སྤྱན་ཆེན་པོ།
རི་ཚོགས་ཀྱི་རྩེ་ནས་ཀི་ཞིག་བཏབ
ཆུ་བོའི་འགྲམ་ནས་གཞས་ཤིག་བཏང
གྲིབ་མས་གྲིམ་མ་སྒྲིབ་པས
མེ་ལོང་གི་ངོས་སུ་ལྕེབས་འདུག་པ་ནི
གླུ་སྐད་དེའོ ཀི་སྒྲ་དེའོ
ཉི་མ་ཤར་ནས་འཆར་ཏེ་ནུབ་རིའི་ཕག་ལ་ཡལ
རི་ལུང་གིས་སྔར་བཞིན་གདུང་འབོད་བྱེད་ཞོར
མུན་པའི་ལྭ་བ་གྱོན་ནས་གཉིད་དུ་ཡུར
འོན་ཀྱང ལྷམ་ཡ་གཅིག་ལས་མེད་པ་དག
ད་དུང་གཉིད་མི་འདུག
༢༠༡༥-༡༠-༢༦