གཤམ་གྱི་གཏམ་འཁྱར་འདིwechat ནང་དུ་ཁྱབ་འདུག་པ་དང་། བོད་ཕྱི་ནང་གི་བོད་མི་མང་པོས་བརྒྱུད་སྤེལ་བྱེད་ཀྱིན་འདུག གནས་ཚུལ་འདི་རིགས་ལ་དག་ཐེར་བྱེད་མཁན་ཞིག་ཡོད་ཚོད་མི་འདུག ༧ གོང་ས་མཆོག་དང་བོད་གཞུང་གི་དྲ་བ་གང་དུ་ཡང་འདི་འདྲ་ཞིག་འཁོད་མི་འདུག་པས། གནས་ཚུལ་འདི་གཏམ་འཁྱར་ཞིག་ལས་ཅང་རེད་མི་འདུག་པས། ཕན་ཚུན་ལ་གསལ་བཤད་གནང་རོགས།
Wechat ནང་གི་གཏམ་འཁྱར་གཤམ་གྱི་འདི་རེད།
<<<<<<<<<<>>>>>>>>>>>>>>
གོང་ས་མཆོག་གི་ཁ་སང་འབྲས་སྤུངས་སུ།།བཀའ་སློབ་གལ་ཆེན་ཞིག་གནང་འདུག་་་་་་་་་ཁོང་སྤྱི་ཟླ་8པའི་ཚེས་1༽ནས་ཟླ་བ་གཅིག་གི་རིང་ལ་ལ་དྭགས་སུ་སྐུ་ཚམས་བཞུགས་རྒྱུ་ཐུགས་གཏན་ཁེལ་བ་དང་དེའི་རིང་ལ་བོད་མི་ཚང་མས་ཉི་མ་རེ་ལ་་་་མ་ཎི1000༽རེ་དང་་་་ཤེས་རབ་སྙིང་པོ་ཚར་2༽རེ་་་་་འཕགས་བསྟོད་ཚར་1༽བཅས་འདོན་ན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བ་ལ་འབྲེལ་བ་ཆེད་ཆེན་པོ་ཡོད་པ་སོགས་གསུང་འདུག་་་་་་་དྲ་གྲོགས་ཚོས་དེ་དེ་བཞིན་དུ་སྒྲུབ་ཐུབ་པའི་རེ་བ་ཡོད།་་་འདི་ཁུངས་ལྡན་ཡིན་པས་སོ་སོའི་འབྲེལ་ཡོད་རྣམས་ལ་འདི་གཏོང་བའང་ཡང་ན་ངག་ཐོག་ནས་གསུང་རོགས་ད་དུས་ཐུང་ཐུང་རེད་ཉི་མ་ཁག་ཤས་ལས་མི་འདུག།
གནས་ཚུལ་ཞིག་དོན་པ་དང་འཕྲལ་དུ་གཏམ་འཆལ་ཡིན་པར་ཐག་གཅོད་མི་ཐུབ་ལ། དངོས་བདེན་ཡིན་པ་ཡང་ཁ་ཚོན་གཅོད་མི་ཐུབ། དེ་བས་དང་པོ་གནས་ཚུལ་དེ་ཁུངས་ལྡན་ཡིན་མིན་རྩད་བཅད་ནས་ད་གཟོད་གཞི་ནས་གཏམ་འཆལ་ཡིན་ན་གཏམ་འཆལ་ཡིན་པ་དང་། དངོས་བདེན་ཡིན་ན་དངོས་བདེན་ཡིན་པའི་ཁུངས་དང་རྒྱུ་མཚན་བཤད་ན་མི་ལེགས་སམ། དེ་མིན་ཅི་ཡིན་འདི་ཡིན་མེད་པར་ལམ་སེང་གཏམ་འཆལ་རེད་ཤག་དང་དངོས་བདེན་རེད་ཤག་ཅེས་ཁུངས་མེད་ལུང་མེད་དུ་བཤད་ཡམས་ཤོར་ན་ཉེན་ཁ་མི་ཆེའམ།
འདི་གཏམ་འཁྱར་རེད་མི་འདུག
བོད་ཀྱི་བང་ཆེན་དྲྭ་བ་ནས་བཤུས།
བོད་དོན་ཆེད་ཤེར་སྙིང་དང་འཕགས་བསྟོད། མ་ནི་གསོག་སྒྲུབ།
༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་ཆིབས་བསྒྱུར་བསྐྱངས་སྟེ། ཉིན་༨ རིང་གི་མཛད་རིམ་ཁག་ལེགས་པར་གྲུབ་ནས། ཟླ་འདིའི་ཚེས་༢༥ ཉིན་གྱི་ཞོགས་པ་ཆིབས་བསྒྱུར་སྐབས་མོན་གྷོ་ས་གནས་ཀྱི་སེར་སྐྱ་ཡོངས་དང་། ལྷག་པར་གདན་ས་དགའ་འབྲས་གཉིས་ཀྱི་མཁན་ལས་ཟུར་རྣམ་པས་༧གོང་ས་མཆོག་ཕེབས་སྐྱེལ་དུ་བཅར་སྐབས།
༧གོང་ས་མཆོག་གིས་དམིགས་བསལ་ཤར་བ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་སྐུ་འགྲམ་དུ་སྐད་བཏང་ནས། སྔ་ལོ་ལ་དྭགས་ཞི་བའི་ཚར་ཕོ་བྲང་དུ་ཕེབས་སྐབས། རྟགས་དང་རྟེན་འབྲེལ་ལེགས་པོ་བྱུང་སོང་། ད་ལོ་ཡང་ང་དེར་སོང་ནས་ཟླ་གཅིག་མ་ཟིན་ཙམ་གྱི་རིང་མཚམས་ལ་སྡོད་རྒྱུ་ཡིན། ཁྱེད་རྣམས་པ་ཚོའི་ཡིན་ན་ཡང་དེའི་རིང་ཉི་མ་རེ་ལ་མ་ཎི་སྟོང་ཕྲག་རེ་དང་། ཤེས་རབ་སྙིང་པོ་ཚར་གཉིས་རེ། འཕགས་པ་སྤྱན་རས་གཟིགས་ཀྱི་བསྟོད་པ་ཚར་གཅིག་རེ་བཅས་རྒྱུན་མ་ཆད་པར་ངེས་པར་དུ་གསུངས་རོགས། འདི་ནི་ཧ་ཅང་དགོས་གལ་ཆེ་ལ། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བ་ལ་འབྲེལ་བ་ཆེས་ཆེན་པོ་ཡོད་པའི་སྐོར་སོགས་གསུངས་ཡོད་འདུག
དེར་བརྟེན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གདན་ས་དགའ་འབྲས་གཉིས་ཀྱི་གཙོས་གདན་ས་གྲྭ་ཚང་ཁག་དུ། ཕྱི་ཟླ་༨ པའི་ཚེས་༡ གཅིག་ནས་ཟླ་བ་གཅིག་གི་རིང་ཉིན་ལྟར་མ་ཎི་དང་ཤེས་རབ་སྙིང་པོ་། འཕགས་བསྟོད་བཅས་གསུང་རྒྱུ་གཏན་ཁེལ་ཡོད་སྐོར་དང་། ལྷག་པར་དུ་གདན་ས་ཆེན་པོ་འབྲས་སྤུངས་ཆོས་སྒར་ལ་ཆ་མཚོན་པ་ཡིན་ན། ཕྱི་ཟླ་༨ པའི་ཚེས་༡ ནས་ཟླ་གཅིག་རིང་ཉིན་ལྟར་དགོང་དྲོ་འཆར་ཅན་ཆུ་ཚོད་༥་༣༠ ཙམ་ལ་དགེ་འདུན་འདས་མང་ཡོང་འབྲས་སྤུངས་བླ་སྤྱི་རུ་ཚོགས་ནས་གོང་བརྗོད་ཁག་གསོག་སྒྲུབ་གནང་རྒྱུ་དང་། དེ་བཞིན་གྲྭ་ཚང་རེ་ནས་དགེ་བཤེས་༢༠ རེ་ལྷ་མོ་ཁང་ངམ་མགོན་ཁང་དུ་ཚོགས་ནས་མ་ཎི་དང་ཤེར་སྙིང། འཕགས་བསྟོད་བཅས་ཞབས་རིམ་གནད་སྨིན་ཟླ་གཅིག་རིང་གསོག་བསྒྲུབ་གནང་གཏན་ཁེལ་ཡོད་སྐོར་སོགས་འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་རྒན་པ་དགེ་བཤེས་ངག་དབང་བློ་བཟང་གིས་འབྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།
ཡང་འདི་འདྲ་ཞིག་ཀྱང་བཤད་བཞིན་འདུག༽༄༅།།འབོད་སྐུལ། ༼༧གོང་ས་མཆོག་གིས་ཤར་པ་ཆོས་རྗེ་རིན་པོ་ཆེ་ལ་ཁོང་ཕྱི་ཟླ་༨ཚེས་༡ནས་༣༠བར་ཟླ་གཅིག་གི་རིང་ལ་དྭགས་སུ་བོད་དོན་དུ་སྐུ་མཚམས་ལ་བཞུགས་རྒུ་ཡིན་པ་དང་སྐབས་དེར་གདན་ས་གསུམ་གྱི་དགེ་འདུན་པ་རྣམས་སོ་སོའི་ཚོགས་ཆེན་དུ་འཚོག་སྟེ་ཉིན་རེ་མ་ཎི་སྟོང་ཚར་རེ་དང་། འཕགས་བསྟོད་ཚར་གཅིག ཤེས་རབ་སྙིང་པོ་གསུམ་རེ་ཐུགས་སྨོན་དང་འབྲེལ་གསུང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག་པ་དང་། ཡང་སེར་བྱེས་གྲྭ་ཚང་གི་དབུ་འཛིན་རྣམས་ལ་ལོ་སྔ་མ་ཁོང་ལ་དྭགས་སུ་སངས་རྒྱས་ཆོས་ཚོགས་མའི་ཆོས་འབྲེལ་གནང་སྐབས་བོད་ནས་ཆར་པ་ཞིག་དེ་གར་ཡོང་ནས་ཕར་བོད་དུ་ལོག་སོང་བས་དེ་ནི་རྟགས་མཚན་ཁྱད་པ་ཅན་ཞིག་ཡིན་རྒྱུ་རེད་ཅེས་དང་། ད་ལོ་ལ་དྭགས་སུ་སྐུ་མཚམས་བཞུགས་སྐབས་སྤྱན་རས་གཟིགས་ཀྱི་བསྙེན་པ་ཉུང་ངུ་ཞིག་དང་། ཡི་དམ་རྟ་མགྲིན་གྱི་བསྙེན་པ་ཉུང་ངུ་ཞིག་གསུང་ནས་གཙོ་བོ་ཐུགས་བསམ་མང་ཙམ་བཞེས་རྒྱུ་ཡིན་སྐོར་གསུངས་འདུག ༼ དེར་བརྟེན་དད་དམ་དང་ལས་དབང་གཅིག་པའི་གཞིས་བྱེས་བོད་རིགས་ཡོངས་ནས་རང་ནུས་གང་ལྕོགས་ཀྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་ན་ཆོས་སྲིད་བྱ་བ་གལ་ཆེན་ཞིག་འགྲུབ་པར་གདོན་མི་ཟ་སྙམ།།༼གནས་ཚུལ་ཇི་བཞིན་མི་ཤེས་ཀྱང་གང་འཚམས་དངོས་བདེན་རེད་འདུག
ཧ་ཧ་ཧ་་་་་་ངོ་མ་བགད་མོ་ཤོར་གི མ་ཎི་འདོན་ནས་བོད་དོན་སེལ་རྒྱུ་ཞིག་ཡོད་ན་སེལ་ཚར་ཡིན། མ་ཎི་བཏོན་ན་བོད་དོན་སེལ་མིན་ཅི་ཤེས་སྒོར་མོ་སློང་བྱེད་ལ་སྙིང་རྗེ་བོ་འདུག རང་འགོ་རང་གིས་གཡོགས། ཕ་འགོ་གཞན་གྱིས་གཡོགས་ཟེར་བ་དེ་འདྲ་ཞིིག་ཡིན་རྒྱུ་རེད། མ་ཎི་ཆོས་ཀྱིས་གོ་མི་ཆོད། ཞ་ཉེ་འབུག་གིས་གོ་མི་ཕུག མ་ཎིི་བཏོན་ན་ཁ་ན་རོགས། ཆུ་རྐྱང་འཐུང་ན་གཅིན་མང་རོགས།
ཏག་ཏག་རེད། བོད་མོ་ཚོས་ད་ལྟ་བར་ཞབས་རིམ་མེད་ན་མ་གཏོག་ཡོད་ཚད་བྱས་པ་རེད། དུས་རབས་ཉེར་གཅིག་ནང་ད་དུང་ཡང་་་་་་ཧཧཧཧཧཧ
བོད་མོ་ཞེས་པ། བོད་མི་ལ་བཅོས་རོགས།
༸གོང་ས་མཆོག་སྐུ་མཚམས་བཞུགས་པ་དང་བསྟུན་་ཉིན་རེ་མ་ཎི་སྟོང་ཚར་རེ་དང་། འཕགས་བསྟོད། ཤེས་རབ་སྙིང་པོ་སོགས་གསུང་འདོན་ཐུབ་སྤྱི་མཐུན་གྱི་བསོད་ནམས་གསོར་རྒྱུ་དང་སོ་སོ་སྒེར་ལ་བར་ཆད་སེལ་རྒྱུར་ཧ་ཅང་ཕན་རེ་ཆེ་ངེས། འོན་ཀྱང་བོད་ཀྱི་ལོ་དྲུག་ཅུའི་རིང་གི་ཆབ་སྲིད་དཀའ་རྙོག་འཕྲལ་དུ་སེལ་རྒྱུ་དཀའ་མོ་ཡིན་པ་ནི་སྔ་ཕྱི་བར་གསུམ་གང་དུ་བལྟས་ཀྱང་ཤེས་ཐུབ་པ་བཞིན་ནོ།
༤༽ བཀྲ་ཡེ་ཚང་ནས། ༼ངོ་མ་བགད་མོ་ཤོར་གི མ་ཎི་འདོན་ནས་བོད་དོན་སེལ་རྒྱུ་ཞིག་ཡོད་ན་སེལ་ཚར་ཡིན། མ་ཎི་བཏོན་ན་བོད་དོན་སེལ་མིན་ཅི་ཤེས་སྒོར་མོ་སློང་བྱེད་ལ་སྙིང་རྗེ་བོ་འདུག རང་འགོ་རང་གིས་གཡོགས། ཕ་འགོ་གཞན་གྱིས་གཡོགས་ཟེར་བ་དེ་འདྲ་ཞིིག་ཡིན་རྒྱུ་རེད། མ་ཎི་ཆོས་ཀྱིས་གོ་མི་ཆོད། ཞ་ཉེ་འབུག་གིས་གོ་མི་ཕུག མ་ཎིི་བཏོན་ན་ཁ་ན་རོགས། ཆུ་རྐྱང་འཐུང་ན་གཅིན་མང་རོགས།༽ ཞེས་བཤད་པར་མོས་མཐུན་ཡོད།
ད་ངོ་མ་མ་ནི་འདྲ་བཏོན། བསང་གསོལ་འདྲ་བྱས་ནས་བོད་དོན་ལ་ཁབ་རྩེ་ཙམ་མི་ཕན་པ་མིག་མཐོང་ལག་ཟིན་རེད། ད་དུང་སུ་ཞིག་ཅིའི་ཕྱིར་མགོ་གཡོག་མགོ་སྐོར་གཏོང་གི་ཡོད་ན།
ང་སྐད་ཆ་འདི་ལ་ཡིད་མི་ཆེས། གལ་སྲིད་ཡིན་ཀྱང་རང་དོན་ལ་མ་ནི་རེ་འདོན་ན་ལས་བོད་དོན་གི་ཆེད་དུ་བོད་མི་སྤྱིའི་བསོད་གསོག་དགོས་ཚུལ་དང་། ལས་མ་དག་པས་ཅིག་ཅིག་མིག་མིག་ཟེར་བའི་སྐད་ཆ་དེའི་ད་མཚམས་བཞག་ནས་དོན་དག་ལ་ཕན་པའི་གཏམ་བཤད་རེ་སུས་གནང་ན་དེའི་སྗེས་སུ་འབྲངས་པའམ་དེ་ལ་ཕྱི་ནང་གསང་གསུམ་ནས་རྒྱབ་སྐྱོར་ཡོད། དེ་མིན་སུ་ལའང་གང་གིས་ཀྱང་རྒྱབ་སྐྱོར་བྱེད་མི་འདོད་དོ།།
མ་ཎི་འདོན་ནས་བོད་དོན་མི་ཕན་པ་དང་། བསང་གསོལ་བྱས་ན་ལས་དོན་ལ་མི་ཕན་པར་སྒྲུབ་མི་ནུས་ཀྱང་། མི་ཚེ་སྲིད་ལ་སྐྱེལ་བའི་གང་ཟག་དག་གིས་སྙེན་སྒྲུབ་རྣམ་བཞིའི་ལས་ཚོགས་ལ་ཉམས་མྱོང་ཕྲན་བུ་ཙམ་ཡང་མེད་པར་མ་ཎི་འུར་དབྱངས་བྱས་པ་ཙམ་གྱིས་བདེན་དོན་ཇི་ལྟར་གསལ། དེས་ན་བོད་དོན་ལ་ཕན་པའི་ཞབས་རིམ་སྒྲུབ་པར་འདོད་ན་མི་ཚེ་སྙེན་སྒྲུབ་ལ་བསྐྱེལ་ཤིང་། སྐྱེད་རྫོགས་ཀྱི་གནད་ལ་མངའ་དབང་འབྱོར་བའི་རྣལ་འབྱོར་པ་དག་ལ་རེ་བ་བཅོལ་དགོས་ངེས་ཡིན་པ་ལས། སྐད་གྲགས་སུ་ཆེ་དང་ལོ་རྒྱུས་སུ་རིང་ལ་རེ་བ་བཅོལ་ནས་ཞབས་རིམ་བསྒྲུབས་ཀྱང་ཇི་ལྟར་ཕན། དེས་ན་སྒྲུབ་པ་པོ་ལ་ནུས་པ་མེད་པའི་དབང་གིས་བསྒྲུབ་བྱའི་ཆོས་ལ་དམོད་འདོར་བ་ནི། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་དག་ལ་འབད་པས་བསྐུ། །ཟེར་བ་སྒོ་ཀུན་ནས་མཚུངས་པར་འདུག་གོ།
དེས་ན། བོད་གངས་ཅན་དེ་འདྲ་མེད་པར་འདྲ།
གལ་སྲིད་དེ་ལྟ་བུའི་ཞི་དྲག་གི་མཐུ་རྩལ་ནུས་གསུམ་ཅན་དེ་རེ་ཡོད་ན། བོད་ཁ་བ་གངས་ཅན་པ་ཚོའི་དེ་རིང་གི་ལས་དབང་འདི་ལ་གཟིགས་ངེས་ན་གཟིགས་ཀྱང་དགོས་སྙམ།
ནུས་པ་ཡོད་དམ་མེད་ཀྱི་སྐད་ཆ་དེ་སུ་ཞིག་གིས་ཅི་ལྟར་བཤད་ཀྱང་བོད་དོན་ལ་མི་ཕན་པ་བོད་མི་བརྒྱ་ཆ་གོ་དགུའི་མིག་གིས་མཐོང་གི རྣ་བས་ཐོས་ཀི
ཉིས་སྟོང་༨ ལོར་ཡང་འདི་འདྲའི་སྐད་ཆ་ཞིག་གིས་ཚ་ཚ་འུར་འུར་གྱི་འཐབ་རྩོད་མགོ་བསྙལ་བ་ཙམ་ལས་ཅི་ཡང་ཕན་པ་བཤད་རྒྱུ་མཐོང་རྒྱུ་མི་འདུག
ད་སྤྱིར་བཏང་གི་མིས་མི་མཐོང་ས་ཞིག་ན་ཅིག་ཡོད་དང་ཁུལ། སྤྱིར་བཏང་གི་མིས་མི་ཤེས་ས་ཞིག་ལ་ཕན་གི་ཡོད་ཚུལ་རྨོངས་པ་མགོ་གཅོག་དེ་ཚོས་བོད་གངས་ཅན་པའི་སྐྱེ་འགྲོ་ཚོར་མགོ་གཡོག་མགོ་སྐོར་མ་བྱས་ན་མི་བཟང་ངམ། རང་རང་གིས་དད་མོས་བྱེད་མིན་གནས་ཚུལ་གཞན་ཞིག་རེད། བོད་སྤྱི་ལ་ནི་མི་ཕན་པ་མི་ལོ་༦༠ ལྷག་གི་བོད་མི་ཡིན་ནོ་ཅོག་གིས་ཤེས་དགོས་མོད། ད་དུང་ཡང་རྨོངས་བའི་གསེབ་ཏུ་མགོ་བཏང་ནས་སྡོད་རེ་འགའ་ཡང་ཡོད་སྲིད་ན། ཅི་སྐྱོན།
ཅི་དགར་བྱོས་ཤིག
བཟོད་རྒྱམ་ལགས། དེ་འདྲ་རེད་དེ་ཕྱོགས་གཅིག་ནས་རྒྱལ་བ་རིན་པོ་ཆེ་སྲོལ་རྒྱུན་གྱི་བླ་མ་ཞིག་རེད། སྲོལ་རྒྱུན་གྱི་བླ་མས་སྲོལ་རྒྱུན་འཛིན་སྐྱོང་ཅུང་ཟད་རེ་མི་བྱེད་ཐབས་མེད་ཡིན་པ་ཡིན་རྒྱུ་རེད། ཕྱོགས་གཞན་ནས་བསམ་བློ་བཏང་ན་བོད་དོན་བདེན་མཐའ་སེལ་ཆེད་དུ་ཅིག་བྱེད་ཀྱི་ཡིན་ཟེར་ནས་ཁ་འདོན་འདྲ་བཏོན་བསྡད་རུང་ཆོས་ཀྱི་ཕྱོགས་ནས་འགྲིགས་ཡོད་མེད་མི་ཤེས་མོད་སྲིད་ཀྱི་ཕྱོགས་ནས་དེ་ཡང་ཆབ་སྲིད་ལས་འགུལ་གྱི་ཟོལ་འདྲ་བོ་ཞིག་ཆགས་ཡོད་ས་རེད་བསམ་གི་འདུག དེ་མིན་དོན་དངོས་ཡོད་ལ་ལྷ་འདྲེ་ཞིག་གིས་བོད་རང་བསཙན་སྤྲོད་མི་ཡོང་བ་བརྒྱ་ཆ་བརྒྱ་རེད།
དཔེར་ན། རྒྱ་མིས་ང་ཚོ་ལ་སྡུག་པོ་བྱས་དུས་ང་ཚོས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ཟེར་ནས་མར་མེ་རེ་ཐོགས་ནས་ཁྲོམ་སྐོར་བྱེད་སྲོལ་ཞིག་ཡོད་པ་དེ་ཡང་དོན་དུ་བྱང་ཆུབ་སེམས་ངོ་མ་ཞིག་སྒོམ་པ་མིན་པར་དོན་དུ་རྒྱ་མིས་སྡུག་པོ་བཏང་བ་འགྲིགས་མ་སོང་ཟེར་བའི་རྣམ་འགྱུར་སྟོན་སྟངས་གཞན་ཞིག་རེད། དཔེ་མཚོན་གསལ་པོ་ཞིག་ཞུས་ན་འདི་རེད། བོད་ནང་ལྟ་བུ་ཞིག་ཏུ་རྒྱ་མིའི་བྱེད་སྟངས་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་དུ་མར་མེ་ཐོགས་ནས་བྱང་ཆུབ་སེམས་མཆོག་མ་འདོན་ཁུལ་བྱས་ནས་ཁྲོམ་དུ་སོང་ན་རྒྱ་མིའི་དེ་ལམ་སང་ཆབ་སྲིད་ཀྱི་ངོ་རྒོལ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད། དོན་དུ་ཡང་དེ་ཡིན་པ་རེད།
རྒྱལ་བ་རིན་པོ་ཆེས་བོད་ཀྱི་མདུན་ལམ་ལ་ཕན་ཆེད་དུ་ཁ་འདོན་འདོན་པ་སོགས་ཀྱི་བཀའ་གནང་བ་དེ་ཡང་ཆོས་དང་ཆབ་སྲིད་གང་གི་ལས་འགུལ་གང་རུང་རེ་ལ་ངོས་བཟུང་ན་འགྲིགས་པས་སྐྱོན་རྗོད་དེ་ཙམ་འོས་པ་མི་འདུག་བསམ། ཁོང་བླ་མ་ཞིག་དང་བོད་ཀྱི་ཆབ་སྲིད་སྟེགས་བུ་ལས་དགོངས་པ་ཞུས་ཟིན་པའི་ཆ་ནས་ཆོས་ཕྱོགས་ཀྱི་ངོ་རྒོལ་མ་གཏོགས་ཆབ་སྲིད་ནག་རྐྱང་གི་ལས་འགུལ་སྤེལ་དགོས་ཞེས་བརྗོད་ན་དེ་ཙམ་མ་མཛེས་པའི་ཟོལ་འདྲ་བོར་གཟིགས་པ་མིན་ནམ།
བཀྲ་ཡེ་ཚང་དང་གཅན་བཟོད་རྒྱམ་གཉིས་ཀྱི་སྐད་ཆ་མོས་ཡོད། ངོ་མ་རེད། སྤོབས་པ་མཐའ་ཡས་སྐད་ཆ་ལ་མོས་མཐུན་མེད།
མདོར་ན་བོད་དོན་ཟེར་ནས་ཅིག་བྱེད་འདུག་མཁན་ཡོད་དུས་འགྲིགས་པ་རེད། ཡ་གིས་མི་ཕན།་མ་གིས་མི་ཕན། ད་ག་རེ་ཡིས་ཕན་པ་རེད། ཅིག་ཅིག་གིས་མི་ཕན་ཉིས་ཉིས་གིས་མི་ཕན་ཟེར་འདུག་མཁན་ཚོའི་ཁ་ལ་ཉན་བསྡད་ན་ཕན་སྤྱད་གཅིག་ཀྱང་མེད། ཁྲོམ་སྐོར་བྱས་ན་ཡང་མི་ཕན། སྐད་འབོད་བྱས་ན་ཡང་མི་ཕན། སྐུ་རིམ་བསྒྲུབ་ན་ཡང་མི་ཕན། ཟས་བཅད་བྱས་ན་ཡང་མི་ཕན། མར་མེ་ཁྱེར་ན་ཡང་མི་ཕན། འབར་རྫས་བཀད་ན་ནི་དེ་བས་མི་ཕན། རང་ལུས་མེར་སྲེག་ན་ཡང་མི་ཕན། རྒྱ་མི་ལ་སྙན་ཞུ་ཕུལ་ན་ཡང་མི་ཕན། མཉམ་འབྲེེལ་རྒྱལ་ཚོགས་ལ་ཞུ་གཏུག་བྱས་ན་ཡང་མི་ཕན། མ་མེ་རི་ཁས་རོགས་སྐྱོར་བྱས་ན་ཡང་མི་ཕན། རྒྱ་གར་གྱིས་རོགས་སྐྱོར་བྱས་ན་ཡང་མི་ཕན། ད་ཅི་ཞིག་གིས་ཕན་པ་རེད།
མ་ཎི་འདོན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་འགྲུབ་ཡོང་གྱི་ཡོད་ན་འཛམ་གླིང་ཐོག་ཏུ་བོད་ལས་ལྷག་པའི་དོན་འགྲུབ་མཁན་ཞིག་སུ་ཡོད་དམ། ལྷས་ལུང་བསྟན་བརྒྱབ་ནས་མ་འོངས་མདུན་ལམ་ནོར་མི་འགྲོ་བ་ཡིན་ན་བོད་མི་རིགས་ས་མཐའི་སྐྱབས་བཅོལ་བ་ཆགས་དགོས་ས་མེད།།། སྤྲུལ་སྐུ་ཅ་དངོས་བཟོ་བཟོ་བྱས་ནས་ཕན་ཐོགས་ཡོང་གི་ཡོད་ན་བོད་ལས་སྐྱིད་པ་ཞིག་འཛམ་གླིང་ཐོག་ཏུ་མེད་ཚོད་ཡིན།
དེ་རིང་།
སྤོབས་པས་བཤད་ནོ་བདེན་གི།
ཅོ་རིས་བཤད་ནོ་མི་བདེན་གི།
ངའི་རྒྱ་མའི་རྒྱ་ཁ་ནས་འདི་གཉིས་འི་ལྗིད་ཡང་མི་ཤེས་འི། ཧཧ།
དེ་ཡང་ཅིག་ཡིན་པ་འདྲ།
སྤོབས་པ་མཐའ་ཡས་ཟེར་བའི་མི་འདིའི་རིགས་ནམ་དུ་དོན་གནད་གང་ཞིག་ལ་ལོག་འགྲེལ་བྱེད་པར་བྲེལ་བ་དེད་བསྡད་པ་འདི་ཅི་ཞིག་ཡིན་པའི་ཁུལ་རེད། ཁ་ནས་གནམ་དང་ས་བཤད་བཞིན་ལག་ལེན་ཁྲོད་བཟའ་འགོ་ཡག་པ་ཞིག་འཁྱོང་གི་མེད་པ་དངོས་ཡོད་ཡིན་པ།
དྲ་གྲོགས་དག་ལ་ཞུ་རྒྱུར་དག་མ་རྫུན་མ་དང་བདེན་པ་མི་བདེན་པར་བསྒྱུར་ན་ཕན་ཐོག་འདྲ་མཐོང་སོང་ངམ་རྣམ་རྟོག་ལ་མཐའ་མེད་རྣམ་རྟོག་ཅན་ལ་འདྲེ་དགུ་གདང་ཟེར་བའི་དཔེ་རང་རེད་འདུག་དཱ་རྣམ་རྟོག་གང་ཡོད་འདིར་མ་བཀོད་རོགས་ཞུ་ཀི་ཡོད
མཎི་འདོན་པ་དང་བསང་གསོལ་བྱེད་པས་བོད་དོན་ལ་ཕན་མི་ཐོག་ཟེར་མཁན་ཚོ་ལྐུག་པ་རེད། ད་བར་བོད་པ་ཚང་ཕྱི་ནང་གཉིས་ལ་གནས་ཐུབ་པ་དེ་ནི་ལས་འགུལ་དེ་དང་དེ་འདྲ་བ་ལ་བརྟེན་ནས་ཡོང་བ་རེད། གསར་སྟོད་པ་ཁྱེད་ཚོས་མཎི་དང་བསང་གསོལ་ལས་ལྷག་པའི་བོད་དོན་ལ་ཕན་ཐོག་བྱེད་ག་རེ་ངོམ་རྒྱུ་ཡོད།
བཤད་ཚད་ལ་ཉན་ན་ཕན་རྒྱུ་ཅང་མེད་པ་དངོས་འབྲེལ་སྤོབས་པས་གསུངས་པ་བཞིན་འདུག དགེ་བསྒྲུབ་དང་བསོད་ནམས་བསགས་ཟེར་བ་དེ་ཚོར་ཡིད་ཆེས་མེད་ནའང་ཆོག བྱང་ཆུབ་སེམས་མཆོག་མ་སྐྱོར་ནས་དངོས་གསལ་གྱི་ཕན་ཐོགས་པ་ནི། ད་བར་སྦར་མའི་ཟིང་འཁྲུང་བཞིན་མི་བྱུང་བ་དེ་རེད། མ་གཞི་ནས་དེ་མ་གཏོགས་ང་ཚོས་ག་རེད་འཇོན།
བསོད་ནམས་བསགས་ནས་བོད་དོན་བསྒྲུབ། སྐད་འབོད་བྱེད་ནས་བོད་དོན་བསྒྲུབ། ལས་འགུལ་འདྲ་མིན་ནས་བོད་དོན་བསྒྲུབ། གང་ལ་མོས་པ་ཆེ་བ་དང་། ཅི་ཞིག་གནང་ཐུབ་ཚོད་ནས་ལག་ལྟར་བྱོས། གཏམ་དཔེར། མི་ལ་སྨོད་མི་དགོས། རང་གིས་མ་བྱས་པས་ཆོག མི་ལ་བསྟོད་མི་དགོས། རང་གིས་བྱས་པས་ཆོག་ཟེར་བ་རེད་དོ།།
མ་ཎི་བཏོན་ན་འགྲོ་བ་རིགས་དྲུག་སྤྱི་ལ་ཕན་ཡང་བོད་མི་བྱེ་བྲག་པའི་བདེ་སྡུག་ལ་མི་ཕན་ཟེར་གི་ཡོད་དམ།
འགའ་རེ་རྟག་མཐར་ལྷུང། འགའ་རེ་ཆད་འཐར་ལྷུང། དེ་ཡང་ཁག་མེད་དེ་ཆོས་ནི་ཆེད་ཟབ་པོ་ཡིན་པས་རེད། ཆོས་རང་གི་ངོ་བོ་ལ་གཞལ་ན་རང་གཞན་གཉིས་ཕན། གནས་སྐབས་དང་མཐར་ཐུག་། ཐོག་མཐའ་བར་གསུམ་གང་ལ་དཔྱད་ཀྱང་དག་པ། ཞི་བ། བདེ་བའི་རང་བཞིན་དང། ཡིན་ཀྱང་ཆོས་ཆོས་བཞིན་མ་བྱེད་ན་ཆོས་ཀྱིས་སླར་ངན་སོང་དུ་འཕེན་པའི་རྒྱུར་བྱའོ། ཞེས་པ་ལྟར་ཁེ་ཉེན་གཉིས་ཀའི་གནད་ཤེས་པ་དེ་གལ་ཆེ་སྙམ།
མདོར་ན་ཆོས་དད་ཡོད་རུང་མེད་རུང་རང་རང་སོ་སོའི་ལས་དབང་རེད། ཆོས་ཆུང་ངུ་ཞིག་སྒྲུབ་ཀྱང་དེས་ཕན་པ་ལས་གནོད་པ་མེད་པ་ངེས་པར་དུ་གཏན་ལ་འབེབས་དགོས་པ་རེད། རང་གི་ལང་ཕྱོགས་ནོར་ན་འཇིག་རྟེན་ཀྱང་སྒྲུབ་དཀའ་བས་ཆོས་ག་ལ་སྒྲུབ། བྱེས་ལུས་བོད་མི་སྦར་གང་དེ་ཕན་ཚུན་མཐུན་ཤིང་ཆོས་སྲིད་གཉིས་ལྡན་ཞིག་རེ་བ་ཆེ།
སྐུ་ཞབས་བཀྲ་ཤིས་ལགས།
ཆོས་ཆོས་བཞིན་མ་བྱེད་པའི་དཔེ་ཞིག་འཇོག་རོགས།
མ་ཎི་འདོན་ན་བོད་དོན་ལ་ཕན་པ་ཡོད་དང་ཡོད། མ་ཎི་འདོན་ནས་བོད་མིར་བདེ་སྐྱིད་འབྱུང་བར་སྨོན་ན་ནམ་ཞིག་རེ་འབྲས་སྨིན་པར་སྨན་དེ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་དེ། །འདུན་པའི་རྩེ་ལ་རབ་ཏུ་གནས།།ཞེས་གསུངས་པས་ཕྱིར། གོང་ས་མཆོག་གི་གསུངས་ལ་མངོན་པར་བསྟོད་དོ།།
མ་ནི་འདོན་པ་དེ་ཡང་རང་རེའི་རིག་གཞུང་གིས་ཆ་ཤས་རེད། བོད་མི་ཟེར་དུས་ཁ་ན་ནི་ཡི་བདག་པོ་དང་ལག་ཕྲེང་བ་ཡི་བདག་པོ་ཡིན་པ་རེད། བོད་མིས་མ་ནི་བཏོན་ན་དེ་དགག་དགོས་དོན་མི་འདུག ངའི་ཕ་མ་དེ་ཚོ་ཡང་མ་ནི་འདོན་པར་དགའ། ངའི་སེམས་ལ་བོད་མི་ཟེར་དུས་མ་ནི་འདོན་ཞིང་ཕྲེང་བ་ཐོགས་མཁན་ཞིག་ཤར་ཡོང་གི་འདུག ཡོད་ཚད་མེད་ཚད་ཚང་མ་ལ་གུང་ཁྲན་གྱི་རིག་གནས་གསར་བརྗེའི་སྐབས་འདྲ་བོ་བཤད་བསྡད་ན་ཡག་པོ་མི་འདུག
བོད་རང་བཙན་ཐོབ་ཆེད་དུ་བོད་མིས་མ་ནི་བཏོན་ན་གུང་ཁྲན་ཏང་མི་དགའ་བས་ན་དེ་བཏོན་ན་བོད་དོན་ལ་ཕན་པ་གསལ་པོ་རེད། གལ་སྲིད་བོད་རང་བཙན་ལེན་པའི་ཆེད་དུ་མ་ནི་ཐོན་ལབ་མཁན་ཞིག་བྱུང་ན་ངས་ཀྱང་འབུམ་ཁ་ཤས་བགྲང་ངེས་ཡིན། མ་ནི་བཟང་སོང་བས་མ་རེད་མོད་དམིགས་ཡུལ་དེ་བཟང་སོང་བས་རེད། དགོངས་དག་ན་ཕྱིར་ལོག་དེ་གཏགས་ཤེས་གི་མི་འདུག སངས་རྒྱས་པའི་ཆེད་དུ་མ་ནི་ཐོན་ལབ་མཁན་ཞིག་བྱུང་ན་ཕྲེང་སྐོར་ཁ་ཤས་ཤིག་ལས་འདོན་གྱི་མིན།
སྐུ་ཞབས་སྤོབས་པ་མཐའ་ཡས་ལགས།
དང་བོ་ཁྱེད་ཀྱིས་མ་ནི་དེ་མ་ཎི་ཞེས་བཅོས་རོགས། ཁྱེད་ཀྱིས་མ་ཎི་བཟང་སོང་བས་མ་རེད་མོད་དམིགས་ཡུལ་དེ་བཟང་སོང་བས་རེད་ཅེས་གསུངས་འདུག།མ་ཎི་བཟང་སོང་བས་རྒྱུ་མཚན་གྱིས་དེ་བཟླས་ན་ཕན་ཡོན་ཆེ་བ་རེ་མ་གཏོགས། གཞན་ཁ་ནས་སྐྱག་པ་གཅིན་པ་ཞེས་འབུམ་ཕྲག་བཟླས་ན་མི་འོས་པ་མེད་་པར་ཐལ་འོང་། མ་ཎི་བཟང་དེ། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཡིན་པས། གསལ་དག་དྲན་གསུམ་གྱི་སྒོ་ནས་བཟླས་ན་རྒྱུད་ལ་ཆུང་ས་ནས་ཚངས་གནས་བཞི་དང་། ཆེ་ས་ནས་ཐེག་པ་ཆེན་པོའི་ཚད་མེད་རྣམ་བཞི་རང་རྒྱུད་ལ་སྐྱེ་བར་ཕན་པ་ཡོད་རེད། དེ་ཤེས་པར་མཛོད།
སྤྱི་དོན་ཁ་ལ་ཁྱེར་ནས་རང་དོན་ཁོ་ན་སྒྲུབ་མཁན། ཆོས་ཁ་ལ་ཁྱེར་ནས་
ཆོས་མིན་གྱི་བྱ་བ་བྱེད་མཁན་། དཔེར་ན་དུག་ལྔའི་ཀུན་ནས་སླང་ཏེ་བརྩམས་
པའི་བྱ་བ་གང་རུང་ཞིག། བསྡུས་ཙམ་ཞུས་ན་དེ་འདྲ་རེད།
སྐུ་ཞབས་བཀྲ་ཤིས་ལགས།
ཡག་པོ་འགྲེལ་བ་གནང་སོང་། བཀའ་དྲིན་ཆེ།
གཏམ་འཆལ་ཡིན་རུང་མིན་རུང་། རང་དོན་རང་བྱེད་བྱས་ནས། ཉིན་༢༡རིང་ལ་ཉིན་རེར་མ་ཎི་སྟོང་ཕྲག་རེ་གསོག ཤེར་ཤིང་དང་འཕགས་བསྟོད་ཚར་རེ་འདོན་ཨ་ཐུབ་ལྟོས་དང་དེ་གས་འགྲིག་པ་རེད།
ཀརྡོ་གཉེར་ཕྱག་པ་ལགས།
ང་ལ་དུས་ཚོད་མང་བོ་མེད་པས། མ་ཎི་གཅིག་པོ་འདོན་ན་འགྲིག་གི་ཨེ་རེད། བསླབ་བྱ་གནང་རོགས། ཐུགས་རྗེ་མ་ཆུང་།
འོད་གསལ་ལགས།
ཁ་བརྡར་ཉུལ་མཁན་ཡིན་ན། མ་ཎི་གཅིག་པུ་འདོན་མཁན་མ་ཡིན་པས་མ་ཁྱབ་བམ། ལགས།
འོད་གསལ་ལགས། སྤྱན་རས་གཟིགས་ཡིན་ནམ་དེ་ཅི་ཞིག་རེད། ཤི་ཚར་བ་ཞིག་རེད་དམ་གསོན་བསྡད་ཡོད་པ་ཞིག་རེད། གསོན་པོ་ཞིག་ཡིན་ན་གང་དུ་ཡོད་པ་རེད། མི་ཞིག་རེད་དམ་སྲོག་ཆགས་གཞན་ཞིག་རེད། ཁྱོད་ཀྱིས་མཐོང་ཨེ་མྱོང་། ངས་མཐོང་ཨེ་ཐུབ། མ་ནི་དང་སྲོག་ཆགས་དེའི་བར་ན་འབྲེལ་བ་ཅི་ཡོད་རེད། ངས་ངོ་མ་ཤེས་གི་མེད། ཤེས་མཁན་ཡོད་ན་གཅིག་གསུང་རོགས།
བཀྲ་ཡེ་ཚང་དང་ཅོ་རི་སོགས།།
དམར་ཤོགས་ལྟ་བ་ཡོད་མཁན་གདའ།།
སྤོབས་པ་ཚང་དང་བློ་བཟང་སོགས།།
ཡོད་ཚད་སྲིད་ལ་འགྲེལ་མཁན་ཡང་གདའ།།
འོད་གསལ་ཚང་དང་ཀརྡོ་སོགས།།
ཆོས་ཀྱི་ལྟ་བ་ཟབ་པོའང་གདའ།།
ཁ་བརྡ་དྲ་བའི་དྲ་འབུའི་ནང་།།
ལྟ་བ་མི་གཅིག་ཤིན་ཏུ་མང་།།
དད་པ་མེད་མཁན་ལ་སྤྱན་རས་གཟིགས་གང་འདྲ་ཡོད་མེད་འགྲེལ་བཤད་བྱ་མི་ཐུབ་ལ་བྱས་པས་ཕན་པའང་མེད།
མེ་ཏོག་ལགས། དང་པོ་ནས་དད་པའི་ཆ་རྐྱེན་བཞག་ཡོང་དགོས་དུས་ཡོང་གི་མ་རེད། ངས་བལྟས་ན་སྤྱན་རས་གཟིགས་ཟེར་བ་འདི་གནའ་བོའི་ཧིན་དྷུའི་ལྷ་སྒྲུང་ནང་གི་མི་སྣ་ཞིག་དང་རི་མོའི་སྒྱུ་རྩལ་བའི་ཐོན་རྫས་ཙམ་ཞིག་རེད། དེ་ལྟ་བུའི་ལག་པ་མང་པོ་ཡོད་མཁན་གྱི་སྲོག་ཆགས་ཆུ་གནས་octopus འདྲ་བོ་ཞིག་ཡོད་ཨེ་སྲིད་ན།
སྤྱན་རས་གཟིགས་ངོས་མ་འཛིན། སྟོན་པ་ཤཀྱཱ་ཐུབ་པ་ངོས་མི་འཛིན། ཁོང་གི་གསུངས་པས་ཆོས་ངོས་མི་འཛིན། རང་གི་རིག་གཞུང་ཡང་ངོས་མི་འཛིན། མི་རིགས་ཀྱི་ངོ་བོ་ངོས་འཛིན་མེད། རང་གི་ཕ་མའི་གཞེད་འདོད་ངོས་འཛིན་མེད། གཏད་སོ་མེད་པའི་ང། རླུང་ལ་འཁྱམ་པའི་ང། སྤྲིན་བལ་ལྟར་ཡང་བའི་ང།
སྤྱིར་སྟངས་མ་ནིའི་དོན་དང་ཕན་ཡོན། ཆོས་དང་ཆོས་ཀྱི་ནུས་པ། སོ་སྐྱེ་དང་འཕགས་པ། ལམ་དང་རྟོག་པ། ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་དེ་དག་ངོས་འཛིན་དང་། དེ་ལ་ཡིད་ཆེས་ཡོང་བར་ངེས་པར་སངས་རྒྱས་ཀྱི་བལྟ་སྒྲུབ་ལ་ཐོས་བསམ་རྣལ་མ་ཞིག་དགོས་བསམ། ཀུན་རྫོབ་གང་ཁས་ལེན་རྣམས་ལྟ་བ་གཞིར་བཞག་ཐོག་ནས་གཏན་འབེབས་གནང་བ་རེད། གང་ཡང་ཡོད་ལུགས་ཡོད་སྟངས་སོ་སོའི་ལྟ་བ་ལ་རག་ལས་པ། དཔེར་ན། རང་ཉིད་མ་་ཎིའི་ཕན་ཡོན་ངོས་ལེན་མེད་པ། རང་ལ་ཆོས་མེད་ཀྱི་ལྟ་བ་ཡོད་པས་ཡིན།
ཆོས་མེད་ཀྱི་ལྟ་བ་ཡོད་པ་དེ་ཡང་སྐྱོན་ལ་རྩིས་ཀྱི་མེད། ཆོས་ལ་དགའ་བ་དེ་ཡང་སྐྱོན་ལ་མི་རྩིས། གཞན་ལ་དམའ་བེབས་དང་མཐོང་ཆུང་བྱས་པ་སྐྱོན་ལ་རྩིས། གཞན་གྱི་ཐོབ་ཐང་འཕྲོག་པ་སྐྱོན་ལ་རྩིས།
ཁྱེད་རང་གིས་སྤྱན་རས་གཟིགས་ཟེར་བ་ཞིག་ངོ་ཤེས་ན་གང་དུ་ཡོད་པ་རེད། སུས་མཐོང་བ་རེད། གསལ་པོར་ཤོད་དང
རང་སེམས་གསལ་བའི་ཡིད་ལ་ལྷམ་མེར་གསལ། རྩ་ཚིགས་དེས་འཐུས་པ་གྱིས།
འདོན་མའི་མི་དང་འདོད་མའི་སྲོག་ཆགས་རིགས། །མཐོང་བ་སུ་ཡིན་ཡུལ་ལུང་གང་ན་ཡོད། །ཁྱེད་ཀྱི་སྐྱེབ་སྔ་ཕྱི་སུ་ཡིས་མཐོང་། །དེ་དག་གང་ན་ཡོད་མེད་ལན་གསལ་ཞིག
ངེས་པ་དོན་གྱི། རྣམ་པ་རྟགས་ཀྱི་སྤྱན་རས་གཟིགས་སོགས་ལས། ཕྱག་བཞི་པའི་བདག་ཉིད་ནི་སྙིང་རྗེ་ཆེན་པོ་རྟགས་སུ་ཤར་བ་སྟེ། octopus ལྟ་བུ་འཇིགས་རུང་གི་ར་པར་མཐོང་ན་རང་གི་ལས་ཚུལ་སྟེ་སངས་རྒྱས་སྟོང་གིས་ཀྱང་འགོག་མི་ནུས་སོ།།
གདོད་མའི་མི་ གདོད་མ གདོད་མ་ གདོད་མ་ དགོངས་དག་
ཁོང་ལ་སྤྱས་རས་གཟིགས་འཐད་ཀར་འགྲེལ་མི་ཐུབ། ང་ཚོའི་དབར་ན་ཆོས་ཅན་མཐུན་སྣང་བ་ཞིག་མེད་པས་སོ།
དེ་ལས་རང་གྲགས་ཀྱི་གཏན་ཚིགས་བཀོད་ན་བཟང་།
རྨ་བྱའི་སྒྲོ་གདོང་གཅིག་ལ་ཡང། དེ་མཁྱེན་པས་ནི་ཀུན་མཁྱེན་ཏེ།
ཀུན་མཁྱེན་ཡེ་ཤེས་མིན་པས་མིན། ཞེས་པ་ལྟར་སྐྱེ་བ་སྔ་ཕྱི། ལས་
རྒྱུ་འབྲས། རིགས་དྲུག་གི་ཡུལ་དུས་གནས་ཚད། མདོར་ན་འཁོར་
འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་མི་མཁྱེན་པ་གཅིག་ཀྱང་མེད་
པས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ། གནས་རིས་དེ་དག་གང་
ན་ཡོད་མེད་མངོན་པ་མཛོད་དང་ཡིད་བཞིན་མཛོད་ན་རྒྱས་པར་གསལ་ལོ།
ད་ཡིན་ན་་་་་ང་ཚོའི་བོད་དོན་ཟེར་ཡ་དེ་་་་མ་ཎི་བགྲངས་ནས་སྒྲུབ་ཡ་ཡིན་པ་རེད་་་་་དེ་ཡག་པོ་འདུག ་་་་སྤྱན་རས་གཟིགས་སྐུ་རློན་པ་ནས་ལ་དཱ་ས་ཁུལ་དུ་སྤྱན་རས་གཟིགས་ཀྱི་སྐུ་མཚམས་བཞུགས་ནས་མ་ཎི་བསགས་པ་དང་གདན་ས་ཁ་ནས་ཀྱང་དེ་བཞིན་མ་ཎི་གྲངས་གསོ་གནང་་་་་་མི་དམངས་ཚོས་ཀྱང་དུས་ཡུན་དེའི་རིང་ལ་མ་ཎི་རྐྱང་གསགས་པ་ཡིན་ན་་་་་་་་བོད་དོན་འགྲུབ་འགྲུབ་པ་རེད་་་་དེ་སྔར་ཕན་ཆད་བོད་དོན་མ་འགྲུབ་པ་དང་བཀྲ་མི་ཤིས་པ་ཤ་སྟགས་བྱུང་བ་དེ་ཚོ་ཡང་འགོ་སྤྱན་རས་གཟིགས་ནས་འཇུག་བྱིས་པ་ཡན་ཆན་ནས་མ་ཎི་བགྲངས་ཡ་བརྗེད་པ་སོང་ཙང་བྱས་པ་རེད། །ད་ཡིན་ན་ཁ་བརྡའི་དྲ་གྲོགས་ཚོ་ཡང་འདི་འདྲ་སེ་སྡོད་ན་འགྲིག་གི་མ་རེད་་་་་་མ་ཎི་བགྲངས་རོགས་གནང་་་་་་བོད་དོན་ཆེད་དུ་རེད། གཞན་མ་གཏོགས་བོད་དོན་མ་འགྲུབ་པ་དེ་བཟོ་མཁན་དང་བོད་དོན་ལ་གནོད་པ་སྐྱེལ་མཁན་དེ་མ་ཎི་མ་བགྲངས་པའི་བོད་པ་ཚོ་རེད་ཟེར་ཡ་རྒྱ་ཆ་བརྒྱ་ཐམ་པ་རེད་སོང་ཙང་དེ་འདྲ་མིང་ངན་པ་དེ་མ་ཡོང་སྔོན་གཟབ་ཟབ་གནང་དགོས། ༀ་མ་ཎི་པདྨེ་ཧཱུཾ། ༀ་མ་ཎི་པདྨེ་ཧཱུཾ། ༀ་མ་ཎི་པདྨེ་ཧཱུཾ། ༀ་མ་ཎི་པདྨེ་ཧཱུཾ།
ༀ་མ་ཎི་པདྨེ་ཧཱུཾ། ༀ་མ་ཎི་པདྨེ་ཧཱུཾ། ༀ་མ་ཎི་པདྨེ་ཧཱུཾ། ༀ་མ་ཎི་པདྨེ་ཧཱུཾ། །
ༀ་མ་ཎི་པདྨེ་ཧཱུཾ། །
སྐུ་ཞབས་སྤོབས་པ་མཐའ་ཡས་ལགས།
ཁྱེད་ཀྱི་དྲི་བ་དེ་མཐོང་བས་ང་གད་མོ་ཞིག་ཤོར་སོང་། ཁྱེད་ཀྱིས་སྔོན་མར་འདི་གར་བོད་ཀྱི་ལོ་རྒྱུས་དང་དབུ་མ་གཞན་སྟོང་སོགས་བྲིས་ནས་སྐུ་ཡོན་ཡོད་མཁན་ཞིག་འདྲ་བོ་མཐོང་ཡང་། ད་ཐེངས་སྐད་ཆ་འདྲི་སྟངས་འདི་ནི་ནང་ཆོས་སློབ་སྦྱོང་གཏན་ནས་བྱེད་མ་མྱོང་མཁན་ཞིག་གི་ཁ་ནས་ཐོན་པ་འདྲ།
སྤྱན་རས་གཟིགས་མཐོང་ཨེ་མྱོང་ཞེས་པའི་དྲི་བ་དེ་རང་ངོས་ནས་སྐྱོན་ཅན་དུ་སོང་། སྐབས་འདིར་བསྟན་གྱི་སྤྱན་རས་གཟིགས་ནི་རྒྱུད་སྡེ་རྣམས་ལས་བྱུང་བའི་ཡི་དམ་འཇིག་རྟེན་དབང་ཕྱུག་ལ་ངོས་འཛིན་དགོས་པས་ཕྱི་རོལ་དུ་ཡོད་པའི་ལྷ་རང་རྒྱུད་པ་ཞིག་ལ་འདུ་ཤེས་འཇོག་རྒྱུ་ག་ལ་ཡིན། གསང་སྔགས་གསར་མ་ལྟར་ན་བསྐྱེད་རིམ་རྣམས་སུ་ཨོཾ་མ་ཧཱ་ཤུནྱ་ཏ་ནས་ཨཏྨ་ཀོཉ་ཧཾཿཞེས་འབྱུང་བ་ལྟར། དང་བོ་སྟོང་ཉིད་དང་གཉིས་པ་ནི་བདག་དམ་པར་གོ་བས། ལྷ་ཞེས་པ་ནི་རང་བཞིན་གྱིས་མ་གྲུབ་པའི་རྣལ་འབྱོར་བ་བདག་གི་ངོ་བོར་སོང་བས་འགྲོ་བ་རྣམས་ཀྱི་ཆོས་ཉིད་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་འཇུག
གསང་སྔགས་རྙིང་མ་ལྟར་ན། དག་དྲན་སྐབས་སུ་ཏིང་འཛིན་རྣམ་གསུམ་བསྟན་དེ། ཚོས་་ཉིད་དོན་གྱི་ལྷ་དང་། མཚན་མ་རྟགས་ཀྱི་ལྷ་ཞེས་སྔ་ཕྱི་གཉིས་མཚོན་བྱ་དང་མཚོན་བྱེད་དུ་གྲུབ་པས། ཕྱག་བཞི་བ་དང་། སྤྱན་སྟོང་བ། དོན་ཡོད་ཞགས་པ་སོགས་ཀྱི་སྐུའི་རྣམ་པ་ནི་ཕྱི་རོལ་ན་ཐ་མལ་བའི་དངོས་པོའམ་གང་ཟག་རང་རྒྱུད་པ་ལྟ་བུ་ཞིག་མཐོང་རྒྱུད་ཡོད་པ་མ་ཡིན་པར། རང་དང་ཐོག་མེད་ལྷན་སྐྱེས་ཀྱི་ཚུལ་དུ་རྒྱུ་ལས་མ་བྱུང་བའི་འབྲས་བུ་ཆེན་པོ་རང་སར་གནས་པའི་རང་ཞལ་དོན་གྱི་ཆོས་ཉིད་ཙམ་ལ་ངོས་བཟུང་དགོས་པས་ན། དེ་ལས་འདས་ཚེ་ལྷ་རུ་ཏྲར་གོལ་བ་ཞེས་བཞེད།
བློ་བཟང་གིས་གསུངས་པ་ཤིན་ཏུ་བདེན། ཆོས་ལུགས་མི་དད་མཁན་ཚོར་བརྙས་བཅོས་བྱེད་མི་རུང་།
གསར་མ་རྙིང་མ་མི་ཤེས། ངའི་དྲི་བ་ནི་སྤྱན་རས་གཟིགས་ཟེར་བའི་ལག་པ་མང་པོ་ཅན་གྱི་སྲོག་ཆགས་དེ་འདྲ་ཞིག་ཡོད་དམ་མེད། ཡོད་པ་སུས་མཐོང་། གང་དུ་མཐོང་།
དམར་སྲུང་དམག་འདི་ཚོ་ལ་སྤང་རྟགས་ཅིག་ཡོད་བ་རེད་ཟེར་བ་ཅི་མ་བདེན།འདི་ཚོ་ལ་ཁྱད་ཆོས་ཞིག་ཡོད་པ་ནི།ལྷ་དང་བླ་མ་མི་བརྩི་བ།ཡུལ་མི་སྤྱིའི་སེམས་ཁམས་ལ་ཕོག་ཐུག་གཏོང་བར་མཚེར་སྣང་སྤུ་ཙམ་མེད་པ།གོ་སྐབས་བྱུང་ན་རང་གི་ཕ་མ་ལའང་རྡུང་རྡེག་ཕོད་པ་དེ་རེད།
༷དམར་སྲུང་དམག་ནི་སྐབས་འདིར་རྒྱ་ནག་གི་དར་དམར་པོ་འོག་ནས་མཚར་ལོང་བྱུང་བ་དང་།ཕྱིས་སུ་བོད་དང་ཁ་བྲལ་བའི་ཡུལ་གྱར་བ་ལ་གོ
དམར་སྲུང་དམག་གི་ཡང་སྲིད་ཅིག་འཁྲུངས་འདུག དེ་སུ་རེད་དམ། ལགས།
ཨེ་ཤི་ཡའི་རང་དབང་རླུང་འཕྲིན་བོད་སྐད་སྡེ་ཚན། |
བོད་རྒྱ་འབྲེལ་མོལ་སླར་གསོའི་རེ་བ།
ཡོ་རོབ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ནས་བོད་རྒྱའི་འབྲེལ་མོལ་སླར་གསོ་ཡོང་བའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་པ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས།
༄༅༎ཕྱི་ཟླ་༧ཚེས་༢༧རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་དམིགས་བསལ་སྐུ་ཚབ་ཟུར་པ་དང༌།ཡོ་རོབ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ནས་བོད་ནང་གི་དཀའ་ངལ་དེ་ཛ་དྲག་ཆེ་རུ་ཕྱིན་ཡོད་སྟབས་རྒྱ་ནག་གི་དབུ་ཁྲིད་གསར་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་མོལ་སླར་གསོ་ཡོང་བའི་རེ་བ་ཆེན་པོ་གནང་གི་ཡོད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་འདྲི་ཞུས་པར་གསན་རོགས༎
ངའི་མདང་ནས་ཉིན་ཉེར་གཅིག་རིང་ལ་མ་ཎི་སྟོང་ཕྲག་རེ་དང་། ཤེར་རབ་སྙིང་པོ་དང་འཕགས་བསྟོད་ཚར་རེ་གསོག་སྒྲུབ་བྱ་རྒྱུ་འགོ་བཙུགས་པ་ཡིན། དྲ་གྲོགས་སྤོབས་མཐའ་སོགས་ཀྱིས་ཀྱང་་་་་
སྤོབས་པའི་སྐད་ཆ་དེས་དྲན་གསོ་ཞིག་བཏང་སོང་། ཉེ་ཆར་དོལ་ཚོགས་ཀྱི་གཏམ་གླེང་ནང་། གཅིག་གིས། “དེང་སང་སྤྱན་རས་གཟིགས་ལས་འོད་དཔག་མེད་དེ་འགྲོ་དོན་རྒྱ་ཆེ་བ་འདུག སྤྱན་རས་གཟིགས་འགྲོ་དོན་མ་ཐུབ་པར་དབུ་རྡུམ་པོ་མང་པོར་འཐོར་བ་རེད་ལབ་ཀྱི་འདུག” ཞེས་པ་དེ་ལྷང་ངེར་དྲན་སོང་། འོན་ཀྱང་སྤོབས་པ་ཁོ་རང་དེ་རེད་ཞུས་ཀྱི་མེད། གང་ན་ངས་མི་ཤེས་པས་སོ།
ཆོས་ལུགས་དད་མོས་ལ་རྩིས་འཇོག་མ་གནང་བ་ཡིན་ན། མི་དེ་སྤྱོད་པ་ཅི་འདྲ་ཞིག་ཡིན་པ་དཔོག་ཐུབ།
སྐུ་ཞབས་སྤོབས་པ་ལགས།
ངས་སྤྱན་རས་གཟིགས་དེ་སྲོག་ཆགས་ཤིག་མ་ཡིན་ཞིབ་ཏུ་བྲིས་ཡོད། ཡང་སྐྱར་ངས་མཆན་ལ་གཟིགས་རོགས།
འདི་ན་མི་ལ་ལས་ང་ལ་དམར་ཤོག་པ་ཟེར་ནས་བཀའ་བཀྱོན་གིན་འདུག་མོད། འོད་གསལ་ལགས་ཁོང་རང་གིས་སྤྱན་རས་གཟིགས་བདག་དམ་པ་ཟེར་བ་དེ་རེད་ཅེས་གསུངས་འདུག་པས་བདག་དམ་པ་ཟེར་བ་དེ་བྲམ་ཟེ་མུ་སྟེགས་པའི་འདོད་ཚུལ་ཞིག་མ་རེད་དམ།
འོད་གསལ་ལགས། ཁྱེད་ཀྱིས་སྤྱན་རས་གཟིགས་ཕྱི་རོལ་ན་མེད་གསུངས་པའི་དོན་ངས་ཤེས་མ་སོང་། ཕྱི་རོལ་ན་མེད་ན་ཁང་པའི་ནང་ན་ཡོད་པ་རེད་དམ།་ཁོག་པའི་ནང་ན་ཡོད་པ་རེད་དམ། ཀླད་པའི་ནང་ན་ཡོད་པ་རེད། རི་བོ་དང་། རྒྱ་མཚོ་དང་། ས་གཞི་སོགས་གང་ཞིག་གི་ནང་ན་ཡོད་ཟེར་གྱིན་ཡོད། གང་ཞིག་གི་ནང་ན་ཡོད་པ་རེད། ཡིན་རྒྱུ་ངོ་མ་དེ་སྤྱན་རས་གཟིགས་ཟེར་བ་དེ་ཕྱི་རོལ་པའི་ལྷ་དབང་ཕྱུག་ཆེན་པོ་རེད། ང་དམར་ཤོག་པ་ཡིན་རྒྱུ་རེད་དེ་ཁྱེད་རྣམ་པ་སྤྱན་རས་གཟིགས་ལ་མཆོད་བཀུར་བྱེད་འདུག་མཁན་དེ་ཚོ་ཡང་ཧིན་དྷུའི་ལྷ་མཆོད་ཆོས་ལུགས་པའི་ཤ་ཤས་ལྷག་ལུས་ཐབས་སྡུག་རེ་རེད་བསམ་གི་འདུག
འདྲི་བ་འདི་ད་ལྟ་སུ་ཡིན་མིག་སྟོན་ཤོག་གསུངས་ཀྱིས་ཡོད་དམ། སྤྱན་རས་གཟིགས་བྱུང་རབས་ཤོས་ཤོག་གསུངས་པ་རེད།
སྐུ་ཞབས་སྤོབས་མཐའ་ལགས།
རྒྱུད་བླ་མ་ལས།
རྣམ་པ་བཞི་ལས་བཟློག་པ་ཡི། །གཉེན་པོས་རབ་ཏུ་ཕྱེ་བ་ཉིད། །དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ཆགས་སྤང་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བས་དམ་པའི་བདག། ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །
ཞེས་དམ་པའི་བདག་ཞེས་དངོས་བསྟན་གྱི་ཚིག་ལ་གཟིགས་དང་། ཁོ་བོས་བཤད་པའི་བདག་དམ་པ་དེ་གྲངས་ཅན་པ་སོགས་ཀྱིས་འདོད་པའི་ཀུན་བཏགས་ཀྱི་བདག་རྟག་གཅིག་རང་དབང་ཅན་དང་གཅིག་མིན་མྱུར་དུ་མཁྱེན་འོང་།
སྐུ་ཞབས་སྤོབས་མཐའ་ལགས།
ད་ནི་ཁྱེད་ཀྱི་མཆན་ལ་ཀློག་ཚེ་གད་མོ་དབང་མེད་ཤོར་སོང་། སྤྱན་རས་གཟིགས་ནི་དོན་དམ་སྟོང་བ་ཉིད་དང་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་ཡིན་པས། རི་བོང་ར་ལྟ་བུ་མ་ཡིན་པས་མེད་ཅེས་ཟེར་མི་འོས་ལ། ཀ་བ་ལྟ་བུའི་དངོས་པོ་མ་ཡིན་པས་ཡོད་ཅེས་ཟེར་མི་དགོས།
མདོར་ན་སྤྱན་རས་གཟིགས་ཟེར་བའི་དཀར་པོ་ལག་པ་མང་པོ་ཅན་གྱི་སྲོག་ཆགས་འདི་ཡོད་དང་མེད། ཡོད་ན་གང་དུ་ཡོད། ངས་དེ་གཅིག་པོ་འདྲི་གི་ཡོད།
ཁྱེད་ཀྱི་ཕྱི་ན་མེད་གསུངས་པ་མ་གཏོགས་ནང་གང་ཞིག་ན་ཡོད་ཚུལ་གསུངས་མ་སོང་། མཚམས་ཞིག་ལ་ཁྱེད་ཀྱིས་བདག་རེད་གསུངས་སོང་། མཚམས་ཞིག་ལ་སྟོང་ཉིད་རེད་གསུངས་སོང་། བདག་ཏུ་གྲུབ་ན་ཡོད་པ་ཡིན་དགོས། སྟོང་ཉིད་ཡིན་ན་མེད་པ་ཡིན་དགོས། དེ་གཉིས་འགལ་བ་ཡིན།
བཀུར་འོས་པའི་སྐུ་ཞབས་སྤོབས་མཐའ་ལགས།
སྤྱན་རས་གཟིགས་དེ་ཉིད་ཧིན་དྷུའི་ལྷ་དབང་ཕྱུག་ཆེན་པོ་ཡིན་པའི་སྒྲུབ་བྱེད་ག་རེ་ཡོད། ཡོད་ན་གསུངས་དང་ངས་ཁྱེད་ལ་ལན་འབུལ་འོང་།
གཟུགས་ཡོད་མཁན་ཞིག་ཡིན་ན་ཡོད་དགོས་རྒྱུ་རེད། སྟོང་པ་ཡིན་ན་མེད་དགོས་རྒྱུ་རེད། དངོས་འགལ་ཟེར་ན་འདི་རེད།
སྐུ་ཞབས་སྤོབས་མཐའ་འདི་ལ་ཅི་ལྟར་གསལ་བོར་ཞུས་ཀྱང་གོ་བརྡ་འཕྲོད་ཀྱིན་མི་འདུག །སྤྱན་རས་གཟིགས་དེ་འདུས་མ་བྱས་པའི་རང་བཞིན་དུ་བཞུགས་པས་ཕྱི་ནང་གང་དུ་བཙལ་ན་རྙེད་རྒྱུ་ཡོད་པ་མ་རེད། ཁྱེད་ཉིད་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་འོབས་དོང་དུ་ལྷུང་ནས་ནམ་ཡང་ཆོས་ཉིད་རྟོགས་པའི་གོ་སྐབས་རྒྱ་ཁབ་ཀྱི་མིག་ལས་ཀྱང་ཕྲ་བར་སྣང་། ཀུ་རེ་ཞུས། དགོངས་ལ་མ་ཚོམ།
ད་སྐུ་ཞབས་སྤོབས་མཐའ་ཁོང་གིས་འདི་གར་ལན་གནང་གིན་མི་འདུག།ཕལ་ཆེར་སྤྱན་རས་གཟིགས་གང་ན་ཡོད་དགོངས་ནས་ཕྱི་ལོགས་སུ་འཚོལ་དུ་སོང་བ་འདྲ། ཧེ་ཧེ།
སྤྱན་ཕྱག་མང་པོ་ཅན་གྱི་སྤྱན་རས་གཟིགས་ནི་རྟོག་བཟོའི་ལྷ་སྒྲུང་ལ་བརྟེན་པའི་རི་མོའི་སྒྱུ་རྩལ་ཞིག་ཏུ་འདོད།
སྤྱན་རས་གཟིགས་འདི་དོན་དུ་དབང་ཕྱུག་ཆེན་པོ་རེད།
སྐུ་མདུན་སྐུ་མཚམས་བཞུགས་པ་ལ་གཏམ་འཆལ་མང་པོ་མ་ཞུགས་ན་ལེགས་སྙམ། ཁྱེད་ཚོས་སྤྱན་རས་གཟིགས་མ་ཤེས་ན་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་སོགས་རེད། ད་ལྟ་རྒྱལ་བ་རིན་པོ་ཆེ་རེད། ལ་དྭགས་ལ་སྐུ་མཚམས་སུ་ཕེབས་མཁན་དེ་རེད། ད་ལྟ་རྡ་རམ་ས་ལ་བཞུགས་མཁན་དེ་རེད། འཛམ་གླིང་ཤར་ནུབ་ཏུ་གྲགས་བཞིན་པའི་ཏྰ་ལའི་བླ་མ་ཞུ་བ་དེ་རེད། བོད་མི་ཞིག་གི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དེ་རེད། ཕྱག་གིས་དབང་བསྐུར་འཁོར་ལོ་བསྒྱུར་བ་དང་སྤྱན་གྱིས་གཟིགས་གྲངས་མང་པའི་འཕགས་པ་སྤྱན་རས་གཟིགས་དངོས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་རེད། པད་གླིང་གསེར་ཆོས་ལས། ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང་། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
འོ་་་ད་ཡིན་ན་སྤོབས་པ་མཐའ་ཡས་འདིས་རྒྱལ་བ་རིན་པོ་ཆེ་ལྷ་དབང་ཕྱུག་ཆེན་པོའི་སྤྲུལ་པ་ཡིན་པར་སྒྲུབ་རྩིས་ཡོད་པ་འདྲ།
སེམས་སྐྱོ་ཡ་འདྲ་ཞིག་འདུག། དགྲ་ལག་ལ་ཡོད་པའི་བོད་བརྗེད་ནས། དགོས་མི་དགོས། འབྲེལ་མེད་དོན་མེད་འདྲ་བཤད་ནས་ཤེས་རྟགས་འདྲ་ཡོད་ཁུལ་གྱིས་ཉི་མ་འཁྱོལ་བ་འདི་ནི་གྱོང་ཁ་ཆེན་པོ་ཞིག་རེད་དོ།
ལག་ལ་ཚོན་ཆ་ཨེ་རེག་མི་ལྟ་འི།
རུམ་ལ་སྒོར་མོ་ཨེ་རེག་མི་ལྟ་འི།
ཡུལ་ལ་བདེ་སྐྱིད་ཨེ་རེག་མི་ལྟ་འི།
རང་ལ་དཔའ་རྩལ་རྒྱས་རེག་མི་ལྟ་འི།
དགྲ་ལ་དཔུང་བ་ངོམ་རེག་མི་བྱེད་ཀི།
རིགས་གནས་གསར་བ་སྦྱང་རེག་མི་བྱེད་ཀི།
ཆོས་སྡེ་ཆོལ་ཁ་ཨེ་མཐུན་མི་ལྟ་འི།
མི་བཤད་དགུ་བཤད་ཅན་གི་ཁ་བརྡ་བ་ཚང་གི་ཁ་དགུ་ཚོ་ལ་སུན་སོང་ངོ།
༧༠༽ ཨ་ཕྱི་ཆོས་སྒྲོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༠ གི་ཆུ་ཚོད་ ༢ སྐར་མ་ ༡༨
སྐུ་མདུན་སྐུ་མཚམས་བཞུགས་པ་ལ་གཏམ་འཆལ་མང་པོ་མ་ཞུགས་ན་ལེགས་སྙམ། ཁྱེད་ཚོས་སྤྱན་རས་གཟིགས་མ་ཤེས་ན་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་སོགས་རེད། ད་ལྟ་རྒྱལ་བ་རིན་པོ་ཆེ་རེད། ལ་དྭགས་ལ་སྐུ་མཚམས་སུ་ཕེབས་མཁན་དེ་རེད། ད་ལྟ་རྡ་རམ་ས་ལ་བཞུགས་མཁན་དེ་རེད། འཛམ་གླིང་ཤར་ནུབ་ཏུ་གྲགས་བཞིན་པའི་ཏྰ་ལའི་བླ་མ་ཞུ་བ་དེ་རེད། བོད་མི་ཞིག་གི་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དེ་རེད། ཕྱག་གིས་དབང་བསྐུར་འཁོར་ལོ་བསྒྱུར་བ་དང་སྤྱན་གྱིས་གཟིགས་གྲངས་མང་པའི་འཕགས་པ་སྤྱན་རས་གཟིགས་དངོས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་རེད། པད་གླིང་གསེར་ཆོས་ལས། ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང་། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ་་་་་ཞེས་པ་འདི་་ནི་ཤིན་ཏུ་ནས་བདེན་ནོ། །ཨ་ཕྱི་ཆོས་སྒྲོན་ལགས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། །སྤོབས་པ་མཐའ་ཡོད་ལགས་ལ་རྒྱབ་སྐྱོར་བརྒྱ་ཆ་གཅིག་ཀྱང་སྤྲད་ཐུབ་པ་མི་འདུག་གོ། །།
སྤོབས་པ་མཐའ་འདི། སྤོབས་པ་མཐའ་ཡོད་ཆགས་འགྲོ་བགྱིད་འདུག ད་ག་རེ་བྱས་པ་པ་ཡིན་ནམ། དྲ་གྲོགས་ཚོ།
དབང་ཕྱུག་ཆེན་པོ་གང་ན་ཡོད། མིག་སྟོན་དང། སོ་སོའི་འདྲི་བ་རང་གི་ངོ་མ་ཤེས། ལན་དེ་ཙམ་ཞིག་རྒྱབ་མ་ཐུབ་པ་སུ་ཡོད། སྤྱན་རས་གཟིགས་སྤྱན་རས་གཟིགས་རེད། ད་ལྟ་ཕོ་བྲང་པོ་ཏ་ལར་ཞུགས་ཡོད།
http://www.khabdha.org/?p=50858
བཀྲ་ཡེ་ཚང་གི་ཆེད་དུ་མ་ཎིའི་ཕན་ཡོན་བྲིས།
བཀྲ་ཡེ་ཚང་ཟེར་བ་ཞིག་གིས་་་་་་༼ཧ་ཧ་ཧ་་་་་་ངོ་མ་བགད་མོ་ཤོར་གི མ་ཎི་འདོན་ནས་བོད་དོན་སེལ་རྒྱུ་ཞིག་ཡོད་ན་སེལ་ཚར་ཡིན། མ་ཎི་བཏོན་ན་བོད་དོན་སེལ་མིན་ཅི་ཤེས་སྒོར་མོ་སློང་བྱེད་ལ་སྙིང་རྗེ་བོ་འདུག རང་འགོ་རང་གིས་གཡོགས། ཕ་འགོ་གཞན་གྱིས་གཡོགས་ཟེར་བ་དེ་འདྲ་ཞིིག་ཡིན་རྒྱུ་རེད། མ་ཎི་ཆོས་ཀྱིས་གོ་མི་ཆོད། ཞ་ཉེ་འབུག་གིས་གོ་མི་ཕུག མ་ཎིི་བཏོན་ན་ཁ་ན་རོགས། ཆུ་རྐྱང་འཐུང་ན་གཅིན་མང་རོགས།།༽ཞབས་འདྲེན་པ་ཞི་གིས་དེ་འདྲ་ བྲིས་འདུག
འདི་ལ་བརྟེན་ནས་མ་ཎིའི་ཕན་ཡོན་བྲིས།
སྤོབས་ོ་མཐའ་ཡས་ལགས་་་་་་ད་སྤྱན་རས་གཟིགས་ཀྱི་མཚན་གཞི་ནི་གསལ་ཐག་ཆོད་བཞག་སོང་་་་རང་ལ་ག་རེ་བཤད་ཡ་ཡོད།
མི་འདིའི་རིགས་ལ་མ་ཎིའི་དོན་བཤད་ཀྱང་ཅི་ཕན་་་་བོང་བའི་རྣ་བར་གསེར་བླུགས་པ་དང་ཨ་ན་མ་ན་རེད།
དེ་ལས་སྒོར་རྡོག་ཆ་རེ་བྱིན་ནས་སློབ་གསོ་རེ་གཏོང་ན་དུས་ཕན་ཁོ་ཁག་ཡིན་ནི་རེད། ངོ་མ་ཡིན།
བློ་བཟང་གི་ཁྱབ་འགྲིག་གི་རིགས་པས་སྤ྄ོབས་པ་འཇམ་ཐིང་ངེར་གྱུར།
དབང་ཕྱུག་ཟེར་བ་དེ་ཧིན་དྷུའི་ལྷ་སྒྲུང་གི་མི་ཞིག་རེད སྣྱན་རས་གཟིགས་ནི་དེའི་མིང་གི་རྣམ་གྲངས་ཤིག་རེད