འབའ་སྲས།
སྨན་ཤར་བུ་མོའི་ལྟེ་བའི་གཡུང་དྲུང་གཡས་སུ་འཁྱིལ་བའི་འདབས་རོལ་ན།།
ཙོང་སྐམ་འདྲ་བའི་བརླ་ཡི་ཕུག་ན་བྱུ་རུ་དམར་བོའི་ཁ་སྒོ་ཅན།།
དཀྱིལ་ན་བྱ་ཡི་ལྕེ་ཡིས་མཛེས་ཤིང་མཐའ་རུ་འདོད་སྤུ་ནགས་ཀྱིས་བརྒྱན།།
རིན་ཆེན་སྟོང་གིས་བསྒྲུན་དུ་མེད་པའི་གཉའ་མ་འབོད་པའི་ཁ་འདི་གནས།།
སོར་མོའི་ཆར་གྱིས་བརླན་པར་བྱས་ན་བྱ་ལི་ལྕེ་ཡི་ཟེའུ་འབྲུ་དགོད།།
ལིང་གའི་རྩེ་མོའི་འོད་ཀྱིས་རེག་ན་ཁ་ཤའི་འདབ་མ་ཡངས་པོར་ཕྱེས།།
བུད་མེད་ལུས་ཀྱི་སྐྱེད་ཚལ་དེ་ན་ཅུང་ཟད་འབུར་ཞིང་དམར་བ་ཡི།།
ཤ་ཡི་མེ་ཏོག་པད་མ་ཅན་འདི་མཐོ་དམན་ཀུན་གྱི་ཡིད་དུ་འོང་།།
གཉའ་མའི་དབྱིབས་གཟུགས་སེམས་ལ་དྲན་ན་ལུས་ཀྱི་བ་སྤུ་གྱེན་དུ་གཡོ།།
ལག་པས་ཁ་སྒོར་རེག་པ་ཙམ་གྱིས་སྲོག་གི་རྩ་ཕྲན་འཁྱུག་པར་ནུས།།
མཇེ་ཡི་མགོ་བོ་ནང་ལ་ཤོར་ན་ཟུངས་ཁྲག་དཀར་བོ་ཁོག་ལ་འདྲེན།།
བུད་མེད་འདོམས་ཀྱི་བྷ་ག་འདི་ལ་རྫུ་འཕྲུལ་སྟོང་གི་ནུས་པ་ལྡན།།
ལྕེ་ཡི་རྩེ་མོས་རེག་རེག་བྱས་ན་ད་ར་གསར་བའི་བྲོ་བ་སྟེར།།
ཁ་དང་ལྕེ་ཡིས་མཉམ་དུ་འཇིབ་ན་རོ་དྲུག་བསྲེས་པའི་མངར་ཁ་བརྡོལ།།
ཡང་དང་བསྐྱར་དུ་རོལ་བར་བྱས་ན་ཞིམ་ཞིང་མངར་བའི་ཟས་མཆོག་ཉིད།།
འདོད་ལྡན་སྐྱེ་བོའི་ཁ་ལ་ཞིམ་པའི་གཉའ་མ་སྦྲང་མའི་སྦྲང་རྩི་འདྲ།།
གཉའ་མའི་ཁ་སྒོ་ཅུང་ཙམ་ཕྱེས་ན་མེ་ཏོག་འདབ་མ་བཞད་འདྲ་ཡིན།།
གཉའ་མའི་ཕུག་ཏུ་མཇེ་ཡིས་བསྣུན་ཚེ་ཉི་མ་སྟོང་གི་དྲོད་ཁོལ་མཆིས།།
ཁ་ཡིས་བསྡམས་ཤིང་ཕུག་ན་དྲོ་བའི་ཤ་ལས་གྲུབ་པའི་འཕྲུལ་འཁོར་འདིས།།
སྐབས་རེར་དམྱལ་བའི་མཐིལ་ལ་འཕེན་ཞིང་ལན་རེར་དག་པའི་ཞིང་ལ་འདྲེན།།
གྲྭ་བས་གཉའ་མ་དགོན་ནས་དྲན་ན་ཁུ་བ་བན་ཆུང་བརླ་རུ་འཆོར།།
མི་རྐྱང་དག་གིས་གྲོང་ནས་དྲན་ན་འདོད་ཆུ་ལག་པའི་མཐིལ་ནས་གཏོར།།
རྒད་པོ་དག་གིས་མལ་ནས་དྲན་ན་ཁུ་བ་གཅིན་དང་མཉམ་དུ་ཤོར།།
གཉའ་མའི་ཤ་འདི་སྟོབས་ལྡན་མིན་ཡང་ཀུན་གྱི་སེམས་ན་སྟོབས་དང་ལྡན།།
རྒྱལ་བོ་རྣམས་ཀྱིས་གཉའ་མ་དྲན་ན་འཁོར་ཚོགས་སྐྱོང་བའི་སྲིད་དབང་འདོར།།
བླ་མ་མཁས་པས་གཉའ་མ་དྲན་ན་ཆོས་འཁོར་བསྐོར་བའི་གདུགས་དཀར་བོར།།
མཆོག་དམན་ཀུན་གྱིས་གཉའ་མ་དྲན་ན་གཉའ་ཡི་ལས་དོན་བློས་གཏོང་ཐུབ།།
གཉའ་མ་ཡན་ན་རྩ་ཆེན་མེད་པ་ཀུན་གྱི་སེམས་ན་གསལ་གསལ་ཡིན།།
གཉའ་མའི་དོན་ལ་སྐྱེས་བུ་མཆོག་གིས་བུད་མེད་དམན་ཡང་མགོ་ལ་བཀུར།།
དཔོན་པོ་རྣམས་ཀྱིས་གཉའ་མའི་ཆེད་དུ་དེ་རིང་བྱ་བ་རྗེས་སུ་སྣུར།།
གཉའ་མ་འདི་ཡིས་སྐད་ཆ་མི་གོ་ཀུན་གྱིས་འདི་ལ་སྙིང་གཏམ་བརྗོད།།
བསམ་ཞིང་བསམས་ན་གཉའ་མ་འདི་ནི་ཀུན་གྱི་ཡ་ཆུང་ཁོག་གི་སྙིང་།།
རཱ་མ་ཎ་ཡིས་གཉའ་མའི་དོན་ལ་རྒྱལ་ས་དོར་ནས་ནགས་སུ་བསྐྱོད།།
གཞོན་ནུ་ཟླ་མེད་གཉའ་མའི་ཆེད་དུ་སྟོབས་ལྡན་གྱད་མིའི་དམག་ཆེན་དྲངས།།
ཨ་ཁུ་སྟོན་པ་གཉའ་མའི་དོན་དུ་མཇེ་ལ་རྡོ་བ་འདོགས་དགོས་བྱུང་།།
འབྲུག་པ་ཀུན་ལེགས་གཉའ་མའི་དོན་ལ་འབྲུག་གི་བཙན་པོས་སྤྱུགས་སོ་ལོ།།
ཀུན་གྱིས་གཉའ་མར་དམོད་པར་བྱེད་ཀྱང་ཀུན་གྱི་ལུས་རྟེན་འདི་ལས་བྱུང་།།
ཚང་མས་གཉའ་མ་བཙོག་པར་སྒྲོགས་ཀྱང་གསང་བའི་སེམས་སུ་གཙང་མར་གནས།།
དེ་བས་ཁོ་བོས་གཉའ་མར་བསྟོད་ཅིང་གཉའ་མའི་མིང་གིས་ཡང་ཡང་འབོད།།
གཉའ་མ་ལྡན་པའི་བུད་མེད་རྣམས་ལ་ཁོ་བོའི་གཉའ་རྩོམ་འདི་ཡིས་བསྟོད།།
༡༧/༡༢/༡༤ ཕྱི་དྲོར།
རྒན་མོའི་གཉའ་ཤ་ཆོད་ལ་སྐེ་རུ་ཐོགས། །
གཉའ་མའི་འདྲ་པར་མཆོད་བཤམ་ནང་དུ་ཤོམས། །
གཉའ་མ་ཞེས་པའི་གཟུངས་སྔགས་བཞི་མདོར་སྒྲོགས། །
གཉའ་མའི་ཡོན་ཏན་རང་གི་སྲིང་མོར་རྗོད། །
གཉའ་མ་བཤད་ན་ཨ་ཁུ་དགའ་དྲོག་དྲོག །
གཉའ་རྩོམ་བྲིས་ན་ཡེ་ཤེས་དགའ་ལྷང་ལྷིང་།།
གཉའ་མར་ཁྱོད་ཀྱང་དགའ་ལ་ང་ཡང་དགའ།།
ཨ་ཁོ་གཉིས་ཀ་གཉའ་མའི་ནང་ནས་སྐྱེས།། ཧེ་ཧེ།
མིང་དང་ཚིག་གིས་མ་འདང་མ་ཡིན་ན།
གཉའ་མ་རག་ལྡང་སྟོད་ནི་མ་ཉན་ཟིག།
རིག་ཙམ་ཕུར་ཙམ་ལྡག་ཙམ་བྱས་བ་ལས།
རྩ་སྟོང་མདུད་པའི་ཆགས་ཀློང་མ་ཁྲོལ་ཟིག།
ཧ་ཧ་ཧ།
གཉའ་བསྟོད་ཐོས་པ་ཞེན་ལོག་རེད་འདུག
སེམས་པའི་སེམས་གཏམ་འདི་གར་གླེང་ན།།
སེམས་དང་སེམས་པར་ན་ཟུག་མ་སྐྱེས།།
སེམས་ཀྱི་ཉམས་ལེན་སེམས་ནས་དོར་བཞིན།།
སེམས་འཆལ་སེམས་བྲེལ་བན་ལོག་ཆ་རེ།།
ཆགས་གཏམ་ཆགས་པའི་སེར་མོ་བསླུ་བཞིན།།
ཆགས་གཏམ་དམར་པོའི་སློབ་ཕྲུག་བསླུ་བཞིན།།
ཆགས་རྩོམ་རྩོམ་ལ་མཐེ་བོང་བསྒྲེངས་བཞིན།།
ཆགས་རྩོམ་བྲིས་ནས་མི་ཚེ་རྫོགས་ཐལ།།