དོལ་སྨྱོན།
ཉལ་བ་གཉིད་ཀྱི་བདེ་བ་ནི།།
བདེ་བ་ཀུན་གྱི་ཡང་རྩེ་སྟེ།།
བདེ་ཆེན་བདེ་བ་ཆེན་པོའི་ངང་།།
ང་རང་གཏན་དུ་ཉལ་བར་འདོད།།
ཞོགས་ཟས་ཟ་བར་མི་དགོས་ཤིང་།།
ཉིན་ཟས་བཟོ་བར་མི་དགོས་པ།།
འོད་གསལ་སྒྱུ་མའི་ཏིང་འཛིན་ལ།།
ཉལ་སའི་ནང་ནས་རོལ་བར་མཛོད།།
སྲོག་ཆགས་འབུ་སྲིན་ཕྲ་མོ་དག།
རྐང་པས་བརྫི་བའི་དོགས་པ་མེད།།
སྨན་ཤར་བུ་མོའི་འཕོངས་ཤ་ལ།།
མིག་ཟུང་ཅེར་བའི་ངལ་བ་མེད།།
ངན་པ་དགུ་འཛོམས་ཡིན་ནའང་ཡིན།།
བཟང་པོ་བཅུ་འཛོམས་ཡོང་ནའང་ཤོོོོ
ཉལ་བ་གཉིད་ཀྱི་བདེ་བ་ལ།།
གཟའ་སྐར་བརྩི་བའི་ལུགས་སྲོལ་མེ
ནམ་མཁའ་སྔོན་མོ་རྡིབ་ནའང་རྡིབ།།
ས་གཞི་སེར་པོ་འཐོར་ནའང་འཐོར།།
ང་རང་གཉིད་ཀྱི་བདེ་བ་ལ།།
རོལ་རྒྱུ་བྱུང་ན་དེ་གས་ཆོག།
ཁྱིམ་མཚེས་སྐད་ཅོར་མེད་པར་ཤོག།
ཁ་པར་གཏོང་མཁན་མེད་པར་ཤོག།
སྐད་འཕྲིན་བསྐུར་མཁན་མེད་པར་ཤོ
ཁུ་སིམ་ངང་དུ་གཉིད་པར་ཤོག།
རིན་གྱིས་ཉོ་བར་མི་དགོས་ཤིང་།། ཟད་པའི་ཕངས་སེམས་མི་དགོས་པར།། བདེ་བ་ཆེན་པོའི་རྣལ་འབྱོར་ལ།། ངོམས་པ་མེད་པར་རོལ་བར་མཛོད།།
6,1,2014 ངན་པ་དགུ་འཛོམས་ཉིན།
དགེ་བ།
ངན་པ་དགུ་འཛོམས་ཉིན་གྱི་ཀུན་སློང་དགེ་སེམས་གཉིད་དཀར་འདི། །
ངན་པ་དགུ་འཛོམས་རྐྱེན་གྱིས་སྡིག་པ་ཡིན་པར་སུ་ཡིས་གསུངས། །
སྡིག་པ།
བཟང་པོ་བཅུ་འཛོམས་ཉིན་གྱི་ཀུན་སློང་སྡིག་སེམས་གཉིད་ནག་འདི། །
བཟང་པོ་བཅུ་འཛོམས་རྐྱེན་གྱིས་དགེ་སེམས་ཡིན་པར་སུ་ཡིས་གསུངས། །
དེས་ན།
ངན་པ་དགུ་འཛོམས་རེད་ཅེས་རྣམ་རྟོག་ངན་པ་བྱ་མི་རུང་། །
བཟང་པོ་བཅུ་འཛོམས་རེད་ཅེས་བཟང་བའི་རེ་བའང་བྱ་མི་རུང་། །
གཉིད་ལམ་མམ་རྨི་ལམ་ནང་དུ་ཉམས་ལེན་ཧ་ལས་པ་བྱ་རྒྱུ་འདུག། གཉིད་ལ་རྣམ་གྲངས་མང་པོ་ཡོད། གཉིད་ཁུག་སྟངས་ལ་སྦྱང་པ་བྱས་ནས་འོད་གསལ་གྱི་གཉིད་ལ་རོལ་ཐུབ་ན་ཉིན་མོར་ཉམས་ལེན་བྱས་པ་ལས་ཀྱང་ཡག་བ་ཡོད་རབས་གསུངས་ཡོད་ས་རེད།
འོད་གསལ། ?
སད་དུས་ཀྱི་འོད་གསལ། ?
གཉིད་དུས་ཀྱི་འོད་གསལ། ?
སྔ་སར་གཉིད་ལོག
སྔ་སར་གཉིད་ལོངས་།
ཁམས་བཟང་མིར་གྱུར།
བློ་ནོར་ཅན་བྱོས།།
་
Benjamin Franklin (༡༧༠༦་ནས་༡༧༩༠) གྱིས་གསུངས་སོ།