དག་ལའང་དེ་བཞིན་ཡིན། ཞེས་དང་།སྣང་བ་སྐྱིད་པོ་ཞིག་དང་མིང་བྱང་ཆེན་པོ་ཞིག་ཁུར་ནས།མུ་མཐུད་ནས་མི་ཡི་གཉའ་བར་མ་ཞོན་རོགས། ཞེས་མཆོད་འོས་བསླུས། འགྱོད་མེད་འགྱོད་པར་བསྐྱེད། དམ་པར་བསྐུར་འདེབས། འགྲོ་ལ་གཡོ་སྒྱུ་བྱས་ནས་ཁ་ལག་གིས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།སྐྱེས་པ་ཉམས་པ་མེད་པར་ཡང་།།གོང་ནས་གོང་དུ་འཕེལ་བར་ཤོག།ཟེར་ན་ཁ་ཁོག་དང་བསམ་སྤྱོད་མ་མཚུངས་པའི་དོལ་པོ་ཀླད་མེད་ཁྱོད་ཀྱི་སྨོན་ལམ་འགྲུབ་པར་གདོན་མི་ཟའོ། །
ང་ནི་རྒྱུ་མཚན་ལ་དགའ་བའི་མི་དེ་རིགས་ཀྱི་གྲས་ཡིན། ད་ལན་ངས་སྤོབས་པ་བདེན་ཁ་མི་སྟེར་རང་སྟེར་ཆགས་སོང་། ཁོ་ཁོ་ན་ལ་ད་གཟོད་བདེན་པ་ཡོད་ཀི། གཞན་ཚོ་སྐུ་རླུང་བཞེངས་ན་དགོངས་དྭངས་ཞུ། ཧུ་ཧུ།
སྤོབས་པ་ལ།
ཡང་སྐྱར་པདྨ་མ་ལ་ཁ་ཞིག་སྒྲག་དགོས་ཐུག་སོང་།
ཁྱོད་ཀྱིས་ང་ཡི་རྩོམ་ཡིག་ལ་རོལ་མྱོང་བྱེད་ཐུབ་མི་འདུག ་་་་་ཕྱི་ནས་ཆོས་གོས་གྱོན་ཅིང་ནང་ནས་བུད་མེད་སྒྱོ་བའི་ཕུང་སུམ་པ་དག་ལ་རེ་བ་མེད་ལ་དད་པའང་མེད། ཁ་ནས་གཞན་དོན་གྱེར་ཞིང་ཁོག་ཏུ་རང་དོན་གཉེར་བའི་མཁན་སྤྲུལ་དག་ལའང་དེ་བཞིན་ཡིན།་་་་་་ཚིག་འདི་དག་ནི་ཁོང་ལ་ཞུ་བ་མིན་ཏེ། ཕུང་སུམ་དག་་་་མཁན་སྤྲུལ་དག་་་་ཅེས་པའི་ཚིག་གཉིས་པོས་གསལ་བཤད་བྱས་མི་འདུག་གམ། དེ་དག་ནི་རང་རེའི་སྤྱི་ཚོགས་ནང་ཇེ་མང་ནས་ཇེ་མང་རེད།
་་་་་མདུན་རྒྱབ་གང་ནས་བལྟས་རུང་ཁྱེད་ལ་རེ་བ་ཞིག་དང་དད་པ་ཞིག་སྐྱེ་བཞིན་འདུག་པས། མིག་ལ་མི་མཛེས་པའི་སྤྱོད་ངན་དེ་རིགས་རིང་ནས་རིང་དུ་སྤོངས་རོགས།་་་་ཁོང་ལ་ཞུ་བའི་ཚིག་ནི་འདི་ཡིན་ཏེ། ཁྱེད་་་་ཅེས་པའི་ཚིག་འདིས་གསལ་སྟོན་བྱས་ཡོད།
་་་་་སྣང་བ་སྐྱིད་པོ་ཞིག་དང་མིང་བྱང་ཆེན་པོ་ཞིག་ཁུར་ནས། མུ་མཐུད་ནས་མི་ཡི་གཉའ་བར་མ་ཞོན་རོགས།་་་་འདི་ནི་ཁོང་ལ་ཞུ་བ་ཡིན་ཀྱང་། མ་གུས་པ་དང་ཟུར་ཟ་བ་མིན་མོད་སེམས་ཚོར་ཆེན་པོ་ཞིག་གིས་དེད་སོང་བ་རེད།
རབ་བྱུང་ན་དང་པོ་རྩོམ་ཡིག་ལ་ཞིབ་ཆ་ཡག་པོ་བྱས། དེ་ནས་མདུན་རྒྱབ་དང་དངོས་ཡོད་ལ་བསམ་བློ་ཡག་པོ་བཏང་། དེ་ནས་དོན་དང་ལྡན་པའི་སྐད་ཆ་རེ་བཤད་ན་རང་གཞན་ཀུན་ལ་མཛེས་མོད། དོན་ལ་མི་འཇུ་བར་སྐྱོན་བརྗོད་ཁོ་ནས་ཅི་ཡང་མི་ཕན་ནོ།།
གང་དག་བདག་ལ་ཁ་ཟེར་རམ།།
གཞན་དག་གནོད་པ་བྱེད་པ་འམ།།
དེ་བཞིན་ཕྱར་ཀ་གཏོང་ཡང་རུང་།།
ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར།།
གཉའ་བར་ཞོན་པ་མ་རེད། གཉའ་བར་བཞོན་དུ་བཅུག་པ་རེད། ཉེས་པ་ཚང་མ་ལྐུགས་པ་ཁྱུ་གཅིག་པོ་འདི་ཡིན།
བྱས་ཙང་ངས།
་་་་་་ཤེས་མེད་ཚོས་སྤྱི་བོར་བཀུར་སྲིད་ལ་ཞབས་ལའང་གཏུགས་སྲིད་པས།
རང་ཉིད་ཀྱི་མི་བུའི་འདུ་ཤེས་དེ་ནམ་ཡང་མ་འདོར་རོགས།་་་་་་
ཞེས་བྲིས་ཡོད།
ཞོན་མཁན་གྱིས་གཉའ་བར་བཞོན་པ་མ་རེད། འཁུར་མཁན་གྱིས་གཉའ་བར་འཁུར་བ་རེད། ལགས། མ་རེད་པེ་ལགས།
མ་ཞོན་ནས་ཁུར་བ་རེད་དམ། ཞོན་མཁན་མེད་ན་ཁུར་རྒྱུ་གང་ཁུར་བ་རེད་དམ། ཟིན་མཚམས་དེ་རིགས་དྲང་ངེས་ཀྱི་འགྲེལ་བ་འདྲ་བྱེད་ན་མ་གཏོགས་རྒྱུ་མཚན་མི་འདུག ད་ཞོན་མཁན་གྱིས་ཞོན་དུ་ཆུག ཁུར་མཁན་གྱིས་ཁུར་དུ་ཆུག རྔུལ་ཆུ་ཟག་ན་ཟག་ཏུ་ཆུག རང་སྡུག་རེད། སྐྱིད་པོ་གཏོང་མཁན་གཏོང་དུ་ཆུག སྡུག་པོ་མྱོང་མཁན་མྱོང་དུ་ཆུག མ་རེད་པས། ཨ་ལགས།
དོལ་པོ་པ་ཁྱོད་ཀྱིས་སྐྱུག་པ་སླར་ཡང་ཟ་བསམ་གྱིན་འདུག་གམ།
ངས་བསམ་ན། ང་ཁྱེད་ཚོའི་གཉའ་བར་བཞོན་བཅུག་རོགས་མ་གསུངས་གོང་ལ། བླ་དཔོན་ཁྱོད་རང་ང་ཚོའི་གཉའ་བར་འཁུར་དུ་བཅུག་རོགས་ལབ་པས་མིན་ནམ། ལགས།
པདྨ་ལགས།
སྐྱུག་པ་སླར་ཟ་བ་དང་སྐད་ཆ་གཞན་དུ་གཡོལ་བ་མ་རེད། རྩོམ་ཡིག་རང་གི་དངོས་བསྟན་རེད། བློ་གཟུ་བོར་གནས་པའི་སྒོ་ནས་རྩོམ་ཡིག་གི་ཚིག་རེ་རེ་ལ་བསམ་བློ་གཏོང་རོགས། དེ་ནས་འགྲིག་མིན་འདུག་ན་གསུངས་ཤོག
དེ་མིན་ཉོག་གཏམ་དག་གིས་ཉོབ་འཇུག་གི་འདུག
སོ་སོའི་ག་རེ་བཤད་ཀི་ཡོད་མ་ཤེས་ཅལ་སྒྲོག་མ་བྱེད་ལོ།
སོ་སོའི་ག་རེ་བཤད་ཀི་ཡོད་མ་ཤེས་ན་ཅལ་སྒྲོག་མ་བྱེད་ལོ།
སོ་སོའི་ག་རེ་བཤད་ཀི་ཡོད་ཟེར་ནིའི་བོད་སྐད་ཞིག་ཡོད་པ་མ་རེད།
སོ་སོས་ག་རེ་བཤད་ཀི་ཡོད་ཟེར་བ་རེད།
པད་མྱིང་ཅན་པོ།
སྒོར་མོའི་ཆེད་དུ་གཉའ་བར་འཁུར་ཡང་མི་སྐྱོན་གི ཞོན་མཁན་ཁོ་རང་གིས་བཙན་གྱིས་འཁུར་བཅུགས་པ་མ་ཡིན་པར་འཁུར་མཁན་ཁོ་རང་གིས་སྒོར་མོ་འགའ་རེག་སོང་སྙམ་པས་དགའ་དགའ་སྤྲོ་སྤྲོའི་ངང་ནས་སྐྱེལ་ཤག་ན་དེ་རེད་མོད། འདི་ན་རྩོད་རྒྱག་རྒྱུ་ཅང་མེད་ཀ་ནི་མ་ཟིག་རེད་ཀོ
ང་ཚོས་རྒྱུ་མཚན་རྩ་ནས་ཧ་མ་གོ་བར་འདྲ་པར་ལ་བལྟས་ནས་གང་བྱུང་བྱུང་ཡིག་ངན་བྲིས་ན་དགོས་པ་ཞིག་ཨི་འདུག་བསམ། ཞི་བ་ལྷས། སྐྱོན་བརྗོད་ན་ངོས་ན་བརྗོད་དགོས་། ཡོན་ཏན་ཡོད་ན་་ལྐོག་ནས་བརྗོད། ངོས་སུ་་བརྗོད་མི་ཉེན་གསུངས་ཡོད། ང་ཚོས་ད་དེ་འང་རྒྱབ་འགལ་ཅང་བཟོ་བསྡད་པ་ལྟ་བུ་མཐོང་། རང་གཞན་གཉིས་ཕུང་འགྲོ་བས་དེས་བོད་བསྟན་པ་ཆབ་སྲིད་གང་ལའང་ཕན་པ་ལས་སྐྱོན་མི་ཆེ་འམ། ས་པན་གྱི་གསུང་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པ་གཞན་དུ་རྒོལ། ཅེས་གསུངས་པ་དོན་ལ་འགྲོ་ཉན་འདུག་པས་མཁས་དབང་རྣམ་དགོངས་འགལ་མེད་པར་ཞུ།
བོད་དུ་བན་དེ་ཆོས་མ་བསྒྱུར་གོང་དུ། བོད་དུ། ལག་པས་བྲིས་པའི་ཡི་གེ་ཡོད་རུང་མེད་རུང་། བོད་ཀྱི་སྐད་དེ། རྒྱ་གར་གྱི་རིག་གཞུང་ལེན་ཐུབ་པའི་སྟོབས་དང་ལྡན་པ་ཞིག་ཡིན་པ་ལ་ཐེ་ཚོམ་མི་འདུག དེ་འདྲ་སྟོབས་དང་ལྡན་པའི་སྐད་ཇི་ལྟར་ཆགས་པ་ཡིན། འདི་ལ་རྣམ་དཔྱོད་ཀྱིས་བསམ་དགོས་པ་ཞིག་མ་ཡིན་ནམ།
སྔར་ལམ་ཁ་བདེ་པོ་མེད་ཙང་ཞོན་མཁན་གྱིས། གཉའ་བར་བཞོན་པ་རེད། དེ་འགྲིགས་པ་རེད། འཁུར་མཁན་གྱིས། འཁུར་འོས་ཅིག་གཉའ་བར་འཁུར་བ་རེད། དེ་ཡང་འགྲིགས་པ་རེད། འོནད་ཀྱང་དུས་ནམ་ཡང་ཉམས་ཆུང་ལ་མགོ་སྐོར། ཐུབ་ཚོད་དང་བརྙས་བཅོས་བྱ་རྒྱུ་ཡོད་མ་རེད་དོ། །གལ་སྲིད་བྱས་ན་རང་གི་ལས་དེས། རང་གི་གཉའ་བར་ཞོན་པ་ར་ངེས་པས་བག་ཟོན་གྱིས་ཤིག །