གངས་སེང་།
སྤྱིར་ལོ་རྒྱུས་ཀྱི་བསམ་འཆར་སྤེལ་བ་ལ་ཆོས་ལུགས་ཀྱི་ཞེན་གོག་དང་ཕྱོགས་ལྷུང་ཟུར་ཟའི་གཏམ་ཉོབ་གདལ་ན་དོན་དངོས་ཀྱི་ལོ་རྒྱུས་གསེར་ཞུན་མ་ལྟ་བུར་ར་གན་གྱི་ལྷད་བཅུག་པ་ཡིན་པས་དེ་རིགས་ལས་གཟུར་ཐུབ་ཐབས་བྱེད་པ་ལོ་རྒྱུས་སྨྲ་བ་པོའི་ཁྱད་ཆོས་མེད་དུ་མི་རུང་བ་ཞིག་རེད་སྙམ། ལྷག་པར་དུ་གཡུང་དྲུང་གི་བོན་དང་དམ་པའི་ཆོས་རྣམས་ནི་སངས་རྒྱས་དང་སེམས་དཔའ་རྣམས་ཀྱིས་འགྲོ་བའི་སེམས་རྒྱུད་འདུལ་བའི་ཆེད་དུ་ཐབས་མཁས་ཀྱི་མཛད་པའམ་དྲང་ངེས་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཡོད་པས་དེའི་ཚུལ་སྨྲ་བ་ལ་ཤེས་རབ་རྣམ་དཔྱོད་ཀྱི་སྤྱན་དང་། དག་སྣང་དད་པའི་སྤྱན་ཏེ་སྤྱན་གཉིས་ཟུང་དུ་འབྲེལ་མ་ཐུབ་ན་དོན་དངོས་ཀྱི་ལོ་རྒྱུས་དེ་རིགས་བཤད་ཐུབ་ཐབས་མེད། ཚན་རིག་གི་ལམ་ནས་ཕུག་ཐག་རིང་པོའི་ལོ་རྒྱུས་ཀྱི་བྱུང་རབས་ལ་རྒྱབ་ལྗོངས་དགོས་པ་དོན་དངོས་ཡིན་ཡང་དེ་ལ་ཁག་གཡར་ནས་ལྷ་མེད་འདྲེ་མེད་ཀྱི་ལྟ་བའི་བརྒྱུད་ནས་ལོ་རྒྱུས་བཤད་དགོས་བྱུང་ན་ཐེག་པ་ཆེན་པོ་བསམ་གྱི་མི་ཁྱབ་པའི་བྱུང་རབས་རྣམས་ནི་ལྷ་སྒྲུང་དུ་འགྱུར་བ་ཐེ་ཚོམ་ཅི་དགོས།
རང་རེའི་ཞང་བོད་ཀྱི་ལོ་རྒྱུས་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ནམ་མཁའ་དང་རྒྱ་མཚོ་ལ་འགྲན་ནུས་པ་ཡོད་པ་དང་། རི་བོ་གངས་རྒྱལ་ཏི་སེ་ནི་རྒྱ་གར་དང་རྒྱ་ནག །སྟག་གཟིག་དང་བྲུ་ཤ། ཁ་ཆེ་དང་ཕྲོམ། ཨོ་རྒྱན་དང་ཐོ་གར། ཞང་ཞུང་དང་བོད་སོགས་ཀྱི་ལོ་རྒྱུས་མི་ལོ་སྟོང་ཕྲག་མང་པོར་བརྒྱུད་པའི་ཕུགས་རྩ་ངོ་མ་དེ་ཡིན་པའི་ཚུལ་གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་གསལ་ཡོད། འོན་ཀྱང་བན་དེའི་ཕྱོགས་ཀྱི་མཁས་པ་ཁ་ཅིག་གིས་(བཀའ་ཆེམས་ཀ་ཁོལ་མ་)ལས་བཤད་པའི་བོད་མི་གདོང་དམར་གྱི་འབྱུང་ཁུངས་སྤྲེའུ་དང་བྲག་སྲིན་མོ་གཉིས་ལ་གཏུགས་པ་དེ་སྒྲ་བཞིན་ཁས་བླངས་པའི་དབང་གིས་བོད་ཆེན་པོའི་ལོ་རྒྱུས་འགལ་འདུའི་ཁུག་ཆེན་གྱི་ནང་དུ་བཙུད་ཡོད་པ་མ་ཟད། བོད་རང་ས་ནས་བྱུང་བའི་ལོ་རྒྱུས་དང་རིག་གནས་རྣམས་བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་ནག་བསུབ་གཏོང་ཅི་ཐུབ་བྱས་པ་དང་། དུས་རབས་བདུན་པ་ནས་བཟུང་བོད་ཀྱི་རིག་གནས་ཡོངས་རྫོགས་ཀྱི་ཕུགས་རྒྱ་གར་ལ་གཏུག་པའི་སྲོལ་ངན་དེ་ད་ལྟའི་བར་མུ་འཐུད་གནས་ཡོད། སྲོང་བཙན་ཡན་རྒྱལ་རབས་སོ་གཉིས་རིང་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་བོད་ཡིག་གི་ཁུངས་བཀག་ཏེ་ཐོན་མི་སཾ་བྷོ་ཊས་བོད་ཡིག་གསར་བཟོ་བྱས་པའི་རྗེས་སུ་གཞི་ནས་བོད་པས་ཡི་གེའི་བརྒྱུད་ནས་རིག་གནས་བེད་སྤྱོད་བྱས་ཚུལ་གྱི་རྫུས་སྒྲུང་དེ་དག་ས་ཁྱབ་རྡོ་ཁྱབ་ཏུ་བཏང་སྟེ་གནམ་སར་ཁེངས་པར་བྱས་པའི་བསྙོན་གཏམ་གྱི་རྐུབ་ནི་ལུང་དང་རིགས་པ་ཚན་རིག་སོགས་དུ་མའི་བརྒྱུད་ནས་བརྡོལ་ཟིན་ཀྱང་ད་དུང་ཁ་ཅིག་གིས་ལྐུགས་པ་ཨུ་ཚུགས་དང་ལག་སྡུམ་བྲག་འཛེག་གི་ངང་ཚུལ་ཅན་ནམ་ཀླད་པ་འཁྲེག་བཟུང་གི་གཏམ་བཤད་སྤེལ་བའི་རྩོམ་ཡིག་འགའ་མཐོང་རྒྱུ་འདུག་ཀྱང་ད་ལམ་འདིར་མིང་སྨོས་ནས་བརྗོད་པ་དགོས་པ་ཆེར་མ་མཐོང་པས་ལན་ཅིག་བཞག །ཁ་ཅིག་གིས་བོད་རྒྱལ་སྲོང་བཙན་གོང་དུ་མདོ་སྔགས་རྫོགས་གསུམ་སོགས་ནང་དོན་རིག་པའི་བསྟན་པ་ཡོད་པ་ཕར་ཞོག་ཡིག་རིགས་ཙམ་ཡང་མི་ཤེས་པ་བོད་མི་གླན་པ་བ་གླང་ལྟ་བུ་ངོས་འཛིན་སྣང་བ་དང་། ཕྱོགས་གཅིག་ནས་བོད་མི་རྣམས་སངས་རྒྱས་ཀྱི་སྤྲུལ་པའི་སྲས་པོ་སྤྱང་དྲུང་འཛོམ་པ་ཤ་སྟག་ཡིན་པ་དེ་འདྲའི་འགལ་འདུའི་བཤད་ཡམ་ཡང་འཐེན་ཡོད། ཁ་ཅིག་གིས་སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱའི་རྗེས་སུ་གཞི་ནས་བོད་དུ་མཚོ་བྲི་སྟེ་འགྲོ་བ་མི་བྱུང་ཚུལ་(ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་འབྱེད། རྩོམ་པ་པོ་འབྲུག་པ་པདྨ་དཀར་པོ། རྩོམ་ལོ། ༡༥༨༡)ལས་བཤད་ཡོད། འོན་ཀྱང་དམུ་དགེ་བསམ་གཏན་གྱིས་དེ་ལ་དོན་དངོས་དང་མི་མཐུན་པར་སེམས་ནས་ལོ་སྟོང་ཕྲག་ཆེས་མང་པོའི་སྔོན་དུས་སུ་སྤྲེའུ་དང་བྲག་སྲིན་ལས་བོད་ཀྱི་མི་རྒྱུད་བྱུང་རབས(རྒྱ་རོང་ཞིབ་འཇུག་དཔྱད་ཡིག་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དཔར་ལྡེབ། ༢༣)བཤད་ཡོད་དོ།
དོན་དངོས་ཐོག་ཞང་བོད་ཀྱི་མི་རིགས་རྣམས་མི་ལོ་ཁྲི་ཁྲག་གི་སྔོན་དུ་བྱུང་ཟིན་པ་ས་འོག་ནས་རྙེད་པའི་གནའ་རྫས་རྣམས་ཚན་རིག་གིས་རྟགས་དཔྱད་ཀྱི་ཐོག་ནས་ར་སྤྲོད་བྱུང་པས་ཕྱོགས་རིས་གཏམ་བཤད་ཀྱི་ལྕེ་ཐུང་དུ་འགྲོ་བ་ནི་སྨོས་མ་དགོས། ང་ཚོའི་བོད་ཀྱི་ཤེས་རིག་དང་རིག་གཞུང་ནི་རྒྱ་དཀར་ནག་སོགས་གང་ནས་སྤེལ་བ་མ་ཡིན་པ་བོད་རང་ས་ནས་བྱུང་བའི་ཚུལ་མི་ལོ་སྟོང་ཕྲག་མང་པོའི་སྔོན་དུ་བྱུང་ཟིན་པའི་གཏན་ཚིགས་མཁྱེན་སྤྱན་ཡངས་པའི་མཁས་དབང་དུ་མས་ཚན་རིག་དང་ཆོས་གཉིས་ཟུང་འབྲེལ་གྱི་ཐོག་ནས་ངོ་སྤྲོད་གནང་བཞིན་ཡོད་པས་དེ་དག་ལ་ཡིད་རྟོན་ན་ལེགས་ཀྱིས། མཐོ་དམན་དྲག་ཞན་སུ་ཡིན་ཡང་རྣམ་དཔྱོད་ཕུར་ཁུང་ལ་གཏུག་དགོས་པའི་རྒྱུ་མཚན་གཏན་ནས་མེད་དམ་སྙམ། ལྷག་པར་དུས་རབས་བདུན་པའི་སྔོན་ལ་བོད་དུ་ཡི་གེའི་བརྒྱུད་ནས་ཕན་ཚུན་བརྡ་སྤྲོད་བྱེད་པའི་ཚུལ་ཏུང་ཧོང་ཡིག་རྙིང་གིས་ར་སྤྲོད་བྱས་པ་མ་ཟད་མི་ལོ་སུམ་སྟོང་སྔོན་གྱི་གནའ་བོའི་ཡི་གེ་ཞིག་རྙེད་སོང་བྱུང་བའི་ཚུལ་༡༩༩༤ལོའི་ཟླ་བ་གཉིས་པར་(མཚོ་སྔོན་བོད་ཡིག་གསར་འགྱུར་)བརྒྱུད་ནས་ཐོན་ཡོད། སྲོང་བཙན་དགུང་ལོ་བཅུ་དྲུག་ཐོག་རྒྱ་བཟའ་དང་བལ་གཟའ་ཁབ་ཏུ་བཞེས་པ་དང་། སྐབས་དེར་རྒྱ་ནག་རྒྱལ་པོ་དང་བལ་རྒྱལ་གཉིས་ལ་བཀའ་ཤོག་གི་སྒྲོམ་བུ་བསྐུར་བའི་ལོ་རྒྱུས་ཡོད་པ་དེ་དག་གིས་སྲོང་བཙན་གོང་དུ་བོད་ལ་ཡི་གེ་འབྲི་སྲོལ་ཡོད་པ་དེ་ག་རང་ནས་ཤེས་ཐུབ། བཀའ་ཤོག་དེ་དག་རྒྱ་དང་བལ་པོའི་སྐད་དུ་རྒྱ་ཡིག་དང་བལ་ཡིག་བྲིས་ཟེར་བ་ནི་དོན་མཐུན་གྱི་སྐད་ཆ་ཞིག་མ་ཡིན་པ་ནི་དེའི་གོང་དུ་སྲོང་བཙན་གྱིས་རྒྱ་སྐད་དང་བལ་སྐད་སྦྱོང་པའི་ལོ་རྒྱུས་མཐོང་རྒྱུ་མེད་པ་དེ་ཡིན། དེར་མ་ཟད་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་(རྩོམ་པ་པོ་ཉང་ཉི་མ་འོད་ཟེར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།༢༠༡༠ དཔར་སྡེབ། ༡༥༡)ལས། “རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་ཞིག་ཐོག་བབས་སུ་བྱོན་པ་ལས། དེ་རྒྱལ་པོས་ཁ་ཕྱེས་ནས་གཟིགས་པས་གླེགས་བམ་ཞིག་འདུག་སྟེ། དེ་ཆོས་དང་བོན་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བ་ཞིག་འདུག་སྟེ།” ཞེས་གསུངས་པས་སོ། གལ་སྲིད་སྐབས་དེར་བོད་དུ་ཡི་གེ་མེད་ན་རྒྱལ་པོས་གླེགས་བམ་དེ་ལ་བོན་ཆོས་གང་ཡིན་གྱི་དཔྱད་པ་མི་ཞུགས་པ་རྫི་བོ་ཡིན་ཀྱང་ཤེས་ནུས་སོ།
ཆོས་འབྱུང་འདིའི་རྩོམ་པ་པོས་ཀྱང་དེའི་ཚུལ་ལ་གཞིགས་ནས་ཡི་གེ་ཡོད་པའི་སྒྲུབ་བྱེད་ཅིག་འདུག་དགོངས་ཏེ། དེ་མ་ཐག་ཁོང་གིས་(དཔར་སྡེབ། ༡༥༢)“བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ།” ཞེས་གསུངས་ཡོད་དོ། ཁ་ཅིག་གིས་སྲོང་བཙན་གོང་དུ་བོད་མིས་བེད་སྤྱོད་བྱས་པའི་ཡི་གེ་ཞིག་ཡོད་པ་ལུང་དང་རིགས་པ་དུ་མས་གྲུབ་པས་དེའི་གོང་བོད་མིས་ཡི་གེའི་ལམ་ནས་ཕན་ཚུན་བརྡ་སྤྲོད་བྱས་པ་མེད་ཅེས་དངོས་སུ་བརླང་འདེབས་མ་ཕོད། གཡོ་སྒྱུ་ཁོང་དུ་བཅུག་སྟེ་ཁ་ནས་ད་ལྟར་ང་ཚོས་དངོས་སུ་བེད་སྤྱོད་བྱེད་བཞིན་པའི་ཡི་གེ་འདི་ཐོན་མིས་བྱས་ཟེར་བ་ས་ཁྱབ་རྡོ་ཁྱབ་ཏུ་བྱེད་པ་འདུག་ཀྱང་། དོན་དངོས་ཐོག་ཐོན་མིས་ད་ལྟའི་བོད་ཡིག་འདི་བཟོས་པའི་རྒྱུ་མཚན་ཁུངས་དག་ཅིག་ད་བར་བསྟན་མེད། ང་ཚོས་བེད་སྤྱོད་བྱེད་བཞིན་པའི་དབུ་ཅན་ནི་ཞང་ཞུང་གི་སྨར་ཆུང་དང་ཕལ་ཆེར་གཅིག་མཚུངས་སུ་གནས་ལ་སྨར་ཆུང་ནི་སྨར་ཆེན་དང་རིགས་འདྲ་བའི་ཚོགས་ཤིན་ཏུ་མང་བ་བློ་གཟུ་བོར་གནས་པ་ཞིག་གིས་བལྟས་པ་ཙམ་གྱིས་ཤེས་ཐུབ། དབུ་མེད་ནི་ལྷ་བབས་ཡི་གེ་ལས་ཅུང་ཟད་གཟུགས་འགྱུར་ཙམ་ལས་གཅིག་མཚུངས་ཡིན་པ་མངོན་གསལ་དོད་པོ་རེད། དབུ་ཅན་དང་དབུ་མེད་གཉིས་རྒྱ་གར་གྱི་ལཉྫ་དང་ཝརྟུ་དང་རིགས་འདྲ་བའི་ཚོགས་ཧ་ལམ་མེད་པ་ལྟ་བུར་སྣང་། གལ་སྲིད་ཐོན་མིས་ཞང་ཞུང་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་བཟོས་པར་འདོད་ན་བོད་རྒྱལ་སྲོང་བཙན་གྱིས་བོད་ལ་ཡི་གེའི་ཐུགས་མཁོ་བསྙགས་ཏེ་དགོས་པ་དང་རྒྱུ་མཚན་གལ་ཆེན་ལ་བརྟེན་ནས་ཐོན་མི་དཀའ་བ་དུ་མའི་འཕྲང་ལས་བརྒལ་ནས་རྒྱ་གར་ཏུ་འགྲོ་བཅུག་པའི་དགོས་དོན་དེ་དག་རང་བརླག་ཏུ་འགྲོ་བ་ལ་ཐེ་ཚོམ་ཅི་དགོས།
ཞང་ཞུང་གི་སྨར་ཆེན་དང་སྨར་ཆུང་། བོད་ཀྱི་དབུ་ཆེན་དང་དབུ་མེད་གང་ཡིན་ཡང་ཡིག་གཟུགས་ཀྱི་འགྱུར་ལ་ཁྱད་པར་ཡོད་པ་མ་གཏོགས་ཡི་གེའི་ངོ་བོ་དང་རྣམ་གྲངས་ལ་ཁྱད་པར་གཏན་ནས་མེད་པ་མཐོང་བ་མངོན་གྱུར་དུ་ཡོད་པ་འདི་རེད། འོན་ཀྱང་ཁོ་བོས་འདིར་ཐོན་མི་ཨ་ནུའི་བྱས་རྗེས་གང་ཡང་མེད་པར་འདོད་པ་མ་ཡིན་པ་རྟགས་འཇུག་དང་སུམ་རྟགས་ཀྱི་ཕྱོགས་ལ་རྒྱ་གར་གྱི་བརྡ་དག་ལ་དཔེ་བླངས་ནས་སྔར་ལས་ལྷག་པའི་ཡིག་སྦྱོར་གྱི་མཛད་ཕྲིན་བསྐྱངས་ཡོད་པ་སྨོས་མེད་རེད། དགེ་འདུས་ཆོས་འཕེལ་གྱིས་གུཔྟའི་ཡི་གེ་དཔེ་བྱས་ནས་བོད་ཡིག་བཟོས་པར་བཤད་ཀྱང་དེ་ལས་ལྡོག་སྟེ་གུཔྟའི་ཡི་གེ་བོད་ཡིག་ལ་དཔེ་བླངས་ནས་བཟོས་པའི་རྒྱུ་མཚན་ཡང་རྙེད་མི་སྲིད་པ་མིན། ཁ་ཅིག་གིས་ཞང་ཞུང་གི་ཡི་གེ་དེ་དག་བོད་ཡིག་རྙིང་པ་ཡིན་ཚུལ་དང་། ཞང་ཞུང་སྐད་བོད་སྐད་བྱེ་བྲག་པ་ཞིག་ཡིན་ཚུལ་བརྗོད་ཀྱང་དེ་ནི་དོན་དངོས་དང་མཐུན་པའི་གཏམ་བཤད་ཅིག་གཏན་ནས་མིན། གང་ཡིན་ཟེར་ན། བརྡ་དག་རིན་ཆེན་གཏེར་ཁྱིམ་(རྩོམ་པ་པོ་ཀུན་བཟང་རྒྱལ་མཚན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཔར་སྡེབ། ༢༣༠)ལས། “དེ་ལས་སྒྲ་བསྒྱུར་ལོ་པཎ་གཤེན་བརྒྱད་དང་། དཔོན་གསས་ཆེན་པོ་བླ་བོན་དྲན་པ་དང་། མཁས་པ་མི་བཞིས་སྐད་གཉིས་ཤན་སྦྱར་ནས། ཐེག་པ་རིམ་དགུ་བོད་ཀྱི་སྐད་དུ་བསྒྱུར། བརྡ་སྤྲོད་སྒྲ་ཡི་བསྟན་བཅོས་མང་དུ་མཛད།” ཅེས་གསུངས་པས་སོ། གལ་སྲིད་ཞང་སྐད་དང་བོད་སྐད། ཞང་ཡིག་དང་བོད་ཡིག་རྣམས་གཅིག་གྱུར་ཡིན་ན་མཁས་པ་མི་བཞིས་སྐད་གཉིས་ཤན་སྦྱར་མཛད་ནས་ཐེག་པ་རིམ་དགུ་བོད་སྐད་དུ་བསྒྱུར་ཟེར་བ་དེ་ཡོང་ཐབས་རྩ་བ་ནས་མེད། ཁ་ཅིག་གིས་སྲོང་བཙན་གོང་གི་ཡི་གེ་དེ་བོན་གྱི་ཆོས་ཕྱོགས་སུ་མ་གཏོགས་སྤྱི་ཚོགས་ཀྱི་བྱེད་སྒོའི་ཐད་བེད་སྤྱོད་མི་ཐུབ་ཅེས་བཤད་པ་འདུག་ཀྱང་དེ་ནི་མཁས་པས་ལྡེམ་དགོངས་ཀྱི་བཤད་ཚུལ་ཙམ་ལས་གཞན་པའི་རྒྱུ་མཚན་གང་ཡང་མེད། དཔེར་ན་གྲི་གུམ་བཙན་པོའི་དུས་སུ་བོན་གཤེན་རྣམས་ཀྱིས་གཡུང་དྲུང་བོན་གྱི་གླེགས་བམ་མ་ཧེ་དང་ཀུ་ཧྲང་ལ་བཀལ་ནས་ཡུལ་གྱར་དུ་ཕྱིན་པའི་ལོ་རྒྱུས་ཡོད། བོན་གྱི་ཉམས་ལེན་དང་བྱ་བཞག་ཕུན་སུམ་ཚོགས་པ་བརྗོད་བྱར་བྱས་པའི་གཞུང་ལུགས་ཕོན་ཆེན་དེ་འདྲ་ཞིག་ཡོད་ཙང་། སྤྱི་ཚོགས་ཀྱི་བྱེད་སྒོ་དང་རྒྱལ་གྱི་ཁྲིམས་ལུགས་འབངས་ཀྱི་བྱ་བཞག་སོགས་ཡིག་ལམ་ནས་བརྒྱུད་ཐུབ་པ་ལོས་ཤེས།
བཙན་པོ་རིམ་བྱོན་གྱི་སྐབས་སུ་བོད་ཀྱི་དག་ཡིག་གི་འགྲོས་དང་རྩོམ་ཚུལ་གང་འདྲ་ཡོད་མེད་ཏུང་ཧོན་ཡིག་རྙིང་གི་མཚོན་ཐུབ་པ་འདུག་སྙམ། གང་ཡིན་ཟེར་ན་སྐབས་དེར་ཐོན་མི་སཾ་བྷོ་ཊས་ལེགས་རྒྱལ་གྱི་དག་ཡིག་ལ་དཔེ་བླངས་ནས་རྩོམ་པའི་བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་དང་རྟགས་འཇུག་ནི་ད་ལྟ་ང་ཚོའི་མཐོང་ཡུལ་དུ་གྱུར་པའི་བརྡ་དག་ཐོན་མིས་མཛད་པར་གྲགས་པ་འདི་ཡིན་ན་དེ་ནི་ཏུང་ཧོན་ཡིག་རྙིང་ལས་རྦད་དེ་རྣམ་པ་ཐ་དད་ཡིན་པ་མངོན་སུམ་གྱིས་གྲུབ་པ་མ་ཟད་ཏུང་ཧོན་ཡིག་རྙིང་གི་རྩོམ་ལུས་ལེགས་རྒྱལ་གྱི་རྩོམ་ཚུལ་དང་གཏན་ནས་མི་འདྲ་བ་ཀུན་གྱིས་ཤེས་གསལ་རེད། ཕར་ཆེར་དུས་རབས་བཅུ་གཅིག་གི་རྗེས་སུ་གཞི་ནས་བན་བོན་གྱི་གཞུང་རྣམས་ཐོན་མིའི་སུམ་རྟགས་ཀྱིས་ཤུགས་རྐྱེན་ཕོག་ཡོད་པ་མངོན་གསལ་དོད་པོ་འདུག་སྙམ། འོན་ཀྱང་གཡུང་དྲུང་བོན་གྱི་གཞུང་ཆེན་རྣམས་གྱི་རྩོམ་ལུས་གྱི་རྣམ་པ་རྒྱ་གར་བའི་རྩོམ་ལུས་དང་གཏན་ནས་མི་འདྲ་བ་པོད་ཏི་ཁ་ཕྱེས་པ་ཙམ་གྱིས་ཤེས་ཐུབ་པ་འདུག །ཐོན་མིས་བརྩམས་པའི་ཡིག་ཕུད་ཟེར་བ་དེ་ནི་ས་སྐྱ་པའི་སྐབས་སུ་བྱུང་བའི་སྙན་ངག་མེ་ལོང་མའི་རྩོམ་ཚུལ་དང་ཁྱད་པར་གཏན་ནས་མེད་པས་རྒྱ་གར་བའི་རྩོམ་ལུས་དངོས་ནི་དེ་འདྲ་ཞིག་ཡིན་དགོས་ཀྱང་དུས་རབས་བཅུ་གཅིག་ཡན་གྱི་བན་དེའི་གཞུང་དང་ལོ་རྒྱུས་མང་པོ་ཞིག་མེ་ལོང་མའི་རྩོམ་ཚུལ་དང་རྣམ་པ་ཐ་དད་པར་གསལ། དེར་བརྟེན་ཞིབ་འཇུག་པ་མང་པོ་ཞིག་གིས་ཐོན་མིས་བརྩམས་པར་གྲགས་པའི་སུམ་རྟགས་དང་ཁོང་གི་ཡིག་ཕུད་ཟེར་བ་དེ་དག་སྙན་ངག་མེ་ལོང་མ་བོད་ལ་འབྱོར་བའི་རྗེས་སུ་བྱུང་བའི་བརྩམས་ཆོས་ཡིན་པར་འདོད། གང་ལྟར་ཡང་ད་ལྟའི་སྐབས་སུ་དུས་རབས་བཅུ་པའི་གོང་དུ་བྲིས་པའི་ཡིག་རྙིང་ང་ཚོའི་མཐོང་ཡུལ་དུ་གྱུར་པ་དེ་དག་གི་ཁྲོད་དུ་ཐོན་མིའི་སུམ་རྟགས་ཀྱི་མགྲོས་དང་མཐུན་པའི་དཔེ་ནི་རུས་སྦལ་གྱི་སྤུ་ཡི་ཟླ་བོ་གྱུར་ཡོད། དུས་རབས་བཅུ་པ་ནས་འགོ་བཙུགས་ཏེ་(༩༡༣)གཡུང་དྲུང་བོན་གྱི་དཔེ་ཚོགས་ཇི་སྙེད་ཅིག་ཟབ་མོ་གཏེར་ནས་གདན་དྲངས་པའི་སྐལ་པ་ཐོབ་ཡོད། བོན་པོའི་གཏེར་ཙམ་དུ་མ་ཟད་རྗེས་སུ་རྙིང་མའི་དཔེ་ཚོགས་མང་པོ་ཞིག་གཏེར་ཆོས་སུ་བྱུང་ཡོད།
འོན་ཀྱང་ད་ལྟའི་སྐབས་སུ་བོན་རྙིང་གཉིས་ཀྱི་གཏེར་དཔེའི་ཁྲོད་དུ་གཏེར་གྱི་བུ་དཔེ་ཤ་སྟག་མ་གཏོགས་གཏེར་དཔེ་དངོས་ནི་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་ནི་ཤིན་ཏུ་འཕོངས་། གཏེར་སྟོན་གྱི་གཙོ་བོ་གཤེན་ཆེན་ཀླུ་དགའ་ཡིན་ཞིང་ཁོང་ནི་འབྱུང་ལྡན་(༢༨༤)གྱི་མེ་སྤྲེལ་ལོར་(སྤྱི་ལོ་༩༩༦)ཡབ་དམུ་རིགས་གཤེན་གྱི་གདུང་བརྒྱུད་འཛིན་པ་དཔལ་མགོན་གསས་ལ་སྲས་པོ་གསུམ་ཡོད་པའི་ཆེ་བ་དེ་ཡིན། ཁོང་གི་ནང་ཚང་ནི་གྲོང་པ་སྐྱོ་པོ་ཞིག་ལས་སྟོབས་འབྱོར་ཅན་དེ་འདྲ་མིན་། ཁོང་དགུང་ལོ་ཆུང་དུས་སུ་ར་རྫི་སོགས་ཁྱིམ་ལས་ཀྱིས་བྲེལ་བས་ཡི་གེ་འབྲི་ཀློག་དང་མོ་རྩིས་གཏོ་དཔྱད་ཙམ་ལས་སློབ་སྦྱོང་གི་གོ་སྐབས་ཆེན་པོ་ཐོབ་མེད། དགུང་ལོ་བཅོ་བརྒྱད་སྐབས་སྒལ་པ་ལ་བསྡབ་སྐྱོན་ཕོག་ཏེ་སྒུར་པོར་སོང་བས་མིང་ལ་གཤེན་སྒུར་ཡང་ཟེར། དགུང་ལོ་བཅུ་དགུ་ཐོག་སློབ་དཔོན་ར་ཤག་བླ་ཆེན་ལས་གཡུང་དྲུང་ཞི་རྒྱན་ཁྲོ་རྒྱན་གཉིས་དང་། ཨ་ནུ་ཆབ་གཏོར་ཤོག་གཅིག་མ་སོགས་སྒོམ་ཁྲིད་མང་དུ་ཞུས་ནས། ཧྲེད་ཀྱི་མཁར་ཆེན་དྲག་དཀར་ཞེས་པའི་སྒྲུབ་གནས་སུ་མཚམས་ལ་ཞུགས་ནས་ཐུགས་དམ་མཛད། དེ་ནས་ཡུན་རིང་མ་འགོར་བ་ཡབ་འདས་པས་འཚམས་ཐོན་ཏེ་ཡབ་ཀྱི་དགེ་རྩ་བསྒྲུབ་ཏུ་གཤེགས། དེའི་ཕྱི་ལོར་ག་ཟ་དཔལ་སྒྲོན་ལྕམ་དུ་བཞེས། ཁོང་དགུང་ལོ་བཅུ་གསུམ་ནས་བཟུང་སྐབས་སྐབས་སུ་གཏེར་བདག་ཡེ་ཤེས་དབལ་མོས་ཁོང་ལ་གཏེར་བཞེས་དགོས་པའི་ལུང་བསྟན་བགྱིས་ནའང་གནས་སྟངས་དུ་མའི་དབང་གིས་ནར་འགྱངས་སུ་ཕྱིན། མཐར་དགུངས་ལོ་ཉེར་གཉིས་མེ་མོ་སྦྲུལ་ལོར་(ཕྱི་ལོ་༡༠༡༧)འབྲིག་མཚམས་མཚོ་རྔའི་བྲག་དཀར་ནས་བོན་སྡེ་མང་པོ་གཏེར་ཞལ་ཕྱེས། དེ་ཡང་ཟབ་མོ་མདོ་སྡེར་གཏོགས་པའི་ཁམས་ཆེན་དུམ་པ་བཅུ་དྲུག་པ་དང་། སྣང་སྲིད་མཛོད་ཕུག་ཆེན་མོ་དང་དེའི་འགྲེལ་སོགས་དང་། གསང་བ་སྔགས་སྡེར་གཏོགས་པའི་ཞི་བ་གཡུང་དྲུང་ཡོངས་རྫོགས་དང་ཁྲོ་བོ་དབང་ཆེན་སོགས་དང་། ཡང་གསང་རྫོགས་པ་ཆེན་པོའི་བོན་སྡེར་གཏོགས་པའི་རྫོགས་ཆེན་གབ་པ་དགུ་སྐོར་དང་སེམས་སྨད་སྡེ་དགུ་སོགས་ཟབ་མོ་གཏེར་ནས་གདན་དྲངས་ཏེ་བྲུ་ཞུ་སྤ་རྨེའུ་སོགས་སྐལ་ལྡན་གྱི་སློབ་མ་རྣམས་ལ་གནང་། དེ་ཡང་ཁོང་གིས་རྙེད་པའི་གཏེར་དཔེ་རྣམས་ནི་སྔར་སྤྱི་ལོའི་སྔོན་གྱི་ལོ་(༦༨༣)ལ་བོད་རྒྱལ་གླན་པ་གྲི་གུམ་བཙན་པོས་གཡུང་དྲུང་བོན་བསྣུབ་པའི་དུས་སུ་མཁས་པ་མི་བཞིས་(སྟོང་རྒྱུང་མཐུ་ཆེན། ཤ་རི་དབུ་ཆེན། ལྕེ་ཚ་མཁར་བུ། གྱིམ་ཚ་རྨ་ཆུང་།)རྒྱལ་བའི་གསུང་རབ་དུ་མ་གཏེར་དུ་བཞག་ཏེ་གཏེར་སྲུང་ཡེ་ཤེས་དབལ་མོར་བཅོལ་ཡོད་པས་དེའི་ནང་ཚན་ཞིག་ཡིན།
དེའི་བརྒྱུད་རིམ་ནི་མཛོད་སྒྲ་འགྲེལ་(དུས་རབས་༡༢པའི་ནང་རྨ་སྟོན་ཇོ་ལྕམ་གྱིས་གཏེར་བཞེས།)ལས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་གཤེན་ཚངས་པ་གཙུག་ཕུད་སོགས་གཤེན་འཁོར་རྣམས་ལ་གསུངས། ཚངས་པ་གཙུག་ཕུད་ཀྱིས་སྤང་ལ་གནམ་གཤེན་ལ་བརྒྱུད། དེས་རྒྱལ་གཤེན་མི་ལུས་བསམ་ལེགས་ལ་བརྒྱུད། དེས་ཞང་ཞུང་ཨ་ནུ་ཕྲག་ཐག་ལ་བརྒྱུད། དེས་ད་མི་ཐད་གེ་ལ་བརྒྱུད། དེས་མཁས་པ་མི་བཞི་ལ་བརྒྱུད། མཁས་པ་མི་བཞིས་ཞང་ཞུང་དྲན་པ་ནམ་མཁའ་ལ་གསུངས་པ་སོགས་ལོ་རྒྱུས་རྒྱུ་སྐར་ཕྲེང་བ་ལྟ་བུ་ཕུན་སུམ་ཚོགས་པ་ཡོད་པས་ལྟ་བའི་སྤྱན་རས་མཆིས་ན་དེར་གཟིགས་མཛོད། སྟབས་ཤིན་ཏུ་མ་ལེགས་པ་ཞིག་ལ་གཤེན་ཆེན་དེ་ཉིད་དགུང་ལོ་བཞི་བཅུའི་ཐོག་ཏུ་(སྤྱི་ལོ་༡༠༣༥)དགོངས་པ་བོན་དབྱིངས་སུ་བསྡུས་པར་དགུང་ལོ་ཕྲ་བས་ཤིན་ཏུ་འཕངས། སྤྲུལ་པའི་སྐུ་མཆོག་གཤེན་ཆེན་པོའི་གཏེར་སློབ་རྒྱ་ཆེ་ལ་གྲངས་མང་བ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱུང་བའི་ནང་ནས་ཁྱད་དུ་འཕགས་པའི་བཀའ་བབས་ཀྱི་སློབ་མ་བཞི་བྱུང་སྟེ་ཅོག་ལ་གཡུ་སྐྱིད་མགོན་ལ་ཁམས་ཆེན་པོ་བརྒྱད་སོགས་གསུང་རབ་ཀྱི་བཀའ་བབས། བྲུ་ནམ་མཁའ་གཡུང་དྲུང་དང་སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་རྣམ་གཉིས་ལ་སྣང་སྲིད་མཛོད་ཕུག་སོགས་མཚན་ཉིད་ཀྱི་བཀའ་བབས། སྤ་སྟོན་དཔལ་མཆོག་ལ་ཁྲོ་བོ་དབང་ཆེན་སོགས་གསང་བ་སྔགས་ཀྱི་བཀའ་བབས། ཞུ་ཡས་ལེགས་པོ་ལ་གབ་པ་དགུ་སྐོར་སོགས་རྫོགས་ཆེན་སེམས་ཕྱོགས་ཀྱི་བཀའ་བབས་སོ། ཅོག་ལ་གཡུ་སྐྱིད་ཀྱིས་གཤེན་གྱི་གཏེར་དཔེ་ཁམས་ཆེན་ལས་དངོས་སུ་ཞལ་བཤུས་ནས་བླ་མ་གཤེན་སྒུར་ལ་ཕུལ། དེ་མིང་ལ་འབུམ་བསེ་གླེག་ཅན་ཞེས་གྲགས། རྗེས་སུ་ཞུ་ཡས་ལེགས་པོས་ཀྱང་གཤེན་གཏེར་ལས་དངོས་སུ་དཔེ་བཤུ་བྱས་པ་ཁམས་ཆེན་ནག་ཕྲན་མ་ཞེས་པ་ཞིག་ཡོད། དེ་ནི་སྤྱི་ལོའི་(༡༩༥༩)གོང་དུ་བཞུགས་ཡོད་འདུག་ཏེ་(སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། པོད་གསུམ་པ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང། དེབ་ཕྲེང་བདུན་པ། དཔར་སྡེབ། ༨༦)ལས། “རང་གིས་མཐོང་མྱངས་བའི་གཤེན་གཏེར་གྱི་བུ་དཔེ་ཁམས་ཆེན་ནག་ཕྲན་མ་ཞུ་རི་ཞིང་དུ་བཞུགས་པ་དེ་ནི་ཡིག་གཟུགས་འབྲུ་མ་ལྟ་བུ་རྐང་པ་རིང་ཙམ་ཅན་འགོ་ནས་མཇུག་བར་ཆ་མཉམ་པ་ཤོག་གུ་སྦྱར་མ་འཐུག་པོ་སྣག་ཚ་ནག་པོ་ཁོ་ནས་བྲིས་པ་སྐབས་འགར་འབྲུ་དག་མེད་པ་རྣམས་ཀྱི་ཐད་དུ་གཤེན་གྱི་བླ་དཔེ་ལ་ཡང་འདི་ལྟར་འདུག་ཅེས་མཆན་དུ་བྲིས་འདུག”ཅེས་གསུངས། བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱིས་སྣང་སྲིད་མཛོད་ཕུག་ལ་འགྲེལ་བ་བཏབ་སྟེ་མཚན་ཉིད་གྱི་བཤད་སྲོལ་གཏད། ཞུ་ཡས་ལེགས་པོའི་སྲས་ཞུ་སྐྱིད་པོས་གབ་པ་ལ་འགྲེལ་བ་བཏབ་སྟེ་རྫོགས་ཆེན་གྱི་བཤད་སྲོལ་གཏད། སྤ་སྟོན་དཔལ་མཆོག་གིས་ཐིག་ལེ་དབྱིངས་མཆད་ལ་འགྲེལ་བ་བཏབ་སྟེ་གསང་བ་སྔགས་ཀྱི་བཤད་སྲོལ་གཏད་པས། དེ་རྣམས་ལ་བྲུ་ཞུ་སྤ་གསུམ་ཞེས་སུ་གྲགས། བླ་མ་དེ་དག་གི་སློབ་མ་བསམ་མཐའ་ཡས་པ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་རྨེའུ་སྟོན་ལྷ་རི་གཉེན་པོ་ (༡༠༢༤ལོར་འཁྲུངས།) དང་། དམ་པ་རི་ཁྲོད་པ་ (༡༠༣༨ལོར་འཁྲུངས།) གཉིས་ཡིན་ནོ། དེ་གཉིས་ལ་རྨེའུ་སྟོན་སྒོམ་རྣམ་གཉིས་ཞེས་གྲགས་སོ།
དེ་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་སླར་ཡང་དབྱར་མཚོ་ལྟར་རྒྱས་ཏེ་རང་དོན་དུ་ཐོས་བསམ་སྒོམ་གསུམ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་བྱས་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ནམ་མཁའི་སྐར་ཚོགས་དང་མཉམ་པ་བྱུང་ཡོད་ནའང་དེ་དག་སུས་ཀྱང་གཤེན་ཆེན་པོའི་གཏེར་མ་རྣམས་ཡང་དག་དང་མ་དག་གི་དོགས་པ་ཙམ་ཡང་ཟ་མྱངས་མེད་པ་མ་ཟད། ལོ་གསུམ་བརྒྱར་ཉེ་བའི་རིང་བན་དེའི་ཕྱོགས་ནས་འདི་ལ་གཏེར་རྫུན་གྱི་བསྙད་འདོགས་མཁན་ཡང་བྱུང་མེད། དུས་རབས་བཅུ་གསུམ་པའི་ནང་དུ་གཞི་ནས་བན་དེའི་ཆོས་ལུགས་མི་སྣས་ཆབ་སྲིད་ཁོག་ཏུ་བཅངས་ཏེ་(སྤྱན་སྔ་པ་རྡོ་རྗེ་ཤེས་རབ་སོགས་)འདི་ལ་བསྙད་འདོགས་ཀྱི་བསམ་མནོ་ཞིག་འཁོར་ཏེ་བསྒྱུར་བོན་ཞེས་བཏགས་ནས་ས་ཁྱབ་རྡོ་ཁྱབ་ཏུ་བཏང་སྟེ་བོད་མིའི་ཀླད་ཁོག་ནང་དུ་བསུབ་ཏུ་མེད་པའི་རི་མོ་ཞིག་བྲིས་ཡོད། དེ་དག་གིས་གཤེན་སྒུར་ཀླུ་དགའ་བྱ་བས་སངས་རྒྱས་ཀྱི་ཆོས་མང་པོ་བརྡ་ཆད་དང་བརྗོད་བྱ་ཆོས་དང་མི་འདྲ་བ་སྣ་ཚོགས་བྱས་ཏེ། མཚོ་ལྔ་འབྲིའུ་ཆུང་གི་བྲག་ལ་སྦས་ནས་ཕྱིས་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན་ཞེས་ཁུངས་ལུང་མེད་པའི་གཏམ་བཤད་དུ་མ་སྤེལ་ཡོད། གཏམ་བཤད་དེ་དག་ཆོས་དང་དངོས་གཙོ་སྨྲ་བ་གཉིས་ཀའི་ཐོག་ནས་འགལ་འདུའི་ཕུང་པོ་ཞིག་ཡིན་པ་ར་སྤྲོད་ཐུབ། ཆོས་དང་འགལ་བའི་ཚུལ་ནི། གལ་སྲིད་གཤེན་ཆེན་ཀླུ་དགས་དབང་ལུང་ཁྲིད་གསུམ་གང་ཡང་མེད་པའི་ཐོག་ནས་རང་འདོད་དུ་དམ་པའི་ཆོས་ཁྱེད་ཅག་གི་འདོད་པའི་འཚེ་བ་ཅན་གྱི་བོན་དུ་བསྒྱུར་ཡོད་ན་དེ་ཉམས་ལེན་གྱི་མཐིལ་བཟུང་བའི་ཁོང་གི་སློབ་རྒྱུད་རྣམས་ལ་བྱིན་རླབས་དང་སྒྲུབ་རྟགས་གང་ཡང་མེད་པ་བྱེ་བཙིར་སྣུམ་རེ་དང་ཆུ་བཤིགས་མར་རེ་ལྟར་དུ་འགྱུར་དགོས་པ་ལས་དེ་ལྟར་མ་ཡིན་པ། གཤེན་གྱི་་གཏེར་མ་ལ་ཉམས་ལེན་གནང་མཁན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གྲངས་ལས་འདས་པར་བྱོན་པ་དེ་རྣམས་ཀྱི་རྣམ་ཐར་དང་ལོ་རྒྱུས་ལ་བལྟས་པ་ཙམ་གྱིས་ཤེས་ནུས། དངོས་གཙོ་སྨྲ་བ་དང་འགལ་བའི་ཚུལ་ནི། རང་རེ་རྣམས་ལོ་དུ་མར་སློབ་སྦྱོང་ཁོ་ནར་དོན་གཉེར་བྱས་ཏེ་མཐར་མཇུག་སློབ་གཉེར་ལས་ཐོན་ནས་དེབ་ཆུང་རེ་བརྩོམ་པ་ལ་དཀའ་ངལ་གང་འདྲ་འདུག་ཤེས་བཞིན་དུ། གཤེན་ཆེན་པོས་རང་ལོ་ཉེར་གསུམ་ཐོག་ཏུ་དཔེ་ཆ་ཕོན་ཆེན་ཞིག་རྙེད་ཡོད་པ་གོང་དུ་ཁོང་གི་རྣམ་ཐར་ཉུང་ངུ་ཞིག་སྒྲོགས་སྦྱང་བྱས་པར་གསལ་ལ། དང་པོར་ཁོང་གིས་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཕོན་ཆེན་དེ་རྣམས་བསྒྱུར་བ་བར་དུ་སྦས་པ་ཐ་མར་བཏོན་པ་དེ་འདྲའི་གོ་སྐབས་ཤིག་ཁོང་ལ་འབྱོར་འདུག་གམ་མི་འདུག་བསམ་མནོ་ཞིག་ངེས་པར་དུ་གཏོང་དགོས་པ་ཡིན། དངོས་གཙོ་རིག་པ་བ་སུས་ཀྱང་དུས་ཚོད་ཐུང་ངུ་དེ་འདྲ་ཞིག་གི་ནང་དུ་བྱ་བ་བརླབ་པོ་དེ་འདྲ་ཞིག་འགྲུབ་ཐུབ་ཀྱི་རེད་ཟེར་ནས་དེ་ལ་རྒྱབ་སྐྱོར་བྱེད་ཐབས་མེད་པ་ཞིག་རེད། གཤེན་གྱི་གཏེར་མ་ཁམས་ཆེན་དུམ་པ་བཅུ་དྲུག་པ་འདི་དང་། བན་དེའི་ཡུམ་དུམ་པ་བཅུ་གཉིས་པ་གཉིས་ཀྱི་བརྗོད་བྱ་སྟོན་ཚུལ་འདྲ་བར་སྣང་ནའང་ཚིག་སྦྱོར་གྱི་ཆ་ནས་གཏན་ནས་མི་འདྲ་བས་སྐྱེ་བོ་ཆེ་གེ་མོ་ཞིག་གིས་སྟབས་བདེའི་སྒོ་ནས་འདྲ་བཤུས་བྱས་པ་མ་ཡིན་པ་དེ་གཉིས་བཤིབས་བསྡུར་བྱས་པ་ཙམ་གྱིས་ཤེས་ཐུབ།
ད་ལྟ་རང་རེ་ལྟ་བུ་སོ་སྐྱེ་ཐ་མལ་པ་ཞིག་གིས་ཡུམ་དུམ་པ་བཅུ་གཉིས་པའམ་ཡང་ན་ཁམས་ཆེན་དུམ་པ་བཅུ་དྲུག་པ་འདི་ལྟ་བུ་ཞིག་ལ་ལོ་མང་རིང་སློབ་སྦྱོང་བྱས་ཏེ་མཐར་དེ་ལ་བརྟེན་ནས་ཚིག་སྦྱོར་སོགས་གང་ཅིའི་ཐད་ཕུན་སུམ་ཚོགས་པ། དེ་ཡང་འདྲ་བཤུས་བྱས་པ་མ་ཡིན་པ་ཞིག་གསར་བཟོ་དགོས་ན་ཕལ་ཆེར་ཐུབ་ཐབས་མེད་པ་ལྟ་བུ་རེད་སྙམ། དེར་བརྟེན་ཁོ་བོའི་བསམ་པར་བན་དེའི་ཡུམ་བོན་པོའི་ཁམས་ཆེན་ལས་དཔེ་བཤུས་བྱས་པ་དང་ཡང་ན་དེ་ལས་ལྡོག་ཏེ་ཡུམ་ལས་ཁམས་ཆེན་དཔེ་བཤུས་བྱས་པ་གཏན་ནས་མ་ཡིན་པ་ཡུམ་དུམ་པ་བཅུ་གཉིས་པ་སྟོན་པ་ཤཱཀྱ་ཐུབ་པའི་གསུང་དང་། ཁམས་ཆེན་སྟོང་ཕྲག་བརྒྱ་པ་སྟོན་པ་གཤེན་རབ་མི་བོའི་གསུང་ཡིན་པར་འདོད་ན་དོན་གྱི་ཆ་ནས་འགལ་བ་གང་ཡང་མེད་པ་མ་ཟད། བརྗོད་བྱའི་ཆ་ནས་ཕལ་ཆེར་གཅིག་མཚུངས་ཡིན་པ་ནི་སྟོན་པ་རྣམ་གཉིས་ཀྱི་ཐུགས་དགོངས་རོ་གཅིག་ཏུ་གནས་པའི་དན་རྟགས་ཤིག་ཡིན་པར་སེམས། ཁ་ཅིག་གིས་བོན་པོའི་ཁམས་ཆེན་ནི་གཏེར་མའི་གྲས་སུ་བཞག་པས་དེ་འདྲའི་ལོ་རྒྱུས་ཕུག་བཙན་ཞིག་མེད་ལ། ང་ཚོའི་ཤེར་ཕྱིན་འབུམ་སྡེ་རྣམས་ལོ་ཙ་བས་བོད་འགྱུར་མཛད་པ་ཤ་སྟག་ཡིན་པས་ལོ་རྒྱུས་ཀྱི་ཆ་ནས་ཕུག་བཙན་ཡོད་ཟེར། ང་ཚོ་ཚང་མས་དྲང་པོའི་ལམ་ནས་ཤར་བསྐྱོད་བྱེད་ཐབས་ལ་རེམ་དགོས་པ་གལ་ཆེན་ཡིན་ལ་འཁྱག་འཁྱོག་གི་གཏམ་གླེང་སྒྲོག་ན་བླུན་པོར་དགའ་བ་བསྐྱེད་བྱེད་ཙམ་འགྱུར་སྲིད་ཀྱང་མཁས་པ་ཁྲེལ་བགད་འཆོལ་བའི་རྒྱུ་ཡིན་པས་དེ་རིགས་ལ་དོགས་ཟོན་གནང་དགོས། བོན་པོའི་ཤེར་ཕྱིན་གྱི་འབུམ་སྡེ་རྣམས་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་ཤར་རི་དབུ་ཆེན་སོགས་ཀྱིས་ཞང་ཞུང་སྐད་ལས་བོད་སྐད་དུ་བསྒྱུར་བར་གསུངས་ཏེ། མངོན་རྟོགས་རིག་པ་རྩེ་མོའི་འབུམ་(གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད། ༡༢༤ ཤོག་ངོས། ༥༤༢ སི་ཁྲོན་ཧྲུའུ་ཧྥུང་དཔར་འདེབས་བཟོ་གྲྭ་ནས་དཔར་བཏབ། ༡༩༩༦)ལས། “བོད་དང་ཞང་ཞུང་གཉིས་ཀྱི་འཚམས། ཡུལ་བྱེ་མ་ལ་གཡུང་དྲུང་ཆུ་བོ་འདུས་པའི་འགོར། ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་། སེ་ནེ་དམུ་ཚ་ཤ་རི་དབུ་ཆེན་གྱིས་ངེས་པར་བསྒྱུར་ཏེ་བླ་ཞུས་གཏན་ལ་ཕབས།” ཞེས་གསལ་བ་མ་ཟད། ཁམས་ཆེན་པོ་བརྒྱད་སོགས་གཡུང་དྲུང་བོན་ཇི་སྙེད་ཅིག་ཞང་ཞུང་གི་ཡུལ་ནས་བསྒྱུར་བ་བན་དེའི་ལོ་རྒྱུས་ནང་དུའང་བཤད་དེ། རྒྱལ་རབས་གསལ་བའི་མེ་ལོང་(མི་རིགས་དཔེ་སྐྲུན་ཁང་༡༩༩༦དཔར་སྡེབ་༥༧)ལས། “རྒྱལ་བློན་འདི་(སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་)གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད།” ཅེས་བཤད་པ་ནི་མཁས་པ་ཆེན་པོས་དོན་དངོས་ཀྱི་ལོ་རྒྱུས་མཁྱེན་ནས་གསུང་པ་མ་གཏོགས་གང་བྱུང་མང་བྱུང་གི་གཏམ་མི་སྨྲ་བས་སོ།
ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི་བོན་དར་ནུབ་ཀྱི་བྱུང་བ་བརྗོད་པ་(ཧི་མ་ལ་ཡའི་བོན་གྱི་དྲ་རྒྱ།)ལས། “སྤུ་རྒྱལ་གདུང་རབས་གཉིས་པ་མུ་ཁྲི་བཙན་པོས་གཤེན་ནམ་མཁའ་སྣང་བའི་མདོག་ཅན་ལ་ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་ཆ་ཚང་ཞུས་ནས། ལྷ་རི་གྱང་ཐོ་ལ་བསྒྲུབ་པ་རྟགས་ཐོན་གནང་ཡོད་པ་དང་། གཞན་ཡང་སྐབས་དེར་ཞང་ཞུང་གི་ཡུལ་ནས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོད་དུ་འདུ་གནས་སུམ་ཅུ་རྩ་བདུན་བཙུགས་ཡོད་པ་དེ་དག་གང་དང་གང་ལ་ཡོད་པ་གོང་དུ་བཤད་པ་ལྟར་དང་།” ཞེས་ལོ་རྒྱུས་ཀྱི་གནད་མཁྱེན་པའི་མཁས་པའི་གསུང་ཚུལ་དེ་འདྲ་ཞིག་འདུག་པས་ཚང་མས་ཡི་རང་གནང་ན་ལེགས། འདིའི་ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་ནི་གཤེན་ཆེན་པོའི་གཏེར་མའི་གྲས་སུ་ཡོད། ཁ་ཅིག་གིས་བོན་པོའི་ལོ་རྒྱུས་ཚང་མ་ལྷ་སྒྲུང་གི་རྣམ་པ་ཙམ་ལས་དོན་དངོས་དང་མཐུན་པ་ཆེས་དབེན་ཟེར། དེ་ལ་འདི་འདྲི་སྟེ། ལྷ་སྒྲུང་གི་རྣམ་པ་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར། དངོས་གཙོ་སྨྲ་བའི་རྒྱུད་ནས་ཞིབ་འཇུག་བྱེད་མི་ཐུབ་པ་སྟེང་ལྷ་ཡུལ་ནས་བྱུང་ཟེར་བ་དང་། ཡང་ན་འོག་ཀླུ་ཡུལ་ནས་བྱུང་ཟེར་བའི་དཔེ་ཆ་དག་ལ་བྱེད་ན་ཡུམ་དུམ་པ་བཅུ་གཉིས་དང་། བྱམས་ཆོས་སྡེ་ལྔ་རྣམས་ལྷ་སྒྲུང་གི་རྣམ་པ་འགྱུར་བ་ལ་ཐེ་ཚོམ་ཅི་ཞིག་དགོས། ཡུམ་ནི་འཕགས་པ་ཀླུ་གྲུབ་ཀྱིས་ཀླུ་ཡུལ་ནས་གདན་འདྲེན་ཞུས་ཟེར་བ་དང་། གཅིག་ཤོས་ཐོགས་མེད་ཀྱིས་ལྷ་ཡུལ་ནས་རྒྱལ་བ་བྱམས་པ་ལ་གསན་ཟེར་བ་སོགས་ཁྱེད་རང་གི་ལོ་རྒྱུས་ལས་གསལ་བ་མ་ཟད། སྐབས་དེར་གཞུང་དེ་རྣམས་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་མིན་ལའང་འཁྲུག་གཞི་ཆེན་པོ་བསླངས་ཡོད་པའི་ཚུལ་ཡང་གསལ་ཏེ། གཅུང་དབྱིག་གཉེན་གྱིས་ཨ་ཇོ་ཐོགས་མེད་ལ་བཤད་པ། “ཀླུ་སྒྲུབ་བདུད་ཀྱི་སྤྲུལ་པ་ཡིན། ཨ་ཇོ་དེའི་རྗེས་འབྲང་ཡིན།” ཞེས་དང་། “ཀྱེ་མ་ཐོགས་མེད་ནགས་སུ་ལོ། བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། ཏིང་འཛིན་མ་གྲུབ་གླང་ཆེན་གྱི། རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས།” ཞེས་པ་དེ་དག་ཁྱོད་རང་བན་དེའི་ལོ་རྒྱུས་ལས་བཤད་པ་མ་གཏོགས་ང་ཚོ་བོན་པོས་ཁྱེད་ལ་སྐུར་འདེབས་ཀྱི་ཚིག་སྨྲས་པ་གཏན་ནས་མིན།
དངོས་གཙོ་རིག་པ་བ་ཞིག་གིས་ཐད་ཀར་བལྟས་པ་ཡིན་ན་ལོ་སྟོང་ཕྲག་ལྷག་སོང་བའི་དཔེ་ཆ་ས་འོག་ནས་རྙེད་སྲིད་པར་ཁས་ལེན་ལ་ལྷ་ཀླུའི་ཡུལ་ནས་དྲངས་ཟེར་ན་ཁོ་ཚོའི་རྣ་བར་མི་འགྲོ་བའི་གཏམ་ཞིག་མ་ཡིན་ནམ། བོན་པོའི་ལུགས་སུ་ཁམས་ཆེན་ལྟ་བུའི་གཞུང་རྣམས་སྟོན་པ་གཤེན་རབ་མི་བོའི་གསུང་ཡིན་མིན་དང་གཤེན་ཆེན་ཀླུ་དགས་གཏེར་རྫུན་བཟོས་ཡོད་མེད་ཚུལ་ལ་ད་བར་དོགས་པ་ཙམ་ཡང་ཟ་མྱངས་མེད་པ་མ་ཟད་འཁྲུག་གཞི་ཡང་བསླངས་མྱངས་མེད་དོ། ཁ་ཅིག་གིས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་བྱ་བ་ཞིག་ལོ་རྒྱུས་ཐོག་ཏུ་དངོས་སུ་བྱོན་པའི་མི་སྣ་ཞིག་ཡིན་མིན་ལ་དོགས་གཞི་ཡོད་དེ། ཁོང་ཡུལ་གང་དུ་བྱོན། མི་རིགས་གང་ཡིན། ག་དུས་ཕེབས་པ། སྐུ་ཚེའི་ཚད་སོགས་ད་དུང་ཐག་ཆོད་མེད་ཟེར་བ་འདུག་མོད། དེ་ལྟར་ན་འཕགས་པ་ཀླུ་སྒྲུབ་ཀྱང་ལོ་རྒྱུས་ཐོག་ཏུ་དངོས་སུ་བྱོན་པའི་མི་སྣ་ཞིག་ཡིན་མིན་དོགས་གཞི་ཡོད་དེ། ཁོང་ཡུལ་གང་དུ་བྱོན་པ། མི་རིགས་གང་ཡིན། ག་དུས་ཕེབས་པ། སྐུ་ཚེའི་ཚད་སོགས་ད་དུང་ཐག་ཆོད་མི་འདུག་སྟེ། ཁ་ཅིག་གིས་མགོན་པོ་ཀླུ་སྒྲུབ་ཀླུའི་རིགས་ཡིན་ཞིང་ཤིང་སྡོང་ཞིག་གི་འཁྲིས་ནས་སྐུ་འཁྲུངས་པར་འདོད་པ་དང་། ཁ་ཅིག་གིས་རྒྱ་གར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པར་འདོད་པ་སོགས་དུ་མ་འདུག་པས་རིགས་གང་ཡིན་ཁ་ཚོན་མ་ཆོད་པ་འདུག དེའི་ཤུགས་ལས་ཡུལ་གང་དུ་བྱོན་པ་ཐག་ཆོད་མི་འདུག་སྟེ། ཀླུ་རིགས་ཡིན་ན་ཀླུ་ཡུལ་དུ་འཁྲུངས་དགོས་ལ་རྒྱ་གར་བའི་བྲམ་ཟེ་ཡིན་ན་མི་ཡུལ་དུ་འཁྲུངས་དགོས་པ་དངོས་པོའི་སྟོབས་ཤུགས་ཀྱིས་གྲུབ་པས་སོ། ཀླུ་སྒྲུབ་མིར་འདོད་པའི་ལུགས་ལ་ཐང་ཁའི་ནང་ཁོང་གི་དབུར་སྦྲུལ་མགོས་བརྒྱན་པ་དེ་རྒྱུ་མཚན་གང་ཡིན་ཆ་མ་འཚལ། ཁོང་ག་དུས་ཕེབས་ཡོད་མེད་ལའང་ཐེ་ཚོམ་འདུག་སྟེ། ཁ་ཅིག་གིས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་འཁྲུངས་ཟེར། ཁ་ཅིག་གིས་སྤྱི་ལོའི་དུས་རབས་དང་པོ་ནས་གཉིས་པའི་མཚམས་དེར་འཁྲུངས་ཟེར། ཁ་ཅིག་གིས་ཁོང་སྤྱི་ལོ་༡༥༠ནས་༢༥༠བར་དུ་འཚོ་བཞེས་གནང་ཡོད་ཟེར་བ་སོགས་དུ་མ་འདུག་པས་དེ་དག་གང་བདེན་གང་རྫུན་སུས་ཁ་ཚོན་གཅོད་ཤེས། ཁོང་གི་སྐུ་ཚེའི་ཚད་ཀྱང་བཤད་ཚུལ་ཅི་རིགས་སུ་འདུག་སྟེ། ཁ་ཅིག་གིས་དགོངས་ལོ་བདུན་བརྒྱར་བཞུགས་ཟེར། ཁ་ཅིག་གིས་དྲུག་བརྒྱར་བཞུགས་ཟེར། ཁ་ཅིག་གིས་སུམ་བརྒྱར་བཞུགས་ཟེར། ཁ་ཅིག་གིས་ཁོང་དགུངས་ལོ་བརྒྱ་ལྷག་བཞུགས་པའི་ཤེས་བྱེད་གང་ཡང་མེད་ཟེར་བ་སོགས་ལ་གཞིགས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི་གཤེན་རབ་མི་བོའི་ལོ་རྒྱུས་ལས་རྙོག་གྲ་མ་མང་ནའང་ཉུང་མེད་པ་ཤེས་ཐུབ།
གཤེན་རབ་མི་བོ་ནི་ལོ་རྒྱུས་ཐོག་གི་མི་སྣ་ཞིག་ཡིན་མིན་ལ་དོགས་གཞི་དགོས་དོན་གང་ཡང་མེད་དེ། བོན་གྱི་ལོ་རྒྱུས་ལས་ཆེས་གསལ་བ་མ་ཟད། བན་དེའི་ལོ་རྒྱུས་བློན་པོ་བཀའ་ཡི་ཐང་ཡིག་དང་རྒྱལ་རབས་གསལ་མེ་སོགས་ལས་ཀྱང་གཤེན་རབ་ཀྱི་བྱུང་རབས་བཀོད་འདུག་པས་དེར་གཟིགས་ནས་བློ་རྒྱ་ལག་མཐིལ་ལས་ཆུང་ཞིང་བློ་མིག་ཁབ་མིག་ལས་དོག་པའི་བློ་སྦུག་དེ་དག་ལས་གཡོལ་ནས་མཁྱེན་རྒྱ་ཆེ་ཙམ་བྱས་ན་ལེགས། གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་ལ་གཞིགས་ན་གཤེན་རབ་མི་བོའི་རྣམ་ཐར་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོའི་ལུགས་ཀྱི་བཤད་ཚུལ་དང་། ཐེག་པ་ཐུན་མོང་གི་ལུགས་ཀྱི་བཤད་ཚུལ་གཉིས་ཡོད་པར་མངོན་ཐུབ། ཐེག་པ་ཆེན་པོའི་དབང་དུ་བྱས་ན། རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་སྤྱི་ལོའི་སྔོན་གྱི་ལོ་༼༡༦༠༡༧༽ལ་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ནས་མཆོག་གི་སྤྲུལ་སྐུའི་མཛད་པ་མཐར་ཕྱུང་མཛད་ཚུལ་མདོ་དྲི་མེད་གཟི་བརྗིད་སོགས་སུ་ཞིབ་ཕྲར་གསལ་ཡོད། རྟག་གཟིགས་འོལ་མོ་ལུང་རིང་ནི་འཇིག་རྟེན་འདིའི་ཁམས་སུ་ཡོད་ནའང་གང་ཟག་ཕལ་པའི་བགྲོད་ཡུལ་དུ་མ་གྱུར་བཤད་པ་དེ་ཡང་ཐེག་པ་ཆེན་པོ་བསམ་གྱི་མི་ཁྱབ་པའི་བློ་ཡི་འཁྱེར་སོ་ལ་གཞིགས་ན་བན་བོན་སུའི་ལུགས་ལ་ཡང་འགལ་འདུ་ཞུགས་པའི་རྒྱུ་མཚན་གང་ཡང་མེད་པར་སེམས། བན་དེའི་ལུགས་ལ་ཡང་འཇིག་རྟེན་འདིའི་ཁམས་སུ་ཤམ་བྷ་ལ་ཞེས་པའི་ཞིང་ཁམས་ཞིག་ཡོད་པ་དང་། སྟོན་པ་བཅོམ་ལྡན་འདས་དེར་ཕེབས་ཏེ་ཐུན་མིན་གདུལ་བྱ་རྣམས་ལ་དུས་ཀྱི་འཁོར་ལོའི་རྒྱུད་སོགས་གསུང་པའི་ཚུལ་ལོ་རྒྱུས་ནང་ལ་བཀོད་ཡོད་པ་དེ་རེད། ཐེག་པ་ཐུན་མོང་གི་དབང་དུ་བྱས་ན། ད་ལྟ་གནས་སྐོར་བ་ཀུན་གྱིས་མཐོང་ཡུལ་དུ་གྱུར་པའི་ཞང་ཞུང་ཡུལ་གྱི་ལྟེ་བ་གངས་ཏི་སེའི་མདུན། མཚོ་མ་པང་གི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ་བོ་ནི་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་ཡིན་པའི་ཚུལ་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་དང་བསྒྲགས་པ་གླིང་གྲགས་སོགས་སུ་ཤིན་ཏུ་གསལ་ཡོད། འདི་ལའང་འོལ་མོ་ལུང་རིང་ཞེས་འབོད་དུ་ཡོད་པ་སྲིད་པ་སྤྱི་མདོས་ཀློག་ན་ཤེས་ནུས། འཁྲུངས་པའི་ལོ་ཚིགས་ཀྱང་སྤྱི་ལོའི་སྔོན་གྱི་ལོ་(༡༩༡༧)ཡིན་པ་མཁས་དབང་ནམ་མཁའི་ནོར་བུས་ལུང་དང་རིགས་པ་དུ་མའི་སྒོ་ནས་བསྒྲུབས་ཡོད་པ་མ་ཟད། དར་རྒྱས་གསལ་སྒྲོན་དང་གླེང་གཞི་བསྟན་པའི་བྱུང་ཁུངས་སོགས་ལ་དཔྱད་ན་ཕལ་ཆེར་དེ་འདྲ་ཡིན་དགོས་པ་ལྟ་བུ་སྣང་གི་ཡོད།
དེར་བརྟེན་དེ་དག་ནི་དངོས་གཙོ་རིག་པ་དང་མཐུན་པའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་མཐོང་། གཤེན་ཆེན་པོའི་གཏེར་མའི་ནང་ཚན་ལེའུ་ཆེན་པོ་བཅུ་བདུན་གྱི་བདག་ཉིད་ཅན་(སྣང་སྲིད་མཛོད་ཕུག་)ནི་བོན་པོའི་གཞུང་ལུགས་རྣམས་ཀྱི་ནང་ནས་གལ་ཆེན་ཞིག་ཡིན། དེང་སང་ཕྱི་རྒྱལ་གྱི་མཁས་པ་མང་པོས་འདི་དང་བན་དེའི་(མངོན་པ་མཛོད་)གཉིས་ཀྱི་བཤིབ་བསྡུར་བྱས་པའི་རྒྱུད་རིམ་ཡང་ཐོན་འདུག །ལོ་ཙཱ་བ་ཆེན་པོ་མཁས་དབང་དོན་གྲུབ་ལྷ་རྒྱལ་གྱིས་བོད་འགྱུར་མཛད་པའི་(ཕྱི་གླིང་པས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར།)ཞེས་པའི་ནང་དུའང་ཏན་མར་ཐིན་ཞུ་བའི་ཞིབ་འཇུག་པ་ཞིག་གིས་(སྣང་སྲིད་མཛོད་ཕུག་)དང་(མངོན་པ་མཛོད་)གཉིས་བཤིབ་བསྡུར་བྱས་པའི་ལེའུ་ཚན་ཞིག་བཀོད་འདུག དེའི་ནང་དུ་བཤད་པ་ལྟར་ན་(མཛོད་ཕུག་)གི་བསྐལ་པ་བསྟན་པའི་སྐབས་ཀྱི་དུམ་བུ་གཅིག་དང་། སྣོད་བསྟན་པའི་སྐབས་ཀྱི་དུམ་བུ་གཅིག བཅུད་བསྟན་པའི་སྐབས་ཀྱི་དུམ་བུ་གཅིག་བཅས་དུམ་བུ་གསུམ་(མངོན་པ་མཛོད་)ལས་བྱུང་བར་བཤད། དེ་ཡང་དེའི་ནང་གི་ལེའུ་ཡོངས་རྫོགས་མ་ཡིན་པ་དུམ་བུ་གསུམ་ཙམ་མཛོད་གཉིས་ཕན་ཚུན་ཕལ་ཆེར་ཞལ་འགྲིག་བསྡད་པའི་སྐོར་དེ་རེད། (མཛོད་ཕུག་)གི་ཕུང་པོ་བསྟན་པའི་སྐབས་སུ་སེམས་འབྱུང་གི་རྣམ་གྲངས་ཀྱི་སྐོར་(མངོན་པ་ཀུན་བཏུས་)ལས་བླངས་པ་འདྲ་བོ་ཡོད་པ་དང་། (མངོན་པ་མཛོད་)ལས་བྱུང་བའི་སེམས་འབྱུང་ང་གཅིག་གི་རྣམ་གྲངས་དེ་དག་(མཛོད་ཕུག་)ལ་ཡོད་པའི་རྣམ་གྲངས་དང་ཤིན་ཏུ་འདྲ་མཚུངས་ཡོད་པར་བཤད་འདུག །ཡང་ཁོང་གིས་༩༡ལས། “ཐེག་པ་ཆེན་པོའི་ཁྱད་ཆོས་དང་ལྡན་པའི་བོན་གྱི་གཞུང་ལུགས་ཀྱི་རྣམ་གྲངས་རྣམས་ཕལ་ཆེར་ཆོས་ཀྱི་གཞུང་ལུགས་ཕར་ཕྱིན་ལས་བྱུང་བའི་རྟགས་འདུག” ཅེས་བཤད་པས་དེ་ནི་(མཛོད་ཕུག་)གི་མཚན་ཉིད་བསྟན་པའི་སྐབས་སུ་མྱང་འདས་བོན་གྱི་རྣམ་གྲངས་དེ་དག་ཡིན་པའི་བཟོ་འདུག །ཁོང་གིས་གསུང་ཚུལ་དེ་ལ་གཞིགས་ན་ཚིག་སྒྲུབ་ཀྱི་དུམ་བུ་འགའ་ཞིག་གཅིག་མཚུངས་ཡིན་པ་དང་རྣམ་གྲངས་ཀྱི་ཆ་ནས་འདྲ་མཚུངས་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་(མཛོད་ཕུག་)གི་དུམ་བུ་འགའ་ཤས་(མངོན་པ་མཛོད་)སོགས་ལས་བྱུང་བའམ་བླངས་ཞེས་བཤད་པ་ཙམ་ལས་གཞན་པའི་རྒྱུ་མཚན་གང་ཡང་མི་འདུག་སྙམ།
རྒྱུ་མཚན་གཞན་ཞིག་ཡོད་སྲིད་པ་ནི་ལོ་རྒྱུས་འཕེལ་རིམ་དབང་དུ་བྱས་ན་(མངོན་པ་མཛོད་)དང་ཐོག་བྱུང་བ་དང་(མཛོད་ཕུག་)རྗེས་སུ་བྱུང་བར་བཞེད་པ་མིན་འགྲོ་སྙམ། གལ་སྲིད་དེ་ལྟར་ཡིན་ན། ཁོང་གིས་༦༥ལས། “སྐབས་འདིར་བདག་གིས་(ཆོས་མངོན་པ་མཛོད་)ལས་བྱུང་བའི་ཡོངས་གྲགས་ཀྱི་སེམས་འབྱུང་ང་གཅིག་གི་རྣམ་གྲངས་དེ་(མཛོད་ཕུག་)ལ་ཡོད་པའི་རྣམ་གྲངས་དང་ཤིན་ཏུ་རིགས་འདྲ་པོ་འདུག་ཅེས་སྡོམ་ཚིག་རྒྱག་ཆོག” །ཅེས་བཤད་པའི་དོན་ལ་བསམ་གཞིག་ཞིག་བྱེད་དགོས་ངེས་རེད། འོན་ཀྱང་ཁོང་གི་ཐ་མའི་སྡོམ་ཚིག་གི་སྐབས་སུ་༩༥ལས། “གཤིབ་བསྡུར་བྱས་ནས་འདྲ་མཚུངས་རྙེད་པའི་དུམ་བུ་འདི་ཚོ་དཔེ་ཆ་ཧྲིལ་པོའི་ཐད་ནས་བལྟས་ན་ཉུང་ཉུང་ཡིན་པ་དེ་ངེས་པར་དུ་རྟོགས་དགོས་”ཞེས་བཤད་པ་མ་ཟད། (མངོན་པ་མཛོད་)ཀྱི་ལྟ་བ་དེ་(མཛོད་ཕུག་)གི་ལྟ་བ་དང་གཅིག་མཚུངས་མིན་པ་དང་(མཛོད་ཕུག་)གི་ལྟ་བ་ཁམས་བརྒྱད་དང་འདྲ་མཚུངས་ཡོད་པ་ཡང་བཤད་འདུག །ཁོང་གིས་ཆོས་མངོན་པའི་གཞུང་དེ་རྒྱ་གར་རིག་པ་བའི་གཞུང་ལ་ཡོད་པའི་རྣམ་གྲངས་རྨང་གཞི་བྱས་ནས་གྲུབ་པའི་རིག་གཞུང་ཞིག་ཡིན་པ་ཡོངས་ཁྱབ་ཀྱི་ལྟ་བ་ཞིག་རེད་གསུང་པ་མ་ཟད། རུ་པེར་དགེ་ཐིང་ཞུ་བའི་ཞིབ་འཇུག་པ་ཞིག་གིས་ཆོས་མངོན་པའི་གཞུང་དང་ཕར་ཕྱིན་ཀྱི་རྩ་བ་རྒྱ་གར་རིག་པ་བའི་གཞུང་ལུགས་ལ་ཐུག་ཡོད་པར་བཤད་པ་དེ་ཡང་ལུང་འདྲེན་བགྱིས་འདུག །རོལ་ཧྥུ་སི་ཏན་ཞུ་བའི་ཞིབ་འཇུག་པ་ཞིག་གིས་༩༤ལས། “འཇིག་རྟེན་ཆགས་ཚུལ་གྱི་དུམ་བུ་དེའི་ནང་གི་ཞང་སྐད་ཐ་སྙད་མང་ཆེ་བོད་སྐད་ལ་གཞི་བྱས་ནས་གྲུབ་པར་གསལ་པོ་འདུག་”ཅེས་བཤད་པ་དེ་ལ་ཏན་མར་ཐིན་གྱིས་“ཞིབ་འཇུག་དེའི་ཡང་དག་གི་ཚད་དེ་དེ་ཙམ་གྱིས་མཐོན་པོ་མེད་”ཅེས་བཤད་པ་མ་ཟད། ༩༧ལས། “གལ་ཏེ་ཆོས་མངོན་པའི་གཞུང་ལུགས་དེ་ཡུལ་ཀ་ཤི་སྨིར་དང་གྷན་དྷ་ར། དུ་ར་ཁ། བྷ་ཅ་ཏྲི་སོགས་སུ་བརྩམས་ཡོད་ན་དེ་ཉིད་ཞང་ཞུང་དང་བོད་ཀྱི་ཡུལ་བརྩམས་མེད་པའི་རྒྱུ་མཚན་ཅི་ཡང་མེད།” ཅེས་གསུང་པ་དེ་ལ་གཞུང་དེ་ཞང་བོད་ཀྱི་སྐད་དུ་བརྩམས་ཡོད་མེད་གང་ལྟར་ཡང་ངས་ཁོང་གིས་གཤེན་ཆེན་པོའི་གཏེར་མ་འདི་རྣམས་ཆེས་མནའ་བོའི་དུས་ནས་ཡོད་པ་དང་གདེང་འཇོག་གི་ཚད་མཐོ་པོ་ཞིག་བཞག་འདུག་ཅེས་སྡོམ་ཚིག་རྒྱག་ཆོག །དེ་ག་ནང་བཞིན་ཕེར་ཁ་ཝེར་ནེ་ཞུ་བའི་ཞིབ་འཇུག་པ་ཞིག་གིས་༡༡ལས། “སི་ནེལ་ག་རུབ་(༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དང་མཁས་དབང་བསམ་གཏན་རྒྱལ་མཚན་བཅས་དབྱིན་ཡུལ་དུ་གདན་འདྲེན་ཞུ་མཁན།)ཀྱིས་བོན་གྱི་རྒྱབ་ལྗོངས་དངོས་དེ་བསྟན་པའི་སྐབས་སུ་ཕལ་ཆེར་རྒྱ་གར་བྱང་ཕྱོགས་སུ་བྱུང་བའི་སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེན་པོའི་ལུགས་ཀྱི་ཁྲོད་དུ་རྙེད་ཐུབ་པ་དང་བོན་གྱི་ངོས་ནས་བཤད་ན་ལུགས་དེ་ནི་དར་བའི་དུས་རིམ་ཁག་འགའ་ཤས་ཡོད་སྲིད་པ་ལས་སངས་རྒྱས་ཆོས་ལུགས་པས་བོད་དུ་བསྒྱུར་ནས་མཐར་དེ་ལ་ཆོས་ཞེས་མིང་བཏགས་པ་དེ་ནི་དར་ཐེངས་མཐའ་མ་དེ་རེད་ཅེས་ནན་བཤད་བྱས་ཡོད།” ཅེས་བཤད་ཡོད།
སི་ནེལ་ག་རུབ་ཀྱི་གསུང་དོན་དེ་དུས་རབས་བདུན་པའི་གོང་དུ་རྒྱ་གར་བྱང་ཕྱོགས་བརྒྱུད་ནས་ཚུར་ཞང་ཞུང་ཕྱོགས་སུ་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་དམ་པའི་ཆོས་བྱུང་ཡོད་པ་དང་། དེ་ཡང་དུས་རིམ་འདྲ་མིན་ནང་ཐེངས་མ་འགའ་ཤས་དར་ཡོད་སྲིད་ལ་དེ་ནི་བོན་ཞེས་ཐ་སྙད་གཏགས་པ་རེད་ཅེས་པའི་དོན་དུ་གོ་དགོས་སམ་སྙམ། འོན་ཀྱང་ཕེར་ཁ་ཝེར་ནེ་ཡིས་དུས་རབས་བདུན་པ་དང་བརྒྱད་པའི་སྐབས་སུ་བོད་བཙན་པོས་གཞུང་གི་ངོས་ནས་རྒྱབ་སྐྱོར་གནང་ནས་སངས་རྒྱས་ཆོས་བོད་དབུས་སུ་དར་བའི་སྐབས་དེར་ཞང་ཞུང་རྒྱལ་པོའི་མངའ་ཁོངས་མངའ་རིས་ཁུལ་དུ་ཡང་སངས་རྒྱས་ཆོས་གསང་སྔགས་ཤས་ཆེ་ཞིག་དར་ཡོད་པ་དེ་ལ་བོན་ཞེས་ཐ་སྙད་བྱས་ནས་ཞང་ཞུང་རྒྱལ་པོའི་མངའ་ཁོངས་སུ་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཤིག་ཡིན་པར་ངོས་འཛིན་བྱས་པར་བཤད་ཡོད། གང་ལྟར་དམ་པའི་ཆོས་ལ་བོན་ཞེས་མིང་བཏགས་ཡོད་མེད་ལ་མ་ལྟོས་པའི་མཁས་དབང་དེ་རྣམས་ཀྱིས་ད་ལྟ་རང་རེས་སྤྱོད་བཞིན་པའི་གཡུང་དྲུང་བོན་འདི་ནི་ཆེས་མནའ་བོའི་དུས་ནས་ཡོད་པའི་དགོངས་ཚུལ་ཡོད་པ་མ་ཟད། གཤེན་ཆེན་པོའི་གཏེར་མ་རྣམས་ལ་རྒྱབ་སྐྱོར་གང་མཚམས་གནང་འདུག་པས་བཀའ་དྲིན་ཆེ་ཞུ།
སྤྱི་ལོ་༢༠༡༡ཟླ་བ་༥པར་བྲིས།
ཆོས་འབྱུང་དང་། ནུབ་པའི་རིག་གནས་པ་དག་གིས་འདི་ལྟར་བཤད་འདུག་ཅེས་མི་འདོད་བཞིན་དུ་སྨྲ་དགོས་བྱུང་བ་དེ་ཁྱེད་ཅག་གི་ལས་དབང་རེད།
བོན་པོ་ཚོ་རང་རང་གི་བསྟན་པ་འཛིན་སྤེལ་བྱེད་པ་ནི་སོ་སོའི་རང་དབང་ཡིན་མོད། འོན་ཀྱང་མི་དམངས་མི་ཤེས་པ་རྣམས་ལ་བོན་པོ་དང་ནང་པ་སངས་རྒྱས་པ་གཅིག་པ་ཡིན་མདོག་བཤད་ནས་མགོ་བསྐོར་ནས་བོན་པོ་ལ་འཇུག་ཐབས་བྱེད་པ་ནི་གཡོ་ཇུས་ཡིན་པ་དང་། སྔོན་གྱི་ལོ་རྒྱུས་རྣམས་ལས་འགའ་ཞིག་ནི་བོན་པོས་བཤད་པ་ལྟར་ཡིན་སྲིད་མོད་འོན་ཀྱང་ལོ་རྒྱུད་ཐམས་ཅད་ལ་འཁྱོག་བཤད་བྱེད་ནས་བོན་པོ་ལ་ཕན་པ་ཡོད་པའི་ཕྱོགས་སུ་སྤེལ་བ་ནི་ནག་ཉེས་རེད།
བོད་ཀྱི་རྒྱལ་རབས་ལོ་རྒྱུས་མང་པོ་ཞིག་ལ་བློ་གཏད་ཅི་ཡང་མི་འདུག ལྷག་པར་དུ་ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་ནི་བྱིས་པ་མགོ་སྐོར་བའི་གཏམ་རྒྱུད་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་རེད་འདུག ང་བྱིས་པ་ཡིན་དུས་ངའི་ཕ་རྒན་ང་ལ་དེབ་དེ་བློ་ཐོག་ནས་གཉིད་འགུག་ཆེད་བཤད་པ་ད་དུང་ཡང་དྲན་ཡོང་གི དེའི་ནང་གི་བློན་པོ་མགར་གྱིས་རྒྱ་ནག་གི་རྒྱལ་བློན་ཚོར་མགོ་སྐོར་བཏང་བའི་གཏམ་རྒྱུད་དང་རྒྱ་བཟས་ལྡན་མ་བྲག་ལ་བྱམས་སྐུ་བཞེངས་ཚུལ་སོགས་ལོང་བས་མིག་ལྡན་ལ་མགོ་སྐོར་གཏོང་བའི་རྩེད་མོ་རང་རེད་འདུག
གངས་སེང་ལགས། སྐུ་ཉིད་ཀྱི་རྩོམ་ཡིག་ཁག་རིང་དྲགས་པའི་སྐྱོན་འདུག མ་འོངས་པར་སྡེ་ཚན་དབྱེ་བགོས་བྱ་སྟེ་བཀོད་ན་ལེགས་སྙམ། གང་ཡིན་ཟེར་ན། དྲ་གྲོགས་མང་ཆེ་བར་དྲ་ཐོག་ཏུ་དུས་ཚོད་ཡུན་རིང་བསྐྱེལ་བའི་ཁོམ་པ་མེད་སྲིད་ལ། ཕྱོགས་གཞན་ཞིག་ནས་དྲ་འབུ་དཀར་ནག་རྣམས་ཀྱིས་དྲང་ལྡོག་ཅི་རིགས་ཀྱི་ལམ་ནས་མཆན་སྤེལ་བ་ལའང་སྟབས་བདེར་འགྱུར། བསམ་ཚུལ་ཙམ་དུ། །
ངས་མིང་མ་གཏོགས་བཀླགས། ཡང་རྫུན་བཟོ་ཞིག་བྱས་ཡོད་རྒྱུ་རེད་དྲན་སོང་། ཀླུ་སྨྱོན་ཁྱོད་མ་དྲང་ན་དྲང་མདོ་སྟོན་མི་དགོས། མཚམས་རེར་བོན་པོ་ཁ་ལ་རྒྱུགས། ཐེངས་རེ་བན་དེའི་ཕྱོགས་ལ་ཞེན། རྩོམ་པ་པོ་མཚན་ཆེན་པོ་ཅན་ཞིག་ཡིན་པའི་ཆ་ནས་རང་ཚུགས་དང་། འཛིན་མཚམས། རང་ལུགས་ཅུང་ཞིག་ཡོད་དགོས་པར་མངོན།
༥༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༡ གི་ཆུ་ཚོད་ ༡༣ སྐར་མ་ ༢༣
ངས་མིང་མ་གཏོགས་མན་ཅུང་ཟད་ཅིག་ལས་བཀླགས་མེད། ཡང་རྫུན་བཟོ་ཞིག་བྱས་ཡོད་རྒྱུ་རེད་དྲན་སོང་། ཀླུ་སྨྱོན་ཁྱོད་མ་དྲང་ན་དྲང་མདོ་སྟོན་མི་དགོས། མཚམས་རེར་བོན་པོ་ཁ་ལ་རྒྱུགས། ཐེངས་རེ་བན་དེའི་ཕྱོགས་ལ་ཞེན། རྩོམ་པ་པོ་མཚན་ཆེན་པོ་ཅན་ཞིག་ཡིན་པའི་ཆ་ནས་རང་ཚུགས་དང་། འཛིན་མཚམས། རང་ལུགས་ཅུང་ཞིག་ཡོད་དགོས་པར་མངོན།
གྲུབ་རྒན་ཚང་ལགས། ལོ་རྒྱུས་ལ་དཔྱོད་དུས་བན་དེ་དང་བོན་པོའི་དཀྱིལ་གྱི་རྐང་ལམ་ཕྲ་མོ་དེ་དེད་ནས་འགྲོ་དགོས་པ་མ་གཏོགས་གཡས་གཡོན་དུ་ཡོ་ཙམ་བྱས་ན་ཕྱིར་ལེན་ཐབས་མེད་པའི་ཕྱོགས་ཞེན་གྱི་གཅོང་རོང་ཟབ་མོ་དེར་ལྷུང་རྒྱུ་ཉག་གཅིག་རེད། ངས་ལོ་རྒྱུས་ལ་དཔྱོད་དུས་བོན་པོའི་ངོ་འཛིན་དང་བན་དེའི་ཕྱོགས་འཛིན་ཅི་ཡང་བྱེད་འདོད་མེད་པར་ང་རང་བན་ཆོས་བོན་ཆོས་གང་ལ་ཡང་དད་པ་མེད་པའི་མི་ཞིག་གི་ཚུལ་དུ་བསྡད་དེ་ལོ་རྒྱུས་ཀྱི་ངོ་གདོང་ངོ་མ་དེར་ལྟ་འདོད་ཡོད། མི་རིགས་ཀྱི་རིག་གཞུང་གི་ལོ་རྒྱུས་ལ་དཔྱོད་དུས་ཆོས་དད་ཕྲ་མོ་ཙམ་ཞིག་གི་རྗེས་སུ་འབྲངས་ཀྱང་ལོ་རྒྱུས་ངོ་མ་དེ་དེ་མ་ཐག་གཞི་མེད་དུ་ཡལ་བའི་ཉེན་ཁ་ཞིག་འདུག
གཤེན་ཀླུ་དགའ་དང་། བོན་གྱི་བཀའ་བརྟེན་སྐོར་ལ་བོན་གྱི་མཁས་དབང་ནམ་མཁའི་ནོར་བུས་འདི་འདྲ་ཞིག་གསུངས་འདུག་པས། དྲ་གྲོགས་རྣམས་ཀྱིས་གཤམ་གྱི་འབྲེལ་ཐག་ཐོག་གཟིགས་རོགས་ཞུ།
http://blog.himalayabon.com/u/atongringayl/archives/2012/2709.html
དེ་ཙམ་ཡིན། ཐུགས་རྗེ་ཆེ།
གཤེན་ཀླུ་དགའི་ལོ་རྒྱུས་ཀྱང་གོང་དང་ཅུང་མི་མཐུན་པ་ཞིག་འདི་ན་འདུག
http://blog.himalayabon.com/u/atongringayl/archives/2011/1125.html
བསྒྱུར་བོན་ངོ་ཚ་མེད་མཁན་ཚོས་ལྟོས་དང་འདྲ་མ་འདི་ན་གདའ། ཧཧཧཧཧཧཧཧཧཧཧ
༢༠༡༡ཟླ༤ཚེས་༨ཉིན།ཁོ་བོ་(རྫ་ཚེ་རིང་བཀྲ་ཤིས་)ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་གྲོང་ཁྱེར་ལྟེ་བའི་བཞུགས་གནས་མགྲོན་ཁང་དུ་མཁས་དབང་ནམ་མཁའི་ནོར་བུ་མཆོག་གི་མདུན་དུ་ཆེད་བཅར་ཞུས་ཤིང་། བཀའ་མོལ་ཡང་མང་པོ་ཞིག་ཡར་ཞུ་ཕྱིར་གསུང་བྱས། སྐབས་དེར་སྐད་ཆའི་ནང་དོན་སྒྲ་འཇུག་ཏུ་ཡོད་པ་ཁག་ནམ་མཁའི་ནོར་བུས་གསར་རྙིང་གི་བོན་གླེང་བ་དང་ནམ་མཁའི་ནོར་བུས་རང་ཉིད་ཀྱི་འདས་དོན་དྲན་པ། ནམ་མཁའི་ནོར་བུས་ཉེ་དུས་ཀྱི་ཕྱག་ལས་བརྗོད་པ་སྟེ་དོན་ཚན་གསུམ་དུ་བགོས་ནས་ཡི་གེར་བཀོད་པ་ཡིན།
དང་པོ། ནམ་མཁའི་ནོར་བུས་གསར་རྙིང་གི་བོན་གླེང་བ། (ཁ་བྱང་དངོས)
ཉེ་ཆར་གློ་སྨོན་ཐང་གི་ཕྱོགས་ཀྱི་བྲག་ཕུག་སྟོང་པ་གནམ་རྐས་བཙུགས་ནས་འགྲོ་དགོས་ས་དེ་འདྲ་ཞིག་ནས་སྤྱི་ལོ་སྔོན་གྱི་ལོ་རབས་ཀྱི་ནང་གི་བོན་དཔེ་མང་པོ་ཞིག་རྙེད་ཡོད་པ་རེད་ཟེར། དེའི་སྐོར་་རིན་པོ་ཆེས་གསན་སོང་ངམ།
དེ་ངས་གོ་མ་སོང་། ཅིག་བྱས་ན་དཔེ་ཆ་རྩ་ཆེན་དེ་འདྲ་ཡོད་འགྲོ
དེང་སང་བོན་གསར་མ་དེ་ཚོས་བོན་གྱི་གནའ་སྔ་མོའི་གནས་ཚུལ་དེ་ཚོ་ལ་ཞེ་དྲག་ཞིབ་འཇུག་བྱེད་ཀྱིན་མི་འདུག ཁོང་ཚོས་ཆོས་བྱེད་རྒྱུ་གཙོ་བོ་བྱེད་ཀྱིན་འདུག ཆོས་དེ་ཚོ་ཕར་བསྒྱུར། དེ་ཡར་རྒྱས་འདྲ་བཏང་ནས་འདུག་པ་མ་གཏོགས་མི་འདུག དེ་ཚོའི་མིང་ལ་བོན་གསར་མ་ཟེར་རེད། བོན་གསར་མ་དེ་ཚོའི་ནང་ལ་ཞིབ་འཇུག་གི་སྐོར་ལ་ཕན་ཐོགས་ངེས་ཀྱི་ཡིག་ཆ་ཞེ་དྲག་ཅང་མི་འདུག
བོན་པོའི་གཞུང་རྙིང་པ། སྲིད་པ་སྤྱི་མདོས་སོགས་ཆོག་རབས་དང་སྨྲེང་རབས་ཀྱི་རིགས་དེ་ཚོ་རྩ་ཆེན་པོ་རེད། ཨ་རིའི་གཉུག་གནས་མི་རིགས་དང་བོད་རིགས་ཀྱི་བར་ལ་ཡང་དུར་གྱི་ཆོ་ག་དང་། མཐུ་ཁང་བཅའ་སྟངས་སོགས་འདྲ་ས་ཧ་ཅང་མང་པོ་ཡོད། ངེས་པར་ཡ་མཚན་ཅན་གྱི་ཞིབ་འཇུག་གི་ཁུངས་སྣེ་མང་པོ་ཡོད་ངེས་རེད་འདུག ཁོང་ཚོ་ལ་ཡང་ལྷ་དང་སྲིད་ལ་སོགས་པའི་འཆད་སྟངས་སྤྱི་མདོས་སོགས་ལས་བསྟན་པ་དང་འདྲ་པོ་ཡོད་པ་མཐོང་བྱུང་། འོན་ཀྱང་། ཞིབ་འཇུག་གི་ལས་གཞི་དེ་ངས་མགོ་མ་བརྩམས།
བོན་གསར་མ་དེ་ཚོ་ལ་མདོ་དང་སྔགས་ཟེར་བ་འདྲ་པོ་དེ་འདྲ་ཡོད་རེད། ཐ་ན་ང་ཚོའི་མདོའི་ནང་ན་ཡོད་པའི་དབུ་མ་དང་སེམས་ཙམ། ཚད་མ་དེ་ཚོ་ཡང་འདུག ཡིན་ན་ཡང་། ང་རང་ངོས་ནས། དངོས་གནས་དྲང་མོ་བཤད་ན། བོན་ལ་རབ་བྱུང་གི་སྡེ་ཡོད་པ་ངོས་ལེན་གྱིན་མེད། དེ་འདྲ་བཤད་ན་རྙོག་དྲ་ཚ་རུ་འགྲོ་གིན་འདུག
བོན་པོ་ལ་ཡོད་པའི་དངོས་གནས་ཀྱི་ཁུངས་ཀྱི་ཡིག་ཆ་ག་རེ་ཡོད་རེད་ཟེར་ན། ཞང་ཞུང་གི་ཨ་ཏི་མུ་ཝེར་གྱིས་ཉམས་ལེན་གྱི་ལྟ་བ་ཁ་ཤས་ཤིག་ཡོད་རེད། དེ་ཚོ་དཔེ་ཆ་རྙིང་པ་དངོས་གནས་རེད། ཞང་ཞུང་གི་བརྒྱུད་རིམ་ནང་ལ་ཡང་ཡོད་ཐག་ཆོད་རེད་བཞག དེ་གཅིག་རེད།
རྫོགས་ཆེན་གྱི་སྐོར་ལ་ཞང་ཞུང་སྙན་བརྒྱུད་ཟེར་བ་དེ་ཡོད་རེད། ཞང་ཞུང་སྙན་བརྒྱུད་ཀྱང་ད་ལྟ་ནང་བཞིན་དཔེ་ཆ་པོ་ཏི་དེ་འདྲ་ཡོད་མ་རེད། དེ་ཚོ་ཡང་གཞུག་མ་ཡར་རྒྱས་བཏང་བཞག་པ་རེད། གཙོ་བོ་དེ་ལ་རྒྱུད་བུ་ཆུང་བཅུ་གཉིས་ཟེར་བ་ཞིག་ཡོད་རེད། སྙན་བརྒྱུད་ཟེར་ན། སྤྱིར་རྫོགས་ཆེན་གྱི་ནང་ལ་གནའ་སྔ་མོ་ཡི་སྙན་བརྒྱུད་མང་པོ་ཡོད་པ་བཞིན། རྒྱུད་བུ་ཆུང་བཅུ་གཉིས་ཟེར་བ་དེའི་ནང་ལ་གཞི་ལམ་འབྲས་བུ་ལྟ་བ་སྒོམ་པ་སྤྱོད་པ་སོགས་གསུམ་རེ་གསུམ་རེ་བྱས་ནས་བཅུ་གཉིས་ཐམ་པ་ཚིགས་བཅད་བཟོས་བཞག་པ་ཞིག་ཡོད་རེད། དེ་ཚོ་སྣང་ཞེར་ལོད་པོ་ལ་ཏ་པི་ར་ཙའི་ཞལ་གཟིགས་ནས་དེ་འདྲ་གསུངས་སོང་ཞེས་བསྟན་ཡོད་རེད། བྱས་ཙང་། ཏ་པི་ར་ཙས་གསུངས་པ་རེད་ཟེར་ནས་དེ་ལ་ཕར་ཁུངས་བསྙད་ནས་སྣང་ཞེར་ལོད་པོ་ཁོང་རང་གིས་ཡི་གེར་བྲིས་བཞག་པ་རེད། མ་གཞི་སྣང་ཞེར་ལོད་པོ་ནི་སྐབས་དེ་པ་ཞིག་ལ་བོད་ལ་ཕེབས་པ་རེད། དེ་ནས་བཟུང་སྟེ། ཞང་ཞུང་སྙན་བརྒྱུད་ཀྱི་དཔེ་ཆ་དེ་ཚོ་ཡར་རྒྱས་ཕྱིན་བཞག དེ་མ་གཏོགས། ཁུངས་འདྲ་པོ་དངོས་གནས་དེ་ལས་སྔ་བར་ཡི་གེར་བྲིས་བཞག་པ་དེ་འདྲ་ཡོད་པ་མ་རེད། དེ་བཞིན། ད་ལྟའི་ཞང་ཞུང་སྙན་བརྒྱུད་ཀྱི་བླ་བརྒྱུད་ཀྱི་བླ་མ་བརྒྱུད་པ་དང་པོ་མར་བྱུང་ས་དེ་ནས་བཟུང་སྟེ། སྣང་ཞེར་ལོད་པོའི་བར་དུ་རབ་བྱུང་ཟེར་མཁན་ཞིག་རྡོག་པོ་གཅིག་ཡོད་མ་རེད། ཨ་ཏི་མོ་ཝེར་གྱི་སྔགས་ཀྱི་རབས་ཤིག་ཁོང་ཚོར་ཡོད་རེད་ལ་དེའི་བླ་མ་བརྒྱུད་པ་ཞིག་ཡོད་རེད། དེའི་ནང་ལ་ཡང་ཕྱིས་ཀྱི་བར་ཡང་རབ་བྱུང་ཟེར་མཁན་ཞིག་རྡོག་པོ་གཅིག་ཡོད་མ་རེད། གལ་ཏེ་རབ་བྱུང་ཟེར་བ་ཞིག་སྔ་མོ་ནས་ཡོད་ན་བླ་མ་བརྒྱུད་པ་དེ་ཚོའི་ནང་ལ་ཡང་ཐ་ན་ཡང་ཁ་ཤས་ཙམ་རེ་ཡོང་དགོས་ཀྱི་ཡོད་རེད། ཡིན་ན་ཡང་དེ་ཡོད་མ་རེད། བྱས་ཙང་། ཚང་མ་ཤན་ཀླུ་དགའ་ཟེར་མཁན་དེས་མགོ་བཙུགས་འདུག བོད་ཀྱི་ནུབ་ཕྱོགས་ལ་ཨ་ཏི་ཤ་བྱོན་ནས་བསྟན་པ་སྤེལ་སྐོར་དེ་པ་ཞིག་ལ་ཤམ་ཐབས་སྔོན་པོ་ཅན་ཟེར་བ་རྫུ་འཕྲུལ་འདྲ་པོ་ཡང་ཏོག་ཙམ་ཏོག་ཙམ་སྟོན་ཡ་ཡོད་མཁན་ཞིག་བྱུང་ནས་བོན་དང་ཆོས་མང་པོ་ཞིག་བསྒྱུར་པ་རེད་ཟེར་བ་དང་། བསྒྱུར་བོན་ཟེར་བ་ལྟ་བུ་སོགས་ཀྱི་ལོ་རྒྱུས་ཤིག་ཤོད་སྡོད་ཡ་འདུག་པ་རེད། དེའི་ཁུངས་འདྲ་པོ་དེ་འདི་ནས་རེད་བཞག ཤན་ཀླུ་དགའ་(འདིའི་དག་ཆ་ཁུངས་ཐུབ་མ་ཤེས)ཟེར་བ་དེ་ཡང་དངོས་གནས་དྲང་གནས་ཡ་མཚན་པོ་ཞིག་ནི་བྱུང་ཡོད་པ་འདྲ། བོན་པོའི་བཀའ་འགྱུར་བསྟན་ཟེར་བ་འདི་ཚོ་བཟོ་འདུག་མཁན་དེ་ཡང་ཚང་མ་ཤན་ཀླུ་དགའ་རེད། ཤན་ཀླུ་དགའི་སྔོན་ལ་ཡོད་མ་རེད། དེ་ཚོའི་ནང་ལ་ཡོད་བསྡད་པའི་དཔེ་ཆ་ཁ་ཤས་སྔོན་མ་ནས་ཡོད་ཟེར་གྱི་ཡོད་རེད། ཡིན་ན་ཡང་། དེ་ག་འདྲ་ཡོད་པ་ང་ཚོས་ཧ་གོ་གི་ཡོད་མ་རེད། ཅིག་བྱས་ན་བྲག་ཕུག་ཅིག་གི་ནང་ནས་དེ་འདྲ་དེ་ཚོ་ཐོན་ཡོང་ཡ་ཡོད་ན་ཡག་པོ་ཡོད་རེད་པཱ།
དེ་མིན་ད་ལྟ་བཀའ་འགྱུར་དང་བསྟན་འགྱུར་ཟེར་བ་འདྲ་པོ་ཁོང་ཚོར་ཡོད་བསྡད་པ་ཚོ་སྔ་མོ་ནས་ཡོད་པ་ཞིག་མ་རེད།
བྱས་ཙང་། ངས་ད་ལྟ་བཤད་བཞིན་པ་ལྟར། རབ་བྱུང་ཟེར་བ་ལྟ་བུའི་བཤད་སྟངས་དེ་རིགས་ཀྱང་ངོས་ལེན་གྱི་མེད།
ཁོང་ཚོ་ང་ལ་དགའ་པོ་ཡོད་རེད། གང་རེད་ཅེ་ན། ངས་བོན་པོའི་རིག་གཞུང་དེ་ཚོ་རྩ་ཆེན་པོར་རྩིས་ནས་ང་ཚོ་བོད་ཀྱི་ལོ་རྒྱུས་དེ་ཚོའི་ཁུངས་གཏུགས་ས་བྱེད་ཀྱི་ཡོད་པས་རེད། དེའི་ཆ་ནས་ཁོང་ཚོས་ང་ལ་དགའ་པོ་བྱེད་ཀྱི་ཡོད་རེད། ཡང་ངས་རབ་བྱུང་སོགས་ཀྱི་བཤད་སྟངས་ཁག་ཅིག་ངོས་མི་ལེན་དུས་ཁོང་ཚོ་དགའ་ཡི་ཡོད་མ་རེད།(བཞད་མོ་བཞད)
བོད་མི་མང་པོ་ཞིག་གིས་ཆོས་རྒྱལ་ནམ་མཁའི་ནོར་བུ་ཚང་བོན་པོའི་མཁས་པ་ཞིག་ཡིན་པའི་ཆ་འཇོག་བྱས་མྱོང་། རྒྱུ་མཚན་ནི་ཁོང་གིས་བོན་གྱི་བླ་མ་སྨྲ་སེང་བསྟན་འཛིན་རྣམ་དག་གི་མདུན་ནས་རྫོགས་ཆེན་ཞང་ཞུང་སྙན་རྒྱུད་ཀྱི་དབང་ལུང་ཞུས་ཤིང་། ལྷག་པར་དུ་ཁོང་གིས་བྲིས་པའི་གཏམ་གཡུང་དྲུང་ནོར་བུའི་དོ་ཤལ་སོགས་སུ་ཞང་བོད་ལོ་རྒྱུས་ལ་དཔྱད་པའི་ཁུངས་ལུང་རྒྱབ་རྟེན་དུ་བོན་གཞུང་གཏོ་དཔེ་འགའ་ཞིག་ལ་གཞི་བཅོལ་བས་རེད། གོ་ཐོས་ལྟར་ན་སྐབས་དེ་ཤེད་དུ་བན་ཕྱོགས་ཀྱི་གྲུབ་འཛིན་པ་འགས་མི་འདོད་པའི་རྣམ་འགྱུར་དང་ཞུ་གཏུགས་འདྲ་མིན་བྱས་པའི་ལོ་རྒྱུས་ཀྱང་འདུག གང་ལྟར། ཁོང་མཁས་པ་ཆེན་པོ་ཞིག་ཡིན་པར་སུས་ཀྱང་སྙོན་དུ་མེད་མོད་བོན་གཞུང་ལོ་རྒྱུས་ཞིབ་འཇུག་གི་སྣེར་མོར་ཁྲིད་དེ་འུར་སྒྲོག་བྱ་བའི་རིན་ཐང་དེ་ཙམ་མི་འདུག་སྙམ་པ་ཅུང་སྔ་མོ་ནས་རྟོགས་ཡོད། དེ་མཁྱེན་པར་མཛོད། །
དངོས་ཡོད་ཤེས་རིག་གླེང་བའི་ཞལ་ལྕེ་ལྡན། །
རང་གཤིས་མདའ་མོ་ལྟ་བུའི་དྲང་ཚུགས་ལྡན། །
གྲུབ་མཐའི་སྨྱོས་ཆུས་མ་གོས་བཟང་སྤྱོད་ལྡན། །
གྲུབ་སྨྱོན་ཁྲག་འཐུང་གླིང་བའི་རང་གཤིས་རྒྱལ། །
“ཡང་ངས་རབ་བྱུང་སོགས་ཀྱི་བཤད་སྟངས་ཁག་ཅིག་ངོས་མི་ལེན་དུས་ཁོང་ཚོ་དགའ་ཡི་ཡོད་མ་རེད།”
་
ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེས་འདི་ལྟར་གསུངས་པ་མ་ཐོས་པའི་སྔོན་དུ། ད་ལྟ་བོན་གྱི་དགོན་པ་དང་གྲྭ་པ་བཞུགས་པ་དེ་དག་སྔར་ན་ཡོད་པ་ཡིན་ན། རྒྱ་གར་ནས་བན་དེའི་ཆོས་བོད་ལ་གདན་འདྲེན་དཀའ་ངལ་བྱས་པ་དག་དོན་མེད་དུ་གྱུར་། ཅེས་ལོ་གཉིས་གསུམ་ཨ་རིར་ཡོད་དུས་བྲིས་སོ།།
ཅེས་ལོ་གཉིས་གསུམ་སྔོན་དུ། ཨ་རིར་ཡོད་དུས་བྲིས་སོ།། ཞེས་ཀློག་པར་མཛོད།
ཕྱེད་བདེན་པ་དང་ཕྱེད་རྫུན་པ་ནི་གནའ་བོའི་ལོ་རྒྱུས་མི་ཉུང་བ་ཞིག་གི་ཁྱད་ཆོས་ཡིན། འོན་ཀྱང་ཚེགས་ཆེན་པོའི་སྐུ་ལས་སྐྱོན་པ་ལ་བཀའ་དྲིན་ཞིག་ཞུ་དགོས་ཚོད་རེད།
རྒྱུན་དུ་ཁ་བརྡའི་ནང་རླུང་བུ་ཕྲན་ཙམ་རེ་གཡུག་པ་ཙམ་གྱིས་གཡས་གཡོན་ལ་ཡ་ཡོ་བྱེད་པ་ཁག་ཅིག་གིས་གང་བྱུང་དུ་སྨྱོ་ལབ་ཐུ་ལུ་རེ་གཡུག་གང་ཐུབ་བྱེད་པ་ནི་རང་ནང་ཕྱིར་མངོན་པ་ཙམ་ལས་ཅང་མིན།
ཀླུ་སྨྱོན་ལགས། ཁྱེད་རང་ངོ་མ་སློབ་དཔོན་པདྨ་འབྱུང་གནས་ལ་དད་པ་དང་། སེམས་ཅན་གྱི་བདེ་སྐྱིད་ལ་བསམ་བློ་གཏོང་བ་དང་། ཁྱད་པར་དུ་བོད་མིའི་བདེ་སྡུག་ལ་ཐུགས་ཁུར་བཞེས་དྲན་ན་བོན་པོའི་སྐད་ཆ་གཅིག་གི་རྗེས་སུ་ལད་ཟློས་མ་བྱས་ན་ལེགས་པར་སེམས། གལ་སྲིད་བོན་པོའི་རྗེས་སུ་ཕེབས་དགོངས་ན་ཁྱེད་རང་མཁྱེན། གཟུ་བོར་གཏམ་བཤད་རྒྱུ་ཡིན་ཟེར་ནས་ལོ་རྒྱུས་ཀྱི་དྲང་ཤན་འབྱེད་པའི་ཆེད་དུ་བན་བོན་གཉིས་ཀྱི་གྲལ་ནས་ཟུར་འདོན་གྱིས་གཟིགས་དགོས་དོན་གང་ཡང་མེད་པ་རེད། བོན་པོ་ཚོའི་བྱ་བ་ཚང་མ་འདི་འདྲ་ཞིག་རེད། རྐུན་ལ་གོམ་དྲགས་པའི་རྒྱུ་མཚན་གྱིས་བསྟན་བཅོས་བརྐུས་ན་ཉེས་པ་དང་། ཕམ་པ་འབྱུང་རྒྱུ་ཡོད་པ་ཡང་མ་ཚོར་བ་འདྲ། གང་གཅིག་ཅེ་ན་བོན་པོ་ལ་རབ་བྱུང་མེད་པའམ། རྐུན་གྱི་བྱ་བ་ལ་ཉེས་པ་མི་བརྩི་བའམ། ཡང་ན་སྔོན་གྱི་ལོ་རྒྱུས་རྙིང་པ་དག་ལས་གདམས་ངག་བཀའ་བོན་ཡིན་ན་བརྒྱུད་པ་དང་། མན་ངག་མི་དགོས་པར་བཤད་ཚུལ་གཅིག་འདུག དེ་ལྟར་གང་དྲན་དྲན་བྱེད་ཆོག་པ་ཞིག་ཡིན་པ་འདྲ། གཤེན་ཆེན་ལྷ་དགའ་འདི་རྐུན་མ་ནང་རྐུ་དཔོན་ཞིག་ཡིན་པ་འདྲ། ཁོས་མང་པོ་ཞིག་བརྐུས་ཡོད་རེད་ཟེར་མཁན་ནམ་མཁའི་ནོར་བུ་རེད།
བྱ་འཕུར་ཚང་གིས་དངོས་ཡོད་ལ་ཞུགས་པའི་རྣམ་དཔྱོད་དང་མ་ལྡན་པ་དང་། གྲུབ་མཐའི་སྨྱོ་ཆུ་འཐུང་ན་ལོ་རྒྱུས་ཀྱི་གནད་མཐོང་གི་མ་རེད་ཟེར་གྱིན་འདུག་མོད། གཏམ་འདི་ཁྱེད་ཅག་བོན་པོ་ཡོངས་རྫོགས་ལ་ཁ་ཕར་བསྐོར་ཏེ་ཞུ་རྒྱུ་ཡིན། ཁྱེད་ཅག་གིས་བཀུར་བར་འོས་པའི་མཁས་དབང་ནམ་མཁའི་ནོར་བུས་ཇི་ལྟར་གསུང་འདུག་ལྟོས་དང་། བརྒྱ་ཆ་བསྒོས་ན་བརྒྱད་ཅུ་རྫུན་མ་རེད། ཡིད་ཆེས་མེད་གསུང་འདུག ཁོས་བཤད་པའི་གཏོ་དང་། རྫོགས་ཆེན་སྙན་བརྒྱུད་དག་ཆ་ཚང་བོན་པོ་ལ་ཡོད་པར་ཁེ་ཆེན་གཏན་ནས་མེད། འདི་ནི་ནམ་མཁའི་ནོར་བུའི་མཆིལ་མ་ས་ལྷུང་ཟིན་པ་དེ་གྱེན་ལ་ལེན་མི་ཐུབ་པའི་དཔེ་ལྟར། ད་ལྟ་མི་འདོད་བཞིན་དུ་ཁས་བླང་དགོས་ཐུག་པ་ལས། དགའ་བཞིན་སྤྲོ་བཞིན་དུ་ཡིན་ཚོད་མ་རེད། ལྟོས་དང་། ཁོའི་ཚིག་ཟུར་དང་། ཁོས་བཤད་པའི་གཏམ་གྱི་ལྟོས་དང་། མཁས་པ་ཞིག་མིན་རུང་ཕལ་ཆེར་རྟོགས་ཐུབ་ཚོད་རེད།
དེང་སང་བོན་པོ་འདི་གཏམ་ཚིག་དུམ་ཞིག་ལ་ལུང་འདོམ་པ་གང་ཙམ་རེར་དྲང་བ་ལུགས་སྲོལ་འདྲ་བོ་ཆགས་འདུག་མོད། ང་རང་ཉིད་ལ་མཚོན་ན་ལུང་དྲངས་པ་དང་། ལུང་དོན་མ་རྟོགས་པ་གཉིས་དེ་སྙིང་ན་ཤོས་དེ་ཡིན། དེ་ཕྱིར་ངས་སྐད་ཆ་གང་བཤད་ན་ཡང་། ལུང་དང་། དཔེ་ཕལ་ཆེར་མེད། ལུང་དམིགས་བསལ་མེད་ཀྱང་ཁོ་བོའི་བཤད་པའི་དོན་དག་མཁས་པའི་ལུང་དང་འགལ་ཡོད་བསྙམ་པ་གཏན་ནས་མེད། འདི་དག་ཚང་མ་མཁས་པའི་གསུང་ལ་ཡུན་རིང་བརྟེན་པའི་ལེགས་སྐྱེས་ཡིན་བསྙམ་ནས་བསྡད་ཡོད། གལ་སྲིད་ལུང་དང་། ལོ་ཚིག གཏན་མང་པོ་ཞིག་དགོས་ཀྱིན་ཡོད་ན་གཞུག་ནས་ཕུལ་ཆོག་གོ། །ཧཧཧཧཧཧཧཧཧ
གཞུ་གུག་པའི་མདའ་ལ་དྲང་ཞིག་དགོས།
དྲང་ཡོད་ན་འཕེན་སའི་འབེན་ལ་ཕོག
གཏམ་ཁ་ཚིག་གཉིས་ལ་བདེན་ཞིག་དགོས།
བདེན་ཡོད་ན་རྣ་བས་ཉན་མཁན་ཡོད།།
དོན་དཔྱད་པའི་བུ་ལ་རྟགས་ཤིག་དགོས།
རྟགས་ཡང་དག་ཡོད་ན་སྒྲུབ་བྱ་རྟོགས།
དམག་གཡུལ་འགྱེད་གཉིས་ལ་ཇུས་ཤིག་དགོས།
ཇུས་མཁས་པ་ཡོད་ན་གཡུལ་ལས་རྒྱལ།།
དྲ་གྲོགས་རྣམ་པས་དགོང་ཚུལ་དང་བསླབ་བྱ་གསུང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ཁྱེད་ཀྱིས་གཤེན་ཀླུ་དགའི་འཁྲུངས་འདས་ཀྱི་ལོ་ཚིགས་ཀྱི་ཁུངས་དེ་ལོ་རྒྱུས་གང་ལ་བཅོལ་ཡོད་ལགས།
ཀླུ་སྨྱོན་ལགས་ཀྱིས་གསུངས་པར་བརྒྱ་ཆ་བརྒྱ་རྒྱབ་བསྐྱོར་ཡོད། དྲང་བདེན་ཟེར་བ་དེ་ཤིན་ཏུ་ཁག་པོ་རེད། ལྷག་པར་དུ
ལོ་རྒྱུས་ཤོད་དུས་རྩོམ་པ་པོ་རང་ཉིད་གང་གི་ཁུངས་སུ་གཏོགས་མིན་གྱིས་གཏམ་གྱི་ལྗིད་ཁོག་དེར་ཕྱོགས་ཡོ་བཞིན་ཡོད།
དཔེར་ན་གཟིགས་དང། ཁ་བརྡའི་དྲ་རྒྱ་འདིར་མཆན་བུ་དང་རྩོམ་འདེབ་མཁན་དག་ལ།། ཆོལ་ཁ་བཤད་དུས་མི་དེ་ཉིད་ཆོལ་ཁ་གར་གཏོགས་མིན་དང། ཆོས་ལུགས་ཀྱི་སྐོར་བཤད་དུས་ཁོ་བན་བོན་གང་ཡིན་དང་དེ་ཡི་ནང་ནས་ཀྱང་ཆོས་རྒྱུད་ས་དགེ་བཀའ་རྙིང་གང་ཡིན་དེ་མ་ཐག་ཏུ་ཤེས་ཐུབ། དཔེར་ན། ཨོ་ཉི་བོད་ལ་ཞེན་མེ་དཀར་དཔལ་དགྱེས་ལས་སོགས་བཞིན་རེད།
བྱས་ཙང་རྒྱུ་མཚན་དབུ་མའི་ལྟ་བ་བཤད་དུས་མཐའ་གཉིས་བྲལ་བའི་དབུས་མ་དེ་ཡིན་ཟེར་བ་དང། རྫོགས་ཆེན་པས་མཐའ་བཞི་ལས་སོགས་བྲལ་བ་ཞིག་ཡིན་པར་འདོད་ཅིང་ལྷག་པར་དུ་དངོས་པོ་དངོས་མེད་ཡོད་པ་མེད་པ་གང་དུའང་ཁས་མི་འཆེ་བ་ནི་མཐའ་གང་དུའང་མ་ལྷུང་བའི་དོན་རེད། ཡོད་མེད་ལས་སོགས་གང་རུང་ཞིག་ཏུ་བལྟས་པ་དང
འདོད་ཚེ་ལྟ་བ་དེ་ཉིད་མཐའ་ལ་ལྷུང་ཟིན་པ་རེད། བྱས་ཙང་ཆེ་ཆུང་གཅིག་མ་གཏོགས་ཀུན་ལ་རང་ལྟར་ཆགས་པའི་ཕྱོགས་རིས་ཡོད་དང་ཡོད། འདས་དང་ད་ལྟའི་བླ་ཆེན་གྲུབ་ཆེན་ཡིན་ཟེར་མཁན་དེ་ཚོ་ལ་འང་གཟིགས་དང་དཔྱོད་དང་ཕྱོགས་སུ
མ་ལྷུང་བའི་མཚན་གཞི་འཇོག་ཏུ་མེད།
གཤེན་ཆེན་ཀླུ་དགའི་འཁྲུངས་འདས་ཀྱི་ལོ་ཚིགས་ནི་གཡུང་དྲུང་བོན་གྱི་མཁས་གྲུབ་གོང་མ་རྣམས་ཀྱི་ཞལ་གཅིག་མཐུན་དུ་བཞེད་པ་འདི་ཡིན་པས་ངས་དེ་གཞིར་བཞག་བྱས་ནས་འདིར་བཀོད་པ་ཡིན་ལགས།
གངས་སེང་ལགས། གཤེན་ཀྐུ་དགའི་འཁྲུངས་འདས་ཁྱེད་ཀྱིས་འདིར་བཀོད་པའི་ཁུངས་ལོ་ཚིགས་འཁོད་པའི་ཡིག་ཆ་སྔ་ཤོས་གང་རེད་ལགས
སྤོབས་མཐས་དྲི་བ་ཡག་པོ་རེད་དེ་ལ་གངས་སེང་ནས་ཀྱང་ཁ་གསལ་ངེས་རྙེད་ཀྱི་དྲིས་ལན་གནང་བའི་རེ་བ་ཡོད། ལོ་རྒྱུས་ཤོད་དུས་གཞི་བཟུང་ས་བརྟན་པོ་ཞིག་དགོས་པ་ནི་ཨ་ཅང་ཅང། རྒྱུ་མཚན་མེད་པར་བཀླག་ལོང་བལྟ་ལོང་མེད་པར་བཤུས་འདུག་རྐུས་འདུག་ཟེར་ནས་ཝ་རྒྱལ་རྒྱལ་ལྕེ་སྤྱང་ངུ་ངུ་བྱེད་མཁན་དེ་ཚོ་རྒྱ་ཡན་དུ་འདོར་རིགས།
ངས་འདིར་བཤད་པའི་གཤེན་ཆེན་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ཡིག་ཆ་སྔ་ཤོས་དེ་གཤེན་ཆེན་པོ་ཁོང་རང་གིས་བྲིས་པའི་གཏེར་བྱུང་ལོ་རྒྱུས་ལས་གསལ་ཡོད་ལགས།
སྤོབས་པས་དྲིས་པ་དེ་ཡག་པོ་འདུག ལན་གསལ་ཐག་ཆོད་རེ་རྒྱག་རོགས་ཞུ། ང་ཚོའི་ཡུམ་ལ་པོ་ཏི་བཅུ་གཉིས་ཡོད་རེད། གཤེན་ཆེན་ཀླུ་དགས་ང་ཚོའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོན་ལ་བསྒྱུར་སྐད་ཐོས། འོན་ཀྱང་བོན་གྱི་ཡུམ་ལ་པོ་ཏི་བཅུ་དྲུག་ཡོད་འདུག པོ་ཏི་གཞན་བཞི་གང་ནས་བསྒྱུར་བ་ཡིན་ནམ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་པོ་ཏི་བཅུ་གཉིས་ལས་བཞི་བསྒྱུར་འཕྲོ་ལྷག་ནས་མི་ཡུལ་དུ་གདན་དྲངས་མེད་པ་་ཡོངས་གྲགས་རེད། བོན་པོ་ཚོས་བོན་གྱི་ཡུམ་ཆོས་ལ་བསྒྱུར་ནས་བཞི་བསྒྱུར་འཕྲོ་ལྷག་པ་རེད་ཟེར། ཀླུ་བྱོལ་སོང་ཡིན་པས་ཐེག་ཆེན་གྱི་བསྟན་པ་འཛིན་ཐུབ་ནམ། འདི་ལ་དཔྱད་པ་ལེགས་པོ་ཞིག་གཏོང་རན་རེད་འདུག་གོ །
ཨོའོ་་་་་་་རང་འབྱུང་རིག་པའི་རྡོ་རྗེ་ལགས། བསྒྱུར་གཞི་མེད་པའི་བསྒྱུར་ཆོས་ཞིག་མོ་བཤམ་གྱི་བུ་དང་མཚུངས་པ་མ་ལགས་སམ།
གཤེནཀླུ་དགའ་ཁོ་རང་གིས་བྲིས་ཡོད་པའི་གནས་ཚུལ་ཞིབ་གསལ་ཞིག་གསུང་རོགས།
་་་་ འོན་ཀྱང་བོན་གྱི་ཡུམ་ལ་པོ་ཏི་བཅུ་དྲུག་ཡོད་འདུག པོ་ཏི་གཞན་བཞི་གང་ནས་བསྒྱུར་བ་ཡིན་ནམ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་པོ་ཏི་བཅུ་གཉིས་ལས་བཞི་བསྒྱུར་འཕྲོ་ལྷག་ནས་མི་ཡུལ་དུ་གདན་དྲངས་མེད་པ་་ཡོངས་གྲགས་རེད། བོན་པོ་ཚོས་བོན་གྱི་ཡུམ་ཆོས་ལ་བསྒྱུར་ནས་བཞི་བསྒྱུར་འཕྲོ་ལྷག་པ་རེད་ཟེར། ཀླུ་བྱོལ་སོང་ཡིན་པས་ཐེག་ཆེན་གྱི་བསྟན་པ་འཛིན་ཐུབ་ནམ། འདི་ལ་དཔྱད་པ་ལེགས་པོ་ཞིག་གཏོང་རན་རེད་འདུག་གོ །་་་་ཟེར།
བརྒྱད་སྟོང་པ་པོད་གཅིག ཉི་ཁྲི་པོད་གསུམ། འབུམ་པོད་བཅུ་གཉིས་ཡོད་རེད། ཁྱོན་སྡོམ་ཡུམ་རྒྱས་འབྲིང་བསྡུས་གསུམ་པོ་པོད་བཅུ་དྲུག་བཞུགས་ཡོད་རེད། ཀླུ་དུད་འགྲོ་ཡིན་ན་ཡང་། ཀླུའི་རྟེན་ལ་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་ཐུབ་པ་དང་། ཀླུ་རིག་སྒས་འཆང་པ་དང་། མཐུ་དང་རྫུ་འཕྲུལ་ཅན་གྱི་ཀླུ་མང་པོ་ཡོད་པ་ཡང་ཤེས་དགོས་སོ།།
ཀླུ་ཡུལ་ནས་མགོན་པོ་ཀླུ་སྒྲུབ་ཀྱིས། འབུམ་འོག་ནས་དཔེ་ཆ་འགའ་ཤས་སློབ་དཔོན་སླར་ཀླུ་ཡུལ་དུ་ཕེབས་ཕྱིར་གཏའ་མ་ལྟ་བུར་བཞག་ནས་མ་སྤྲད་པར། དུས་ད་ལྟ་ཡང་། ཡུམ་རྒྱས་བསྡུས་གཉིས་ཀྱི་གཤམ་འོག་གི་བྱང་སེམས་རྟག་ཏུ་ངུའི་ལེའུའི་ཚིག་དོན་གཉིས་ཀ་ལ་རྒྱས་བསྡུས་ཁྱད་མེད་པར་ཆགས་སྟངས་ཀྱང་འདི་ལ་ཐུག་པར་གསུངས་པ་ཅིག་གོ་བྱུང་བས། ད་དུང་དཔྱད་པར་བྱའོ། །
ཀརྡོ་ནས་ཡག་པོ་གསུངས་འདུག་པས་རྗེས་སུ་ཡི་རངས་ཡོད། ཀླུའི་རྟེན་ལ་བྱང་ཆུབ་ཀྱི་སེམས་གསར་དུ་སྐྱེ་ཐུབ་དང་། མཐུ་དང་རྫུ་འཕྲུལ་ཅན་མང་བོ་ཡོད་ཟེར་བ་ལ་ཡི་ཆེ་ཡོད། །
བོན་གྱིས་བན་བརྐུས་བན་གྱིས་བོན་བརྐུས་པ། །
ས་སྟེང་འདི་ན་རླུང་ལྟར་གྲགས་ཟིན་པས། །
བན་བོན་གཉིས་ཀས་རྐུན་གྱོད་འཛུགས་པ་འདི། །
བློ་ལྡན་གཟུ་བོ་དག་ནི་ཁྲེལ་དགོད་ཤོར། །
བོན་པོའི་བསངས་གསོལ་དར་འཛུགས་ནང་པས་སྦྱངས། །
ནང་པའི་ཚད་མ་དབུ་མ་བོན་པོས་སྦྱངས། །
ཕར་སློབ་ཚུར་སློབ་ཆོས་གྲོགས་འདུ་ཤེས་ཅིག །
ད་གཟོད་བན་བོན་ནང་ལ་དགོས་ངེས་འདུག །
དྲྭ་གྲོགས་རྣམ་པ། སྐབས་འདིར་ཁྱེད་ཅག་གིས་མཁས་དབང་ནམ་མཁའི་ནོར་བུ་ཞེས་བཀོས་འདུག །ཁོང་དེ་འདྲའི་མཁས་པ་ཆེན་པོ་རེད་དམ། དེང་སང་ཕྱིར་སྡོད་བོད་མིའི་ནང་དུ་མཁས་པ་ཆེ་ཤོས་ཁོང་རེད་དམ། གཞན་མཁས་པ་ཆེན་པོ་སུ་སུ་བཞུགས་ཀྱི་ཡོད་དམ།
མི་གཅིག་མ་གཏོགས་མཆན་པོ་ཚང་མས་བགྲོ་གླེང་ཡག་པོ་གནང་ཤག མི་གཅིག་ངས་མ་བཤད་ཀྱང་ཚང་མར་གསལ་ཐང་རེད། གྲུབ་རྒན་ཁྱུ་ཐོང་གནམ་ཟུག་ལ་ཟེར་གི་ཡོད། དྲངས་ཕྱོགས་ནས་བགྲོ་གླེང་བྱ་རྒྱུ་མེད་ན། རེ་ཞིག་ཞལ་བཙུམ་ནས་དྲ་བའི་རིག་སྟེགས་ལས་ཕེབས་རོགས་ཞུ།
ནག་མོས་ཕྱིར་སྤྱུགས་བྱས་པའི་སྡུག་བསྔལ་དང་ཞེ་སྡང་དེ་འདིར་དྲ་བའི་རིག་སྟེགས་ལ་ཁྱེར་ཡོང་ནས་ས་གཡུག་གནམ་གཡུག་བྱས་པར་ཕན་ཅི་ཡང་མེད། རྣམ་གླིང་གི་མཆེད་རོགས་ཚོས་ཧབ་ཆ་རྒྱག་བཞིན་འདུག སྐྱིད་གཞོང་ནས་སྐུ་ངོ་འགའ་ཞིག་གི་རྐུབ་ལ་རྒྱུགས་དང་བོད་ཀྱི་གསང་བ་ཞེས་པའི་ནང་གི་བཀྲ་ཤིས་དོན་འགྲུབ་ཟེར་བ་དང་ཁྱོད་གཉིས་ཆ་རེད་ལོ།
གངས་སེང་ལགས། སྤྱིར་བྲིས་གནང་མཛད་པ་ཡག་པོ་འདུག དེང་ཚན་རིག་དང་ནུབ་ཕྱོགས་པའི་རིག་ལམ་གྱི་འགྲོས་དང་ཡང་མཐུན་པོ་བྲིས་ཤག ལོ་ཚིགས་སོགས་ཀྱི་ཁུངས་བསྐྱེལ་ར་སྤྲོད་གནང་དགོས་པ་དེ་གལ་གནད་ཅིག་ཡིན་པས། སྤོབས་མཐའ་སོགས་ཀྱི་དྲིས་ལན་ཡང་གསལ་བཟོ་དགོས་པར་སེམས།
དོན་མེད་ཀྱི་གླུ་ཚིགས་དེ་ཚོར་བཤད་ཀྱི་ཅང་མེད། གླུ་ཚིགས་རང་རེད།
འབུམ་པོད་བཅུ་གཉིས་ཀྱི་སྒང་ལ་ཉི་ཁྲི་པོད་བཞི་བཞག་ན་བཅུ་དྲུག་ཏག་ཏག་རེད།
ཞིབ་འཇུག་བྱེད་ན་ཤོག་བུ་དང་སྣག་ཚ་ལ་ཡང་དཔྱད་དགོས་ངེས་རེད།
ད་གསལ་བོ་ཞིག་ཞུ་ན། བོན་དང་ཆོས་གཉིས་ཀྱི་རྩོད་པ་དེ་ལོ་ངོ་སྟོང་ཕྲག་གི་གོང་ནས་བྱུང་བ་ཞིག་རེད་འདུག ད་ལྟ་གསར་དུ་བྱུང་བ་ཞིག་རེད་མི་འདུག བོན་ལ་ཆོས་འདྲེས་ཆོས་ལ་བོན་འདྲེས་པས། དེ་གཉིས་ཁྱད་པར་འབྱེད་པ་དཀའ་བར་སྣང་། དེས་ན་དེ་ལ་རྩོད་དོན་ཀྱང་མི་འདུག གནད་འགག་གཙོ་བོ་ནི་རྙིང་མ་བོན་ལ་བསྒྱུར་བ་དང་བོན་རྙིང་མ་ལ་བསྒྱུར་བ་དེ་རེད་མི་འདུག དེ་གཉིས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཡང་དག་ཡིན་མིན་དེ་རེེད། འཇམ་མགོན་བླ་མ་ཙོང་ཁ་བས་རྙིང་མའི་རྫོགས་ཆེན་ཡང་དག་ཡིན་ཀྱང་སླད་ཞུགས་འདུག་ཅེས་གསུངས་པ་རེད། ངས་ལྟོས་ན་བོན་དང་རྙིང་མ་གཉིས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་པུ་དམ་པ་ཚོ་འཛོམས་ནས་ཕན་ཚུན་གྱི་རྫོགས་ཆེན་དེ་བསྲེག་བཅད་སྡར་བའི་གསར་བཞིན་དུ་བསྡུར་ནས་སླད་ཞུགས་པ་རྣམས་སེལ་ནས་གསེར་ལ་གཡའ་མ་གོས་པ་ཞིག་བཟོ་ཐུབ་ན་ལེགས་པར་སྙམ། འདི་ནི་བསམ་ཚུལ་ཙམ་ཡིན།།
བོན་རྙིང་གཉིས་ནང་འཛོམས་ཏེ་གཤིབ་བསྡུར་བྱེད་དགོས་དོན་མེད། རྫོགས་ཆེན་ནི་རྙིང་མའི་རྫོགས་ཆེན་རེད། ད་ལྟ་ཆོས་བརྒྱུད་ཚང་མས་ཉམས་ལེན་གནང་བཞིན་པ་རེད། བོན་པོ་ཚོས་བརྐུས་ཏེ་ལྷད་བཅུགས་པ་དེ་མཛད་བྱང་དང་། མཛད་པ་པོ་དག་དང་། ཆོས་ཟེར་སར་བོན་ཞེས་སྒྲོ་བཏགས་པ་དག་རེད།
ད་དུང་ལྷད་ཞུགས་ཡོད་ན་སྔོན་བྱོན་མཁས་གྲུབ་བྱེ་བས་མ་རྙེད་པའི་ཡན་གར་བ། ཀ་བ་ཀ་བས་མི་སྟོང་ཀ་བ་བདེན་གྲུབ་ཀྱིས་སྟོང་། ཀ་བས་སྟོང་སོང་ན་ཐ་སྙད་རྒྱུན་ཆད་ཀྱིས་དོགས་པའི་ཉན་ཐོས་སྒོག་པོའི་ལྟ་གྲུབ་དེ་ཐེག་ཆེན་ལ་འདྲུད་མཁས་པའི་བོད་གངས་ཅན་པའི་དགེ་སློང་གཙོ་བོ་དེས་རྙེད་ཡིན་པ་འདྲ། དེ་ལྟ་གྲུབ་ཅིག་ལས་མེད་ན་རྫོགས་ཆེན་རྟོགས་པའི་རེ་བ་དང་བྲལ་ཟིན་པ་རེད། རྗེ་ཙོང་ཁ་བ་ཆེན་པོས་ལྷོ་བྲག་གྲུབ་ཆེན་ལས་གསན་བཞེས་གནང་བའི་རྫོགས་ཆེན་དེ་ལྷད་མེན་ཡིན་རྒྱུ་རེད་མ་གཏོགས། ཧཧཧཧཧཧཧཧཧ
ནོར་ཞིག་བདག་པོ་ལས་གཞན་གྱི་འཇུབ་བུར་བླངས་པ་ལ་བརྐུས་ཟེར། བོན་བན་གྱིས་ཆོ་ག་དང་། ལྟ་བ་དང་། མིང་ཚིག་སོགས་ལེགས་པ་བཟང་པོ་རང་རང་གི་གདུལ་བྱ་ལ་ཕན་ཐོགས་པ་བླངས་པ་ལ་བོན་བན་གཉིས་ཀའི་ཕྱོགས་ནས། རང་རང་གི་གྲུབ་མཐའ་ལ་དགོས་པའི་དབང་གིས་མིང་ཅི་བཏགས་ཀྱང་སྐྱོན་མེད། དེ་ལྟར་བྱེད་པ་ལ་བརྐུས་སོ་ཞེས་སྐྱོན་འཛུགས་མེད་པར་གཞན་ལ་དར་ཁྱབ་བྱུང་བ་དགའ་བ་བསྐྱེད་དགོས་པར་མཐོང་། དཔེར་ན། རྫོགས་ཆེན་བོན་གྱི་ཡིན་པ་ཡིན་ན། བན་དེ་པ་དག་གིས་དག་གིས་བླངས་པ། རྫོགས་ཆེན་དར་ཁྱབ་ཆེར་འགྲོ་བ་ལས། བོན་ལུགས་ལ་དེ་ཉིད་་མེད་པར་ག་ལ་འགྱུར་། དེ་བཞིན་བན་དེ་པའི་ལུགས་ཀྱི་ཆོག་མངོན་པའི་གཞུང་གི་བཤད་ཚུལ་ལྟ་བུ་ཞིག་བོན་གྱིས་བླངས་པ་དེ། ཆོས་མངོན་པ་དར་ཁྱབ་ཆེ་བ་ལས། བན་དེ་པའི་ལུགས་ལ་ཆོས་མངོན་པ་སྟོངས་པ་ག་ལ་འགྱུར། ཞེས་འདོད་དོ།།
སྲོང་བཙན་གོང་དུ་གསལ་བྱེད་སུམ་བཅུ་དང་། དབྱངས་བཞིའི་ཡི་གེ་མེད་ན་ཇི་ལྟར་རྫོགས་ཆེན་འཆད་ནུས། སྙན་བརྒྱུད་ཡིན་པས་སོ་ཟེར་ན་སྲོང་བཙན་གོང་དུ་ཡི་གེ་ཡོད་པར་བཤད་པ་ཉམས། རྫོགས་ཆེན་ཡང་དག་པ་འཆད་ནུས་མཁན་བོན་པོ་ཕར་ཞོགས་ཆོས་བརྒྱུད་ཆེན་པོ་གཞན་དག་གིས་ཁག་པོ་རེད། ད་ལྟ་ས་སྟེང་ལ་རྫོགས་ཆེན་འཆད་ཐུབ་མཁན་ཉུང་ཤས་ཤིག་ལས་ཡོད་ཚོད་མ་རེད། རྙིང་མ་བ་ཡིན་ན་དང་། རྙིང་མའི་མཁས་པ་ཡིན་རུང་རྫོགས་ཆེན་འཆད་ཤེས་པའི་ཁྱབ་པ་གང་ན་ཡོད། རྫོགས་ཆེན་འཆད་པ་ལ་མན་ངག་ཐུན་མིན་ཡོད་དགོས་པ་ལས། གྲྭ་སའི་རྩོད་གྲྭ་ནས་བསྡུས་གྲྭ་སྦྱོང་བ་ནང་བཞིན་ཡོང་བ་ཞིག་གཏན་ནས་མ་རེད། རྟོག་གེ་ལ་བྱང་བ་ཚོས་རྟོག་གེ་མཁས་ན་ཐམས་ཅད་ཤེས་པར་རློམས་རུང་། རྟོག་གེ་ལ་ཇི་ལྟར་མཁས་རུང་རྫོགས་ཆེན་འཆད་པ་ལ་ནི་གནམ་ས་བཞིན་རིང་ངོ་། །བོན་པོ་ལ་རྫོགས་ཆེན་གྱི་མན་ངག་ཡོད་དགོས་ན་རྙིང་མའི་བླ་རྒན་བསྟེན་མྱོང་མཁན་དག་ལས་གཞན་ལ་མེད་ཁོ་ཐག་རེད། དེ་ལས་གཞན་པ་དག་ཀྱང་དེ་བཞིན་ནོ། །བོན་པོའི་འཇའ་ལུས་པ་དག་ནི་ཆོས་བརྒྱུད་རིས་མེད་ལ་དད་པ་དང་དག་སྣང་བརྟན་པ་འབའ་ཞིག་གོ། །
དྲྭ་གྲོགས་རྣམ་པར་ལེགས་སྐྱེས་ཀྱི་ཚུལ་དུ་འབྲུག་པ་ཀུན་ལེགས་ཀྱི་གདམས་ཚིག་འདི་འབུལ་བ་གཟིགས་ནས་ཐུགས་བསམ་ཞིབ་མོ་གཏོང་རོགས།
རྫོགས་ཆེན་ཕྱག་ཆེན་དབུ་མ་གསུམ། །
མཁས་པས་བལྟས་ན་གཅིག་ཏུ་བབས། །
བླུན་པོ་ཆོས་སྤུངས་བྱེད་འདོད་རྣམས། །
སོ་སོར་ཕྱེས་ལ་ཉམས་ཀྱིས་ལོངས། །
ང་འབྲུག་པ་ཀུན་ལེགས་དེ་སྐད་དོ། །
ཚིགས་བཅད་འདི་ལ་འགྲེལ་བ་ཞིག་གནོང་དང་དོན་མེད་ཀྱི་རྩོད་རྙོག་མང་བོ་རང་ཤུགས་ཀྱིས་ཞི་འོང་།
ཆོས་སྤུངས་དེ་ཆོས་སྤོང་དུ་བཅོས་རོགས།
ཀ་བ་ཀ་བས་མ་སྟོང་ན། །
ཀ་བ་ཚུགས་ཐུབ་ཏུ་འགྱུར་ཞིང་། །
གནོད་བྱེད་བརྒྱ་ཕྲག་འབྱུང་འགྱུར་བས། །
རང་སྟོང་དབུ་མའི་སྲོལ་ལས་འདས། །
ཨོ་རྒྱན་ཉི་མ་ལགས། ཁྱེད་རང་གིས་དོན་དངོས་ཐོག་རྙིང་མའི་ཕྱག་དཔེ་ལ་གཞིགས་ཏེ་རྙིང་མའི་རྫོགས་ཆེན་གྱི་བརྒྱུད་རིམ་ནང་དུ་དུས་རབས་བརྒྱད་པ་ཡན་ལ་བླ་རབས་ག་ཚད་སོང་བ་དེ་འདིར་བཀོད་རོགས་གནང་ཞུ་རྒྱུ་ཡིན།
གངས་སེང་ལགས། དངོས་གནས་ཁུངས་ལྡན་ཚད་འཕེར་ཇི་ཙམ་ཡིན་མིན་ཐག་ཆོད་སྔ་ཡང་དཔྱད་རྩོམ་ཞེ་དྲག་ཡག་པོ་འདུག་ཅེས་ལབ་པར་སྤྲོ།
འོན་ཀྱང་ངོས་ཀྱི་བསམ་པར་དཔྱད་རྩོམ་ནང་སྐྱོན་ཆ་མཐར་ལྷུང་ཆེ་ཤོས་ནི། བོན་དང་ཆོས་ལས་ཕལ་ཆེར་བོན་ཁུངས་བཙན་པ་དང་ལོ་རྒྱུས་ཀྱི་རྙོག་གཞི་ཆུང་བ་ཡོད་པ། མཉམ་མེད་ཤཀྱཱ་སེང་གེ་ལས་དཔལ་མགོན་ཀླུ་སྒྲུབ་དེ་ལས་རང་གི་བླ་མ་མཁས་པར་ལྟ་ཚུལ་དེ་ཡོངས་གྲགས་ནས་ནོར་བ་ཆེན་པོ་ཡིན་སྙམ། དད་པ་དག་སྣང་དང་མ་འབྲེལ་བར་ཡོངས་གྲགས་ལོ་རྒྱུས་དང་མཚན་རིག་ཚུལ་ཙམ་གྱིས་གཏན་འབེབས་བྱས་པའི་རྣམ་གཞག་སྒང་ནས་མ་བརྗོད་ཚེ། དཔེར་ན་རྒྱལ་ཁབ་དེའི་ལམ་ལུགས་འབོ་ལུག་པ་དང་ཁྲིམས་སྒྲིག་གཞི་དང་འགལ་བའི་བྱ་སྤྱོད་ཡ་མ་ཟུག་འོག་སྤྱི་ཚོགས་ཀྱི་གནས་སྟངས་སྟེང་ནས་མིན་པར་སྒེར་དོན་ལྟོས་འཇོག་ཙམ་གྱིས་རྒྱལ་ཁམས་ཕུང་ལ་སྦྱོར་བ་དང་། རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྒྱུ་གཙོ་གཅིག་གསང་སྔགས་འཆལ་བ་ལས་ཡིན་པ་བཤད་པ་དེ་ཉམས་མྱོང་ལ་སླེབས་ཐུབ་པ་དགོས་ལ། དེ་བདེན࿒པ་མིན་པ་ལས་ཡིན་པར་ཉེ་བ་ཡིན།
དཔལ་མགོན་ཀླུ་སྒྲུབ་ཀྱི་འབྱུང་རབས་དང་སྐྱེས་བུ་མཆོག་གྱུར་དམ་པ་དེ་ལས་ཀླུ་སྒྲུབ་ཀྱི་དགོངས་པ་དབུ་མའི་རིགས་ཚོགས་ཀྱི་ལེགས་བཤད་འགྲན་གྱི་དོ་མེད་པ་དག་ལས་དཔལ་མགོན་ཀླུ་སྒྲུབ་ལ་གུས་བརྩི་ཞུ་བ་ལས། ཁོང་ལས་ཁོང་གི་ལེགས་བཤད་རྨད་དུ་བྱུང་བར་སྒྲུབ་པ་མིན་གྱི། ཁོང་གི་རིགས་ཚུལ་ཕུལ་བྱུང་དག་ལས་ཁོང་སྐྱེས་བུ་དམ་པར་སྒྲུབ་ཚུལ་རྟོན་བཞིའི་གནད་ལ་གོ་བ་ཆེན་པོ་ཡོད།
སྟོན་པའི་ལམ་སྟོན་ཚད་མ་ཡིན་པས་སྟོན་པ་ཚད་མར་ངེས་ཚུལ་དང་། རྟེན་འབྱུང་ཇི་བཞིན་གཟིགས་ཤིང་གསུངས་པས་སྟོན་པ་བླ་ན་མེད་པར་སྒྲུབ་པ་ཚད་མ་སྒྲུབ་པའི་སྐབས་ཀྱི་དོན་པོ་ཡིན་པས་སྐབས་གཞན་དུ་ཡང་མཚུངས།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་རྩོད་གཞི་ཅན་དང་རྙོག་གཞི་གཞན་ལས་ཆེ་བའི་གང་ཟག་ཏུ་ངོས་འཛིན་གནང་བའི་ཞེ་འདོད་ཇི་ཡིན་རབ་རིབ་ཏུ་ཚུད་པས་དེ་ཉིད་གསལ་ཁ་གཏོད་གནང་ཡོང་བ་ཞུ་རྒྱུ་ཡིན་མོད། གལ་ཏེ་བསམ་ཕྱོགས་གོ་ཕྱོགས་འཛོལ་ཡོད་ན་དགོངས་པ་དང་བར་ཞུ་རྒྱུ་ཡིན།།།།
རིགས་ལྡན་རྒྱལ་པོ་ལགས་སུ་ཞུ་རྒྱུར། ཁྱེད་ཀྱིས་ཁོ་བོའི་རྩོམ་ཐུང་འདི་ལ་བསྔགས་བརྗོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ང་ལ་བོན་ཞེན་ཆེ་བར་གསུང་པ་དེ་དོན་དངོས་ཡིན་སྲིད། རྒྱུ་མཚན་ནི། མི་སུ་ཡིན་ནའང་གྲུབ་མཐའ་འམ་རྒྱལ་ཁབ་བམ་ཚོགས་སྡེ་སུའི་ཁོངས་གཏོགས་ཡིན་པ་དེ་ལ་ཞེན་གོག་ཚ་བ་འཇིག་རྟེན་ཆོས་ཉིད་རེད། འོན་ཀྱང་ངས་གཤེན་རབ་དང་ཀླུ་གྲུབ་རྣམ་གཉིས་ཀྱི་ལོ་རྒྱུས་བཤད་སྟངས་ལ་གོ་བསྡུར་བྱས་པ་ཙམ་ལས་སུ་ལའང་སྐྱོན་བརྗོད་བྱས་པའི་ཚུལ་མེད་བསམ་གྱིན་ཡོད། ༼མཉམ་མེད་ཤཀྱཱ་སེང་གེ་ལས་དཔལ་མགོན་ཀླུ་གྲུབ་དེ་ལས་རང་གི་བླ་མ་མཁས་པར་ལྟ་ཚུལ་དེ་ཡོངས་གྲགས་ནས་ནོར་བ་ཆེན་པོ་ཡིན་སྙམ།༽གསུང་པ་དེ་སྐུ་ཉིད་ཀྱིས་ཕྲན་ལ་ཀླན་ཁ་བརྗོད་པ་ཙམ་ལས་རྩོམ་འདིའི་ནང་དེའི་ཚུལ་ཚིག་གཅིག་གསལ་མེད། ༼རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་རྒྱུ་གཙོ་གཅིག་གསང་བ་འཆལ་བ་ལས་ཡིན་པ་བཤད་༽ གསུང་པ་དེ་ཉི་མ་དེ་རིང་མ་གཏོགས་གོ་ཐོས་མྱོང་གསུམ་རྩ་བ་ནས་མེད། དེ་ནི་ཁྱེད་ཀྱིས་ལོ་རྒྱུས་གང་ལ་གཏུགས་པ་ཡིན་ནམ།
རྒྱ་གར་ནང་ནང་ཆོས་ཉམས་པའི་རྒྱུ་གཙོ་གསུམ་ནི།
༡༽ གསང་སྔགས་འཆལ་སྤྱོད་དུ་སོང་བ་གཅིག
༢༽ དགེ་སློང་རྣམས་རྒྱུ་ནོར་ལ་དགའ་ཆེ་བས། རང་གི་རྒྱལ་པོས་བསྙེན་བཀུར་ཆད་པ་དང་གཉི།ས།
༣༽ ཁ་ཆེའི་དམག་སོགས་རྒྱལ་འབངས་གཞན་གྱིས་གཙེས་པས་ཡུལ་གྱར་དགོས་པ་དང་གསུམ་གྱིས་སོ།།
་་་།བོན་པོ་ལ་རྫོགས་ཆེན་གྱི་མན་ངག་ཡོད་དགོས་ན་རྙིང་མའི་བླ་རྒན་བསྟེན་མྱོང་མཁན་དག་ལས་གཞན་ལ་མེད་ཁོ་ཐག་རེད། དེ་ལས་གཞན་པ་དག་ཀྱང་དེ་བཞིན་ནོ། །བོན་པོའི་འཇའ་ལུས་པ་དག་ནི་ཆོས་བརྒྱུད་རིས་མེད་ལ་དད་པ་དང་དག་སྣང་བརྟན་པ་འབའ་ཞིག་གོ། །་་་་ཟེར།
ད་ལྟ་རྒྱ་གར་ལ་ཡོད་པའི་བོན་པོ་ནི་སངས་རྒྱས་པའི་ཆོས་དང་འདྲ་པོ་ཡོད་ཚོད་ལ་ ངའི་ཕ་ཡུལ་ལ་བོན་པོ་ཡོད་པའིབོམ་པོ་དེ་ཚོ་་ཡག་པོ་ཡོད་རེད་མི་བཟང་པོ་ཡོད་རེད་ལ་ ཡིན་ན་ཡང་ཁོ་ཚོ་ནི་ནང་མི་ཅིག་ཤི་བའི་རྗེས་ར་ལུག་ཟོག་ནག་སོགས་གང་མང་ཞིག་གསོད་དགོས་པ་དེ་ཁོ་ཚོའི་ཆོས་རེད་ རྗེ མི་ལ་རས་པའི་རྣམ་ཐར་དུ་ཡང་གསལ། དེ་ཚོ་ལ་བོན་ནག་ཞེས་འབོད། གང་སེང་ལ་ཞུ་ཡག་དེ་ཚོ་བོན་པོ་ཡིན་ནམ་ཞེས་འདྲི ། ཡང་བོན་པོ་ལ་བོན་དཀར་དང་བོན་ནག་ཞེས་འབོད་གསོལ་བོན་ཕྱོགས་ལ་ཨེ་ཡོད་། དེ་ཚོ་སྐོར་གསུང་ན་ཡག་པོ་འདུག་ ཡང་དགའ་ལྡན་ལྔ་མཆོད་ལ་ཚེལ་མེ་བཀག་ནས་དགའ་ལྡན་པ་ལ་དགའ་ཞེན་ཡོད་པ་འདྲ་པོ་ཡོད་ བོན་རི་རྩ་ཆེན་རི་རྩེ་དྲུག་གི་སྐོར་ཞིག་གསུང་རོག།
དེ་ལྟར་ན་འཕགས་པ་ཀླུ་སྒྲུབ་ཀྱང་ལོ་རྒྱུས་ཐོག་ཏུ་དངོས་སུ་བྱོན་པའི་མི་སྣ་ཞིག་ཡིན་མིན་དོགས་གཞི་ཡོད་དེ། ཁོང་ཡུལ་གང་དུ་བྱོན་པ། མི་རིགས་གང་ཡིན། ག་དུས་ཕེབས་པ། སྐུ་ཚེའི་ཚད་སོགས་ད་དུང་ཐག་ཆོད་མི་འདུག་སྟེ། ཁ་ཅིག་གིས་མགོན་པོ་ཀླུ་སྒྲུབ་ཀླུའི་རིགས་ཡིན་ཞིང་ཤིང་སྡོང་ཞིག་གི་འཁྲིས་ནས་སྐུ་འཁྲུངས་པར་འདོད་པ་དང་། ཁ་ཅིག་གིས་རྒྱ་གར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པར་འདོད་པ་སོགས་དུ་མ་འདུག་པས་རིགས་གང་ཡིན་ཁ་ཚོན་མ་ཆོད་པ་འདུག དེའི་ཤུགས་ལས་ཡུལ་གང་དུ་བྱོན་པ་ཐག་ཆོད་མི་འདུག་སྟེ། ཀླུ་རིགས་ཡིན་ན་ཀླུ་ཡུལ་དུ་འཁྲུངས་དགོས་ལ་རྒྱ་གར་བའི་བྲམ་ཟེ་ཡིན་ན་མི་ཡུལ་དུ་འཁྲུངས་དགོས་པ་དངོས་པོའི་སྟོབས་ཤུགས་ཀྱིས་གྲུབ་པས་སོ། ཀླུ་སྒྲུབ་མིར་འདོད་པའི་ལུགས་ལ་ཐང་ཁའི་ནང་ཁོང་གི་དབུར་སྦྲུལ་མགོས་བརྒྱན་པ་དེ་རྒྱུ་མཚན་གང་ཡིན་ཆ་མ་འཚལ། ཁོང་ག་དུས་ཕེབས་ཡོད་མེད་ལའང་ཐེ་ཚོམ་འདུག་སྟེ། ཁ་ཅིག་གིས་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་འཁྲུངས་ཟེར། ཁ་ཅིག་གིས་སྤྱི་ལོའི་དུས་རབས་དང་པོ་ནས་གཉིས་པའི་མཚམས་དེར་འཁྲུངས་ཟེར། ཁ་ཅིག་གིས་ཁོང་སྤྱི་ལོ་༡༥༠ནས་༢༥༠བར་དུ་འཚོ་བཞེས་གནང་ཡོད་ཟེར་བ་སོགས་དུ་མ་འདུག་པས་དེ་དག་གང་བདེན་གང་རྫུན་སུས་ཁ་ཚོན་གཅོད་ཤེས། ཁོང་གི་སྐུ་ཚེའི་ཚད་ཀྱང་བཤད་ཚུལ་ཅི་རིགས་སུ་འདུག་སྟེ། ཁ་ཅིག་གིས་དགོངས་ལོ་བདུན་བརྒྱར་བཞུགས་ཟེར། ཁ་ཅིག་གིས་དྲུག་བརྒྱར་བཞུགས་ཟེར། ཁ་ཅིག་གིས་སུམ་བརྒྱར་བཞུགས་ཟེར། ཁ་ཅིག་གིས་ཁོང་དགུངས་ལོ་བརྒྱ་ལྷག་བཞུགས་པའི་ཤེས་བྱེད་གང་ཡང་མེད་ཟེར་བ་སོགས་ལ་གཞིགས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི་གཤེན་རབ་མི་བོའི་ལོ་རྒྱུས་ལས་རྙོག་གྲ་མ་མང་ནའང་ཉུང་མེད་པ་ཤེས་ཐུབ།
༡༽ དེ་ཡང་བདག་ཉིད་ཆེན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་དུས་གང་དུ་བྱོན་མིན་ནི་མདོ་ལང་གཤེགས་སུ། ལྷོ་ཕྱོགས་བཻཏ་ཞེས་སོགས་དགུང་ལོ་བཞི་བརྒྱ་བཞུགས་ཚུལ་ནམ་རྒྱུན་གཙོ་བོ་འདི་བཞག་ལ། དགུང་ལོ་བཞི་བརྒྱ་བཞུགས་པར་མཛད་དུས་དགུང་ལོ་བརྒྱ་དང་སུམ་བརྒྱ་བཞུགས་ཞེས་སྐྱོན་མེད། དགུང་ལོ་དྲུག་བརྒྱ་བཞུགས་པའི་དགོས་དོན་ལོ་རྒྱུས་ནི།
དེ་ལྟར་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན། བདུད་སྡིག་ཏོ་ཅན་དཔུང་དང་བཅས་ཕྲག་དོག་གིས་མ་བཟོད་པར། སྔར་སློབ་དཔོན་སྒྲ་མི་སྙན་དུ་གཤེགས་སྐབས་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོར་གྱུར་པ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་པའི་བཙུན་མོའི་མངལ་དུ་བདུད་ཀྱིས་ཞུགས་ནས་ཕྱིར་བཙས་པས། དེའི་མིང་དུ་རྒྱལ་པོ་གཞོན་ནུ་ནུས་ལྡན་དུ་གྲགས་པ་ལ། རང་གི་མས་གོས་བཟང་པོ་བསྲུབས་མེད་པ་འཇིག་རྟེན་རྙེད་དཀའ་བ་ཞིག་བྱིན་པས། བུ་ན་རེ། འདི་ལྟ་སྦོས་ལ་ང་རྒྱལ་སྲིད་སྐྱོང་བ་ན་གྱོན་ནོ་ཞེས་ཟེར་བ་ལ་མས། ཁྱོད་ཀྱི་ཡབ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་མི་འཆི། ཁྱོད་ཀྱིས་རྒྱལ་སྲིད་སྐྱོང་བ་མི་ཡོང་ཅེས་བརྗོད་པས། བུ་མྱ་ངན་སྐྱེས་ནས་ངུས་པས་ན། མ་ན་རེ། ངུ་མི་དགོས། སློབ་དཔོན་བྱང་ཆུབ་སེམས་པའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས། དབུ་སློང་ན་སྟེར་བར་གྱུར་ཞིང་། དེར་ཡབ་ཀྱང་འགུམས་པས། ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་ལྟར། དེས་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་སློང་པའི་ཕྱིར་དུ་འོང་། སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བརྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་འགྱུར། དེ་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད། དེའི་ཚེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་གྱུར། ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་པོ་དེས་སླར་དབུ་འབྱར་གྱི་དོགས་ནས་དཔག་ཚད་གཅིག་ཙམ་དུ་དོར་བ། སློབ་དཔོན་བཅུད་ལེན་སྒྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་སླར་རིམ་གྱིས་དབུ་དང་སྐུ་གཉིས་ག་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་སྐུ་ལུས་ལ་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གྱུར་བར་གསུངས། མཐར་སྐུ་ཚེ་བསྲིངས་ཏེ་དགུང་ལོ་དྲུག་བརྒྱ་བཞུགས་པར་གྲགས། དེས་ན་སྐུ་ཚེ་བསྲིངས་བའི་ནུས་པ་སྒྲུབ་བྱེད་ཆོས་ནང་ཁྱོན་ནས་མེད་ན་མ་གཏོགས་ཡོད་ཚེ་སློབ་དཔོན་བྱང་ཆུབ་སེམས་པས་མི་ནུས་པས་སྒྲུབ་བྱེད་ཡང་དག་ཨེ་ཡོད་དམ།
དེ་ནས་དཔལ་མགོན་ཀླུ་སྒྲུབ་དངོས་སུ་བྱོན་ཡོད་མིན་གྱི་སྐོར་དོགས་གཞི་ཆེན་པོ་གནང་བ་ནི་གང་མཚམས་གཞི་ཆེན་པོ་ཡིན། དཔལ་མགོན་ཀླུ་སྒྲུབ་ཕེབས་མེད་ན་ཟབ་མོ་ལྟ་བརྒྱུད་ཀྱི་དབུ་མེད་པ་ལྟ་བུ་རེད། ཁོང་ཕེབས་མེད་ན་དབུ་མ་རིགས་ཚོགས་དག་སུས་གསུངས་པ་ཡིན་ནམ། གང་ཟག་ཅིག་ཡིན་ཕྱིན་ཆད་དབུ་མ་རིགས་ཚོགས་བརྩམས་མི་ཐུབ་པ་ཡིན་་དགོས་དང་མི་དགོས། དེ་དག་སུའི་གསུང་ཡིན་ནམ། གསུང་དེ་ཚོ་དབུ་མའི་རིགས་པ་རྟེན་འབྱུང་དཔྱིས་ཕྱིན་པར་བསྟན་པའི་གསུང་བླ་ན་མེད་པ་དེ་གསུང་བ་པོ་མེད་པར་ས་སྐྱེས་རྡོ་སྐྱེས་འདྲ་ཡིན་ནམ། ཁུངས་ལུང་དཔང་འཕེར་ཚད་ཐུབ་ཁག་ཐེག་མེད་པར་འབྱུང་རྒྱལ་དུ་གསུང་མི་རིགས་སྙམ། འོན་ཀྱང་རང་མོས་ལ་བཀག་འཀོག་ཞུ་གི་མེད་པར་ཞུ།
རྒྱ་གར་དུ་ནང་བསྟན་ཉམས་དགོས་པའི་སྐོར་རྒྱ་གར་མཁས་པ་ཞིག་གི་བྲིས་པ་ཞིག་ནང་གསལ་ཡོད་ས་རེད་དངོས་སུ་མཇལ་མ་སོང་ཐོས་ལོ་རང་ཡིན། ཕལ་ཆེར་ཀརྡོ་གཉེར་ཕྱག་ནས་བཀོད་གནང་བ་དང་འདྲ་བ་ཡིན་སྙམ། གཞི་རྩས་ལབ་སྲོལ་ལ། ཐུད་ཞིམ་པོ་མར་བཀའ་དྲིན་ཡིན། མར་མེད་ན་ཕྱུ་རའི་སྤགས་གོང་རེད། སྔགས་ཟབ་པ་མདོ་ཡི་བཀྲིན་རེད། མདོ་མེད་ན་ཧཱུཾ་ཧཱུཾ་ཕཊཊ་རེད། ཟེར་བ་ལྟར་དེང་སང་གཟབ་གཟབ་མ་གནང་ན་མཚན་རིག་དང་དེང་རབས་ཀླད་རྩལ་འོག་སྔ་མོའི་དད་པས་ཕུལ་ཐབས་ཁག་པོ་རེད། དེར་བརྟེན་དཔལ་མགོན་ཀླུ་སྒྲུབ་དང་དཔལ་ལྡན་ཆོས་གྲགས་རིགས་ལམ་དེས་ནང་པའི་གཞི་མ་བཙུགས་ཀྱི་ཡོད། དད་པ་དག་སྣང་ནི་སྒེར་གྱི་སྐད་ཅ་ཡིན། སྤྱི་ལུགས་དང་མཐུན་པ་རིགས་ཚུལ་མེད་ན་ཡ་གི་མཐོན་པོའི་བཀའ་མོལ་དེ་མ་གི་བློ་ལ་ཤོང་ཡས་མེད་པས་རྟོག་བཟོ་དང་ཡིད་ཆེས་རྨོངས་དད་སྒང་ལ་ཕྱིན་ནས་ལེབ་འདུར་གཙིགས་སུ་མེད་ནས་གཏད་སོ་མེད་པར་ཆགས་ཉེན་ཆེན་པོ་ཡོད་སྙམ།
བོན་པོའི་རང་ལུགས་ལ། བོན་དཀར་དང་བོན་ནག་ཅེས་ཐ་སྙད་ཅིག་དུས་ནམ་ཡང་བྱུང་མྱོང་མེད་ལ། དེ་གཉིས་ནི་གྲུབ་མཐའ་གཞན་གྱིས་ཆགས་སྡང་ངམ་རྨོངས་པས་སྒྲོ་བཏགས་ཤིག་རེད། བོན་ལ་གསར་རྙིང་གི་ཐ་སྙད་ཅིག་ཡོད་པ་རེད། བོན་གསར་མ་རྣམས་རྙིང་ཆོས་དང་ཧ་ཅང་མཐུན་པོ་ཡོད་པ་རེད། བོན་གསར་མའི་དགོན་པ་ཁ་ཅིག་གིས་ལོ་ལྟར་ས་ག་ཟླ་བའི་ནང་དུ་གུ་རུའི་སྒྲུབ་ཆེན་ཡང་ཚོགས་བཞིན་འདུག བོན་གསར་མའི་གཏེར་རྟོན་རྣམས་ནི་སློབ་དཔོན་པད་མའམ་རྙིང་མའི་རིག་འཛིན་རྣམས་ཀྱི་སྤྲུལ་བ་ཤ་སྟག་རེད་འདུག དེ་རྣམས་ཀྱིས་བོན་གསར་མ་ཁག་གཅིག་རྙིང་ཆོས་ལས་བསྒྱུར་བ་ཡིན་ནམ། ཡང་ན་གཏེར་ནས་བཏོན་པ་ཡིན། གང་ལྟར་ཀྱང་སྔ་འགྱུར་རྙིང་མའི་རྫོགས་ཆེན་དང་ཐ་ན་ཆོ་གའི་འགྲོ་སྟངས་ཡང་འདྲ་བོ་ཡོད་པ་རེད། བོན་རྙིང་མའི་རྫོགས་ཆེན་ནི་ལོ་ངོ་སྟོང་ཕྲག་གི་གོང་ནས་ཡོད་པ་གསལ་བོ་རེད་འདུག ཁོ་བོས་ནི་རྙིང་མའི་རྫོགས་ཆེན་གྱི་ཁོང་ནི་བོན་པོའི་རེད་སྙམ་པ་ཡོད། རྒྱུ་མཚན་ནི་རྙིང་མའི་རྫོགས་ཆེན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཡན་ལ་ཐུག་ས་མེད་པ་དང་། བོན་ལ་ཞང་ཞུང་སྙན་བརྒྱུད་ཀྱི་བླ་བརྒྱུད་ལྟར་ན་འཇའ་ལུས་པ་ཉེར་བཞི་བྱུང་འདུག དེ་རྣམས་དགའ་རབ་རྡོ་རྗེ་ཡན་ཆད་རེད་འདུག་པས་རྒྱུ་མཚན་གྱིས་ཡིན། གཞན་ཡང་བོད་མ་ཡིན་པའི་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲངས་སུ་ལའང་རྫོགས་ཆེན་གྱི་ཐ་སྙད་བྱུང་མི་འདུག ཤཱཀྱ་ཐུབ་པའི་རྗེ་འབྲངས་རྒྱལ་ཁབ་ཁ་ཤས་ཤིག་ལ་ཡོད་ཀྱང་དེ་དག་ཚང་མ་མདོ་ལུགས་ཤ་སྟགས་རེད་མ་གཏོགས་སྔགས་དང་རྫོགས་ཆེན་མི་འདུག་གོ།
ཤར་བ་ལགས་ཁྱེད་ཀྱི་ཕ་ཡུལ་གང་ནས་ཡིན། ངས་བོད་ཀྱི་བོན་པོའི་སྤྱི་ཚོགས་ཁྲོད་དུ་མི་ཤི་རྗེས་སེམས་ཅན་དུད་འགྲོ་སོགས་བསད་ནས་དགེ་བ་སྒྲུབ་པ་ཞིག་ད་བར་མཐོང་མཐོས་གང་ཡང་བྱུང་མ་མྱོང་། ཡིན་ན་ཡང་ངས་མཐོང་ཐོས་མ་བྱུང་བའི་ཆོས་གཅིག་མེད་ཅེས་ཟེར་ནས་ཁ་ཚོན་གཅོད་དཀའ་ཕྱིར་དེ་ལ་ཞིབ་འཇུག་བྱ་འདོད་བྱུང་། ཡུལ་གང་དང་གང་ཡིན་ཁ་གསལ་བོ་ཞིག་གསུང་རོགས་ཞུ།།
་་་་་ ཁོ་བོས་ནི་རྙིང་མའི་རྫོགས་ཆེན་གྱི་ཁོང་ནི་བོན་པོའི་རེད་སྙམ་པ་ཡོད། རྒྱུ་མཚན་ནི་རྙིང་མའི་རྫོགས་ཆེན་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཡན་ལ་ཐུག་ས་མེད་པ་དང་། བོན་ལ་ཞང་ཞུང་སྙན་བརྒྱུད་ཀྱི་བླ་བརྒྱུད་ལྟར་ན་འཇའ་ལུས་པ་ཉེར་བཞི་བྱུང་འདུག དེ་རྣམས་དགའ་རབ་རྡོ་རྗེ་ཡན་ཆད་རེད་འདུག་པས་རྒྱུ་མཚན་གྱིས་ཡིན། གཞན་ཡང་བོད་མ་ཡིན་པའི་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འབྲངས་སུ་ལའང་རྫོགས་ཆེན་གྱི་ཐ་སྙད་བྱུང་མི་འདུག ་་་་་་ཟེར།
་་་་ སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བརྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་འགྱུར། དེ་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད། དེའི་ཚེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་གྱུར། ཅེས་པའི་ཚིག་བྱུང་བར་གྲགས། ་་་
རིགས་ལྡན་རྒྱལ་པོ་ལགས། ཁྱེད་ཀྱིས་ངས་ག་རེ་བཤད་ཀྱིས་འདུག་མགོ་མ་འཚོས་པའི་གཟོ་འདུག ངས་གཤེན་རབ་དང་ཀླུ་གྲུབ་གཉིས་ཀྱི་ལོ་རྒྱུས་ཕན་ཚུན་ཁྱབ་མཚུངས་བཤད་པ་དེ་ལ་ནན་ཏན་གྱིས་གཟིགས་རོགས་གནང་ཞུ་འདོད་བྱུང་།
གཤེན་རབ་སྐོར་ལ་ངས་ཡག་པོ་མི་ཤེས་ཀྱང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། རྒྱ་གར་བྲམ་ཟེའི་རིགས་སུ་འཁྲུངས་པ་དང་། མི་ཅིག་ཡིན་པ་དང་། དགུང་གྲངས་བརྒྱར་ཉེ་བར་བཞུགས་པ་སོགས་ནི་རྩོད་མེད་ཅིག་རེད་སྙམ་ལགས།
གངས་སེང་ལགས། །
སྐུ་ཉིད་ཀྱིས། ཞང་ཞུང་སྐད་བོད་སྐད་བྱེ་བྲག་པ་ཞིག་ཡིན་ཚུལ་བརྗོད་ཀྱང་དེ་ནི་དོན་དངོས་དང་མཐུན་པའི་གཏམ་བཤད་ཅིག་གཏན་ནས་མིན། གསུངས་འདུག། འོ་ན་བོད་སྐད་འདི་ཞང་ཞུང་སྐད་ཀྱི་བྱེ་བྲག་པ་ཞིག་ཡིན་ཚུལ་བརྗོད་ན་དོན་དངོས་དང་མཐུན་པའི་གཏམ་དུ་འགྱུར་རམ། །
Bonpoལགས། ངས་ཞང་སྐད་ནི་བོད་སྐད་མིན་ལ་བོད་སྐད་ནི་ཞང་སྐད་དེ་བས་མིན་པར་འདོད་ཀྱིན་ཡོད།
གངས་སེང་དང་བོན་པོ་ཟེར་བ་གཉིས་ཆ་ནོར་བ་རེད། ཞང་སྐད་ནི་བོད་གདོད་མའི་སྐད་ཡིན་པས་བོད་སྐད་དུ་འཇོག་དགོས་སོ། བོད་པ་མ་ཡིན་པའི་མི་རིགས་གཞན་ཞིག་གིས་ཞང་སྐད་བཤད་ཀྱི་ཡོད་ན་ནི་དེར་ཟད་ལ། ཞང་སྐད་ནི་ད་ལྟའི་བོད་མི་ཚོའི་ཕ་མེས་ཡང་མེས་ཀྱིས་སྐད་རིགས་ཤིག་རེད་མ་གཏོགས་མི་རིགས་གཞན་ཞིག་གིས་བེད་སྤྱོད་བཏངས་བ་ཞིག་གཏན་ནས་མ་རེད། །
འོ་ལགས་སོ་འདིའི་སྐོར་ནས་གླེང་དགོས་པ་མང་པོ་ཞིག་འདུག། སྤྱིར་བོད་སྐད་ཟེར་བ་འདི་ལའང་རྣམས་གྲངས་པོ་ཞིག་ཡོད་པ་དང་། དེ་བཞིན་དུ་ཞང་ཞུང་སྐད་ལའང་གཅིག་པ་ཡིན་པ་རེད། དོན་དངོས་ཀྱི་བོད་སྐད་ཟེར་ས་དེ་ནི་དབུས་སྐད་རང་ལ་གོ་དགོས་ཀྱི་ཡོད་པ་དང་། དུས་ཕྱིས་སྟོད་སྐད་དང་ཁམས་སྐད་དང་ཨ་མདོའི་སྐད་ཚང་མ་བོད་སྐད་ཡིན་ཟེར་བའི་ལམ་ལུགས་ཤིག་བྱུང་བ་རེད། ལམ་ལུགས་འདི་ལའང་རྒྱུ་མཚན་རྩ་བ་ནས་མེད་པ་དེ་འདྲ་རེད་མི་འདུག། ཅིས་ན་སྐད་ཀྱི་རྨང་གཞི་ཚང་མ་གཅིག་པ་འདྲ་པོ་ཆགས་བསྡད་ཡོད་པས་སོ། ཞང་ཞུང་སྨར་གྱི་སྐད་དུ་ན་་་་ཟེར་སའི་ཞང་ཞུང་སྐད་དེ་བོད་སྐད་དབུས་སྐད་དང་ཏོག་ཙམ་མི་འདྲ་བ་ཡོད་ངེས་ཀྱང་། དཔེར་ན་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་ནམ་ཤྲི་དབུ་ཆེན་གཉིས་ཀྱིས་བོད་དང་ཞང་ཞུང་གི་སོ་མཚམས་་་གཙང་བྱེ་མ་གཡུང་དྲུང་་་དུ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར་གསུངས་སའི་་་གཙང་བྱེ་མ་གཡུང་དྲུང་་་དེ་དེང་སང་ཡང་སྟོད་མངའ་རིས་སུ་ཡོད་པ་རེད། དེའི་གཡས་གཡོན་གྱི་སྐད་རྣམས་དེང་སང་བོད་སྐད་དུ་འབོད་པ་འདི་དང་གཞི་རྩ་ནས་མི་མཐུན་པ་དེ་འདྲ་གང་ཡང་མི་འདུག། དེས་ན་སྐུ་ཉིད་ཀྱིས་ཞང་སྐད་ནི་བོད་སྐད་མིན་ལ་བོད་སྐད་ནི་ཞང་སྐད་དེ་བས་མིན་པར་འདོད་རྒྱུ་མ་དེའི་ཞང་ཞུང་སྐད་དེ་ག་འདྲ་ཞིག་ཡིན་ནམ། །
རྫོགས་ཆེན་དེ་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་ལས་རྒྱུད་པ་ཡིན་པའི་བཤད་སྲོལ་གཅིག་འདི་ན་འདུག
ཁྱེད་ཚོ་འདིར་ཕེབས་པའི་དོན་གཉེར་ཅན་རྣམས་ཀྱིས་ཌི་ལན་ཨེ་སི་ཀྲར་ཏེ། Dylan Ester མཆོག་གིས་བརྩམས་པའི་རྫོགས་ཆེན་གྱི་ལོ་རྒྱུས་ཞེས་པ་འདི་གཟིགས་མྱོང་ངམ། ཁོང་རང་ཉིད་རྙིང་མའི་རྫོགས་ཆེན་ཉམས་ལེན་པ་ཞིག་དང་། ནང་ཆོས་ཞིབ་འཇུག་ཐད་ལ་གདེང་འཇོག་ཐུབ་པའི་མཁས་དབང་གཟུར་གནས་ཅན་ཞིག་རེད། ཌི་ལན་ནི་དབྱིན་ཇིའི་ལོན་ཊོན་སློབ་ཆེན་ཤར་ཕྱོགས་ཆོས་ལུགས་ཉམས་ཞིབ་སྡེ་ཚན་ནས་འབུམ་རམས་པའི་ཞིབ་འཇུག་ལག་འཁྱེར་ཡོད་མཁན་ཞིག་དང་། དེའི་སྟེང་བགྲང་བྱ་བཅུག་ཕྲག་འགའ་ཤས་ནང་རྫོགས་ཆེན་གཅིག་པུའི་སྐོར་ལ་ཞིབ་འཇུག་དང་དོན་གཉེར་མི་དམན་པ་མཛད། ཁོང་གིས་ལོ་མང་རྫོགས་ཆེན་གཅིག་པུའི་སྐོར་ལ་ཉམས་ཞིབ་རྒྱས་པོ་གནང་ནས་རྫོགས་ཆེན་སྐོར་ལ་ལོ་རྒྱུས་ངོ་མཚར་ཅན་འགའ་ཤས་བྲིས་པ་དང་། འདིར་སྐབས་བབ་འབྲེལ་ཡོད་ཀྱི་གནད་དོན་གཅིག་ནི། ཁོང་གིས་བོན་དང་རྙིང་མའི་རྫོགས་ཆེན་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རྒྱབ་ལྗོངས། ཉམས་ལེན་ཁྱད་པར། མཁས་པའི་དགོངས་པའི་ཁྱད་པར་སོགས་ཞིབ་ཚགས་ཆེན་པོར་བྲིས་པ་དེར། རྒྱལ་སྤྱིའི་ཐོག་ལ་ཁོང་གི་ཞིབ་འཇུག་ལ་གདེང་འཇོག་ཆེན་པོ་ཐོབ་ཡོད།
ཁོང་གིས་བྲིས་པའི། The Origin and Early History of Dzogchen”་རྫོགས་ཆེན་གྱི་འབྱུང་ཁུངས་དང་ཐོག་མའི་ལོ་རྒྱུས་ཞེས་པའི་ནང་ལ་འདི་ལྟར་བྲིས་འདུག ཚིག་ཇི་བཞིན་མ་དྲན་རུང་ནང་དོན་འདི་ལྟར་འདུག
རྫོགས་ཆེན་འབྱུང་ཁུངས་ཡུལ་རྙིང་མས་བཤད་པའི་ཨོ་ཌི་ཡ་ན་དང་། བོན་པོས་བཤད་པའི་ཞང་ཞུང་གཉིས་ས་ཆའི་ཁྱབ་ཆེ་ཆུང་མ་གཏོགས་ས་ཁོངས་གཅིག་པ་ཡིན་པ་སྟེ། དེ་ནི་བོད་ནུབ་ཕྱོགས་མངའ་རིས་ནས། པ་ཀི་སི་ཏན་དང་། ཨབ་གྷན་ནི་སི་ཏན། དེ་བཞིན་ཏར་ཀི་སི་ཏན་སོགས་ལ་གོ། ཁོང་ནས་གནའ་རྫས་རིག་པའི་དཔང་པོ་འགའ་ཤས་བཏོན་ནས་དེ་དག་ལ་ཁུངས་སྐྱེལ་ཞིབ་པར་བྱས།
དེ་ནས་ཁོང་གིས་བན་བོན་གྱི་རྫོགས་ཆེན་ནང་ལ། ཁ་ཆེ་དང་དེའི་ཁུལ་གྱི་གདོད་མའི་ཆོས་ལུགས་དཔེར་ན་ཡེ་ཤུའི་ཆོས་ཀྱི་ཕྱི་མ་མི་ཆི་ལིན་༼Manichean༽དང་ནས་སི་ཊོར་རན་ཏེ་Nestorianཆོས་ལུགས་སོགས་ནས་དར་བ་ཡིན་པ་ཞིབ་ཕྲ་བཀོད་འདུག
ད་དུང་ཁོང་གིས་དཔང་པོ་དང་རིགས་པ་ཞིབ་ཕྲ་བཀོད་ནས་དེ་གཉིས་ཀྱི་དབར་ལ་དར་བའི་དུས་ཚོད་མི་འདྲ་བ་མ་གཏོགས། གཙོ་བོ་བཤད་བྱའི་གཞུང་གཅིག་པ་ཡིན་པ་གང་ཞིག་ལ་སོ་སོའི་ཁྱད་ཆོས་མི་འདྲ་བ་ཡོད་པའི་ཆོས་ལུགས་གཅིག་ལ་ངོས་འཛིན་གནང་གི་འདུག
ཁོང་གིས་རྫོགས་ཆེན་དེ་བོད་ལ་ཐེངས་འགའ་ཤས་དར་བར་ངོས་འཛིན་པ་དང་། ཐེངས་གཅིག་ཞང་ཞུང་བརྒྱུད་ནས་དར་བ་དང་ཐེངས་གཅིག་བེ་རོ་སོགས་རྒྱ་གར་ནས་ལོག་ཕེབས་རྗེས་དར་རྒྱས་གཏོང་བར་ངོས་འཛིན་གནང་།
ཁོང་གི་རྩོམ་གཅིག་རྒྱ་གར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ནས་བཏོན་པའི་ བོད་ཀྱི་དུས་དེབ་ཏེ། The Tibet Journal་ལོ་༢༠༠༥སྟོན་ཁའི་འདོན་གྲངས་༣༠ཡི་ཨང་༣པ་དེ་རེད། གཤམ་ལ་དབྱིན་ཇིའི་ཁུངས་ལྟར་བྲིས་ན།
Dylan Ester, The Origin and Early History of rDzogs chen, (Pp33)The Tibet Journal, Autumn 2005, Vol xxx No 3
ཞིབ་འཇུག་ཞིབ་ཕྲ་རུ་ཕྲ་རུ་འགྲོ་དུས། རྙོག་ཁྲ་གཙོ་བོ་དེ་བོན་པོ་དང་རྙིང་མའི་དབར་གྱི་རྫོགས་ཆེན་ཁྱད་པར་དེ་རྙོག་ཁྲ་མིན་པར། མཁས་པ་མང་པོར་རྫོགས་ཆེན་འདི་ནང་ཆོས་དང་འབྲེལ་བ་ཇི་ལྟར་བཙུགས་སྟངས་ལ་དཀའ་ངལ་མཁས་པ་མང་པོར་འཕྲད་དང་འཕྲད་བཞིན་འདུག ལྷག་པར་དུ་སངས་རྒྱས་འཚོ་བཞུགས་སྐབས་ལ་རྫོགས་ཆེན་གསུངས་པའི་དཔང་པོ་སུ་ལ་ཡང་བཏོན་ཡས་མེད་པ་འདིས་རྫོགས་ཆེན་འདི་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་ལྟ་བུ་རེད།
ཕྱི་རྒྱལ་ནང་པ་མ་ཡིན་པ་ཅིག་གིས་ནང་ཆོས་ཁུངས་འཚོལ་རྩོམ་དེབ་ལ་ངས་ཆ་འཇོག་དེ་ཙམ་བྱེད་མི་ཐུབ། ཁ་ཚོས་ལྟོ་གོས་་དང་མིང་ཙམ་གྱིས་ཆེད་དུ་གང་མགྱོགས་བྲིས་པ་ཤིནད་ཏུ་མང་བས་སོ།།
སྟོན་པ་རྡོ་རྗེ་འཆང་གི་གསུང་དང་། སྤྲུལ་དགའ་རབ་རྡོ་རྗེ་སོགས་གྲུབ་ཆེན་ཚོ་དང་། བི་མ་ལ་དང་སློབ་དཔོན་པད་མ་འབྱང་གནས་སོགས་ཀྱི་གསུང་ལ་བརྟགས་ནས་ཤོད་དགོས་པ་རྐྱང་རྐྱང་རེད་དོ།།
གྲོལ་ནས་གྲོལ་བའི་ལམ་ཡང་བསྟན། བསླབ་པ་དག་ལ་རབ་ཏུ་གུས།
ཞེས་གསུངས་པ་ལྟར་མིག་ལྡན་སངས་རྒྱས་རྣམས་ཀྱི་གསུངས་ཚད་མ་
ཚང་ལ་མ་ནོར་བ་དག་ལ་དཔང་པོར་འཛིན་དགོས་པ་ལ། མིག་མེད་ལོང་
བ་ལྟ་བུའི་མགོ་སེར་ཅན་ཞིག་གིས་རྟོག་གེ་ངན་པའི་རང་བཟོས་བསླད་པའི་
བརྩམས་དེབ་ལ་ཡིད་ཆེད་ཁུངས་གཏུགས་བྱེད་པ་འདི་མཁྱེན་ལྡན་སུ་ཞིག་
གིས་བསྔགས་པར་འོས་ཏེ་དམས་པའི་གནས་སོ།
རྫོགས་ཆེན་དེ་ཚང་མས་ངའི་རེད་ཟེར་ཡོང་དུས་༼དབྱིན་ཇིའི་རྩོམ་པ་པོ་ཞིག་གིས་རྫོགས་ཆེན་དེ་ཁ་ཆེ་དང་། ཡེ་ཤུའི་རྩ་བའི་འབྱུང་ཁུངས་ཀྱི་ཆོས་ལུགས་དང་འབྲེལ་བར་བཤད་འདུག་ཟེར།༽བཟང་རྟགས་རེད། དབྱིན་རྒན་དེས་བཤད་པ་ལྟར་དོན་ལ་གནས་མེད་པར་ལོ་རྒྱུས་དང་། གནས་ལུགས་ཀྱིས་ཤེས་གསལ་ལྟར་རེད། ཆོས་ལུགས་སྔ་མའི་ཤུགས་རྐྱེན་རྩ་བ་ནས་མ་ཐེབ་སར་དཀོན་པོ་རེད་དེ། ཡང་སྙིང་ལྟ་སྒོམ་སྤྱོད་གསུམ་ལ་ལྟ་དགོས་པར་སེམས། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། །ཐམས་ཅད་འདྲ་བ་གང་ན་ཡང་མེད། །གསུངས་པ་བཞིན་གཞི་ལྟ་བ་གཏན་ལས་དབབ་ཚུལ། ལམ་སྒོམ་པ་ཉམས་སུ་ཉེན་ཚུལ། འབྲས་མི་གནས་པའི་མྱང་འདས་ཆེན་པོ་ཇི་ལྟར་གཤེགས་པའི་ཚུལ། གསུང་རྒྱུ་མཚན་དང་འབྲེལ་བ་དང་། རྒྱུ་མཚན་མན་ངག་དང་འབྲེལ་བ། མན་ངག་ལ་དམ་སེལ་གྱིས་མ་གོས་པ་ཞིག་བྱུང་དགོས་པ་ལས། དེང་མགོ་སེར་ནག་གཉིས་ཀྱི་དྲན་རྒྱུ་མང་བ་འདི་དག་དང་། ལོ་རྒྱུས་རྫུན་མ་བཟོ་མཁན་གྱི་བོན་པོ་འདི་ཚོས་སྤྱོད་ལམ་བཞིན་ཁ་བདེ་དང་། ལྕེ་བདེ། ལག་བདེ་ཙམ་གྱིས་དོན་གྱི་དམིགས་ཕུག་པ་ཁག་པོ་རེད།
རྫོགས་ཆེན་དེ་ཚང་མས་ངའི་རེད་ཟེར་ཡོང་དུས་༼དབྱིན་ཇིའི་རྩོམ་པ་པོ་ཞིག་གིས་རྫོགས་ཆེན་དེ་ཁ་ཆེ་དང་། ཡེ་ཤུའི་རྩ་བའི་འབྱུང་ཁུངས་ཀྱི་ཆོས་ལུགས་དང་འབྲེལ་བར་བཤད་འདུག་ཟེར།༽བཟང་རྟགས་རེད། རིན་ཐང་མེད་པའི་བསྟན་བཅོས་དང་། དངོས་པོ་ཀུན་ངའི་མ་རེད་དང་། ང་ལ་མེད་ཅེས་ཟེར་མཁན་ལས། ཁོ་བོར་དགོས་ཟེར་མཁན་དཀོན་པོ་རེད། དབྱིན་རྒན་དེས་བཤད་པ་ལྟར་དོན་ལ་གནས་མེད་པར་ལོ་རྒྱུས་དང་། གནས་ལུགས་ཀྱིས་ཤེས་གསལ་ལྟར་རེད། ཆོས་ལུགས་སྔ་མའི་ཤུགས་རྐྱེན་རྩ་བ་ནས་མ་ཐེབ་སར་དཀོན་པོ་རེད་དེ། ཡང་སྙིང་ལྟ་སྒོམ་སྤྱོད་གསུམ་ལ་ལྟ་དགོས་པར་སེམས། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། །ཐམས་ཅད་འདྲ་བ་གང་ན་ཡང་མེད། །གསུངས་པ་བཞིན་གཞི་ལྟ་བ་གཏན་ལས་དབབ་ཚུལ། ལམ་སྒོམ་པ་ཉམས་སུ་ཉེན་ཚུལ། འབྲས་བུ་མི་གནས་པའི་མྱང་འདས་ཆེན་པོ་ཇི་ལྟར་གཤེགས་པའི་ཚུལ། གསུང་རྒྱུ་མཚན་དང་འབྲེལ་བ་དང་། རྒྱུ་མཚན་མན་ངག་དང་འབྲེལ་བ། མན་ངག་ལ་དམ་སེལ་གྱིས་མ་གོས་པ་ཞིག་བྱུང་དགོས་པ་ལས། དེང་མགོ་སེར་ནག་གཉིས་ཀྱི་དྲན་རྒྱུ་མང་བ་འདི་དག་དང་། ལོ་རྒྱུས་རྫུན་མ་བཟོ་མཁན་གྱི་བོན་པོ་འདི་ཚོས་སྤྱོད་ལམ་བཞིན་ཁ་བདེ་དང་། ལྕེ་བདེ། ལག་བདེ་ཙམ་གྱིས་དོན་གྱི་དམིགས་ཕུག་པ་ཁག་པོ་རེད།
ཕུར་པ་དང་གྲི་ཁུག་དང་རྡོར་རྗེ་དང་དྲིལ་བུ་ཟེར་བའི་ཞེ་སྣང་ཚ་པོ་འདི་ཚོ་་་་སྟོན་པ་བཅོམ་ལྡན་འདས་ཀྱིས་ཕྱག་ཏུ་བསྣམས་ནས་བེད་སྤྱད་མྱོང་ངམ། གལ་སྲིད་བསྣམས་མྱོང་མེད་ན་བོད་ཀྱི་བན་དེ་ཚོས་འདི་ཚོ་ག་བ་ནས་ཁྱེར་ཡོང་བ་ཡིན་ནམ། ཁུངས་ག་བར་ཐུག་ཡོད་དམ་གཅིག་གསུང་རོག་གནོངས་ཤེས་འདོད་ནས་དྲིས་པ་ཡིན། །
ཨོ་ཉིས་བོན་པོར་དེ་ཙམ་སྡང་དགོས་དོན་གང་ཡིན་ནམ། ལགས།
རྡོར་དྲིལ་གྱི་ཁུངས་དེ་དག་རྒྱུད་སྡེ་ཁག་ལ་གཏུགས་པ་རེད། ཐེག་ཆེན་བྱང་སེམས་དང་། ཐེག་ཆེན་གསང་སྔགས་ཤྰཀྱ་ཐུབ་པའི་གསུང་མིན་པར་འདོད་མཁན་ཐེག་པ་དམན་པའི་རིགས་ཅན་རྣམས་དང་རྩོད་དོན་གང་ཡང་མེད།
རྒན་ཀརྡོ་ལགས་ངོ་གནོང་ཆེན་པོ་ཡོད་པ་རེད། རྫོགས་ཆེན་དེ་བོན་ལ་ཤོར་ཡོང་བསམ་ནས་གཉིད་ཁུགས་ཀྱི་མེད་པ་རེད། ཆོས་རྒྱུད་གཞན་མ་ཚོར་མེད་པ་ཁོའི་ཆོས་རྒྱུད་གཅིག་པོར་ཡོད་པ་དེ་ཆོས་རྒྱུད་གཞན་མ་ཚོར་མགོ་བསྐོར་བཏང་ཐུབ་མོད། བོན་པོས་རྫུན་རྐུབ་བཏོལ་ཡོང་དྲན་གི་ཡོད་པ་རེད། ཁག་ག་ནས་ཡོད། ཁོ་རང་སྡང་དུ་བཅུག བར་སྣང་སྟོང་པ་ལ་ཁུ་ཚུར་བཞུས་ནས་རང་ཉིད་ན་རོགས་གཏོག་མེད་པ་རེད། དེའི་རིགས་ལ་ཁ་མ་རྩེད། བཟང་པོར་དམའ་ཕབ་འདོད་ན། ངན་པར་ཁ་རྩེད་བགྱིས་ཟེར་བ་ལྟར་རེད།
རྒན་ཀརྡོ་ལགས་ངོ་གནོང་ཆེན་པོ་ཡོད་པ་རེད། རྫོགས་ཆེན་དེ་བོན་ལ་ཤོར་ཡོང་བསམ་ནས་གཉིད་ཁུགས་ཀྱི་མེད་པ་རེད། ཆོས་རྒྱུད་གཞན་མ་ཚོར་མེད་པ་ཁོའི་ཆོས་རྒྱུད་གཅིག་པོར་ཡོད་པ་དེ་ཆོས་རྒྱུད་གཞན་མ་ཚོར་མགོ་བསྐོར་བཏང་ཐུབ་མོད། བོན་པོས་རྫུན་རྐུབ་བཏོལ་ཡོང་དྲན་གི་ཡོད་པ་རེད། ཁག་ག་ནས་ཡོད། ཁོ་རང་སྡང་དུ་བཅུག བར་སྣང་སྟོང་པ་ལ་ཁུ་ཚུར་བཞུས་ནས་རང་ཉིད་ན་རོགས་གཏོགས་མེད་པ་རེད། དེའི་རིགས་ལ་ཁ་མ་རྩེད། བཟང་པོར་དམའ་ཕབ་འདོད་ན། ངན་པར་ཁ་རྩེད་བགྱིས་ཟེར་བ་ལྟར་རེད།
ཁོས་བོན་པོ་གཅིག་པོར་ག་ལ་ཚད། དགེ་ལུགས་ལ་ཧ་ལས་པའི་སྐྱོན་བརྗོད་བྱས་པར་མ་གཟིགས་སམ། ཡིན་ནའང་དགེ་ལུགས་པས་བོན་པོར་སྡང་ཙམ་བྱེད་པ་མ་གཏོགས་ཁོ་དང་ཚ་བ་མདའ་སྨྱུག་དེ་ཚོར་དགག་པ་ཙམ་ཅིག་ཀྱང་འབྲི་ཐུབ་ཀྱི་ཡོད་པ་མ་རེད།
ལུང་དང་། མན་ངག བརྒྱུད་པ་མི་དགོས་པའི་བོན་པོ་དེ་དག་ལ་ད་ཡང་དགོས་སྣང་ཞིག་གིས་ཡོད་ཚད་གསར་བཟོ་་་་་་་་་་་་་་་་་་་་་་་་་་་་་་་་་ཧཧཧཧཧ
ཧཧཧ་ཏག་ཏག་ཕོག་འདུག
བོན་པོའེ་ཆོས་ལུགས་ལ་གཡག་དང་ར་ལུག་རྣམས་གསད་ནས་ནད་པའི་རིམ་འགྲོར་ཆོ་ག་འདོན་སྲོལ་
གྱི་བརྒྱུད་པ་དེ་སུ་ལ་ཐུག་པ་རེད། གསུངས་རོགས་གནང།
༧༨བཀྲ་ཤིས་ལགས། བོན་པོས་ར་དང་ལུག་གསད་ནས་ནད་པར་རིམ་གྲོ་བྱེད་ཟེར་བ། ཁྱོད་དང་ཁྱོད་ལྟ་བུའི་ཁ་ལ་ཐུག་ཡོད་ནི་རེད། དེ་མིན་གཅིག་བསད་གཅིག་གསོ་བོན་ནི་ངས་མ་ཤེས་ཞེས་བོད་གངས་ཅན་གྱི་མེས་པོ་༧སྟོན་པ་གཤེན་རབ་མི་བོའི་གསུང་ཡོད་ནི་རེད།
བོན་པོའེ་ཆོས་ལུགས་ལ་ཟེར་ན་རྒྱ་ཆེན་པོ་རེད། དཔེར་ན་ཧིན་རྡུའི་ཆོས་ལུགས་ལ་ཟེར་བ་དང་གཅིག་པ་རེད། ནང་དུ་དབྱེ་བ་ཕྱེས་ན་འདྲ་བ་དང་མི་འདྲ་བ་མང་པོ་ཡོད་པ་དང་། དཔེར་ན་ནང་པའི་ཆོས་ལུགས་ལ་་་བསྒྲལ་བའི་ཞིང་བཅུར་གྱུར་བའི་མི་བསད་ནས་ཡིད་དམ་ལྷ་ཚོགས་ལ་དམར་མཆོད་འབུལ་རྒྱུའི་བརྒྱུད་པ་འདི་ག་བ་ནས་བྱུང་བ་ཡིན་ནམ་ཟེར་ན་ལན་ཅི་འདོན། དགེ་སློང་སེར་པོ་ཚོས་ང་ཚོ་ནང་པ་ཡིན་པ་ནི་གཅིག་པ་ཡིན་འོན་ཀྱང་དེ་ལྟར་མི་བསད་ནས་དམར་མཆོད་རྩ་བ་ནས་མི་བྱེད་ལབ་ཀྱི་རེད། ད་འོ་ན་བྱེད་མཁན་དེ་སུ་ཡིན་ནམ། གཅིག་གསུང་དང་། གཡག་དང་ར་ལུག་རྣམས་གསད་ནས་ནད་པའི་རིམ་འགྲོར་ཆོ་ག་འདོན་སྲོལ་གྱི་བརྒྱུད་པ་ཡོད་པ་ངས་མ་མཐོང་། འོན་ཏེ་གང་ཞིག་ལ་ཡོད་དུ་ཆུགས་ཀྱང་སྐྱོན་གང་ཡང་ཡོད་མ་རེད་ཅིས་ན་ཡེ་གདོད་མའི་ཆོས་ལུགས་ཡིན་པས་སོ། དེ་ལ་སྐྱོན་དུ་བལྟ་བ་ནི་རང་གི་རྣམ་པར་ཤེས་པའི་ཁུང་བུ་ཧ་ཅང་དོག་སོང་བའི་སྐྱོན་ཡིན་པར་ཤེས་དགོས། ཡང་གཅིག་ཆད་སོང་འདུག། དགེ་སློང་སེར་པོ་ཚོས་ང་ཚོས་ཁ་ཆེ་བ་ཁ་ཤས་བསད་ཤོར་སོང་དེ་ལ་ནི་སྡིག་པ་སྤུ་ཙམ་ཡོད་མ་རེད་ལབ་ཀྱི་རེད། ཐེག་ཆེན་པ་ཚོས་འོ་དེ་དག་ཅི་ཧ་ལས་རྒྱུ་ཡོད་ང་ཚོས་དམག་འཁྲུག་དང་མཐུ་བརྒྱབ་ནས་སྟོང་ཕྲག་མང་པོ་བསད་ཚར་བ་ཡིན་ལབ་ཀྱི་རེད། ད་དངོས་གནས་འཚེ་མེད་ཞི་བ་ཟེར་བ་ག་བར་འདུག། བསམ་བློ་ཡག་པོ་ཐོངས་ཨ་གྲོགས་པོ་ལགས། །
་་་་ འོན་ཏེ་གང་ཞིག་ལ་ཡོད་དུ་ཆུགས་ཀྱང་སྐྱོན་གང་ཡང་ཡོད་མ་རེད་ཅིས་ན་ཡེ་གདོད་མའི་ཆོས་ལུགས་ཡིན་པས་སོ། དེ་ལ་སྐྱོན་དུ་བལྟ་བ་ནི་རང་གི་རྣམ་པར་ཤེས་པའི་ཁུང་བུ་ཧ་ཅང་དོག་སོང་བའི་སྐྱོན་ཡིན་པར་ཤེས་དགོས། ་་་་ཟེར།
http://blog.amdotibet.cn/ogyenling/archives/90590.aspx
འདིའི་དོན་ལ་སོམས
༨༠༽ BONPOལགས་ཀྱི་མཆན་བུར།
བོན་ལུགས་དང་། བོད་ཀྱི་ནང་ཆོས། དགེ་སློང་སེར་པོའི་ནང་ཆོས་སྐོར་སོགས་དང་འདོད་མའི་ཆོས་ལུགས་ཀྱི་སྐོར་ལ་གསུངས་པ་འདི་དག་བདག་གི་བློ་ངོར་ཤིནད་ཏུ་ཐད་དོ། །དེ་དེ་བཞིན་ནོ། །ཞེས་བསྔགས་པར་འོས་སོ།།
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས། ཞེས་པ་དེ་ཡང་ང་དང་ང་འདྲ་བ་
འགའ་ཞིག་གིས་རང་བཟོ་བྱས་རེད་ཟེར་རྒྱུ་ཨེ་ཡིན།
ཞིང་བཅུ་ཚང་བའི་བསྟན་དགྲ་བསྒྲལ་བ་དང་ཉེས་མེད་ཀྱི་ར་ལུག་རྣམས་བཤས་ལ་ཕབ་པ་གཉིས་
ཁྱད་པར་གནམ་ས་བཞིན་ཡོད་པ་མ་རེད་པས་?
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་་་་ཟེར་མཁན་དེ་ཕྱི་མི་རེད་འདུག་གམ་ནང་མི་རེད་འདུག་རྟོགས་དགོས་པ་རེད། དཔེར་ན་རིག་གནས་གསར་བརྗེ་ཟེར་བ་ཕྱི་མི་ཞིག་གིས་བཙུགས་ནས་་་་བོད་ནང་གི་རྙིང་པ་ཚང་མ་གཏོར་བཤིགས་བཏང་བ་དང་གཅིག་མཚུངས་རེད། དེ་དུས་ཁྱོད་དགའ་པོ་བྱུང་ངམ། བྱུང་ལོས་ཡོད། རྩ་བའི་ཆ་ནས་རྫོགས་ཆེན་ཚད་ལྡན་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་་་རང་སར་ཞི་བ་དང་རང་སར་གྲོལ་བའི་་་ལྟ་བ་རྒྱུན་སྐྱོང་གནང་མཁན་ཞིག་དགོས་ཀྱི་ཡོད་པ་དང་། དེ་འདྲ་གཏོར་དང་བཤིགས་དང་བསྣུབས་ཟེར་ལབ་ཡོང་དུས་ལབ་མཁན་སྐྱེ་བུ་དེའི་རྒྱུད་ལ་རྫོགས་ཆེན་གྱི་བསྟན་པ་ཚད་ལྡན་ཞིག་མེད་པ་ངང་གིས་ཤེས་ཐུབ། །
བཀྲ་ཤིས་ཟེར་མཁན་འདིས་བཀྲ་མི་ཤིས་པའི་ཐན་སྐད་ཅིག་ཡང་ཡང་བསྒྲགས་ཏེ་བན་བོན་དབར་ལ་འཁྲུགས་གཞི་བསླང་ཡོང་གི་འདུག འདི་ནི་ཨོ་ཉིའི་གསང་མཚན་ཡིན་པ་རེད་འདུག ཕ་རྒན་ཕ་རྟགས་འཆང་མཁན་གྱི་བརྒྱུད་འཛིན་ཅིག་ཡིན་པར་ཐག་ཆོད།
བོན་པོ་ལགས་དང་སྐྱིད་སྲས་ལས་སོགས་བོན་གྱི་ཁ་འཛིན་རྣམས་ལ་ཞུ་རྒྱུར་མི་ངན་འདི་ཡི་རིགས་ལ་ཐུགས་སྣང་མི་གནང་བར་སྐྱག་པ་བཞིན་དུ་འདོར་བར་རིགས། མི་ངན་ལ་ཁ་མ་རྩེད། སྐྱག་པ་ལ་མཛུབ་མོ་མ་བཙུགས། ཟེར་བ་རེད། ཨོ་ཉི་དམ་ལོག་གཙོས་པའི་ཕ་རྒན་མ་རྒན་མི་གཙང་བའི་ཆོས་་་་་་་དེ་ཚོར་ཡ་མ་བྱེད་ན་ལེགས་ཤོས་རེད། དོན་དམ་ཨོ་ཉིའི་འདི་ལོ་རྒྱུས་དང་ཁོས་བོན་ལ་སྡང་ཟུག་བྱེད་སྟངས་དང་རྙིང་མ་བས་བོན་ལ་སྡང་ཟུག་བྱེད་ཚུལ་དེ་རིགས་ཀྱི་ཡིག་གེ་གང་མང་བྲག་མགོ་དང་ཁམས་ཁུལ་གྱི་བོན་དགོན་དང་ལྷ་སྡེ་དེ་རིགས་ལ་གང་མང་འགྲེམས་རོགས། བོན་པོ་མང་པོ་ཞིག་སེར་རྟ་སོགས་སུ་རིས་མེད་ཡིན་ཁུལ་གྱིས་བསླུ་བྲིད་བྱས་ཏེ་འགྲོ་བཞིན་འདུག བོན་པོས་གྷུ་རུ་པད་འབྱུང་ལ་རྦད་དེ་ཞེན་པ་ལོག་དགོས་པ་ཞིག་བཟོ་དགོས། དེ་ནས་ཤ་ཤ་དང་རུས་པ་རུས་པ་བྱས་ཏེ་སོ་སོར་དབྱེ་དགོས།
སྐུ་ཞབས་བཀྲ་ཤིས་ལགས།
ཞིང་བཅུ་ཚང་བའི་བསྟན་དགྲ་བསྒྲལ་བ་སྔགས་ཀྱི་དམ་ཚིག་ཏུ་གསུངས་ཀྱང་། གབ་དང་སྦས་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ཐེག་པའི་གཞུང་གི་རྡོ་རྗེ་ཐེག་པའི་ཚིག་རླབས་པོ་ཆེ་དག་ཚུལ་བཞི་ལ་སོགས་པའི་ཐབས་ཀྱིས་འགྲེལ་དགོས་ཀྱི། སྒྲ་ཇི་བཞིན་དུ་འགྲེལ་ཚེ་གཞན་རྒྱུད་ལ་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་ས་བོན་འཇོག་ཉེན་ཆེ་བས། སྔགས་རྙིང་མའི་ཡི་དམ་ཕུར་པའི་སྐྱེ་བརྒྱུད་དུ་དགེ་སློང་ཐར་བ་ནག་པོས་གསང་སྔགས་སྒྲ་ལྟར་དུ་བཀྲལ་ཅིང་སྤྱད་པས། ཉོན་མོངས་རང་མཚན་པས་་རྒྱུད་བརླམས་ཏེ། མ་ཏྲཾ་རུ་ཏྲར་གྱུར་པ་གཟིགས་དང་། ད་གཟོད་བག་མེད་ཐོལ་བྱུང་གི་སྒོ་ནས་ཁ་བརྡའི་དྲྭ་སྟེགས་སུ་ཕེབས་ནས། ཁ་ཆེ་དང་བོན་པོ་གསོད་ན་དགེ་བར་འགྲོ་བར་གསུངས་པར་ཐེ་ཚོམ་ཆེན་པོར་བྱུང་།
གསང་སྔགས་སྐབས་ཀྱི་སྦྱོར་སྒྲོལ་བྱ་བའི་སྒྲོལ་བ་གང་ཟག་གཞན་དྲག་པོ་མངོན་སྤྱོད་ཀྱི་ཐབས་དང་མཚོན་གྱིས་གསོད་པ་མ་ཡིན་པར། ལས་ངན་གྱི་སྐྱེ་བོར་དབང་ལུང་ཁྲིད་གསུམ་གྱི་སྒོ་ནས་དེའི་རྒྱུད་ཀྱི་ཉོན་མོངས་རང་མཚན་པ་བཏུལ་ནས། དེའི་རྒྱུད་སྨིན་ཅིང་གྲོལ་བ་ཞིག་ལ་གསུངས། རྙིང་རྒྱུད་ལས་བསྟན་པའི་ཏ་ན་དང་ག་ན་གནས་སུ་སྟོབས་མ་སྟོབས་འདི་འདྲར་གོ་དགོས་ལགས།
མདོར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རིང་ལུགས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྙིང་བོ་ནི། འཕགས་པ་ལྷས། མདོར་ན་ཆོས་ནི་མི་འཚེ་བ། །ཞེས་གསུངས་པར་འདུས་ལ། དེའི་དོན་ཡང་ཁ་ཆེ་དང་བོན་པོ་བསྡུས་པའི་འགྲོ་བ་མཐའ་དག་ལ་ངན་སྨྲས་དང་བརྡེག་བཙོག་སོགས་ཀྱིས་གནོད་པ་བསྐྱེལ་མི་ཉན་གསུངས་པ་རེད། རེ་ཞིག་ང་ཚོས་ཐེག་པ་ཆེན་པོའི་ལྟ་བ་གཏིང་ཟབ་པོ་རྟོགས་དཀའ་བས། དགེ་སྦྱོང་གི་ཆོས་བཞི་ཁོ་ན་ཉམས་སུ་ལེན་ན་ཁེ་ཕན་ལས་ཉེན་ཁ་མེད་སྙམ་པས་ཐུགས་ལ་བཟུང་།
སྐུ་ཞབས་བཀྲ་ཤིས་ལགས། གཞན་ཡང་རྙིང་རྒྱུད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསོད་ཅིང་མན
ན་ལ་མ་ཡིན་ཏེ། །ཞེས་གསུངས་པ་ཐུགས་ལ་ཞོག །
གོང་ནས་bonpoགསུང་བ་ནང་བཞིན་རེད། བཀྲ་ཤིས་ཟེར་བ་འདིས་ཀྱང་ཕྱི་མི་ནང་ཁྲིད་ཀྱི་གཏོར་བཅོམ་ཡ་ང་བ་བྱེད་མདོག་རེད། བཀྲ་ཤིས་པའི་གསས་མཁར་བརྩིགས་ས། བཀྲ་མི་ཤིས་པའི་ཕོ་རོག་ནག་ཆུང་། འཕུར་ན་གཤོག་རྩལ་ཞན་ཀི གྲག་ན་རྟེན་འབྲེལ་རྫོག་ཀི ད་མང་པོ་མི་ལབ། མཚང་ལ་ཕོག་ན་རྙིང་རྒན་འདི་ཚོ་ཕྱོགས་ལྷུང་ཆེ། ཆགས་སྡང་ཆེ། ཡང་ཚ་བ་མདའ་སྨྱུག་བཞིན་ཚེ་འདི་ན་ཡོད་མེད་མི་ཤེས་ནི་བཟོ་ཡོང་།
གདོན་གཟུགས་བོན་གྱི་བསྟན་པ་བསྣུབས།
ཞཆས་པས་དང་།
གདོན་གཟུགས་ཆོས་ཀྱི་བསྟན་པ་བསྣུབས། །ཞེས་པ་གཉིས་དོན་གཅིག་གོ་ལགས། གང་ཡིན་ཟེར་ན། གདོན་གཟུགས་སུ་གྲུབ་ཕྱིན་ནང་ཆོས་ཡིན་ན་ཡང་ཆོས་ཀྱི་བསྟན་པ་དེ་བསྣུབས་དགོས་ཏེ། དོལ་རྒྱལ་བཞིན་ནོ།།
གཤེན་ཀླུ་དགའི་བོན་གྱི་གཏེར་འབྱུང་ལོ་ཚིགས་འཁོད་ཡོད་པ་ཞིག་ཡོད་ཟེར་བ་དེ་ང་ལ་དགོས་མཁོ་ཞིག་འདུག དཔེ་ཆ་དེའི་དཔེ་རྒྱུན་གང་ཡོད་སོགས་ཞིབ་གསལ་གསུངས་རོགས
དེ་དུས་དབུས་གཙང་དང་ཞུ་གཡས་གཉིས་འཐབས་པས། དེའི་བར་ཕྱིན་པས། མདའ་ཡོ་བ་ཕོག་ནས་གེ་ཁོད་བཀྲོངས་་་་ཟེར་བྲིས་འདུག་གེ་ཁོད་ནི་་་གཤེན་ཀླུ་དགའི་སྤུན་ཐ་ཆུང་དེ་རེད། ཁྱེད་ཚོ་བན་དེའི་ལོ་རྒྱུས་ཁག་ནང་དུས་རབས་བཅུ་པར་དབུས་གཙང་དང་ཞུ་གཡས་གཉིས་འཐབས་པའི་ལོ་རྒྱུས་འདྲ་འདུག་གམ། ཡོད་ན་གསུངས་རོགས་གནོངས། །
དྲྭ་གྲོགས་རྣམ་པ་ལགས།
བན་བོན་གཉིས་ཀ་རང་ངོས་ནས་བསྟན་པ་རྣམ་དག་ཡིན་མཆོག་དམན་མེད། བན་བོན་གྱི་ལུགས་གང་བསྒྲུབ་ཀྱང་གནས་ལུགས་རྟོགས་ནས་ཐར་བ་ཐོབ་ཐུབ། ཁྱེད་ཅག་ཚོས་རྩོད་གླེང་བྱེད་ཚེ་གཅིག་གིས་གཅིག་ལ་དམ་ལོག་སོགས་མིང་ངན་མི་འབོད་རོགས་ཞུ།
Bonpo ལགས། ཞུ་གཡས་ཟེར་བའི་ས་མིང་དེ་དེང་སང་གི་ས་ཁུལ་གང་ཞིག་ལ་ཁེལ་ཡོད་པ་ངོས་ཟོན་སོང་ན་ཁུལ་དང་རྫོང་སོ་སོའི་ས་གནས་ལོ་རྒྱུས་རྩད་བཅད་ན་དེ་རྙེད་མདོག་ཁ་པོ་རེད། ཞུ་གཡས་ཟེར་བ་དེ་གང་ཞིག་ཡིན་མིན་མ་གོ་ན་ཁག་པོ་རེད། མ་གཞི་གཤེན་ཀླུ་དགའི་འཁྲུངས་ཡུལ་དེ་དེང་སང་བྱས་ན་ས་ཆ་གང་ཞིག་ལ་ཁེལ་ཡོད་པ་རེད།
༡༽ ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་མཁན་སླ྄ོབ་ཆོས་མ་ཕེབས་གོང་། བོད་གངས་ཅན་ལྗོངས་སུ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལུགས་བཟང་ཞིག་དར་ཡོད་དམ་མེད།
༢༽ སངས་རྒྱས་ཤཀྱཱ་ཐུབ་པ་རྒྱ་གར་དུ་མ་བྱོན་གོང་བོད་དུ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཚུལ་ཞིག་དར་ཡོད་དམ་མེད།
༣༽ བོད་དུ་ནང་ཆོས་མ་དར་གོང་དར་བའི་ལྟ་སྒོམ་སྤྱོད་གསུམ་སངས་རྒྱས་པ་དང་མི་མཐུན་པ་ཡོད་དམ་མེད། གལ་ཏེ་ཡོད་ན་གང་དང་གང་ཡིན་ནམ།
ཅེས་འདྲི་བར་འདོད་པས་བཀའ་ལན་ཡོད་པར་འཚལ།
ཆོས་གྲོགས་འོད་གསལ་ལགས་ནས་བསླབ་བྱའི་གནད་དོན་དམ་པའི་ཆོས་བཞིན་
གནང་བར་ཐུགས་རྗེ་ཆེ་ཞུ།
མཆན་༨༦པ་བོན་པོ་ནས་གདོན་གཟུགས་བོན་གྱི་བསྟན་པ་བསྣུབས་་
ཟེར་མཁན་ཕྱི་མི་དེ་གུ་རུ་རིན་པོ་ཆེ་ལ་ངོས་ཟུང་བ་འདྲ། ཕྱི་མི་ཞིག་གིས་
བོད་ནང་གི་རྙིང་པ་ཚང་མ་གཏོར་བཤིགས་བཏང་བ་རེད་ཟེར། དེ་ལ་
འདིར་ངས་བོན་པོར་སྡང་སེམས་དང་བརྙས་སེམས་མིན་ཏེ་སྔར་གྱི་ལོ་རྒྱུས་
གཞིར་བྱས་སྟེ་སྨྲས་ན་བོན་དཀར་མ་གཏོགས་བོན་ནག་དམར་མཆོད་བྱེད་
མཁན་གྱི་ལུགས་དེ་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་བསྣུབས་པ་རེད།
གུ་རུ་རིན་པོ་ཆེ་ནི་ཕྱི་དང་ནང་། བདག་དང་གཞན། གཟུང་འཛིན་སྤྲོས་
པའེ་ཐ་སྙད་ཀུན་ལས་འདས་ཞིང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་རང་
བཞིན་སངས་རྒྱས་གཉིས་པ་ཞེས་ཡོངས་གྲགས་དེ་རེད། དེ་ལ་བོད་ཙམ་མ་
ཟད་འཛམ་གླིང་ཡོངས་ནས་ངོ་ཤེས་ན་ཅི་མ་རུང་ཞེས་སྨོན་པའོ།
མཆན་༨༧པ་བན་དེ་བ་ནས་ བཀྲིས་ཟེར་མཁན་འདིས་བཀྲ་མི་ཤིས་པའི་ཐན་
སྐད་ཅིག་ཡང་ཡང་བསྒྲགས་ཏེབན་བོན་དབར་ལ་འཁྲུགས་གཞི་བསླང་ཡོང་གི་འདུག་
ཟེར། ཐུགས་ཕྲལ་རྩ་་བ་ནས་མ་གནང་ཨ། བོད་རིགས་གཅིག་པ་ཡིན་པའི་ཆ་ནས་
ཆོས་ལུགས་བཞི་བོན་དང་བཅས་པ་མ་གཅིག་གི་བུ་རྒྱུད་ལྟར་མཐུན་འབྲེལ་ཡོང་རྒྱུར་
སྨོན་མཁན་ཞིག་ཡིན། ཡིན་ནའང་རྔ་བརྡུང་ལ་བརྟེན་ནས་འཆམ་ལུགས་ཟེར་བ་ལྟར་
བོན་པོ་དང་བན་དེ་ནས་བོད་ཀྱི་ཆོས་པ་ཡོངས་རྫོགས་ཁུངས་མེད་ལུང་མེད་ཡིན་ཁུལ་དང་
བོད་ཀྱི་ནང་པར་སྡང་སེམས་ཆེ་ཙམ་ཡོད་པའི་རྣམ་པ་མཐོང། དེ་ལ་ངས་རིགས་པ་མགོ་
མཚུངས་ཐོག་ནས་དྲི་བ་འགའ་ཞིག་བཀོད་པ་ཡིན་མ་གཏོགས་བན་དེས་ཟེར་བ་བཞིན་
མི་ངན་སོགས་ཁོང་ཁྲོས་ངན་སྨྲས་གང་ཡང་བརྗོད་མེད། ཕ་རྒན་ཕ་རྟགས་འཆང་མཁན་གྱི་
བརྒྱུད་འཛིན་ཅིག་ཡིན་པར་ཐག་ཆོད་ཟེར་ལུགས་ལ་བལྟས་་ན་རྒྱལ་བརྒྱུད་དང་གདུང་བརྒྱུད་
འཛིན་མཁན་ལ་ཤིན་ཏུ་སྡང་བའི་རྟགས་གསལ་པོར་མངོན། སྐྱིད་སྲས་དང་བན་དེ་ བོན་པོ་
ཁྱོད་ཚོ་འདྲ་པོ་བོན་པའི་མགྲིན་ཚབ་ཡིན་ན་བན་བོན་དབར་ལ་དཀྲུགས་ཐག་ཆོད་རེད། ཡང་
བན་དེས་མི་ངན་འདི་ཡི་རིགས་ལ་ཁ་མ་རྩེད་ཟེར། འོ་རྩེད་འདོད་གཏན་ནས་མེད་དོ། བོན་
པོ་མང་པོ་ཞིག་བོད་དུ་དམ་ཆོས་བྱེད་པ་ལ་ཕྲག་དོག་ནས་གུ་རུ་རིན་པོ་ཆེ་ལ་ཞེན་པ་ལོག་དགོས་
པ་ཞིག་བཟོ་དགོས་ཟེར། དཀྲུགས་ཤིང་པ་རང་གིས་ཁས་ལེན་བྱས། ཡང་སྐྱིད་སྲས་ནས་་་རྙིང་
རྒན་འདི་ཚོ་ཕྱོགས་ལྷུང་ཆེ། ཆགས་སྡང་ཆེ་ཟེར། རང་མཐའ་མེད་ངན་འགྲོར་ཕྱོགས་སུ་ལྷུང་
བར་མི་ཤེས་པར་གཞན་ལ་ཕྱོགས་ལྷུང་དང་ཆགས་སྡང་ཆེ་ཞེས་བརྗོད་ཕོད་པ་འདི་དགོད་རེ་བྲོ།
བན་བོན་བློ་གཟུ་བོར་གནས་པ་རྣམས་ཀྱིས་གཟིགས་ན་བརྙས་པའི་བསམ་པས་བོན་ལ་སྡང་བའི་
ལས་གང་ཡང་བྱས་མེད་སྙམ། སྤྱིར་རྩོད་དང་རྨི་ལམ་ངན་པ་སེལ་མ། ཞེས་པ་ལྟར་རྩོད་ལ་
དགའ་མཁན་ཞིག་དང་རྩོད་ལ་མཁས་པ་ཞིག་གཏན་ནས་མིན་ཀྱང། འོས་སུ་མ་མཆིས་པའི་
གཏམ་འདྲ་མཐོང་ན་རྩོད་ལན་ཞིག་ཨི་ཐེབ་བལྟའོ།
གདོན་གཟུགས་བོན་གྱི་བསྟན་པ་སྣུབས་ཟེར་མཁན་དེས། ༼བོན་དང་ཆོས་ཞེས་དབྱེ་བ་ག་ལ་ཡོད།༽ ཞེས་ལབ་ཡོད་པ་ཁྱེད་རང་གི་མཁྱེན་གསལ་ཡིན་རྒྱུ་རེད། རྟོགས་ཡོད་ཀྱང་སྲིད་པའི་ཡུལ་ལུགས་ཀྱི་ཆོ་ག གཡུང་དྲུང་བོན་ལུགས་སུ་སྒྲུབ་ཅི་ཐུབ་བྱེད་པ་ཁྱོད་ཀྱི་དམིགས་འབེན་དུ་གྲུབ་པས། མདའ་འབེན་ལ་འཕངས་ཀྱང་མ་ཕོག་ནས། ད་ཁ་ཕྱིར་ལ་འཁོར་ནས་མདའ་མ་འཕངས་མདོག་མདོག་གི་ཚིག་སྙན་མོ་ཞིག་བསྒྲིག་པ་ཅི་འདྲའི་སྤྱང་མདོག་ཚ་བོ་ལ། ངས་རྙིང་རྒན་འདི་ཚོ་ཕྲག་དོག་ཆེ་ཟེར་ནས་ཕྱོགས་ལྷུང་གི་རྒྱུད་སྦགས་ཤིང་ཕྲག་དོག་གི་མིག་སྒྲིབ་པས་རྙིང་མ་ཁ་ཤས་ཤིག་ལ་མཛུབ་མོ་འཛུགས་པ། ང་ལ་མི་བུ་ཞིག་གི་རང་གཤིས་དང་ཕྱི་ཤེལ་འདྲ་འདྲ་ནང་སོལ་བ་ལྟ་བུའི་མི་ཁ་ཤས་ཀྱི་སྐྱོན་ཐེར་འདོན་བྱེད་པའི་དབང་ཆ་ཡོད་པ་ཡིན་པས་ཡིན། དེས་ང་དམྱལ་བ་འཕེན་བྱེད་ཡིན་མིན་དང་ཁོ་ཚོ་དམྱལ་བ་འཕེན་བྱེད་ཡིན་མིན་བསམ་བློ་ཐོངས།
༡༽ ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་མཁན་སླ྄ོབ་ཆོས་མ་ཕེབས་གོང་། བོད་གངས་ཅན་ལྗོངས་སུ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལུགས་བཟང་ཞིག་དར་ཡོད་དམ་མེད།
དར་ཡོད་དོ། བོད་མི་རྣམས་རྒྱ་བལ་གྱི་མི་གཞན་དང་སྤྱི་མཚུངས་རྣམ་དཔྱོད་ཅན་ཡིན་དགོས་པས་སོ། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལུགས་བཟང་ལས་ཀྱང་ལྷག་པ་ལྟ་བ་མཐའ་བཞི་རྒྱ་གྲོལ་དང་སྤྱོད་པ་ཞི་རྒྱས་དབང་དྲག་དར་མྱོང་ཡོད་དོ། །
༢༽ སངས་རྒྱས་ཤཀྱཱ་ཐུབ་པ་རྒྱ་གར་དུ་མ་བྱོན་གོང་བོད་དུ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཚུལ་ཞིག་དར་ཡོད་དམ་མེད།
དར་ཡོད་དོ། དེ་ཡོད་དེ་བོད་གངས་ཅན་པའི་དད་པ་དང་ཡིད་ཆེས་ཀྱི་མ་མ་བོན་བསྟན་མཁའ་ལ་ཉི་མ་ཤར་བ་ལྟར་དར་ཞིང་རྒྱས་པས་སོ། །
༣༽ བོད་དུ་ནང་ཆོས་མ་དར་གོང་དར་བའི་ལྟ་སྒོམ་སྤྱོད་གསུམ་སངས་རྒྱས་པ་དང་མི་མཐུན་པ་ཡོད་དམ་མེད། གལ་ཏེ་ཡོད་ན་གང་དང་གང་ཡིན་ནམ།
དེ་ཡོད་ཀྱི་རེད། ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་ཆེན་གྱི་གོ་འཕང་བརྙེས་ནས་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་དང་དབྱེར་མེད་པར་འགྱུར་བྱེད་ཀྱི་གདམས་ངག་སུ་དང་གང་ལ་མེད་པ་དེ་ཞང་བོད་གངས་རིའི་ལྗོངས་སུ་ཡོད་པའི་ཕྱིར། །
མཆན་༩༨་པ་བཀྲ་ཤིས་ལགས་ཀྱིས་ཡང་གསུངས་འདུག།
ཕྱི་མི་མགོ་བདེ་ཚོས་ས་མཐོའི་བོནད་ཁམས་ལ་དབང་བསྒྱུར་བྱེད་འདོད་དུས་འདྲ་མི་འདྲ་མང་པོ་ལབ་རྒྱུ་ཡོད་རེད་ད། ཁྱེད་ཚོས་དུས་རབས་བརྒྱད་པར་བོན་པོ་ལ་འདྲ་མི་འདྲ་མང་པོ་ལབ་པ་ནང་བཞིན། ༡༩༥༩་་ཙམ་ལ་ཆེས་མུན་ནག། ཆེས་གདུག་བཙུབ། ཆེས་ཀླ་ཀློ་་་ཟེར་ནས་ངན་སྨྲས་ཡག་ཐག་ཆོད་བྱེད་ས་དེ་སུ་དང་སུ་རེད་གཅིག་གསུང་དང་ལགས། ཕལ་ཆེར་ཁྱེད་ཚོ་ད་རྩ་བ་ཉིད་ནས་མིན་འགྲོ། ལབ་པ་ཙམ་གྱིས་དོན་ལ་གནས་འགྲོ་དགོས་ཀྱི་ཡོད་ན། ང་ཚོ་ནི་་་ཆེས་གདུག་བཙུབ། ཆེས་ཀླ་ཀློ། ཆེས་མུན་ནག་ཡིན་ནོ་ཟེར་ནས་ཁས་ལེན་བྱོས་ཤིག
༡༽ ལྟ་བ་མཐའ་བཞི་རྒྱ་གྲོལ་དང་སྤྱོད་པ་ཞི་རྒྱས་དབང་དྲག་ནི། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ནང་མ་བསྡུས་པའི་དམིགས་བསལ་གང་ཡང་མ་མཐོང་ལགས།
༢༽ བོན་བསྟན་དར་ཡོད་རུང་དེ་ནི་ང་ཚོའི་གནའ་པོའི་ཆོས་བརྒྱུད་རེད། དེ་ལ་གུས་བརྩི་ཆེ་མཐོང་ཡོད། འོན་ཀྱང་སངས་རྒྱས་པའི་ལྟ་སྤྱོད་དང་མི་མཐུན་པའི་ཁྱད་འཕགས་འདི་འདྲ་གང་ཡོད་དམ།
༣༽ ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་མངའ་བརྙེས་མཛད་པོ་དཔལ་མཉམ་མེད་རྗེ་མི་ལ་བཞད་པའི་ལྟ་བ་རྟེན་འབྱུང་སྟོང་པའི་རྒྱ་ལས་རིང་ཚུལ་ཞིག་མིན་པར་སྙམ། སངས་རྒྱས་ཤཀྱཱ་ཐུབ་པས་མ་གཟིགས་ཞིང་མངའ་མ་བརྙེས་པའི་གོ་འཕང་ཞིག་ཡོད་དམ་མེད། ཆོས་སྐུ་ཀུན་ཏུ་བཟང་པོ་དང་ཀུན་མཁྱེན་ཉི་མའི་གཉེན་གྱི་དགོངས་པ་མཐར་ཐུག་དེ་ལ་གཉིས་སམ་མི་འདྲ་བ་གཉིས་ཡོད་དམ།
དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཐར་ཐུག་གི་དགོངས་པ་གཅིག་ལས་གཉིས་སུ་ཨེ་ཡོད་སྙམ། མཐར་ཐུག་གི་དགོངས་པ་འདི་ནི་ཆབ་སྲིད་དང་ལོ་རྒྱུས་རིག་གཞུང་གི་བཀའ་མོལ་ཙམ་མིན་པར་དངོས་པོའི་གནས་ལུགས་ཇི་བཞིན། རྟག་བརྟན་འགྱུར་མེད་རང་བཞིན་བརྗོད་པ་ཞིག་ལས་ཡུལ་དུས་སྐབས་བབ་དང་བསྟུན་ནས་འཇོག་པའི་ཚུལ་ལས་རིང་དུ་གནས་པ་ཞིག་ཡིན་སྙམ།
ཆོས་སྐུ་ཀུན་ཏུ་བཟང་པོ་ལས་སྤྲུལ་གཞི་ལོངས་སྐུ་ཐུགས་རྗེ་ཆེན་པོ་དེ་ལས་སྤྲུལ་སྐུའི་རོལ་གར་གདུལ་བྱའི་ཁམས་དང་མཉམ་པ་གསང་གསུམ་དབྱེར་མེད་སྣ་ཚོགས་པའི་འབྲས་བུ་དེ་དག་ལམ་དང་གཞི་དུས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལས་ཐོན་པ་ཡིན་སྙམ། རང་གི་རྟོག་ངོར་གོ་བ་ཐན་ཐུན་ཡོད་པ་དེས་ཡིན་པ་ལས་ཟབ་ཟབ་མོའི་གསང་བ་བསམ་མི་ཁྱབ་ལ་ཇི་བཞིན་ཡིན་པ་རྣམ་རྟོག་དྲ་བ་ལས་འདས་དོན་ཞིག་ཡིན་སྙམ་སྟེ། དོན་གྱི་གནས་དང་དེའི་བརྗོད་པའི་སྒྲ་འདྲེས་པར་འཛིན་པའི་གཟེབ་ཏུ་ཚུད་པའི་ཐ་མལ་བ་ཡིན་པའི་ལན࿒པས་སོ།།
ཐོན་མིའི་གོང་དུ་ཡི་གེ་ཡོད་མི་ཆོག་པ་དང་ནང་ཆོས་མ་དར་གོང་ཆོས་ལུགས་རིག་གཞུང་ལོ་རྒྱུས་ཡོད་ངེས་ཅན་ཡིན། འོན་ཀྱང་ད་ལྟའི་བོད་ཡོངས་ལ་ཁྱབ་ཅིང་བོད་མི་རིགས་དེ་རྒྱ་མི་རིགས་ལས་ཟུར་དུ་བཅད། ་གོང་བུར་དྲིལ་བའི་བསླབ་གསུམ་དང་དེ་འཛིན་པའི་ཡི་གེའི་སྦྱོར་བ་དེ་ཡོད་ཨེ་ཡོད་སྙམ། ད་ལྟའི་བོད་པའི་སྐད་ཡིག་ཕྱུག་པོ་དེ་རྒྱུ་གཅིག་རྐྱེན་གཅིག་ལས་མིན་ལ། དུས་རབས་གཅིག་དང་མི་ཐོག་གཅིག་ལས་གྲུབ་པ་ཨེ་ཡིན། རྒྱུ་རྐྱེན་རྟེན་འབྲེལ་དུ་མའི་འབྲས་བུར་ངེས་པ་ཡིན། ད་དུང་དེ་བས་རིག་གཞུང་གཞན་དང་གནད་དོན་གཞན་མཚན་རིག་སོགས་ལ་རྗེས་ལུས་སྔོན་ཐོན་དང་། མ་ཚང་ཁ་གསབ་བྱ་རྒྱུ་མདུན་ན་ལྷགས་པའི་འགན་རྡོ་འདེགས་རྒྱུ་ཡང་མང་པོ་ཡོད།
http://blog.amdotibet.cn/ogyenling/archives/90590.aspx
ཨོ་རྒྱན་ཉི་མ་ལགས་ཡག་པོ་ཞེ་དྲག་དཔྱད་གླེང་གནང་འདུག་རྗེས་སུ་ཡི་རངས་ཞུ།
ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་སྐབས་ལས་ལྷག་པའི་བོད་གངས་ཅན་འདིར་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་བྱུང་མེད་སྙམ། དོན་ཧྲིལ་གྱིས་དྲིལ་ན་མཐའ་བཞི་རྒྱལ་ཁམས་མངའ་དབང་བསྒྱུར་ནས་བོད་ཡོངས་རྫོགས་མངའ་འོག་གཅིག་ཏུ་ཆོས་རྒྱལ་གཅིག་གིས་བསྐྱངས་པའི་བཀའ་དྲིན་ཆེ་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་གངས་ཅན་ལྗོངས་སུ་ཁྱད་ནོར་གྱིས་ཕྱུག་པའི་བང་མཛོད་འདི་བསྐྲུན་པའི་ལོ་རྒྱུས་རྡོ་རིང་མེད་པར་བཟོ་འདོད་པའི་སྟོང་བསམ་རིང་མོ་ཞིག་ནས་འཁོར་བ་ནི། རྒྱ་གུང་བྲན་ཆོས་མེད་ཀླ་ཀློ་དེ་དག་ཡིན། ཡང་བོད་པ་ལ་རྒྱ་གུང་བྲན་ནས་ཆེས་ཀླ་ཀློ་ཞེས་དམའ་འབེབས་བྱེད་ཀྱི་ཡོད། དེས་དམའ་ནས་བསྟོད་པ་ཟེར་བ་དེ་ཡིན། གང་ལགས་ན། ཆེས་ཀླ་ཀློའི་ཀླ་ཀློ་ནི་ཀླ་ཀློ་མ་རེད། བློ་ལྡན་རེད། དཔེར་ན་བདུད་ཀྱི་བདུད་ནི་བདུད་མ་རེད་ལ། དགྲ་ཡི་དགྲ་ནི་དགྲ་མ་རེད་གྲོགས་པོ་ཡིན་པ་བཞིན་ནོ། རྒྱ་གུང་བྲན་ནས་ང་ཚོར་ཀླ་ཀློར་ངན་བརྗོད་བྱས་པ་དེས་རང་ཉིད་ཀླ་ཀློར་བཟོས་རང་རེད། ཡང་མཚན་རིག་དང་ཡར་ཐོན་འཛུགས་སྐྲུན་ནི་ནུབ་ཕྱོགས་པ་དང་ཉི་ཧོང་ནི་ཆེས་སྔོན་ཐོན་ཡིན་པ་ནི། ཁོང་ཚོས་ནུབ་བརྒྱུད་ཐོན་སྐྱེད་ཆེན་མོ་ཞེས་བོད་པས་རྒྱ་གར་འཕགས་པའི་ཡུལ་ནས་བྱུང་བའི་ཆོས་ཚུལ་ཆེན་མོར་བཀུར་བ་བཞིན་བྱེད་ཀྱི་ཡོད་པ་ནས་གསལ་གོ་ཐུབ་པ་ཡིན། དཔལ་ན་ལཎཌའི་བཞེད་གཞུང་དྲི་མ་མེད་པའི་ཁྱད་ནོར་བླ་ན་མེད་པ་དེ་དང་དེ་འཛིན་པའི་རང་མི་རིགས་ཀྱི་སྐད་བཟང་ཡིག་བཟང་དེ་བརླག་བོར་ཤོར་བའི་ཤུལ་དུ། རྒྱ་གུང་བྲན་འཛུགས་སྐྲུན་ཨ་རི་ནང་བཞིན་ཁྲ་ཟིང་དགུ་ཟིང་སྐར་ཚོགས་ས་ལ་བཤམས་རུང་ཧ་ལས་ཧོན་ཐོར་དགོས་པ་ནམ་ཡང་མ་མཆིས། བྱས་ཙང་ང་ཚོ་མེས་པོ་རྣམ་པས་ཕྱི་རྒྱལ་ནས་ནང་འདྲེན་ག་རེ་བྱ་དགོས་པ་གཟིགས་དུས། ཕྱི་དཔལ་འཛུགས་སྐྲུན་ལས་ནང་དོན་ཆོས་ཚུལ་ཟབ་མོ་དོ་ནན་དུ་གཟིགས་པ་ནི་གཟིགས་པ་བླ་ན་མེད་པ་དེ་ཡིན་པ་འགན་ཐེག་སྤོབས་པས་ཞུ་ངེས་ཡིན།
གཟིགས་དཔེ་བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་ལྷག་དང་། དེའི་དགོངས་འགྲེལ་བོད་དུ་བརྩམས་པ་ཁྲི་ཚོ་ཡོད་པ་དེས་མི་ཆོག་པར་རྒྱ་མཚོའི་ཉེ་སར་བ་ཚའི་ཁྲོན་པ་བྲུས་དོན་ནི་ཆ་མི་འཚལ་བ་ལགས། ཡང་དེ་ལས་གལ་ཆེ་བ་ཕུགས་འདུན་ཁྱད་པར་བ་ཅི་ཞིག་མཆིས་སམ་སྙམ། ང་ཚོའི་ཁྱད་ནོར་དང་དེ་དང་འབྲེལ་བའི་ལོ་རྒྱུས་བྱུང་རབས་དག་ལ་ཐེ་ཚོམས་འབག་བཙོག་བསླད་བསྲེས་སོགས་ཀྱིས་ཧྲུལ་པོར་བཟོ་བསམ་པ་ནི། བོད་མི་རིགས་ཞིག་དང་དེའི་ལོ་རྒྱུས་ལ་དགའ་སྤོབས་ཡོད་མཁན་ཞིག་ནས་དེ་མུར་འཇོག་མི་བཟོད་པ་ཡིན་སྙམ། འོན་ཀྱང་དེ་ལྟར་མིན་ན་དགོངས་གསོལ་ཞུ།
ཨོ་ཉི་ཡི་རྩོམ་ཡིག་དེར་འགོ་ནས་མར་ཏོག་ཙམ་བཀླགས་པ་ཡིན་ཀྱང་སྐྱུག་མེར་ལངས་ཡ་འདྲ་ཞིག་འདུག་ཆ་ཚང་བཀླགས་མེད། དྲི་བ་ཞིག་ཡོད། བོད་ཀྱི་རིག་གཞུང་གི་མཚན་ཉིད་ཤིག་འཇོག་གྱི་ཡོད་དམ་ཞེས་པ་དྲི་བ་ཡིན།
དགོངས་དག་འབྲེལ་མེད་ཀྱི་མཆན་ཞིག་འགོད་དགོས་ཁག་སོང་།
ལྷན་རྒྱས་ལ་འབོད་སྐུལ་ཞུ་རྒྱུར། ཁྱེད་རྣམ་པས་གལ་སྲིད་ནང་ཆོས་བོད་དབྱིན་ཚིག་མཛོད་དེབ་དེ་རིགས་མཁྱེན་རྟོགས་ཡོད་ན་ཕྲན་ལ་མིང་བྱང་ངོ་སྤྲོད་གནང་སྐྱོང་བ་མཁྱེན་མཁྱེན་ཞུ།
ཚེ་དཔག་རིག་འཛིན་གྱིས་བརྩམས་པའི་Tibetan-English Dictionary of Buddihist Terminology ཞེས་པ་དེ་ཕྲན་ལ་ཡོད། དེ་ལས་གཞན་པའི་བོད་དབྱིན་ནང་ཆོས་ཚིག་མཛོད་དཔེ་དེབ་ཡོད་ན་ཐུགས་རྗེས་གཟིགས་མིང་བྱང་ངོ་སྤྲོད་མཛད་གནང་ཡོང་བར་ཞུ་ཞུ།
རྩོད་པ་ཡང་དག་ཏུ་སོང་ན་རང་གཞན་་གཉིས་ཀར་ཕན་ཡང་སྲིད་དུ་རེ་ནས་།
མཆན་༡༠༠པ་སྐྱིད་སྲས་ལ་ལན་ཞིག་འདེབས་པར་བྱེད། སྐབས་དེ་དུས་ཆོས་དང་
བོན་གཉིས་རྩོད་པ་ལས་སྲིད་པ་ཡུལ་ལུགས་ཀྱི་ཆོ་ག་ཞེས་མ་མཐོང། རང་ངམ་
གཞན་རྒྱུད་ཀྱི་རྣམ་རྟོག་འགོང་པོ་འབེན་ལ་བཞག་ནས་མདའ་ཞིག་ཀྱང་འཕེན་ཡིན།
འབེན་དེ་ལས་ཁ་གཞན་དུ་བསྐོར་དོན་་མེད་དོ།
མཆན་པ་༡༠༢bonpo ལ་ཡང་ལན་ཞིག་ཡོད། སངས་རྒྱས་ལ་ཕྱི་མི་མགོ་
བདེ་པོ་མཐོང་བ་དེ་རང་གི་མཐོང་ཚུལ་རེད། ངེས་པར་དུ་སངས་རྒྱས་མཐོང་
དགོས་ཞེས་རྩོད་དོན་ཡང་མིན་འདུག། བོད་ལ་དགོས་པ་བྱུང་ནས་གདན་
དྲངས་པ་ཨོ་རྒྱན་རིན་པོ་ཆེ་དང། བཙན་འཛུལ་པ་རྒྱ་གུང་ཕྲན་གཉིས་
མཉམ་པའི་དཔེ་དེ་ནི་ཤིན་ཏུ་མི་འོས་ཏེ། གུ་རུས་བོད་དུ་སངས་རྒྱས་
ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་མཛད། གུང་ཕྲན་ནས་དེ་བསྣུབས་པའི་
ལས་བྱས། གང་ལབ་པ་དེ་དོན་ཏུ་གནས་དགོས་པའི་ཁྱབ་པ་ཡང་འགོད་
གིས་མེད། ཡོངས་སུ་གྲགས་པ་མ་རེད་དམ། དེ་ཙམ་ཡིན།
ཁྱེད་ཚོས་གཞན་ཡུལ་ནས་དྲངས་ཡོང་པའི་ལུགས་གསར་ཞིག་འཛུག་དགོས་པ་རྒྱུ་མཚན་དུ་བྱས་ནས། གདོད་མ་ནས་གནས་པའི་རང་ས་རང་ཡུལ་གྱི་བོན་བསྟན་བསྣུབ་དགོས་ཟེར་ན་ངས་མགོ་མཚུངས་བྱེད་ཐག་ཆོད་ཡིན་ནོ། ཆ་ཡོངས་ནས་གཅིག་མཚུངས་ཡིན་པ་ཅི་མི་ཤེས་ཏེ་འདྲ་བའི་མུ་མང་པོ་འཇོག་རྒྱུ་འདུག གང་ཟག་ཁྱེད་ཚོས་ཧམ་བཤད་ལ་སྐྱོན་བརྗོད་པ་མ་གཏོགས། སྙིང་རྗེའེ་བདག་ཉིད་སངས་རྒྱས་ཀྱིས་བསྣུབས་བཤིག་གཏོར་གསུམ་བྱས་ཡོད་མེད་ངས་མི་ཤེས་སོ། གལ་སྲིད་ཁྱེད་ཚོས་དེ་ཤེས་ཀྱི་ཡོད་ན་ངོ་མ་ཡ་མཚན་ཅན་གྱི་མི་བུ་རེད། །
ཨོ་ཉིས་རྒྱང་ལྟ་དགུ་བ་འདིར་ཁ་བརྡ་དྲ་བར་སྐུར་ཞིག
བོན་པོ་ཟེར་བ་དེས་བོན་ཚབ་བྱེད་མ་ཐུབ་ན་དོན་མེད་ངག་གིས་ཉེས་པ་མ་བསགས་ན་བཟང་ངོ་། གདོན་གཟུགས་ལས་བྱུང་བ་ལ་མིང་སྙན་པོ་དོན་ཟབ་མོ་ག་ཚད་བཤད་རུང་། གཏེར་ཆེན་མཆོག་འགྱུར་གླིང་པ་སོགས་གཏེར་ཁ་དུ་མ་ནས་གདོན་གཟུགས་བོན་གྱིས་བསྟན་པ་བསྣུབས་གསུངས་ཟིན་པ་མ་མཐོང་བ་ཡིན་ནམ། ཁྱད་པར་བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་ལ་བཀའ་གཏད་ཟབ་རྒྱས་མཐུས་མུ་སྟེགས་པ་དངོས་མི་འབྱུང་རུང་། ཆ་འདྲ་མ་བོན་དང་ཏང་དང་ཏོ་གྱོ་སོགས་ཆ་འདྲ་རེ་ཡོང་བར་སྔོན་ནས་ཨོ་རྒྱན་གྱི་སློབ་དཔོན་རིན་པོ་ཆེས་ལུང་བསྟན་པར་འཆལ་བོན་དང་གཤིན་བོན་འདི་དག་གསལ་བོ་རེད། རོ་ལོང་ངམ་གཤིན་འདྲེ་ཞིག་གི་ཆོས་ལ་བོན་ཞེས་སྲོལ་རྒྱུན་ཆགས་པ་རེད།
ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཟེར་བ་དེ་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད་དམ། །
གལ་སྲིད་ཡོད་ན་ལྟ་བ་་་མཐའ་བཞི་རྒྱ་གྲོལ་དང་སྤྱོད་པ་ཞི་རྒྱས་དབང་དྲག་་་དེར་བསྡུས་ཡོད་ཟེར་ནའང་འགྲིག་ཡོང་། རྟེན་འབྱུང་དང་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པ་འདི་དག། སྒྲུབ་བྱེད་རིག་པའི་རྒྱལ་པོའི་གཏན་ཚིགས་ཡིན་རབས་ཤིག་གོ་མྱོང་། བསྒྲུབ་བྱ་ལྟ་བ་ཡིན་པ་ཅི་མི་ཤེས། ལྟ་བ་ནི་རིག་པའི་རྒྱལ་པོའི་རྟགས་ལ་བརྟེན་ནས་རྟོགས་པའི་སྙིང་རྗེའི་སྙིང་པོ་ཅན་གྱི་བདེན་མེད་རྟོགས་པའི་ཤེས་རབ་དེ་མ་ཡིན་ནམ། གལ་སྲིད་རྟེན་འབྱུང་ལྟ་བ་ཡིན་ན་བསྒྲུབ་བྱ་བདེན་མེད་དང་སྒྲུབ་བྱེད་རྟེན་འབྲེལ་གཉིས་གཅིག་པར་གྱུར་བའི་སྐྱོན་མི་ཡོང་ངམ། དེས་ན་ལྟ་བ་རྟེན་འབྱུང་ཡིན་ཟེར་ན་གོ་བ་ལེན་རྒྱུ་ཁག་པོ་འདྲ་ཞིག་འདུག་གོ། །
སྤྱོད་པ་འཚེ་བ་མེད་པ་ཡིན་ཟེར་ནའང་གོ་བདེ་པོ་རང་མི་འདུག། སྤྱོད་པ་འཚེ་བ་སྤངས་བ་ཡིན་ཟེར་ན་གོ་རྒྱུ་ཆེ་བར་སེམས། འཚེ་བ་སྤངས་བ་ཟེར་དུས་འཚེ་ཡོད་པ་ཞིག་སྤངས་བ་རེད་མ་གཏོགས་འཚེ་བ་མེད་པར་གྱུར་སོང་བ་ཅང་ཨ་ཡིན་ན། གང་ཟག་ཐ་མལ་བ་ཡིན་དུས་ཉོན་མོངས་མངོན་གྱུར་བ་ནམ་སྐྱེས་པ་དང་དེ་སྤོང་བའི་ཐབས་ལ་ཡང་ནས་ཡང་དུ་འབད་དགོས་ཀྱི་ཡོད་པ་དང་། མེད་པར་གྱུར་སོང་ན་ཡང་ནས་ཡང་དུ་འབད་དགོས་པ་ལ་རྒྱུ་མཚན་མེད་པའི་ཕྱིར། །
བོན་པོའི་ལྟ་བ་མཐའ་གཞི་རྒྱ་གྲོལ། བོན་པོའི་སྤྱོད་པ་འགྲོ་ལ་གང་ཕན། བན་དྷེའི་ལྟ་བ་རྟེན་འབྱུང་། བན་དྷེའི་སྤྱོད་པ་འཚེ་མེད། ཟེར་ན་འདྲ་ཆགས་པོ་མི་འདུག་གམ།
གངས་སེང་ལགས། །
སྐུ་ཉིད་ཀྱིས་དཔྱད་གཏམ་ཧ་ལས་པའི་ཡག་པོ་བྲིས་གནང་འདུག། ད་དུང་མུ་མཐུད་ནས་འབྲི་རོགས་གནོངས།
དྲི་བ་འདྲ་རགས་སོང་ན་ཕུལ་ཆོག། སྐུ་ཚེ་རིང་། །
གཏེར་སྟོན་དངོས་གནས་དང་། གཏེར་སྟོན་རྫུན་མའི་དབྱེ་འབྱེད་གང་གིས་འབྱེད་ཐུབ་བམ།
བོན་པོའི་གཞུང་ལུགས་ནས།
ལྟ་བ་ནི་ཡས་ནས་ཕུབ་ཅིག
སྤྱོད་པ་ནི་མས་ནས་འཛེགས་ཤིག
གཞི་ནི་སྙིང་རྗེ་ཆེན་པོ་ལོངས་ཤིག
ཐབས་ནི་ཕ་རོལ་དུ་ཕྱིན་པ་བཅུ་ལ་སྤྱོད་ཅིག
ཅེས་གསུངས་ཡོད། དེ་ལ་བོན་འཁོར་ཚིག་བཞི་ཞེས་ཀྱང་བརྗོད།
སྤྱོད་པ་མས་ནས་འཛེགས་ས་རེད་ ཞེ་སྡང་འབར་ཆོག་ཆོག་ གང་བཤད་
བཤད་དེ་དུག་ལྔས་གཟི་ནས་བཤད། སངས་རྒྱས་བདུད་དུ་མཐོང་
ཕོ་ཁྱོད་ཚོས་རྒྱུད་དེ་ལོན་ནས་བྱུང།
བཀྲ་ཤིས་ཀྱི་ཁ་ནས་བཀྲ་ཤིས་པའི་གཏམ་རྐྱང་རྐྱང་རེད། ཚིག་གི་འཚེ་བ་མེད་པ་རྐྱང་རྐྱང་རེད་འདུག སྤྱོད་པ་འཚེ་བ་མེད་པ་ཟེར་བ་དེ་ཡིན་ས་རེད། ཚིག་ལ་མཚོན་ཆ་མེད་ཀྱང་མི་སེམས་དུམ་བུར་གཏོང་་་་ཟེར་བ་དེ་འདྲ་གོ་མྱོངས་མེད་པ་འདྲ།
འོ་ད་ཡག་པོ་བཞུགས་རོགས་་་་་སྨྲ་བ་ཉུང་ན་མཛེས་་་་་ཟེར་བ་དེ་སེམས་ལ་བཞག་ཡོད།
ང་གར་སོང་ས་ལ་བཀྲ་རེ་ཤིས། བཀྲ་མི་ཤིས་ལས་དེ་བྱུང་མ་མྱོང།
ཆོས་མིན་ཆོས་ཀྱིས་ཕམ་པའི་དུས། སེམས་དུམ་བུར་སོང་བ་རང་གིས་བྱས།
རང་ནོར་བ་ཤེས་ན་འགྱོད་པ་གྱིས། འགྱོད་བཤགས་དཀོན་མཆོག་གསུམ་ལ་ཕུལ།
བཀྲ་ཤིས་ཟེར་བ་འདིས་ཆོས་ལུགས་བཞི་དང་གཡུང་དྲུང་བོན་བཅས་ལ་མཐུན་འབྲེལ་སྨོན་མཁན་ཅིག་ཡིན་ཟེར། ཡང་བོན་པོས་གཡག་དང་ར་བསད་ནས་རིམ་གྲོ་བྱེད་ཚུལ་འདི་གང་ལ་ཐུག་ཡོད་ཟེར། ལག་པས་བྲིས་པ་རྐང་བས་བསུབ་པ་མ་ཡིན་ནམ། གཡག་དང་ར་བསད་ནས་རིམ་གྲོ་བྱེད་ཚུལ་ཞིག་ཡོད་ན་སྲིད་པའི་ཡུལ་ལུགས་མ་གཏོགས་གཡུང་དྲུང་བོན་གྱི་ལུགས་ལ་ཡོད་མེད། གོང་གི་བོན་འཁོར་ཚོག་བཞི་དེ་དང་། བོན་གྱི་ལོ་རྒྱུས་ལ་སོགས་ལ་གཟིགས་རྟོགས་བྱས་ན་ཧ་གོ་ཡོང་། དེ་མིན་བཤད་ཡམས་ཙམ་ལ་བརྟེན་ནས་ལན་རེ་རྒྱག་ཁུལ་བྱེད་པ་ནི། མ་རྩ་མེད་ནས་ཚོང་རྒྱག་འདོད་ཀྱི་སྟོང་བསམ་ཙམ་ཡིན་པ་ལས། ཀླད་གོར་སྒང་ལ་ཀླད་གོར་བསྣན་ན་ག་ཚོད་ཡིན་མིན་ཁྱོད་ཀྱིས་མཁྱེན་རྒྱུ་རེད། ད་དུང་ཡང་རྣ་བ་ཁོ་ནའི་རྗེས་སྙེགས་ནས། སོ་སོའི་མིག་དེ་བེད་སྤྱོད་བྱེད་མི་ཤེས་ན། ལོང་བ་ཅིག་ལ་སྤྲད་ན་ཡག་ས་རེད། ཧ་ཧ་ཧ་་་་་་དེ་མིན་ཁ་བྱང་ལྟོས་ཀྱི་བྲག་ཕུག་ལ་ཉི་མ་འཆར་བའི་རེ་བ་ཡོད་ནི་མ་རེད་ལགས།
བྱ་ཕོ་རོག་མིང་ལ་བཀྲ་ཤིས་ཟེར། །
ས་གར་སོང་ས་ན་ཐན་སྐད་ཡོད།།
གཡང་མཚན་མ་འགྲིག་པ་ཡོད་མ་མྱོང་།།
ལས་རྟེན་འབྲེལ་རྫོག་པ་རྒྱུན་ལྡན་ཡིན།།
ལུས་གཅིག་ལ་འཇའ་ལུས་གྲོལ་བའི་ཆོས།།
ལྷད་མ་འདྲེས་ཆོས་ལ་ཆོས་མིན་ཟེར།།
གསེར་ར་གན་གཉིས་ལ་ནོར་ནས་འདུག།
ད་མ་ཐོགས་གཤེན་ལ་བཤགས་པར་གྱིས།།
བོན་པོ་འདི་ཚོས་སྐྱག་པས་རྐུབ་བཀྱག རྐུབ་ཀྱིས་སྐྱག་པ་བཀྱག མི་ངན་རང་བསྟོད་ཅན་གྱིས་རང་ཕུང་ཟེར་བ་ལྟར་མི་རིང་བར་ཕུང་བའི་སྔ་ལྟས་རེད། ཚིག་ངན་ཅུང་ཟད་ཙམ་ཡང་མི་བཟོད་པ་ལ་བལྟས་ན། བོན་པོའི་ཤེར་ཕྱིན་ནང་ནས་བཟོད་པའི་ཕར་ཕྱིན་བསྒྱུར་མ་ཐུབ་པ་ཡིན་པའམ། ཡང་ན་གཞུང་ལུགས་རབས་འབྱམས་ལ་མན་ངག་དང་། བརྒྱུད་པ་ཚད་ལྡན་མེད་པས་ཡིན་ནམ། ཧཧཧཧཧཧཧ
རྙིང་མ་འདི་ཚོས་ཤུ་ནེ་ཡིས་ཡུ་བ་བསྐྱག ཡུ་བས་ཤུ་ནེ་བསྐྱག ཡུ་བ་ཤུ་ནེ་ཕར་བསྐྱག་ཚུར་བསྐྱག་རེད།
དུག་ལྔ་་་་་རང་གྲོལ་་་་་རང་ཞིག་་་་་་རང་སངས་་་་་རང་ཐིམ་་་་་རང་ཡལ་་་་་རང་དག་་་་ཟེར་ནས་ས་སྒྲོགས་གནམ་སྒྲོགས་དེ་ཡིས་མ་གྲོལ་བ་འདྲ། མེ་འབར་འབར་བྱེད་བཞིན་ཡོང་སྟངས་ལ་ལྟས་ན།
ཨོ་ཉི་སྤྲུལ་སྨྱོན་ཁྱོད་ཀྱིས་རྐྱེན་བྱས་ཏེ་བོན་རྙིང་གཉིས་ཀྱི་དབར་ལ་ཆོས་སྤོང་གི་ལས་ཅི་བསགས་པ་ཐམས་ཅད་ཁྱོད་ཀྱི་རལ་ཅོག་གི་སྟེང་དུ་བབས་ཡོད་དེ་ཤེས་པར་མཛོད།
བོད་ཀྱི་ཆོལ་ཁ་གསུམ་དང་ཆོས་ལུགས་ཡོད་དོ་ཅོག་ཐམས་ཅད་མཐུན་ལམ་ཡོང་
བའི་སྨོན་འདུན་བཟང་པོ་ལ་ག་དུས་ཡང་འགྱུར་བ་མེད་དོ། ཁྱོད་ཚོས་ཡང་དག་
པའི་བལྟ་བ་དང་ཆོས་ལ་བརྒོལ་ཆོག་དུས། ང་ཚོས་ལོ་རྒྱུས་ཀྱི་བདེན་པ་བརྗོད་
མི་ཆོག་པ་ཅི་ལ་ཡིན། མ་རྩ་མེད་ནས་ཚོང་རྒྱག་འདོད་དེ་ལ་ཡང་སྙིང་སྟོབས་
ཆེན་པོ་ཡོད་པའི་རྟགས། རང་གི་སྐྱོན་སྦས་གསང་རྐྱང་རྐྱང་བྱས་ནས་གཞན་
གྱི་ཡོན་ཏན་ལ་སྐྱོན་ཐེར་འདོན་གྱི་ཚུལ་དུ་བརྗོད་པ་འདི་ངན་ཧམ་ཆེ་བའི་རྟགས།
ནད་འཁྲི་པ་ཅན་གྱི་གང་ཟག་དེས། གངས་དཀར་པོ་མི་མཐོང་སེར་པོ་མཐོང།
ངས་ཐེག་ཆེན་སེང་སྒྲ་སྒྲོགས་པ་ལ། ཁྱོད་སྐྱིད་སྲས་ལོག་ལྟས་ཐན་སྐད་ཟེར།
གཏམ་ཅི་བཤད་དོན་དང་ལྡན་པ་དགོས། ཅི་བཤད་དོན་དང་མི་ལྡན་ཞིང།
ཁ་མཁས་ལྕེ་བདེ་ངོམ་པ་དེ། ཆོས་བཤད་ཁྲམ་པའི་ཁ་ལ་ཡོད།
ཟེར་བའི་དཔེ་དང་མཚུངས་ནས་བྱུང། ཚེ་གཅིག་ལ་འཇའ་ལུས་འགྲུབ་པའི་ཆོས།
ལམ་དེ་ནི་རྫོགས་ཆེན་ཁོ་ན་ཡིན། ལམ་དེ་ལ་བརྩོན་དང་དོན་གཉིས་སྒྲུབས།
ཁྱོད་བོན་པོས་བརྒོལ་མཆོང་བྱེད་པ་ལ། ང་བན་དེས་ཕན་པའི་སླབས་བྱ་ཤོར།
མཁྱེན་ཡངས་བོན་པོ་ལགས།
༡༽ ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པར་གོ་རྒྱུ་ཆེན་པོ་ཡོད་དམ།
གསུང་པར་རང་ངོས་ནས་ཉམས་མྱོང་དཔྱད་མཐར་ཕྱིན་པ་ཞུ་སྤོབས་སུ་མ་མཆིས་ཀྱང་། མཉམ་མེད་ཤཀྱཱ་སེང་གེའི་ཆོས་ལུགས་ཆེན་པོ། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱི་བཞེད་དགོངས། དཔལ་ལྡན་ཟླ་བ་གྲགས་པའི་རིགས་ཚུལ་ལས།
རིགས་པ་དྲུག་ཅུ་པ་ལས།
གང་དག་སྐྱེ་དང་འཇིག་པ་དག
ཚུལ་འདི་ཡིས་ནི་རབ་སྤངས་པ།།
རྟེན་ཅིང་འབྱུང་བ་གསུངས་པ་ཡི།།
ཐུབ་དབང་དེ་ལ་ཕྱག་འཚལ་ལོ།།
དེའི་ཟླ་འགྲེལ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པ་ཉིད་ཀྱི་ཕྱིར་ཐུབ་དབང་ཡིན་པར་རྟོགས། ཞེས་དང་། ཐུབ་པའི་དབང་པོར་གྱུར་པ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་གསུང་བའི་རྒྱུ་སྟེ། གཞན་རྟེན་ཅིང་འབྲེལ་པར་འབྱུང་བ་འཆད་ནུས་པ་མེད་པའི་ཕྱིར། །ཞེས་གསུངས།
སློབ་དཔོན་འཕགས་པ་ལྷས། ཆོས་ནི་མདོར་ན་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།།ཞེས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་མི་འཚེ་བའམ་འཚེ་བ་མེད་པ་ནི། སངས་རྒྱས་པའི་ཆོས་ཚུལ་གྱི་བསྡོམས་ཆེན་པོ་དེ་ཡིན་སྙམ། དེ་ཡང་དཔལ་ལྡན་ཟླ་བས། རྟེན་ཅིང་འབྲེལ་བར་འབྱུང་བསྟན་པ་རྐྱེན་ཉིད་འདི་པ་ཙམ་འདི་ནི་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་མཐོང་བའི་རྒྱུར་གྱུར་པའི་ཕྱིར་འཕགས་པའི་སྐྱེ་བོ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་དང་པོ་ཟླ་མེད་པ། འདུས་བྱས་ཐམས་ཅད་ཡོངས་སུ་སྤངས་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཅིག་ཏུ་གཞོལ་བར་འགྱུར་བའི་ཆེན་པོའོ།།ཞེས་གསུངས་པ་ལས་གོ་དོན་ཆེན་པོ་ཡོད་པ་ཤེས་ཐུབ་སྙམ། གོང་བཀོད་ལུང་ཉིད་རིགས་པའི་ཚུལ་ལས་མ་འདས་པས་བཀོད་པ་ཡིན། གལ་ཏེ་ད་དུང་གསལ་བཤད་ཁུངས་ཐེག་འདྲ་དགོས་མུ་མཐུད་དཔྱད་གླེང་གོ་བསྡུར་ཞུ་ཆོག་པ་ཞུ། ཡང་ཅི་སྟེ་སྐུ་ཉིད་ལ་འདོད་མོས་ཡོད་ན། བཀྲིས་བདེ་ལེགས།
ཤ་མ་བཟའ་གསུང་མཁན་བླ་མ་རེད། ཤ་ཚོན་པོ་ཟ་མཁན་བླ་མ་རེད་ཟེར་བའི་སྲིད་པའི་གཏན་ཚིགས་གཅིག་དང་། ཡང་སྤྱང་ཀིས་ཀྱང་ཤ་མི་བཟའ་ལབ་ཀི་རེད། ཁྲག་མི་འཐུང་ལབ་ཀི་རེད། ཤ་བཟའ་མི་ཟ་ཁྱོད་སེམས་ན་ཕྲིགས་སེ་ཡོད་ནི་རེད། ལོ་རྒྱུས་བདེན་པ་ཟེར་ནས་ཕ་རྒན་མ་རྒན་གྱི་གྲོང་གཏམ་ཞིག་ལ་གཞི་བཅོལ་ནས་བསྡད་ན། མགོ་བོ་རུམ་ལ་བཅུག་ནས་ཉི་ཟེར་ལ་རེ་བ་དང་ཅིས་མི་མཚུངས། ད་དུང་ཕྱི་རོལ་མུ་སྟེགས་པའི་རྟུལ་ཤུགས་ཀྱི་སྤྱོད་པ་ཉམས་སུ་ལེན་པ་མ་ཡིན་ནམ། དེ་བས་བོན་གྱི་གཉེས་བཤེན་ཅིག་ལ་སྤྱི་བོས་བཏུད་ནས་བསྟེན་དང་། སྡིག་པ་སྒོས་ཁུར་ཡིན་པས་ངན་སོང་གསུམ་དུ་སྐྱུར། དགེ་བ་སྤྱི་མཐུན་ཡིན་པས་མཐོ་རིས་སྐས་ལ་འཛེགས། སྟོང་ཉིད་ལ་ཆེན་ཟློས་ན་མྱུར་དུ་མངོན་འཚང་རྒྱ། གཡུང་དྲུང་བོན་ལ་སྤྱད་ན་འདི་དང་ཕྱི་མར་བདེ། གསུང་བ་ནང་བཞིན་ཡོང་བ་གདོན་མི་ཟའོ།
དམུས་ལོང་རྒད་པོས་བསྟན་པའི་ལམ་ཁ་ལ།།
མིག་ལྡན་སྐྱེས་བུ་བགྲོད་པ་རིགས་མ་ཡིན།།
རང་གི་རྡོག་ལམ་རྡོག་པས་མི་ནོན་པར།།
གཞན་གྱི་རྡོག་ལམ་སྟོན་པ་ཨེ་རེ་འཁྲུལ།།
འཇའ་ལུས་ཉེར་བཞིས་གཤགས་པའི་གཞུང་ལམ་ལ།།
དགའ་རབ་རྡོ་རྗེ་ལ་སོགས་ཡུན་གྱིས་བཞུད།།
དམུས་ལོང་བཀྲ་ཤིས་ལམ་དེ་མ་ནོར་བར།།
ཆས་དང་མིག་ལྡན་སྐྱེས་བུས་བསྟན་པའི་ལམ།།
ཧ་ཧ་ཧ་ཧ་་་་་་འ་ལ་ཀུ་རེ་དང་དྲང་གཏམ་སྦྲགས་མ་ཡིན་ད།
ཧ་ཧ་ཧ།
ཤ་མ་བཟའ་ཟེར་མཁན་བླ་མ་རེད། ཤ་ཚོན་པོ་བཟའ་མཁན་བླ་མ་དེ་སུ་ཡིན་ནམ། དངོས་གནས་ཕ་རྒན་མ་རྒན་གྱི་གྲོང་གཏམ་ཟེར་ན་འདི་འདྲ་ལ་ཟེར་བ་མ་ཡིན་ནམ་སྙམ། ལྟ་བ་འདི་ལྟར་བཤད་ན་གནོད་བྱེད་འདི་ཡོད། ཐལ་བ་འདི་འདྲ་ཡོད་ཅེས་བདེན་བཞི་བདེན་གཉིས་དང་རྟེན་འབྱུང་སྟོང་པའི་ཚུལ་ལ་གསུང་རྒྱུ་འདྲ་ཨེ་ཡོད། རྩ་བའི་སོ་སོའི་འདོད་མོས་རེད། འོན་ཀྱང་གྲོང་ཚིག་མང་པོ་བྲིས་ན་ཕན་ཨེ་ཐོགས། ཕན་ཐོགས་ཡོད་ན་མུ་མཐུད་གནང་རོགས།
མཉམ་མེད་སྟོན་པ་དང་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱིས། གཞན་ལ་འཚེ་བ་སྤོང་དགོས་པའི་ལམ་སྟོན་གནང་། རང་ཉིད་ཀྱིས་འཚེ་བ་གནང་བའི་རྒྱུ་མཚན་ལོ་རྒྱུས་ཁུངས་མ་འདྲ་ཨེ་ཡོད། དེ་དག་ཇི་ལྟར་ཡིན་ནམ།
ལོ་རྒྱུས་བདེན་པ་ཡིན་ཟེར་ནས་ཕ་རྒན་མ་རྒན་གྱི་གྲོང་གཏམ་དེ་གང་ཞིག་ཡིན་ནམ། རྟེན་འབྱུང་སྟོང་པའི་དོན་དེ་གྲོང་གཏམ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ། ཆོས་ཀུན་གྱི་གནས་ལུགས་སྟོན་པའི་རིགས་པ་རྟེན་ནས་འབྱུང་བའི་ཚུལ་ལུགས་དེ་དངོས་པོའི་གནས་དོན་གསལ་བའི་ཉི་མ་མིན་ན་(གཡུང་དྲུང་བོན་ལ་སྤྱད་ན་ཕྱི་མ་བདེ)ཞེས་པ་དེ་ཡིན་ནམ། དེས་ན་ཕྱི་མ་བདེ་བ་ལ་ངེས་པར་གཡུང་དྲུང་བོན་ལ་བརྟེན་དགོས་སམ་མི་དགོས། དགོས་ན་དགོས་པའི་གཏན་ཚིགས་གང་ཡོད། མི་དགོས་ན་དེ་ལྟར་བཤད་པའི་དགོས་དོན་གང་ཡིན་ནམ།
ཕྱི་རོལ་མུ་སྟེགས་པ་དང་ཕྱོགས་མཚུངས་སུ་འགྲོ་མིན་ནི་དཔྱད་བསྡུར་ཞུ་ཆོག་གི་ཐུགས་བྲེལ་མ་གནང་།
སྐབས་དོན་ནང་པའི་ལྟ་སྤྱོད་ཀྱི་སྐོར་བགྲོ་གླེང་ཞུ་བ་ལས། བླ་མ་སུ་བསྟེན་མ་བསྟེན་དང་ཡང་དག་པའི་ལྟ་བ་དེ་གང་ཞིག་ཡིན་མིན་ཐག་ཆོད་མ་སྔ་བར་གནང་གལ་ཆེ། འདི་སོ་སོའི་དད་པ་རེད།
དམུས་ལོང་རྒད་པོ་དེ་སུ་ཡིན་ནམ། གཞན་དམུས་ལོང་གི་རྗེས་སུ་འབ྄ངས་མི་འབངས་མ་གསུང་གོང་། རང་ཉིད་དམུས་ལོང་རྒད་པོ་རྗེས་མ་བསྟེན་པའི་རིགས་ལམ་གང་ཡོད་དམ། ཞེས་དྲི་ཞུར་ཕུལ།།
ཚུལ་གསུམ་ཡང་དག་གམ་འདོད་ལན་བཞིའི་ཐོག་ནས་ལན་རྒྱབ་ཤོག་ཨ།
ལྐུགས་པ་ཨུ་ཙུགས་མིན་ད།
ཚུལ་གསུམ་གཏན་ཚིགས་དང་དཔྱད་གསུམ་ཇི་བཞིན་གྱི་སྐོར་ཕར་ཙམ་འཇོག་རོགས། དང་པོ་རྟེན་འབྱུང་དེ་ལྟ་བ་ཡང་དག་མིན་པའི་སྒྲུབ་བྱེད་གང་ཡོད་དམ། ཚུལ་གཅིག་བཀོད་རོགས་གནང་ན་འཐུས་ས་རེད
རིགས་ལྡན་རྒྱལ་པོ་ལགས། །
ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཟེར་བ་དེ་སྟོན་ཐུབ་མཁན་མི་རྡོག་གསུམ་རང་མ་གཏོགས་འཛམ་གླིང་འདིར་བྱུང་མྱོང་ཡོད་མ་རེད་ཟེར་ནས་སྐུ་ཉིད་ཀྱིས་ཁས་ལེན་ཐུབ་བམ། དེ་འདྲ་རང་ད་ཅང་ཨ་ཡིན་ན། སྔོན་རྒྱ་གར་ལུང་པར་ཆགས་བཞག་པ་ཡིན་ན་ལས་གཅེར་བུ་བའམ་་ཇེན་ནི་སམ་་་གྱི་ཆོས་ལུགས་དེ་ནི་་་སྤྱོད་པ་འཚེ་བ་སྤངས་བ་དངོས་ནས་རེད་འདུག། ཇེན་ཆོས་ལུགས་ནི་ཕལ་ཆེར་བཅོམ་ལྡན་ཆོས་ལུགས་པས་རང་གིས་ཆོས་ལུགས་གསར་བཟོ་བྱེད་དུས་དམིགས་དཔེ་ལྟ་ས་ལེགས་ཤོས་དེ་ཡང་ཡིན་ས་རེད། འདི་ཚོས་སྐོར་ལ་ཞིབ་འཇུག་བྱེད་དགོས་པ་མང་པོ་འདུག། ཇེན་ཆོས་ལུགས་ཀྱིས་ལས་རྒྱུ་འབྲས་དང་སྐྱེ་བ་རྗེས་མ་འདོད་པ་དང་ད་དུང་འཇིགས་རྟེན་བྱེད་པོ་ཡོད་པ་ཡང་ཁས་ལེན་གྱི་ཡོད་བཟོ་མི་འདུག། ཕར་ཕྱིན་གྱི་རྣམ་བཞག་དང་འདུལ་བའི་ནང་གི་སྲུང་བྱ་ཁག་ཆ་འདྲ་བོ་མང་པོ་འདུག་གོ། ཞེ་བོ་འུར་མ་རྒྱག་མ་གཏོགས་དེང་སང་ཕྱི་གསལ་ནང་གསལ་བྱས་ན་ཡག་པོ་ཡོད་རེད་ད། ཡིན་ནའང་ངས་བཅོམ་ལྡན་འདས་ལ་གུས་བཀུར་མེད་པ་དེ་འདྲ་ནི་མ་ཡིན་ནོ། བཅོམ་ལྡན་འདས་ཀྱིས་ཀྱང་ཇེན་ཆོས་ལུགས་ལ་སྤྱན་དཀྱུས་ཏོག་ཙམ་གཡོས་མྱོང་ཡོད་པའི་བཟོ་ཞིག་ངང་ངམ་ཤུགས་ཀྱིས་ཐོན་ཡོང་གི་འདུག་ད། ངས་དྲང་པོ་བཤད་ཡོད་དོ། ཡང་ཁྱེད་ཚོས་ཤོད་སྟངས་ནང་བཞིན་བྱས་ན་རྐུ་མ་བརྐུས་པ་རེད་ཟེར་དགོས་ཀྱང་ངས་དེ་ལྟར་ལབ་མི་ཕོད། །
http://www.kuenselonline.com/kharphu-the-ancient-bon-festival-of-first-offering/
འདི་གདོད་མའི་བོན་ལུགས་ཀྱི་ཞིང་ལྷ་མཆོད་སྲོལ་ཡིན་ས་རེད། འབྲུག་ཡུལ་འདི་བཀྲ་ཤིས་པར་ཤོག བོན་ལུགས་འདི་ཡུན་དུ་བརྟན་པར་ཤོག འབྲུག་མི་རྣམས་བསོད་ནམས་ཆེ་བར་ཤོག གདོད་མའི་མཆོད་པ་ཚང་མ་དམར་མཆོད་རྐྱང་རྐྱང་མ་རེད་ཟེར་ནས་མང་པོ་ཞུས་ཡོད། འདིར་གཟིགས་དང་དམར་འབུལ་ཆོག་གི་མེད་པར་བཤད་འདུག་གོ
ཡོངས་གྲགས་སུ་སྤྱོད་པ་འཚེ་བ་མེད་པ་དང་དེ་བྱ་དགོས་པའི་རྒྱབ་རྟེན་རིགས་ཚུལ་སྟོང་པ་རྟེན་འབྱུང་སྟོན་པར་མཛད་པས་སྟོན་པ་ཞེས་ཞུ་གི་ཡོད། ཕུང་པོ་ལ་བརྟེན་ནས་བཏགས་ཙམ་གྱི་བདག་ཡོད་པ་ལས། ཕུང་པོ་ལས་དོན་གཞན། རྟག་གཅིག་རང་དབང་བའི་བདག་ཁས་མི་ལེན་མཁན་ནང་པ་སངས་རྒྱས་པ་མ་གཏོགས་ཆོསས་ལུགས་གཞན་ཕལ་ཆེར་མེད་པ་ཡིན། བོན་པོ་ལྷན་རྒྱས་ཇི་འདྲ་ཡིན་མིན་གསལ་པོ་མི་ཤེས།
ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་མ་གཏོགས་ཕུང་པོའི་གསེབ་བམ་རང་རྐྱ་ཐུབ་པ་རང་བཞིན་གྱིས་གྲུབ་པ་འདོད་ཕྱིན་རྟེན་འབྱུང་གི་རྣམ་གཞག་བདེ་མོར་འཇོག་མི་ཤེས་ཏེ། རང་ལ་ནུས་པ་ཆ་ཚང་ཡོད་ན་གཞན་ལ་ལྟོས་པའི་དགོས་པ་མེད་པའི་ཕྱིར་རོ།
རྟེན་འབྱུང་དང་མི་འཚེ་བ་(ཟེར་བ་) ཞེས་མི་འདོད་པའི་རྣམ་འགྱུར་ཨེ་ཡིན་སྙམ། གང་ལྟར་དེ་ལྟར་མཁྱེན་ཅིང་གཟིགས་མཁན་གྲངས་ཀྱིས་མི་ཆོད་པ་བྱུང་ཡོད།
ནང་པ་ཕྱི་པའི་བར་ཐུན་མོང་བའི་དེ་ཙམ་མ་རེད་མང་པོ་ཡོད། ཐུང་མོང་བའི་བསླབ་པ་གསུམ། མ་ཟད་གསང་སྔགས་ཕྱི་སྤྱོད་དང་ཆོ་ག་ཕྱག་ལེན་ཐུན་མོང་མང་པོ་ཡོད་པ་ནི། ནང་པ་སངས་རྒྱས་པའི་ཞན་ཆ་ཁྱོན་ནས་མིན། ད་ལྟའི་སཉཀབས་སུ་ཡང་ནང་པའི་མཚན་རིག་དང་ལྟ་གྲུབ་སྡེ་ཚན་ནང་མཚན་རིག་པ་ནས་བླང་རྒྱུའི་ལེགས་ཆ་མང་པོ་ཡོད་མོད། ནང་པ་མཚན་རིག་པར་ཞུམ་འཁུམས་བྱ་དགོས་ཅི་ཡང་མེད། ང་ཚོས་ཁྱད་ཆོས་ཐོན་ས་ནི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལས་བརྩམས་པའི་རྣམ་གཞག་རིང་ལུགས་དེ་ཡིན། འོན་ཀྱང་ལེགས་བཤད་ཡིན་ན་སུ་ལས་བཔཀྱང་བརྗེ་ལེན་ཁ་གསབ་བྱས་པར་དགེ་ལས་སྐྱོན་མེད་སྙམ། ནང་པས་བཤད་པ་དང་ཐུན་མོང་བ་ཆ་འདྲ་བ་སོགས་ཕྱི་རོལ་པ་། མཚན་རིག་ཆོས་ལུགས་གཞན་ལ་ཡོད་པ་ནི་ཧང་སངས་ཧོན་ཐོར་དགོས་ཡས་ཁྱོན་ནས་མེད་པ་ཡིན། ད་དུང་ལེགས་ཆ་འདྲ་ཡོད་ན་ལེན་ཀྱང་གནང་དགོས་པ་ལས་སྤམ་མདོག་རྫིག་མདོག་བྱ་དགོས་པ་ཅི་མེད་སྙམ།
བཅོམ་ལྡན་འདས་ཀྱིས་ཇེན་ཆོས་བརྒྱུད་ལྟ་ཅི་སྲོག་ཆགས་གྲོག་སྦུར་ཡན་སྡང་མིག་གཡོ་བ་མཇལ་མྱོང་མེད་ལ་དེ་ལྟར་དངོས་ཡོད་ཡིན་པར་ཡིད་ཆེས་ནམ་ཡང་ཞུ་མི་ཐུབ། ཐུགས་བརྩེའི་བདག་ཉིད་ཁོང་གི་འདི་འདྲ་གནང་མི་སྲིད་པ་རེད་ལ་དགོས་པ་ཡང་དེ་བས་མེད་པས་སོ། །འོན་ཀྱང་རང་ཉིད་མཐོང་ཐོས་ཞན་པས་ཡིན་ཚེ་དེ་ལྟར་ཁུངས་ཐུབ་གང་ཡོད་དམ།
བཅོམ་ལྡན་འདས་ལ་གུས་པ་ཕར་བཞག་དད་ལོག་དང་ཁ་གཏོང་མ་གཏོང་རང་དབང་རེད། དེ་ནི་སྐུ་ཉིད་སྒེར་ཆོས་རེད།
བོན་པོས་གང་ནས་རྐུ་བཤུས་བྱེད་མིན་གུས་པར་ཁུངས་ཐེག་མེད་ལ་དེ་ལྟར་ནམ་ཡང་ཞུ་མྱོང་མེད་ལ་ད་དུང་ནམ་ཡང་ཞུ་བསམ་པ་ཡང་མེད། ཞུ་དགོས་ཀྱང་མ་མཆིས་སོ།།འོན་ཀྱང་རང་གི་གནའ་བོའི་རིག་གཞུང་ཡིན་བསམ་པའི་གུས་བརྩི་ཡོད།
གཞན་དང་གཞན་གྱིས་རྐུ་བཤུས་སོགས་ཅི་དང་ཅི་བྱས་ངར་འགན་ཐེག་དང་ཁག་ཐེག་གང་ཡང་མེད་རུང་། འོན་ཀྱང་སངས་རྒྱས་པའི་ཆོས་ཚུལ་འདི་ལ་གཞན་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཡང་ཡོད། ཐུན་མིན་རང་བཞིན་གྱིས་གྲུབ་པའི་སྟོང་པའི་རྟེན་འབྱུང་གི་དེ་ཁོ་ཉིད་དང་དེས་ཁྱད་པར་ལས་བྱུང་བའི་བསླབ་གསུམ་གྱི་རྣམ་གཞག་ཐུན་མོང་མ་ཡིན་པ་འཇོག་ཐུབ་སྙམ་མོ།།
དེ་ཡང་། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ།།
མི་ཤེས་པས་ནི་འགྲོ་བ་འཁྱམས་འགྱུར་ཅིང་།།
དེ་དག་ཐུགས་རྗེ་མངའ་བའི་ཐབས་ཚུལ་གྱིས།།
རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད།།
ཅེས་ཀྱང་ཐོས་སོ།།
བཀྲ་ཤིས་བདེ་ལེགས།།
མཆན་ཨང་༡༢༩ རིགས་ལྡན་རྒྱལ་པོས་མི་རིག་རྒྱུ་ཟིག་རིག་འདུག་ཀ ཤ་མ་བཟའ་གསུང་མཁན་བླ་མ་རེད། ཤ་ཚོན་པོ་ཟ་མཁན་བླ་མ་རེད་ཟེར་བ་དེ། ཕྱོགས་རིས་མེད། མཐུན་འབྲེལ་ཡོད་ལབ་མཁན་དེ་ལ་ཟེར་བ་ཡིན་མ་གཏོགས། ཁྱོད་དང་ཁྱོད་རིགས་ཀྱི་མགོ་གཅོག་བྱེད་ཀྱི་རྡོ་ཞིག་ཡིན་པ་ལ་སྣང་དོགས་མི་དགོས་ལོ། ལོ་རྒྱུས་བདེན་པ་ཡིན་ཞེས་པའི་གྲོང་གཏམ་ཟེར་བ། བོན་པོས་གཡག་དང་ར་ལུགས་གསད་ནས་རིམ་གྲོ་བཤད་ཚུལ་གྱི་སྒྲོ་བཏགས་དེ་ལ་ཟེར་བ་ཡིན། དེ་གྲོང་ཚིག་མ་ཡིན་ནམ། ངས་རྟེན་འབྱུང་སྟོང་བ་སོགས་གྲོང་ཚིག་ཡིན་ཞེས་མངོན་ལྐོག་གཉིས་ན་ལབ་མེད། རིགས་ལྡན་གྱི་རིག་རྒོད་བྱས་ནས་གོ་བ་ཕྱིན་ཅི་ལོག་གི་གླེགས་བམ་རྩོམ་ན་གང་འདོད་བྱོས། དམུས་ལོང་རྒད་པོས་སྟོན་པའི་ལམ་ཁ་ལ། ཞེས་པ་སོ་སོ་རང་ཉིད་ཀྱི་སྐྱོན་མ་མཐོང་ནས། གཞན་ལ་སློབ་སྟོན་གནང་མཁན་དེ་དག་ལ་ཟེར་བ་ཡིན། ཡང་ཤར་ལ་འཐེན་པའི་ལམ་དེ་ནུབ་ལ་འཐེན་འཁྱེར་བྱེད་ན་རང་ཉིད་ཐང་མི་ཆད་ན་ང་མི་ངལ། ད་དུང་ནང་བའི་ལྟ་བ་སོགས་ནས་ཤོད་ཤོག་ཟེར། གྲོང་ཚིག་ཚིག་བཞི་ཞིག་གི་གོ་བ་ལོན་མི་འདུག ལྟ་བ་སྟོང་ཉིད་ཟེར་བ་ཧ་ཅང་ཐལ་དྲགས་མི་འདུག་བེ། ཁྱོད་ཀྱི་གོ་བ་ལོན་མི་འདུག་ཟེར་ནས་ལོས་བདའ་བྱེད་ཀྱི་མིན་ད། དུག་ལྔ་མ་སྤངས་པའི་གང་ཟག་ཞིག་ཡིན་ཕྱིན། མདའ་འཕང་འཕངས་གཉིས་ཀ་འབེན་རང་གི་མཚང་རེད་བསམ་བསམ་ཅིག་ཡོད་རེད། དེའི་ཕྱོགས་ནས་ངས་ཁྱོད་ལ་བདེན་ཁ་བྱིན་ཆོག
ནང་པའི་ལྟ་བ་ཟབ་ཅིང་རྒྱ་ཆེ་བ། །
བདག་འདྲའི་མུའུ་ཐུང་གོམ་པས་གཞལ་མ་ལེགས། །
གྲོང་ཚིག་བཞི་ཡི་བསྟན་དོན་མ་རྟོགས་པར།།
ལྟ་བ་སྟོང་ཉིད་རྒྱང་ཐག་རིང་སོང་ཟིག།
རིགས་ལྡན་རིགས་ལ་ཞེན་པ་ཆེ་སོང་ཟིག།
རིག་རིག་གཉིས་ཀ་སྐྱོན་དུ་མཐོང་འགྲོ་ཀི།།
རིག་པའི་འགལ་ཟླའི་ཕྱོགས་ལ་མཆོང་འཇོག་ཀི།།
རིག་ཚོད་མེད་ཀྱང་མདའ་ཞིག་འཕེན་འཇོག་ཀི།།
ཧ་ཧ་ཧ་ཧ་ཧ་་་་་་་་
ཨ་བཤད་ཡང་བཤད་དགོས་པ་ཆུང། ངོ་སྤྲོད་མདོར་བསྡུས་ཞིག་བཤད་ན།
ཉོན་མོངས་དུག་ལྔ་འདུལ་བ་དེ་ང་ཡི་ལུགས། དུག་ལྔ་ལང་ཤོར་དུ་བཏང་
ཁྱོད་ཀྱི་ལུགས། ལྟ་བ་མི་གཅིག་སོ་སོ་རེད། ལུང་དང་རིགས་པ་ ཆོས་དང་
ལོ་རྒྱུས་གང་ལ་ཡང་ཁྱད་གསོད་བརྩིས་མེད་བྱེད་མཁན་འདི་ནི་ ས་པཎ་
ནས་ མཁས་པ་བརྒྱ་ལ་ང་མི་སྐྲག་ བླུན་པོ་གཅིག་ལ་ང་སྐྲག་ཞེས་གསུངས་
པའི་བླུན་པོ་དེའི་རང་བཞིན་ལས་མ་འདས་སོ།
གཏོ་བུ་དོད་ཏེ་སྟོན་པའི་སྤྱན་སྔར་བཞིན་གདམས་ངག་ཅི་ཙམ་བཤད་ཀྱང་བོང་ཀིའི་རྣ་ཆོས་བཤད་ཀྱི་དཔེ་ལས་མ་འདས། ཡང་གཏོ་བུ་དོད་ཏེ་ཟེར་ན་ཧ་གོ་མི་ཡོང་། ཡང་ལྟ་བ་དང་ལུང་རིགས་ཆོས་ལུགས་སོགས་ལ་ཁྱད་གསོད་གཏོང་གི་ཟེར་ནས་སྒྲོ་བཏགས་བྱེད་ཡོང་། དེ་བས་བོན་གྱི་མདོ་གཟེར་མིག་སོགས་ལ་མིག་ཞགས་རྐྱོངས་དང་ཧ་གོ་ཡོང་།
ཉོན་མོངས་དུག་ལྔ་འདུལ་བ་ཁྱོད་ཀྱི་ལུགས།།
ཞེ་སྡང་ཁོང་ན་འབར་བ་ཁྱོད་ཀྱི་ལུགས།།
འདོད་ཆགས་རྒྱ་མཚོ་ཁོལ་བ་ཁྱོད་ཀྱི་ལུགས།།
ང་རྒྱལ་རླུང་འཚུབ་འཕྱོ་བ་ཁྱོད་ཀྱི་ལུགས།།
གཏི་མུག་མུན་ལྟར་སྲོས་པ་ཁྱོད་ཀྱི་ལུགས།།
ཕྲག་དོག་མིག་ཟུང་དོག་པ་ཁྱོད་ཀྱི་ལུགས།།
གྲོང་ཚིག་བཞི་ཡི་གོ་དོན་མི་འཁྲོལ་བས།།
མཁས་བརྒྱས་མི་ཐུབ་མཁས་པ་ཁྱོད་དང་འཕྲད།།
མིག་ཟུང་ཕྱིན་ཅི་ལོག་གི་མཐོང་ལམ་ནས།།
གོ་བ་ཕྱིན་ཅི་ལོག་གི་ལན་ཞིག་བསྐྱོན།།
རྩམ་པ་རང་ཟོས་རྩམ་ཁུག་གཞན་ལ་སྐོན།།
རྐུན་མས་བདག་པོ་འཛིན་པའི་གཏམ་དུ་ཟད།།
བྱེད་ཐབས་འདི་དག་ཁྱེད་ཚོར་བྱང་ཆ་ལྡན།།
ཁྱད་གསོད་སུ་ཡིས་བཏང་མིན་ལེགས་པར་སོམས།།
ཧ་ཧ་ཧ་་་་་་་་
ཧམ་པ་དེ་ཡི་ཆེ་ལུགས་ལ་ ལྐུགས་ཨུ་ཙུགས་དེ་ཡང་ཆེ་ལུགས་ལ་
རང་ཉེས་གཞན་ལ་གཡོག་ལུགས་ལ་ ཆོས་ནང་པར་ཞེ་དེ་གནག་ལུགས་ལ་
ལུགས་བཞི་ལྡན་པའི་གདོན་གཟུགས་དེ་ སྨོན་ལོག་དམ་སྲི་ཡིན་པར་ངེས།།
བོན་གྱི་མཚན་ཉིད་ནི། རང་ལུགས་མེད་པའི་གཞན་ཆོས་བརྐུས་པ་ལས་བྱུང་བ་གང་ཞིག རྟོག་སྒྲུང་དང་རང་བཟོ་ལས་གྲུབ་པའོ། ། དཔེར་ན་མ་ཐོའི་ཆོས་ལུགས་བཞིན།
ཁ་བརྡའི་དྲ་བདག་ལགས་ཁ་སང་གི་རྩོམ་འདི་གང་ན་ཕྱིན་སོང་ངམ། ཅིས་མེད་པར་བྱས་སམ། གསལ་བཤད་ཅིག་གནང་རོགས། དངོས་གནས་མེད་པར་བྱས་པ་ཡིན་ན། དྲང་པོ་་་་་་་་་་་་་་་
སྦྱར་ཤོག་ངོས་གཉིས་མ།
སྐྱིད་སྲས།
ཁ་སྦུབ་དུག་སྦྲུལ་དྲང་པོར་མི་བགྲོད་པ།།
སྲིད་པ་ལུགས་འགྲོས་ལྕགས་ཀྱི་ཐམ་ལ་བཏབས།།
དགེ་སྡུག་མདའ་མོ་ཡོན་པོར་མི་འགྲོ་བ།།
རྒྱུ་འབྲས་ཐིག་ཤིང་ལས་ཀྱི་གཞུང་རྟར་ཆགས།།
འོན་ཀྱང་དུས་དང་བསྟུན་པའི་སྟོན་པ་གང་།།
དུས་རེར་ཞལ་རེ་སྟོན་པའི་འཕྲུལ་ལ་བྱང་།།
མཛུབ་མོ་ཤར་ཀེར་ནུབ་ལ་འགྲོ་དགོས་པ།།
དེང་རབས་སྟོན་པའི་གསང་བའི་ཐུགས་དགོངས་ལགས།།
ཡོན་པོའི་མིག་གིས་དྲང་པོར་མི་སྣང་ཀྱང་།།
ཡོན་པོའི་ལྕེ་ཡིས་དྲང་པོར་བརྗོད་པར་རེ།།
གཡས་ཞར་གཡོན་འཐེང་མཁས་པར་ཞལ་འཆེས་པ།།
དྲང་པོར་བགྲོད་པའི་ལོ་རྒྱུས་ཡོད་རེ་སྐན།།
ཉི་འོད་སྤར་གྱིས་འགོག་པའི་ཕྱག་རྒྱ་འདི།།
འུག་པའི་འཁོར་ཚོཊ་དགྱེས་པའི་གསོལ་སྟོན་ཡིན།།
ལུས་དང་མི་མཐུན་ཡ་མ་བརླ་ཡི་མགོ།།
རབ་ཏུ་བྲིན་པའི་ལོ་རྒྱུས་དྲེགས་པ་ཅན།།
མགོ་ཡི་ཞྭ་ཆེན་ལྕི་ན་ལུས་ཀྱི་རྔུལ།།
རྐང་རྩེའི་ཤིག་ཆེན་བཞག་ན་སྤྱི་གཙུག་སྙེགས།།
བསྙོན་པའི་གཏམ་ལ་ལ་བདེན་པ་མེད་མོད་ཀྱང་།།
ཅེས་པའི་དབྱེན་སྦྱོར་དེ་ཡིས་རྒྱལ་ཁམས་དཀྲུགས།།
གསལ་བྱེད་གདོང་རས་མེ་ལོང་བཞིན་འགྱུར་མ།།
ལྷ་ཚོགས་དབུས་ན་ལྷ་ཡི་བརྙན་དུ་དོད།།
བདུད་ཚོགས་དཀྱིལ་ན་སྲིན་བུ་སྒམ་ཚུགས་ཅན།།
སྒྱུ་མའི་གར་མཁན་མང་འདུས་ཁྲོམ་ན་སྐྱེན།།
ཀླད་པ་དུང་གི་རྒྱ་མཚོའི་རབ་ཁ་ལ།།
གནའ་དེང་ཤེས་རིག་ནོམ་ཆེན་ཞག་ཏུ་འཁྱིལ།།
ཙི་ཏ་མཆོང་གུར་སྨུག་པོའི་ནང་རོལ་ན།།
ཕྱོགས་སུ་ལྷུང་བའི་ཚད་ཤིང་ཡོན་པོར་བཟུང་།།
བསམ་ཡས་ཁྲི་ན་མཁན་པོས་སྟོན་པ་མཛད།།
རྒྱལ་བོའི་འཁོར་ན་མཁན་པོ་རྔོན་པར་སྤྲུལ།།
མདའ་གཅིག་ཁོ་ནས་གླང་གསད་གླང་རྭ་བཀོག།།
མཁན་པོ་མདའ་ལ་བྱང་དུ་ཆུབ་ལ་ལྟོས།།
བློ་གཉིས་མི་ཡིས་འདི་ཕྱིའི་དོན་མི་འགྲུབ།།
རྩེ་གཉིས་ཁབ་ཀྱིས་ཟ་འོག་འཚེམ་མི་འགྲུབ།།
ཅེས་པའི་གཏམ་ལ་བདེན་པ་ཡོད་སྲིད་ན།།
དེང་འདིར་མགོ་གཉིས་དབུ་འཕང་ཅི་ལ་མཐོ།།
ལས་དབང་གནམ་ལ་བཅོལ་བའི་ཁ་རྩང་དང་།།
ཕོར་བ་ཕྱི་ལ་བཟེད་པའི་དེ་རིང་ལ།།
མཐུན་སྒྲིལ་ཟེར་བ་ཁ་ཡི་ནོམ་ཆེན་ཞིག།
ཐོས་པ་མ་གཏོགས་མཐོང་བའི་ཡུལ་མ་ལགས།།
བརྒྱ་འདུས་ཁྲོམ་ན་ཁྱོད་ཉིད་ལྷ་རུ་བགྲང་།།
སྟོང་འདུས་དབུས་ན་ཁྱོད་ཉིད་མི་ལས་སྐྲོད།།
མི་རེ་སྐྲབ་པའི་སྤྲེའུ་བསྒྱུར་དོན་གཉིས་རེས།།
འཁོར་ཚོགས་བྱེ་བའི་མིག་འབྲས་རིམ་གྱིས་སྐྲུ།།
སྟོད་ཕྱོགས་རྫ་ན་སྤྱང་ཀིས་སྟག་པགས་གྱོན།།
སྨད་ཕྱོགས་སྤང་ན་སྤྱང་ཀིས་ལུག་པགས་གྱོན།།
སྟོད་སྨད་ཀུན་ན་མི་མཚུངས་ཆ་ལུགས་རེས།།
རིགས་མཐུན་སྤུན་ཟླའི་ཤ་དང་ཁྲག་ལ་འཇུབ།།
གཞན་སྐྱོན་མཐོང་བའི་མིག་འབྲས་འབུར་དུ་དོད།།
རང་སྐྱོན་བརྟགས་པའི་མིག་ཟུང་ཕུ་ན་ཟུམ།།
གཤོག་པ་མེད་ཀྱང་གནམ་ལ་འཕུར་རབས་བཤད།།
གཤོག་ཡ་བྲལ་བའི་འཕུར་རྩལ་ངས་མ་མཐོང་།།
འོ་ཡ། སྐྱིད་སྲས་ལགས། ངས་ད་དུང་མགོ་ཚོད་མ་སོང་། གོ་ནོར་ཐེབས་ཡོད་ས་རེད། དགོངས་པ་དག་པར་ཞུ། ག་ལེ་བཞུགས་གནང་།
རྙིང་མ་པ་ཚོར་རྫོགས་ཆེན་གྱི་ཁུངས་དྲིས་དུས་མི་་ཡུལ་ལས་འདས་པའི་ས་ཆ་ནག་ཧུ་རེ་བ་ཞིག་ལ་མི་ལས་འདས་པའི་གང་ཟག་རྫིག་རི་ལེ་བ་ཞིག་ཡོད་ཟེར་ནས་གཏམ་ནག་ཆི་ལེ་བ་ཞིག་འཆད་ཡོང་། འདི་ནི་རྐུན་མ་རྫབ་ཆེན་གྱིས་རྫུན་ཧམ་ཆེན་བཤད་པ་རང་ལས་མ་འདས་སོ། ད་དུང་ཐེག་པོ་ཆེན་པོའི་ལུགས་འདི་ཡང་དེ་བཞིན་ནོ། འོ་ཉི་སོགས་ལ་ནི་མང་པོ་བཤད་ཚར། ད་དུང་གོ་བརྡ་མི་འཕྲོད་ན་དེ་ག་རང་དུ་འཇོག་རྒྱུ་ལགས། ཧ་ཧ་ཧ། ཅིག་བྱས་ན་འོ་ཉི་འདི་བ་སྒོ་ལ་སྤྱུགས་མཁན་གྱི་སྐྱེས་དམན་དེ་བོན་པོ་ཞིག་མིན་འགྲོ། སྙིང་ན་ལུགས་དེ་དེར་བལྟས་ན། འཚིག་པ་གཡག་ལ་ཟོས་ནས་ལྕགས་ཀྱིས་རྟ་ལ་བྲབ་ཟེར་བའི་དཔེ་དེ་རང་ལགས།
སངས་རྒྱས་པ་ལ་བཞི་བ་དང་། ལྔ་བ་ཐུབ་པའི་དགོངས་པ་མིན། ཟེར་བའི་ལུང་དང་། རྫོགས་ཆེན་དང་དབུ་མ་གཉིས་ལྟ་བའི་ཆ་ནས་མི་འདྲ་ཅི་ཡང་མེད་པའི་བཤད་སྟངས་སོགས་ལ་བལྟས་ན། བོན་པོའི་རྫོགས་ཆེན་དང་རྙིང་མའི་རྫོགས་ཆེན་གཉིས་ཐ་སྙད་ཙམ་ལས་དོན་གྱི་ཆ་ནས་ས་དང་གནམ་གྱི་ཁྱད་པར་ཡོད་པའང་ཤེས་ནུས་པ་འདུག ཐེག་པ་ཆེན་པོའི་ཆོས་འདིའང་ལེགས་སྦྱར་གྱི་སྐད་ལས་པ་ལིའི་སྐད་ལ་མེད(འགའ་རེས་བལ་བོའི་ཡུལ་ག་ཤེད་ཅིག་ལ་ཡོད་ཚུལ་ཟེར་ཡང་སྟོན་རྒྱུ་ཅང་མི་འདུག)་པའི་ཚུལ་འདི་དང་། དེང་དུས་ཀྱི་རྒྱ་གར་བ་ལོ་རྒྱུས་སྨྲ་བ་འགས་རྒྱུ་མཚན་དཔང་དུ་བྱས་པའི་རྩོམ་ཡིག་འགའ་རེར་བལྟས་ནའང་མགོན་པོ་ཀླུ་སྒྲུབ་ཀྱིས་གང་ནས་ཁྱེར་ཡོང་བ་ཤེས་ཐུབ་རྒྱུར་འདུག་གོ།
ནམ་མཁའི་ནོར་བུ་བོན་པོའི་ཚབ་མཚོན་དུ་འཇོག་ན་བོན་པོ་ཟེར་བ་ཞིག་ངོ་མ་ཤེས་པའི་ནང་རྟགས་ཕྱི་ལ་བསྟན་པ་ཁོ་ན་ཡིན་ཞིང་། ནམ་ནོར་གྱིས་བོན་པོའི་རབ་བྱུང་བའི་སྐོར་ལ་བཤད་པའི་གཏམ་དེ་ནི་བོན་གྱི་འདུལ་བརྒྱུད་ཀྱི་རྣམ་ཐར་མིག་གིས་མ་མཐོང་བའི་སྐྱོན་ཁོ་ན་ལགས། དེ་ཡང་ཁག་མེད་དེ། སྔོན་གྱི་དུས་སུ་བོན་གྱི་འདུལ་འཛིན་པ་རྣམས་ཀྱིས་རྒྱལ་པོའི་ཆབ་སྲིད་ལ་ཐེ་བྱུས་གང་ཡང་མི་བྱེད་པའི་རྐྱེན་གྱིས་བོན་གྱི་རྒྱལ་རབས་ཡིག་ཆར་ཡང་དེ་དག་གི་ལོ་རྒྱུས་མ་བྱུང་བ་རེད། ནམ་ནོར་གྱིས་དོ་སྣང་བྱེད་སའང་བོད་ཀྱི་རྒྱལ་རབས་དང་འབྲེལ་བའི་བོན་གྱི་ལོ་རྒྱུས་འབའ་ཞིག་རེད། དེར་བརྟེན་ཁོང་ལའང་ཕྱོགས་གཅིག་ནས་ཁག་མི་འདུག་སྟེ་ཕྱོགས་གཞན་ཞིག་ནས་ཞེ་ས་མ་ཞུས་ན་དྲེགས་པ་ཆེ་དྲགས་པའི་སྐྱོན་ཡང་རེད་དོ།
སྲོང་བཙན་སྔོན་ནམ་སྔར་གྱི་བོན་རྙིང་ལ་རབ་འབྱུང་ངམ། གྲྭ་པ་དང་ཅ་ནེ་མེད་པར་ངས་ཀྱང་འདོད་དོ།།
ཅ་ནེ་ཨ་ནེ་ལ་བཅོས་ནས་ཀློགས་གྲོགས་གནོངས།
ཀརྡོ་ལགས་མཐོང་རྒྱ་ཐོས་རྒྱ་ད་དུང་གསོག་རོགས་གནང། དགག་པའི་ཉི་མ་ཤར་འདོད་ན། ཕ་རོལ་གྱི་གནས་ལུགས་ལོ་རྒྱུས་ལ་རྒྱུས་མངའ་དགོས་པ་ལས། མུན་ནག་མདའ་འཕེན་གྱིས་ཐག་ཆོད་ཀྱི་ཚིག་མཐའ་འཕེན་པ་ནི་ཡ་མཚན་རེད།
སྒེར་གྱི་འདོད་པ་ནི་འདོད་པ་ཙམ་སྟེ། དོན་ལ་གནས་མིན་རྒྱུ་མཚན་འབའ་ཞིག་ལ་རེགས་ལས་པ་ཡིན་ནོ།
མཆན་ཨང་༡༣༨བཀྲ་ཤིས་ལགས།
དུག་ལྔ་སྤངས་པའི་ལུགས་ཀྱི་གང་ཟག་བཀྲ་ཤིས་ཟེར་བ་འདིས། ད་དུག་ལྔས་ཁ་བཀང་ནས་སྨོན་ལམ་ལོག་པའི་དམ་སྲི་ཟེར་བཞིན་ཚིག་གི་གཡུལ་བཤམས་ནས་ཚིག་མདའ་འཕེན་བཞིན་འདུག སྙིང་རྗེ། སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འབྲེང་གཅིག་ཏུ་སྐྱེས་ཕྱིན། སྟོན་པ་གཤེན་རབ་ནང་བཞིན་བཟོད་པའི་གོ་གྱོན་སྙིང་རྗེས་དམག་དཔུང་བསྐྱེད། བདུད་གླིང་ཕམ་མཛད་ལོག་ལྟས་གཡུལ་ངོ་བཟློག
གསུང་བ་ནང་བཞིན་ཁྱོད་ཀྱི་གཡུལ་དེ། བྱམས་བརྩེ་དང་སྙིང་རྗེས་མགོ་ལ་བྱིལ་བྱིལ་ཅིག་བྱེད་འཇོག་དང་དེའི་ཟློག་འགྲོ། དེ་ངའི་ལུགས་ཀྱི་བདུད་ཟློག་བྱེད་ཀྱི་ཐབས་ལམ་ཡག་ཤེས་དེ་ཡིན་ད། དེ་བླངས་བྱ་ཅིག་རེད་བསམ་ན་ལོངས་དང་། ཁྱོད་ལུགས་ཀྱི་དུག་ལྔ་སྤངས་ཀྱང་ཞེ་སྡང་མངོན་གྱུར་ཞིག་ཀྱང་མགོ་གནོན་མི་ཐུབ་པ་ལྟ་བུ་ཁྱོན་ནས་མིན་འགྲོ། ཧ་ཧ་ཧ་་་་་་་་་ཀུ་རེ་དང་དྲང་གཏམ་སྦྲགས་མ་ཡིན་ད།
སྐྱིད་སྲས་ལགས་ནས་མདའ་གཏན་ནས་འཕེན་མེད་ཞེས་འདོད་དམ། མདའ་འཕེན་
ན་འཕེན་ལུགས་ཁྱད་པར་ཡོད། དུག་ལྔས་བཀང་བའི་དུག་མདའ་འཕེན་པ་དེ་ཁྱོད་
ཀྱི་ལུགས། དུག་ལྔ་འཇོམས་པའི་ལྷ་མདའ་འཕེན་པ་དེ་ང་ཡི་ལུགས། བཟོད་པའི་
གོ་གྱོན་ཞིང་སྙིང་རྗེས་གཡུལ་ངོ་ཟློག་ཐབས་ཀྱང་བྱས་པ་ཡིན་ཏེ། དྲག་པོ་མངོན་
སྤྱོད་ཀྱི་བཟློག་དགོས་པ་འདྲ། ཀུ་རེ་དོན་དམ་གཉིས་ཀ་ཡིན་ད།
ད་ངས་ཁྱོད་ལ་གླུ་ཞིག་ཕུལ་ཆོག
ས་ཐག་རིང་མཚམས་ནས་མདའ་ཞིག་འཕངས།།
མདའ་འཕང་པ་དམར་ཡག་སྟག་ལ་འཕངས།།
སྟག་ཤི་བོ་ཞིག་གི་རོ་ལ་ཕོག།།
སྟག་ཤི་བོ་ཡིན་པ་མ་ཤེས་ཐལ།།
སྟག་ཤི་བོ་ཡིན་པ་ཤེས་རྒྱུས་ན།།
གཞི་འོ་བརྒྱལ་མི་གཏོད་ཁོ་ཐག་ཡིན།།
ང་རྔོན་པས་མདའ་ཤུགས་འཕྲོ་བརླག་རེད།།
དེའི་སྟེང་ལ་ངོ་སོ་རྫོབ་བཞག་ཐལ།།
ཧ་ཧ་ཧ་་་་་་་་་་རྩེད་མོ་ཡིན་ད།
ཞིབ་འཇུག་པ་ཞིག་ཡིན་ཟེར་ནས་གང་དྲན་བརྗོད་པའི་ཁུངས་མེད་ངག་འཆལ་གི་རྗེས་སུ་འཇུག་ནས་རྫོགས་ཆེན་ཁ་ཆེའི་ཆོས་ལུགས་རེད་ཟེར་མཁན་གྱི་ཞིབ་འཇུག་པ་སྨྱོན་གཏམ་ཅན་དེ་ལ་རྒྱབ་སྐྱོར་བྱེད་པ་དེས་རྒྱབ་སྐྱོར་བ་རང་ཡང་དོན་གནད་གང་ཡིན་ཧ་མ་གོ་བར་སྨྱོན་པ་ལྟ་བུ་ཞིག་ཡིན་མཚོན་ཐུབ།