མཚེ་མ་བརྒྱད་
ཨ་རིའི་ཁ་ལི་ཕོར་ནི་ཡའི་མངའ་སྡེའི་ནང་བུད་མེད་ཅིག་ལ་ཉེ་ཆར་མཚེ་མ་བརྒྱད་སྐྱེས་ཡོད་འདུག བུ་མོ་གཉིས་དང་བུ་དྲུག་ཡོད་པ་རེད་འདུག བྱིས་པ་རྣམས་གཤགས་བཅོས་ཀྱི་ལམ་ནས་སྐྱེས་པ་ཡིན་མོད་ཚང་མས་ངུ་སྐད་ཙག་གེར་བཏོན་པ་དང་བཅས་རང་ངོས་ནས་དབུགས་འབྱུང་རྔུབ་བྱེད་པ་དང་། རྒྱ་མ་གཅིག་ལྷག་ཙམ་རེ་ཡོད་འདུག
ཁྱིམ་མི་སྡེབ་གསོད།
ཡང་མངའ་སྡེ་དེའི་ནང་གི་མི་ཚང་གཅིག་གིས་བཟའ་ཚང་གཉིས་ཀའི་ལས་ཀ་ཤོར་བ་ལ་བརྟེན་ནས། ཁྱོ་ག་དེས་མེ་མདའ་བརྒྱབ་སྟེ་ཆུང་མ་དང་བུ་ཕྲུག་ལྔ་བཅས་བསད་རྗེས་རང་གསོད་བྱས་ཡོད་འདུག
མཁལ་མ་ཚུར་ཁྱེར་ཤོག
ཡང་ཨ་རིའི་བཟའ་ཚང་ཞིག་འགྲིག་པའི་སྐབས་སུ་ཆུང་མ་ལ་ཁྱོ་གའི་མཁལ་མ་བྱིན་ཡོད་པ་དང་། ཉེ་ཆར་ཆུང་མས་དགའ་རོགས་བཙལ་བ་ལ་བསྙད་ནས་བཟའ་ཚང་འཐོར་རྒྱུའི་ཁ་མཆུ་བརྒྱབ་ཡོད་པ་དང་། སྐབས་དེར་ཁྱོ་གའི་མཁལ་མ་ཚུར་འཁྱེར་ཤོག་ཅེས་བཤད་ཀྱིན་ཡོད་འདུག
དངོས་གནས་དྲང་གནས་གཏམ་ཉོག་རེད་འདུག
རྗེས་ཕྱོགས་གཏམ་ཉོག་འདི་འདྲའི་རིགས་འཁྱེར་མི་ཡོང་བའི་རེ་བ་ཡོད།
མིག་གིས་རིག་རིག་ཚང་མ་དང་རྣ་ཡིས་གོ་གོ་ཚང་མ་འབྲི་རྒྱུ་ཞིག་མ་རེད་ལ་དེ་ཚོ་བྲིས་བསྡད་ནའང་དགེ་མཚན་ཆེན་པོ་མེད།
གཏམ་ཉོག་འདི་དང་མཉམ་དུ་ངེད་ཀྱིས་ཀྱང་གཏམ་ཉོག་ཞིག་བཤད་འདོད་སྐྱེས།
དེ་ནི་དེ་རིང་སང་ཉིན་གྱི་་གསར་འགོད་པ་ཡིན་ཟེར་མཁན་དེ་ཚོ་རེད། གནས་ཚུལ་དང་བསམ་ཚུལ་མཉམ་བསྲེས་བྱས།
སྒེར་གྱི་གནས་ཚུལ་དང་གཞུང་གི་གནས་ཚུལ་འགོད་ནོར་བྱས། གསར་འགྱུར་བསྡུ་ས་ནས་གནས་ཚུལ་མ་བཙལ་བར་སྒེར་གྱི་ཚོར་བ་བཤད།
མཚམས་མཚམས་ལ་སྒེར་གྱི་ཚོར་བ་དེ་གསར་འགྱུར་བཟོས། ཞིབ་འཇུག་མེད་པར། བརྟག་དཔྱད་མེད་པར། རྒྱུས་ལོན་མེད་པར།
ལག་ཏུ་ཡོང་ཡོང་ཚང་མ་གསར་འགྱུར་དུ་འཁོད་བཞིན་འདུག
གཏམ་ཉོག་མ་རེད། འཕྲིན་གསར་རེད། མི་སྒེར་གི་འཚོ་བ་དང་ཚོར་བ་འབྲི་རྒྱུ་དེ་གལ་ཆེན་པོར་མཐོིང་། རྒྱལ་ཁབ་ཅིག་ཡིན་ན་ཡང་མི་སྒེར་མང་པོ་ཅིག་གིས་གྲུབ་པ་མ་ཡིན་ནམ།
ང་ཚོས་མི་སྒེར་གི་འཚོ་བ་སྣང་མེད་ལ་བཞག་ནས་ཆེ་ཆེ་གཉན་གཉན་མང་པོ་ཅིག་འབྲི་གི་ཡོད་པའི་བཟོ་རེད་དེ་དོན་ངོ་མ་འབྲི་དགོས་པའི་གནད་འགག་མང་པོ་ཅིག་དེའི་བར་ནས་འཐུས་ཤོར་ལ་འགྲོ་གི་ཡོད་པ་འདྲ་པོ་འདུག
དོན་ངོ་མ་མི་སྒེར་གི་གནས་ཚུལ་དེ་ཚོ་སྤྱི་ཚོགས་ཅིག་གམ་རྒྱལ་ཁབ་ཅིག་གི་གནས་ཚུལ་ལ་ལྟ་བའི་མིག་འབྲས་ཡིན་པར་འདོད། ང་ཚོས་དོན་ངོ་མའི་མིག་དེ་མིག་ཡིན་པར་ངོས་མ་ཟིན་ན་རྒྱལ་ཁབ་ལ་ལྟ་བའི་མིག་དེ་མིག་ལིང་ཏོག་ཅན་ཅིག་ལ་མ་ཆགས་པའི་པའི་ངེས་པ་མི་འདུག
མི་སྒེར་བའི་འཚོ་བ་དང་ཚོར་བ་འབྲི་རྒྱུ་གལ་ལོས་ཆེ། འོན་ཀྱང་། མི་སྒེར་བའི་འཚོ་བ་དང་ཚོར་བ་འབྲི་སྟངས་འདི་འདྲ་ཞིག་མ་རེད།
མི་སྒེར་བའི་གནས་ཚུལ་དེ་རྒྱལ་ཁབ་བམ་སྤྱི་ཚོགས་ཤིག་གི་གནས་ཚུལ་ལ་བལྟ་བའི་མིག་འབྲས་རེད། འོན་ཀྱང་། གཏམ་ཉོག་འདི་རྒྱལ་ཁབ་བམ་སྤྱི་ཚོགས་ཤིག་གི་གནས་ཚུལ་ལ་བལྟ་བའི་མིག་འབྲས་མ་རེད།
སྐར་ཆེན་ལགས།
འབྲི་མཁན་ཞིག་ལ་འདི་ཕྲིས་དང་འདི་མ་འབྲི་ཞེས་སློབ་སྟོན་གནང་བ་དེ་ཨེ་འགྲིག་སྙམ། གནས་ཚུལ་འདིའི་ནང་གི་ཕྲུ་གུ་བརྒྱད་སྐྱེས་མཁན་གྱི་ཨ་མས་སྐྱེ་འགོག་གི་སྨན་ཞིག་སྤྱོད་ལོག་བྱས་མིན་ལ་བརྟེན་ནས་གནས་ཚུལ་འདི་ཨ་རིའི་སྨན་གྱི་གནས་ཚུལ་ཆེ་ཤོས་དེ་ཆགས་ཀྱིན་འདུག འཆང་སའི་རྩོད་རྙོག་དེ་བོད་ལ་མཚོན་ན་ཧོན་འཐོར་བའི་གནས་ཚུལ་ཞིག་རེད། རང་གི་མཁལ་མ་དེ་མི་གཞན་གྱི་སྲོག་སྐྱོབ་ཆེད་སྤྲད་ཟིན་ནས་ཡང་བསྐྱར་ཚུར་དགོས་ཞེས་པ་དེ་ཡ་མཚན་པོ་ཞིག་རེད། ཨ་རི་བ་ཚོ་ཡང་འདི་ཡ་མཚན་མདོག་གིས་བཤད་ཀྱི་འདུག ཁྱིམ་མི་སྡེབ་གསོད་བྱས་པ་དེ་ཨ་རིའི་དཔལ་འབྱོར་དཀའ་ངལ་གྱི་ན་ཟུག་མ་བཟོད་པའི་རྟགས་མཚན་ཞིག་རེད། ངས་འདི་འབྲི་སྐབས། སྔོན་མ་རྒྱ་དམག་བོད་ལ་ཡོང་སྐབས་བོད་མིའི་ཁྱིམ་ཚང་ཁག་གཅིག་གིས་གནོན་ཤུགས་མ་བཟོད་ནས་ཆུང་མ་བུ་ཕྲུག་དང་བཅས་པ་རྨ་ཆུ་ལ་ལྕེབས་པ་རེད་ཟེར་བའི་བཤད་རྒྱུན་ཞིག་འདུག་པ་དེ་དྲན་སོང་།
ད་གསར་འགྱུར་དང་བསམ་ཚུལ་སྐོར་ལ་འཁྱུག་ཙམ་ཞུ། ཁྱེད་ཀྱིས་གསུངས་པ་བཞིན་གསར་འགྱུར་དང་བསམ་ཚུལ་འདི་དག་བསྲེས་མི་རུང་བ་ཞིག་ཡིན་པ་ནི་སྨོས་མ་དགོས། ལག་ལེན་ན་དེ་འདྲ་མེད་པ་ང་ཚོ་བོད་མི་ལས་ལྷག་ཅིག་སུས་ཤེས། ཁ་སང་དེ་རིང་ལྷ་ས་ན་དམ་དྲག་ག་ཚོད་ཡོད་མེད་ང་ཚོས་ཤེས་ཀྱང་འཛམ་གླིང་གསར་འགྱུར་གྱིས་སྣང་མེད་བཞག་འདུག་ག
གནས་ཚུལ་དེ་འདྲ་ཅིག་འདིར་ཡང་བྱུང་སོང་། བཟའ་ཟླ་གཉིས་ཀས་ལས་ཀ་ཤོར་བར་བརྟེན་རང་དང་སྐྱེས་དམན་བུ་ཕྲུག་གཉིས་དང་བཅས་པར་མེ་མདའ་རྒྱབ་ནས་ཤི་ན་མཉམ་ཤི་བྱེད་རྒྱུར་མོས་མཐུན་བྱུང་འདུག་ཡང་རྗེས་ལ་སྐྱེས་སྨན་དེ་ཨ་ཁུ་ཆོས་རྒྱལ་གིས་སླར་མི་ཡུལ་ལ་མངགས་འདུག
སྐར་ཆེན་ཁྱེད་རང་གིས་མི་སྒེར་གི་འཚོ་བ་དང་ཚོར་བ་འབྲི་སྟངས་ག་འདྲ་ཡིན་མིན་འདིར་དཔེ་སྟོན་ཅིག་བྱས་ན་མི་བཟང་ངམ།
དགེ་འདུན་ལགས།
འདིར་ངེད་ཀྱིས་གསལ་བཤད་ཐུང་ཐུང་བྱེད་འདོད་སྐྱེས།
ངེད་ཀྱི་མཆན་བུ་དང་པོའི་ནང་དུ།གཏམ་ཉོག་འདི་དང་མཉམ་དུ་ངེད་ཀྱིས་གཏམ་ཉོག་ཞིག་བཤད་སྐྱེས་ཞེས་བཤད་ཡོད།
ངེད་ཀྱི་གཏམ་ཉོག་དེ་ཁྱེད་ཀྱི་གཏམ་ཉོག་དང་འབྲེལ་བ་མེད། དེ་ནི་བཙན་བྱོལ་ནང་གི་བོད་ཀྱི་གསར་འགོད་པ་ཚོའི་སྐོར་གྱི་རྨོངས་འཆར་ཞིག་ཡིན།
གཞན། ཁྱེད་ཀྱིས་རྒྱུ་མཚན་འགོད་སྟངས་ལ་བལྟས་ན། གནས་ཚུལ་གསུམ་པོ་དེའི་ཁ་བྱང་ལ་གཏམ་ཉོག་བཏགས་བ་མ་གཏོགས་གཏམ་ཉོག་ཞིག་མིན་པ་འདྲ།
དེ་ལས་ལྷག་ཅིག་ཡིན་པ་འདྲ། འོན་ཀྱང་། ཁྱེད་ཀྱིས་འདི་འདྲ་ཞིག་བརྗོད་འདུག ཁ་སང་དེ་རིང་ལྷ་ས་ལ་དམ་དྲག་ག་ཚོད་ཡོད་མེད་ང་ཚོས་ཤེས་ཀྱང་འཛམ་གླིང་གསར་འགྱུར་གྱིས་སྣང་མེད་བཞག་འདུག་ག་ཟེར། དེས་ན་ཁྱེད་ཀྱིས་ཀྱང་ལྷ་སའི་བསྐོར་ནས་གནས་ཚུལ་ཨེ་རེག་མི་བལྟ་བར་འཛམ་གླིང་གསར་འགྱུར་གྱིས་རྒྱུན་དུ་བརྗོད་བཞིན་པའི་གཏམ་ཉོག་གི་རིགས་འཁྱེར་ནས་ཡོང་དགོས་དོན་་མེད་ཀ།
ངེད་ཀྱི་རྨོངས་འཆར་ལྟར་ན། གནས་ཚུལ་འདི་འདྲའི་རིགས་ནི་དེ་རིང་སང་ཉིན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ན་ཐོན་ཐོན་པ་རེད།
ཁྱེད་ཀྱང་གསར་འགྱུར་ལ་དོ་སྣང་ཡོད་ཀྱི་རེད། ངེད་ཀྱང་གསར་འགྱུར་ྐློག་རྒྱུར་སྤྲོ།
དྲང་མོར་བཤད་ན། གནས་ཚུལ་འདི་འདྲའི་རིགས་ནི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡོད་ཡོད་པ་རེད་ལབ་ན་ཡང་ང་ཧམ་པ་མི་ཆེ་སྙམ།
དང་པོ། གཏམ་ཉོག་འདི་འདྲའི་རིགས་ནི་འཛམ་གླིང་གི་གསར་ལམ་ཁག་ཏུ་ཐོན་ཐོན་པ་ཞིག་རེད།
གཉིས་པ། གཏམ་ཉོག་འདི་འདྲའི་རིགས་ནི་སྔར་མ་བྱུང་བ་གསར་དུ་བྱུང་བ་དེ་འདྲ་མ་རེད།
གསུམ་པ། གཏམ་ཉོག་འདི་འདྲའི་རིགས་ནི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཉུང་ཉུང་མ་རེད།
གཞན། ངེད་ཀྱིས་ནི་རྨོངས་འཆར་འདྲ་བོ་དང་བསམ་ཚུལ་འདྲ་བོ་སྤེལ་ནས་ཡོད་མ་གཏོགས། སུ་གང་ལ་ཡང་སློབ་སྟོན་བྱེད་ཀྱི་མེད་ལ་བྱེད་འདོད་ཀྱང་མེད།
དྲང་མོར་བཤད་ན། བྱེད་ཀྱང་ཤེས་ཀྱི་མེད།
མགོན་ཕྱག་ལགས།
ཁྱེད་རང་གསར་འགྱུར་མི་ྐློག་མཁན། གནས་ཚུལ་ལ་མི་ཉན་མཁན་ཞིག་ཡིན་ན་མ་གཏོགས་གཏམ་ཉོག་འདི་འདྲའི་རིགས་ཉིན་རེའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཐོན་པ་རེད།
གཞན། ཁྱེད་ཀྱིས་ངེད་ལ་མི་སྒེར་གྱི་འཚོ་བ་དང་ཚོར་བ་འབྲི་སྟངས་རིགས་འདི་རུ་དཔེ་སྟོན་བྱས་ན་མི་བཟང་ངམ་ཟེར། དེ་ལོས་བཟང་། ངས་ཀྱང་བྱེད་འདོད་ཡོད།
དཔེར་ན། ངེད་ཀྱི་གྲོགས་པོ་ཞིག་གིས་དུས་བབ་ཟིན་བྲིས་ཁོངས་སུ་བྲིས་བའི་ྐླད་པར་དྲི་རྟགས་སྣ་ཚོགས་ཀྱིས་ཁེངས་བའི་ཉིན་འདི་ཚོར་ཞེས་བའི་རྩོམ་དེ་མི་སྒེར་གྱི་འཚོ་བ་དང་ཚོར་བ་འབྲི་སྟངས་ཤིག་ཡིན། ངེད་ཀྱི་ཟིན་བྲིས་སུ་དེ་འདྲ་ཁ་ཤས་ཡོད། གཞན། དགེ་འདུན་ལགས་ཀྱང་ནམ་རྒྱུན་ནས་མི་སྒེར་གྱི་འཚོ་བ་དང་ཚོར་བ་འབྲི་མཁན་ཞིག་རེད། ཁོང་གི་རྩོམ་མང་ཙམ་ྐློག་དང་མང་པོ་རེག་གི་རེད། ཡ་དེ་ཙམ་ཡིན།