བློ་གྲོས་རབ་བརྟན།
ད་ལོའི་སྲིད་སྐྱོང་འོས་བསྡུའི་ཐད་ནས་མི་སྐོར་ཞིག་གིས་ཆོལ་ཁས་ཕྱོགས་རེས་དང་དཔུང་སྒྲིག་བྱས་སོང་ཟེར། དོན་ངོ་མ་ཕྱོགས་རེས་དང་དཔུང་སྒྲིག་བྱས་ཡོད་དམ། ཆོལ་ཁའི་ཕྱོགས་རེས་དང་དཔུང་བསྒྲིགས་ལབ་ན་ག་འདྲ་ཞིག་རེད། གཞི་འཛིན་ས་ཞིག་ཡོད་དམ།
དྲ་ལམ་ཁག་ན་སྲིད་སྐྱོང་འོས་བསྡུའི་ཐད་ཆོལ་ཁས་ཕྱོགས་རེས་དང་དཔུང་སྒྲིག་བྱས་སོང་ཟེར་ནས་གཏམ་འཆར་འགའ་མཐོང་མོད། དེ་ནི་དེ་ཙམ་བདེན་པ་ཡིན་པའི་ཚད་འཛིན་བྱས་མེད་དེ། ཆེད་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དཀྲིག་པར་གཏམ་འཆར་སྤེལ་མཁན་ཡོད་ཁོ་ཐག་ཡིན་པས་ཡིན།
འོན་ཀྱང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། བུད་མེད་ཚོགས་གཙོ་གཉིས་ནས་ཀྱང་ཆོལ་ཁས་ཕྱོགས་རེས་དང་དཔུང་བསྒྲིགས་བྱས་པ་ཡག་པོ་མ་རེད། སེམས་འཚབ་ཡོད། ད་ལོའི་འོས་བསྡུའི་ཞན་ཆ་ཞིག་རེད་ཅེས་བཤད་ཡོང་དུས། ད་ནི་བདེན་པའི་ཆ་ཞིག་མེད་འགྲོ་སྙམ་ནས་དོ་སྣང་ཕྲན་བུ་བྱེད་དགོས་བྱུང་སོང་།
བཀའ་བློ་དངོས་གྲུབ་ཚེ་རིང་དང་བུད་མེད་ཚོགས་གཙོ་གཉིས་ལ། ག་འདྲ་བྱས་ནས་ཆོལ་ཁས་ཕྱོགས་རེས་དང་དཔུང་སྒྲིག་བྱས་སོང་ཟེར་ནས་འདྲི་དགོས་པ་རེད་ལ། དྲིས་ལེན་དེས་དངོས་གནས་ཕྱོགས་རེས་དང་དཔུང་སྒྲིག་བྱས་འདུག་མིན་རྟོགས་ཐུབ་ཀྱང་། ཁོང་གཉིས་ལ་འདྲི་བ་དེ་ལྟར་འདྲི་མཁན་ཞིག་ད་བར་བྱུང་མེད་ཚོད་རེད།
བདེན་པའི་གཞི་འཛིན་ས་མེད་པའི་དྲ་ལམ་གྱི་གཏམ་འཆར་འགར་གཞིགས་ན། དབུས་གཙང་དང་མདོ་སྨད་གཉིས་ནས་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་མིར་བཏོན་པ་དེ། ཆོལ་ཁས་ཕྱོགས་རེས་དང་དཔུང་སྒྲིག་བྱས་སོང་ཟེར་ནས། བློ་བཟང་སེང་གེའི་རྒྱབ་སྐྱོར་བ་འགས་འུར་ཆེན་པོས་སྒྲོག་གིན་འདུག་ཅིང་། དབུས་གཙང་ཆོལ་ཁས་མདོ་སྨད་པ་ཞིག་འོས་མིར་བཏོན་པ་དེ་ཇི་ལྟར་བྱས་ནས་ཕྱོགས་རེས་ཆགས་པ་རེད། དབུས་གཙང་པར་ཕྱོགས་རེས་མེད་སྟབས་མདོ་སྨད་པ་ཞིག་འོས་མིར་བཏོན་པ་མ་རེད་དམ། ཆོལ་ཁོངས་གཅིག་པ་ཡིན་པའི་འོས་མི་བཏོན་མེད་པ་དེས་ཕྱོགས་གཅིག་ནས་ཕྱོགས་རེས་བྱེད་ཀྱིན་མེད་པ་བསྟན་པ་རེད། གལ་ཏེ་འཇོན་ཐང་ལ་མ་བལྟས་པར་ཕྱོགས་རེས་ཀྱིས་ཆོལ་ཁོངས་འོས་མི་བཏོན་ཏེ། རྒྱབ་སྐྱོར་དགོས་པའི་ལས་དོན་ཚགས་ཚུད་བསྒྲུབས་ན། དབུས་གཙང་ཆོལ་ཁ་ལ་ཆོལ་ཁ་གཞན་གཉིས་དང་བསྡུར་ན་མི་འབོར་གྱི་ཆ་ནས་ཐོབ་པའི་གོ་སྐབས་ཆེན་པོ་རེད་དེ། དབུས་གཙང་པས་ད་བར་རྒྱ་ཆེ་སར་བལྟས་ཏེ་དེ་ལྟར་བྱས་མེད། ཆོལ་ཁ་གཞན་གཉིས་དང་ལྟོས་འཇོག་གིས་བཤད་ན་དབུས་གཙང་ཆོལ་ཁ་གཞི་འཇམ་པོ་དང་། ད་བར་དུ་བཙན་བྱོལ་བོད་མི་ཚོ་གོང་ས་མཆོག་གི་ལམ་སྟོན་འོག་སྲ་ཐག་ཐག་གནས་ཐུབ་པ་དེ་དབུས་གཙང་པས་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་ལ་འབྲེལ་བ་དམ་པོ་ཡོད།
མདོ་སྨད་ཆོལ་ཁས་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་མིར་བཏོན་པ་དེ་ཆོལ་ཞེན་རེད་ལབ་ན། ད་འོ་ན། ཆོལ་ཁ་རང་ཁོངས་ནས་མི་ཤེས་འཇོན་ལྷག་བསམ་ཅན་དག་འོས་མིར་བཏོན་མི་ཆོག་པ་ཡིན་ནམ། དེ་ལྟར་བྱས་ན་དགོས་པའི་མི་དེ་དགོས་སར་བསླེབ་མི་ཐུབ་ལ། མི་དགོས་པ་དང་ཕན་མི་ཐོགས་པའི་མི་དག་ལ་གོ་སྐབས་བསྐྲུན་སྲིད།
དབུས་གཙང་དང་མདོ་སྨད་ཆོལ་ཁ་གཉིས་ནས་སྤེན་ཚེ་འོས་མིར་བཏོན་དགོས་པ་དེ་ལས་ཐོག་སྲིད་སྐྱོང་བློ་སེང་གིས་ཧ་ལམ་ལོ་ལྔའི་རིང་གི་ཕྱག་ལས་དང་འབྲེལ་བ་ཡོད་ཅིང་། བློ་སེང་གིས་ལོ་ལྔའི་རིང་ལ་ཆབ་སྲིད་དང་འཛིན་སྐྱོང་། ནང་ཁུལ་མཐུན་སྒྲིལ། ལས་དོན་ཁག་ཚགས་ཚུད་ཕྱོགས་སུ་མ་ལྷུང་བར་གང་འཚམ་བྱེད་ཐུབ་ཡོད་ན། ཆོལ་ཁ་དེ་གཉིས་ནས་སྤེན་ཚེ་འོས་མི་འདོན་མི་སྲིད་པ་རེད། འོན་ཀྱང་དེ་ལྟར་མ་བྱུང་བས། སྤེན་ཚེ་སྲིད་སྐྱོང་འོས་མིར་བཏོན་པ་རེད་ལ། བཏོན་དགོས་པ་དེ་སྤྱི་དོན་རང་ཡིན་པ་དེ་རེད།
མི་སྐོར་ཞིག་གི་རྣམ་འགྱུར་ལ་བལྟས་ན། ད་ལོའི་སྲིད་སྐྱོང་འོས་བསྡུའི་ཁྲོད་བློ་སེང་ཕམ་ཡིན་ན། དེ་དུས་ཕམ་དགོས་པའི་རྒྱུ་རྐྱེན་དེ་ལོ་ལྔའི་རིང་བློ་སེང་གི་ཕྱག་ལས་ཀྱིས་བོད་མི་ཚོར་འདོད་པ་མ་ཚིམ་པ་དེ་ཡིན་མི་སྲིད་ལ། དབུས་གཙང་དང་མདོ་སྨད་ཆོལ་ཁ་གཉིས་ནས་དཔུང་བསྒྲིགས་ཏེ་ཕམ་བཅུག་སོང་ལབ་ཁོ་ཐག་རེད། ད་དུང་སྐད་ཆ་བཟོས་ཏེ་མདོ་སྟོད་མི་ལ་སྡང་བོ་བྱས་སོང་ཟེར་ནས་ཆེད་དུ་འུར་སྒྲོག་བྱེད་ཞོར་སྐད་ཆའི་རྒྱབ་རྟེན་དུ་ཤེས་རིག་བཀའ་བློན་དང་བུད་མེད་ཚོགས་གཙོའི་སྐད་ཆ་འཁྱེར་ཡོང་གི་རེད།
མདོར་ན། ཤེས་རིག་བཀའ་བློན་དང་བུད་མེད་ཚོགས་གཙོ་གཉིས་ནས། ད་ལོའི་འོས་བསྡུའི་ཁྲོད་སྲང་ལམ་གྱི་གཏམ་འཆར་ཙམ་མ་ཡིན་པར་དངོས་གནས་ཕྱོགས་རེས་བྱས་པ་བདེན་དཔང་དང་བཅས་བསྟན་དགོས་ལ། དེ་ལྟར་བསྟན་མ་ཐུབ་ན་མི་ཆེན་པོས་སྐད་ཆ་གང་བྱུང་བཤད་རྒྱུ་མེད་པ་དེ་ཤེས་གལ་ཆེ་སྙམ།
༼ཟུར་ཞུ། རྩོམ་ཆོག་འདི་མགྱོགས་པོ་མགྱོགས་ཁ་པར་སྤྱད་དེ་མེ་འཁོར་ནང་བྲིས་པ་ཡིན། ཚིག་དོན་གང་ཐད་ནས་མང་པོ་ནོར་ཡོད་ངེས་ན། ཀློག་མཁན་ཚོས་དེ་བཞིན་སེམས་ལ་འཛིན་པར་ཞུ།༽
ཆོལ་ཁས་ཕྱོགས་རིས་བྱས་སོང་ཟེར་བ་ལ་སྡེ་ཁག་གཉིས་ཡོད། སྐད་ཆ་དེ་སྒྲོག་མཁན་དང་པོ་སུ་ཡིན་མི་ཤེས། གང་ལྟར། དབུས་གཙང་པས་སྤེན་ཚེ་འོས་མིར་བཏོན་པ་ནི་ཆབ་སྲིད་ཀྱི་གནད་དོན་ཁོ་ན་མ་ཡིན་པར་༧གོང་ས་མཆོག་ནས་མི་ལོ་ལྔ་བཅུ་ལྷག་གི་རིང་སྐུ་ལས་བསྐྱོན་ཏེ་གཡས་སྐྱོར་གཡོན་སྐྱོར་གྱིས་བསྐྱངས་པའི་བཙན་བྱོལ་སྒྲིག་འཛུགས་འདིའི་རྒྱུན་གནས་དང་། ལས་བྱེད་ནང་ཁུལ་གྱི་དྲང་བདེན་ཞི་འཇམ་གྱི་གནས་བབ། བོད་རྒྱ་འབྲེལ་མོལ། ཕྱི་དགྲ་འགོག་ཚུལ། ནང་ཁུལ་བརྟན་བརླིང་སོགས་མང་པོ་མང་པོ་མང་པོ་མང་པོ་ཞིག་ལ་དམིགས་པ་ཞིག་རེད། གསལ་པོར་བཤད་ན། འདས་པའི་ལོ་བཞི་ལྷག་རིང་ལ་བོད་ཀྱི་ཚོགས་པ་ཆེ་ཆུང་བར་ལབ་གླེང་བསྟུད་མར་བྱུང་བ་དང་། གངས་སྐྱིད་ཀྱི་ལྷན་ཁང་ཁག་དང་ས་གནས་ཡན་ལག་རྣམས་སུ་དྲང་མིན་གྱི་འཁང་ར་བཤད་མཁན་མང་བ། གཞུང་ཞབས་རྣམས་གངས་སྐྱིད་ནས་ཐོན་པ། དེ་ལས་ཀྱང་ཉེན་ཁ་ཆེ་བ་བོད་རྒྱ་འབྲེལ་མོལ་གྱི་བྱ་བ་འདི་ཡིན་ཟེར་བ་གཅིག་ཀྱང་མ་བྱུང་བ་དང་། ལས་གནས་མཐོ་པོ་རྣམས་སུ་སྲིད་སྐྱོང་གི་ངོ་ཤེས་གྲོགས་པོ་དང་གཉེན་ཉེ་ཕ་ཡུལ་གཅིག་པ་རྐྱང་བསྐོ་འཇོག་བྱས་པ། ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་དང་དོལ་ཚོགས་ལ་གཞུང་ཕྱོགས་ནས་ལངས་ཕྱོགས་བརྟན་པོས་རྒོལ་ལན་གཅིག་ཀྱང་མ་སྤྲད་པ་སོགས་རེད། ལྟ་ཚུལ་ཡོང་ས་དངོས་ནི། ཟམ་གདོང་བླ་མའི་སྐབས་སུ་ཐབས་བྱུས་སྣ་ཚོགས་དང་ཞི་དྲག་ངེས་མེད་ཀྱིས་རང་གཞུང་རང་སྲུང་དང་རང་ས་བརྟན་བརླིང་བྱུང་བའི་སྟབས་ཀྱིས་རེད། ཐ་ན་ཟམ་གདོང་བླ་མས། སྐྱེ་བ་གཅིག་ལ་འཆི་བ་གཅིག་མ་གཏོགས་མེད་པས་ཇི་ལྟར་འཆི་ཡང་འགྱོད་པ་མེད་པའི་གཏམ་བཤད་དང་གདོང་ལེན་གནང་ཕྱོགས་སོགས་རེད། བློ་སེང་གིས་དེའི་ཟུར་ཙམ་ཡང་གནང་མ་ཐུབ་པར་གཡོལ་ཐབས་རྐྱང་བྱས་ཡོད་ཅིང་། དངུལ་དང་མཐོ་ཉམས་ཀྱི་རྗེས་ཁོ་ནར་རྒྱུགས་ཏེ་དགོས་པའི་ཐབས་བྱུས་གཅིག་ཀྱང་བཏོན་མེད།
དབུས་གཙང་པས་གཞན་དེ་ལ་ཕྱོགས་རིས་བྱས་སོང་ཟེར་བ་ནི། སྤྲུལ་སྐུ་ཨོན་སྟོབས་ལགས་ཀྱིས་སྤེན་ཚེ་ལ་འཁྱོག་བཤད་སྐྱོན་བརྗོད་བྱས་ཏེ་ནང་ཁུལ་ཤོག་བསྒྲིལ་བྱས་པ་དང་། སྤྱི་ཟུར་བེར་འཇིགས་ཀྱིས་སྐད་ཚོམས་ནང་སྤེན་ཚེ་ལ་འཆལ་གཏམ་དྲིལ་བསྒྲགས་བྱས་པ། གཞན་སྐོར་ཞིག་གིས་ལྐོག་བྱུས་སྣ་ཚོགས་བྱས་པ། ལྷག་པར་དུ་བློ་སེང་གི་རྒྱབ་སྐྱོར་བའི་ཁྲོད་ནས་འཇིགས་སྐུལ་བྱེད་མཁན་དང་རྫུན་སྒྲིག་བྱེད་མཁན། གཅར་རྡུང་བྱེད་མཁན་ཚང་མ་ཆོལ་ཁུངས་གཅིག་གི་མི་སྣ་ཡིན་པ་སོགས་ལ་ཟེར་བ་རེད། གསལ་རྐྱང་དུ་བཤད་ན། དེ་དག་ཐམས་ཅད་ཁམས་རིགས་ཤིག་མུ་མཐུད་སྲིད་སྐྱོང་གི་ཞབས་སྟེགས་སྟེང་འཇོག་པ་ལས་ཆོལ་ཁུངས་གཞན་ཞིག་གི་མི་སྣ་སུ་ཡིན་ཡང་དེར་འཇོག་མི་འདོད་པའི་དབང་གིས་ཡིན་པར་འདོད།
མདོ་སྨད་ལ་མི་གྲངས་ཉུང་བ་དང་ཆབ་སྲིད་ཀྱི་གོ་རྟོགས་ཞན་པས་ཕྱོགས་ཞེན་བྱས་སོང་ཟེར་བའི་ཁོངས་སུ་ཕལ་ཆེར་མེད་པ་ལྟ་བུ་རེད། ཤེས་རིག་བཀའ་བློན་གྱིས་བཤད་པ་དེ་ནི། ཁྲིམས་དང་ཁ་མཆུ་ལ་བསམ་བློ་མ་བཏང་བར་སྤྲེལ་ལད་ཁོ་ནའི་དབང་གིས་བཤད་པ་ཞིག་ཡིན་པ་འདྲ། གཞན་དེས་དམིགས་ས་མི་ཤེས།
ཨ་རིའི་གནས་སྡོད་༼འཕྲིན་ལས་སྐལ་བཟང་༽ཟེར་བའི་མི་ངན་དེ་ད་ལྟ་འོས་ཤོག་ཆེད་དུ་རྒྱ་གར་ལ་སླེབས་འདུག་ཟེར། ཁོང་ཡོངས་དགོས་གཙོ་བོར་དེ་རྒྱ་གར་གཞིས་ཆགས་ཁག་ནང་སྲིད་སྐྱོང་བློ་བཟང་སེང་གེ་རྒྱབ་སྐྱོར་གནང་མཁན་ཞིས་གིས་སྤེན་པ་ཚེ་རིང་འོས་བླུག་པའི་དཔང་བཏགས་དང་བཅས་པ་ཡོད་ན་ཧིན་སྒོར་༥༠༠༠ རེ་སྤྲོད་ཀྱི་ཡིན་ཟེར་ནས་གཞིས་ཆགས་གང་སར་ལས་འགུལ་སྤེལ་བཞིན་འདུག་ཟེར། འདི་ནི་དངོས་ཡོད་ཁུངས་ལྡན་ཞིག་ཡིན་པས་ཚང་མས་ཡིད་གཟབ་གནང་གལ་ཆེ། སྐད་འཕྲིན་དང་ངོ་དེབ་སོགས་མང་ཙམ་གཏོང་རོགས། གཞན་ལས་བཤུས
palden ལགས་ནོར་མེད་ཞུ། ཨེ་ཤ་ཡ་རླུང་འཕྲིན་ཁང་གིས་རྡ་ས་ནས་འགུལ་བརྙན་དུ་ཚོགས་པ་ཁག་གི་འོས་བསྡུ་ལ་ལྟ་སྟངས་ཐད་འདྲི་བ་དྲིས་ལན་དུ་བུད་མེད་ཚོགས་གཙོས་གསུངས་སོང་། ཨེ་ཤ་ཡ་རླུང་འཕྲིན་གྱི་དྲ་བརྙན་དུ་གཟིགས་རོགས། དོགས་པ་ཡོད་ན།
ཨོ་རེད། ད་ངས་དྲན་སོང་། རེད་རེད། བུད་མེད་ར་བཟི་འདྲ་བོ་དེ། གསལ་འདེབས་གནང་བར་ཐུགས་རྗེ་ཆེ།
ཆོལ་ཁ་དང་ཆོས་ལུགས་ཀྱི་ལར་རྒྱ་དང་ཞེན་ངེས་པར་དགོས་པ་རེད་ལར་ཞེན་དང་ཕྱོགས་གཏོགས་གཉིས་ཁ་ཁ་རེད་ལར་ཞེན་བྱེད་ཆོག་གི་མེད་ན་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་ནས་མི་འབོར་ལ་ཞིག་པའི་འཐུས་མི་ཡོང་སའི་ཁྲིམས་བཟོ་དགོས་པ་རེད་དེ་མིན་བཅའ་ཁྲིམས་ནང་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་བཅད་ན་ཡོད་པར་ལར་ཞེན་མི་ཆོག་ཟེར་ན་མི་དེ་ལ་རྒལ་ཚིག་མེད་པའི་རྟགས་རེད་ནང་ཤེས་བཀའ་བློན་གཉིས་ནས་བློ་སེང་ལ་རྒྱབ་སྐྱོར་བྱེད་ཆོག་པ་རེད་འོན་ཀྱང་བཀའ་བློན་གྱི་ཞབས་ཀྱག་ཐོག་ཞུགས་ནས་རྒྱབ་སྐྱོར་གནང་ཡོད་ན་འོས་བསྡུའི་སྒྲིག་གཞི་དོན་ཚན་24པའི་ནང་གསེས་4པ་དང་འགལ་ཡོད་ན་འོས་བསྡུ་ལས་ཁང་ནས་ཐུགས་ཞིབ་གནང་དགོས་པ་རེད་ཕྱོགས་གཏོགས་ལ་འགན་འཁུར་ནས་སྤྱི་ཚཚོགས་ནམ་ཡང་དཀྲུགས་མི་ཉན་ཕྱོགས་གཏོགས་དང་ལར་ཞེན་ཁ་ཁ་རེད་།
བོད་པའི་སྤྱི་ཚོགས་ནང་། ཞེན་ཁོག་དང་ ཕྱོགས་རིས་ཆེ་ཤོས་ཀྱི་སྤྱི་ཚོགས་དེ་སེ་འབྲས་དགེ་གསུམ་གྱི་གྲྭ་བ་དང་གྲྭ་ཟུར་རྣམས་རེད་འདུག དང་པོ་ཁོང་ཚོའི་ཆོས་ལུགས་ཀྱི་ཕྱོགས་རིས། གཉིས་པ་ཆོལ་ཁའི་ཕྱོགས་རིས། གསུམ་པ། ལུང་ཚན་གྱི་ཕྱོགས་རིས་སོགས་བྱེད་ཀྱི་འདུག
ཕྱོགས་སུ་མ་ལྷུང་པར་གནས་ལུགས་ལྡན་པ་ཞིག་བྲིས་འདུག
མཆན་བུ་འདོགས་མཁན་ཚོ། ད་ག་ཚོད་ཅིག་ངུ་རྒྱུ་ཡོད་ན་ངུས་མ་གཏོགས་ཉིན་གཅིག་ལས་མི་འདུག་གདའ། ཧཧཧཧཧཧ་་་་་་་་འོས་འདེམས་སྡོམ་ལ་སྒུག་ཨ།
ཕྱི་ལོ་2016 ཕྱི་ཟླ་3 པའི་ཚེས་20 ནི་མ་འོང་བོད་ཀྱི་ལོ་རྒྱུས་ནང་སྲུབ་ནས་
ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཞིག་ཆགས་
རྒྱུ་ཡིན་པ་ནི་ཁྲིམས་ཀྱི་དབང་བསྒྱུར་དང་
གང་ཟག་དབང་བསྒྱུར་གྱི་དབྱེ་མཚམས་
གསལ་པོ་ཆགས་པའི་ཉི་མ་ཞིག་ལ་ངོས་
འཛིན་བྱེད་ཀྱི་།
ལོ་ལྔའི་རིང་བློ་སེང་གི་ཕྱག་ལས་ཀྱིས་བོད་མི་ཚོར་འདོད་པ་མ་ཚིམ་པའི་ད་ལོ་སྤེན་པ་ཚེ་རིང་ངེས་པར་དུ་རྒྱལ་ལོ།བོད་རྒྱལ་ལོ།