ཤར་ཕྱོགས་ཁུག་རྟ།
གདན་ས་ཆེན་པོ་དགའ་སེར་གཉིས་གཙོས་བཙན་བྱོལ་བོད་མིའི་སྡོད་གནས་ཁག་ཅིག་ཏུ། འོས་བསྡུའི་ཁྱབ་བསྒྲགས་ཆེད་བསྐྱོད་པའི་ཀླུ་མཁར་བྱམས་ལ་རང་གི་ས་ཁོངས་སུ་གཏམ་བཤད་ཞུ་སའི་སྡིངས་ཆ་མ་སྤྲད་པའི་གནས་ཚུལ་དང་འབྲེལ། སྒེར་གྱི་རྒྱུད་ལམ་གང་སར་ཡིག་རིགས་སྣ་མང་ཐོག་དེའི་ཐད་བཟང་ངན་གཉིས་ཀྱི་བསམ་ཚུལ་སྤེལ་བའི་ནང་། མི་རེ་ཟུང་གཅིག་རྗེས་གཅིག་འཐམས་ཀྱིས་”སྨྲ་བརྗོད་རང་དབང་མེད་ཚུལ་”དང་། ”མང་གཙོའི་གོ་རྟོགས་མེད་ཚུལ་”གཉིས་གང་སར་བྲིས་ཏེ་བཀྲམས་འདུག་པ་ལས། དེའི་རྒྱུ་མཚན་འབྲི་རྒྱུ་རྙེད་མེད་པ་མིག་ཡོད་ཕྱིན་མི་མཐོང་བ་མེད་པའི་གནས་སྟངས་བྱུང་འདུག
དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས། ‘’དུག་སྦྲང་གི་གཤོག་པས་བྲག་རིར་གཞུས་ན། མི་རྣམས་གད་མོ་འཆོར་བའི་’’ངང་ཚུལ་ལས་མ་འདས་གསུངས་པ་ལྟར། གླེང་གཞི་ཅན་དང་རྙོག་གླེང་བཟོ་རྒྱུར་ཧུར་བརྩོན་བྱེད་པའི་མི་སྣ་རེ་འགའི་བྱེད་བབ་གླེང་རིན་མེད་པ་དང་། གླེང་ན་དགོས་ཕན་ཏིལ་འབྲུ་ཙམ་འཕྲལ་ཕུག་གང་དུའང་མེད་པ་ཕྱོགས་ཡོངས་ནས་དཔག་ཐུབ་ཀྱང་། བྱུང་རབས་ཡིག་ཚགས་ནང་བདེན་པ་མིན་པའི་གནས་ཚུལ་མི་ཡོང་ཆེད། གདན་ས་ཆེན་པོ་དགའ་ལྡན་དང་སེ་ར་བླ་སྤྱིའི་ཐག་གཅོད་དེ་དོན་ལ་གནས་ཚུལ་རྒྱུ་མཚན་དང་བཅས་བཤད་འདོད་བྱུང་།
མང་གཙོའི་གོ་དོན་ཐད་ད་བར་འཇིག་རྟེན་འདིའི་སྟེང་མཚན་ཉིད་གཅིག་གྱུར་ཞིག་བྱུང་མེད་ནའང་། མི་མང་གི་མངོན་འདོད་དབུས་སུ་འཇོག་པ་དང་། མངོན་འདོད་མི་མཐུན་པ་འཛིན་མཁན་ཉུང་ངུ་ཡོད་ཆོག་པ། མང་ཉུང་ཕྱོགས་ཕན་ཚུན་བར་རྒྱུ་མཚན་ལྡན་པའི་བསམ་ཚུལ་མི་མཐུན་པ་བྱུང་ན་བརྩི་བཀུར་བྱེད་དགོས་པའི་གུ་ཡངས་ཡོད་དགོས་པ་མ་ཟད། རྒྱལ་ཁབ་བམ་མངའ་སྡེ། ཡང་ན་སྐྱབས་བཅོལ་བའི་གནས་བབ་གང་ཞིག་ཡིན་ཡང་། སྤྱི་མོས་སམ་མང་མོས་ཀྱིས་དེའི་མདུན་ལམ་སྒྲུབ་ཐུབ་དུ་ཐག་བཅད་པའི་ཁྲིམས་སྒྲིག་ཁག་ལ་ངེས་པར་དུ་མངོན་འདོད་མི་མཐུན་པ་འཛིན་མཁན་ཚོས་ཀྱང་བརྩི་བཀུར་དང་། འགན་འཁུར་དགོས་པ་ཡིན་ལ། སྲིད་དོན་ཚོགས་པ་ཡོད་མེད་དང་། ཐད་ཀའི་མང་གཙོ་དང་སྐུ་ཚབ་ཀྱི་མང་གཙོ་སོགས་གང་ཞིག་ཡིན་མིན་ལ་མ་ལྟོས་པར། ཕྱི་ལོ་མ་བྱུང་གོང་གི་ ༥༠༧ ལོར་ཐོག་མར་གྷི་རིག་ཡུལ་དུ་མང་གཙོ་བྱུང་བ་ནས་ད་བར་གྱི་འཕེལ་འགྱུར་ལ་རོབ་ཙམ་བལྟས་ཏེ་དཔྱད་ན། མང་གཙོའི་མཚན་ཉིད་ཅིག་རྙེད་པ་ནི་མི་མང་གི་མངོན་འདོད་སྤུངས་ཏེ་ཐག་བཅད་པའི་ཁྲིམས་དེར་བསྐྱར་བཅོས་ཀྱི་ལམ་ནས་ཕྱིར་མི་མང་ལ་དབང་བསྒྱུར་བྱེད་པའམ། མི་མང་གི་མངོན་འདོད་ལ་འགན་ལེན་ཁེག་ཐེག་བྱེད་པ་ལ་ཟེར་དགོས་པར་འདོད་པས། དེང་གི་ཆར་འཇིག་རྟེན་འདིར་མང་གཙོའི་རྒྱལ་ཁབ་ ༡༢༣ ཡོད་པའི་ཁྲོད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གཞི་གདན་རང་རང་ཡུལ་མིའི་མངོན་འདོད་དབུས་སུ་བཞག་སྟེ་གཏན་འབེབས་མ་གནང་བ་གཅིག་ཀྱང་མེད་པ་མཁས་རྣམས་མགྲིན་གཅིག་གིས་བཞེད།
རྒྱུ་མཚན་དེས་༧གོང་ས་སྐྱབས་མགོན་ཆེན་པོ་༧སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ནི་བོད་ཀྱི་ངོ་བོ་དང་བླ་སྲོག་ཡིན་པ། མང་གཙོའི་ལམ་ནས་མགྲིན་གཅིག་དབྱངས་གཅིག་གིས་ངོས་འཛིན་གནང་བ་ཙམ་མ་ཟད། ༧གོང་ས་ཆེན་པོར་ཐུགས་འདུན་མེད་བཞིན་དུ་བཅའ་ཁྲིམས་རིན་པོ་ཆེ་བསྐྱར་བཅོས་སྐབས།་བོད་མིའི་བླ་སྲོག་ཡིན་པ་བཅའ་ཁྲིམས་དོན་ཚན་དང་པོར་འགོད་འབུལ་གཏན་འབེབས་གནང་བ་ནི་ཀུན་ལ་མངལ་གསལ་བཞིན་དུ། བཙན་བྱོལ་བོད་མིའི་མང་གཙོ་དང་ཁྲིམས་ཀྱི་བྱུང་རིམ་དེ་དག་ལ་སྔ་ཕྱི་བར་གསུམ་དུ་རྩིས་མེད་སྣང་ཆུང་གིས་’’ མང་གཙོ་དངོས་སུ་ལག་བསྟར་’’ ཟེར་བ་ལྟ་བུ་གཞི་མེད་ཀྱི་ཐ་སྙད་སྤྱད་དེ། ༧བརྩེ་ཆེན་དབུ་ཁྲིད་ཀྱིས་བཙན་ཐབས་སུ་གནང་བའི་རང་རེའི་མང་གཙོ་ལ་ལོག་འགྲེལ་དང་། བཅའ་ཁྲིམས་དགོངས་དོན་བོད་དང་བོད་མིའི་ངོ་ཚབ་མཚོན་པའི་༧གོང་ས་ཆེན་པོར་དངོས་ཤུགས་རྒྱུད་གསུམ་ནས་མཚན་སྨོད་ཞུ་མཁན་ཞིག་ལ། སྡིངས་ཆ་མི་སྤྲོད་པ། རིང་སར་འཇོག་པ། ཐ་ན་བོད་དང་བོད་མིའི་ལས་དོན་ཆེ་ཕྲ་གང་གི་ཆེད་དུའང་མཉམ་རུབ་མི་བྱེད་རྒྱུའི་ཐོབ་ཐང་ཆ་ཚང་བོད་མི་མི་རེ་ངོ་རེར་ཡོད་ལ། ཐ་ན་བོད་མིའི་གྲས་ནས་ཕུད་རྒྱུའི་ལམ་ཁ་ཡོད་པ་ཚང་མ། མང་གཙོའི་འགྲོ་ལུགས་དང་མཐུན་པ་མ་ཟད། ཁྲིམས་དང་ཡོངས་སུ་མཐུན་པ་ཡིན། དཔེར་ན་ཨ་རིར་ལྟ་བུར་མཚོན་ན། སྲིད་འཛིན་ཨའོ་བྷ་མས་སྒེར་གྱི་སྒྲིག་འཛུགས་ལ་བདག་པའི་ས་ཁོངས་ནས་གཏམ་བཤད་གནང་དགོས་ཚེ། ཆོག་མཆན་ཞུ་ཡུལ་སྒེར་གྱི་སྒྲིག་འཛུགས་དེ་ཡིན་ལ། ཆོག་མཆན་སྤྲོད་དང་མི་སྤྲོད་དབང་ཆ་ཚང་མ་སྒེར་གྱི་སྒྲིག་འཛུགས་དེར་ཡོད་པས། མང་གཙོ་ཡིན་མིན་དང་གཏམ་བརྗོད་རང་དབང་ཡོད་མེད་ལ་འབྲེལ་བ་གང་ཡང་མེད།
གཉིས། ད་འོ་ན་གཏམ་བརྗོད་རང་དབང་བཀག་པ་རེད་དམ་ཟེར་ན། གཏམ་བརྗོད་ནི་བཅའ་ཁྲིམས་རིན་པོ་ཆེ་དོན་ཚན ༡༢ པའི་ནང་བོད་མི་རྣམས་ལ་ཡོད་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་གི་གྲས་སུ་འདུ་བ་ཡིན་པས། བཙན་བྱོལ་བོད་མི་ཚོར་གཏམ་བརྗོད་རང་དབང་ཆ་ཚང་ཡོད། འོན་ཀྱང་། བཅའ་ཁྲིམས་རིན་པོ་ཆེར་གཏམ་བརྗོད་རང་དབང་གི་ས་མཚམས་ད་དུང་གཏན་འབེབས་བྱས་མེད། མི་རིགས་ཀྱི་རིག་གནས་དང་གོམས་གཤིས་ཡག་པོ་མེད་པའི་རྒྱལ་ཁབ་ཚོས་གཏམ་བརྗོད་ཀྱི་ས་མཚམས་ཁྲིམས་ཐོག་གཏན་འབེབས་གནང་སྔ་བ་ཁྲིམས་ལུགས་པ་དང་ཆབ་སྲིད་པ་ཚོས་བཞེད་ལ། མང་གཙོའི་ལམ་སྲོལ་ནང་དེ་ནི་དགོས་ངེས་ཅན་ཞིག་ཡིན་པ་བཤད་ག་ལ་དགོས།
ཡིན་ནའང་བོད་མི་རྣམས་ལ་རྒྱུ་འབྲས་ཁྲིམས་ལུགས་དང་ཡ་རབས་ལམ་སྲོལ་གྱི་འདུ་ཤེས་གཏིང་ཟབ་པ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་གཞིའི་གཞི་མེད་ཀྱི་གཏམ་བརྗོད་ཀྱིས་མཚོན་ལུས་ངག་ཡིད་གསུམ་གྱི་སྤྱོད་ངན་ཐོན་པ་ཉུང་ཉུང་ཡིན་ནའང་། བོད་མི་རེ་འགས་མང་གཙོ་ཁ་ནས་སྒྲོག་ཞོར་དོན་དུ་གཏམ་བརྗོད་རང་དབང་གི་ས་མཚམས་ལས་བརྒལ་བའི་གཞི་མེད་གཏམ་བཤད་རྐྱང་ཞུ་བཞིན་པ་མཐོང་གསལ་འདི་རེད།
གནས་ཡུལ་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན ༡༩ པའི་ནང་གསེས་གཏམ་བརྗོད་རང་དབང་གི་ས་མཚམས་ཁག་ལ་གཞིགས་ན་ཀླུ་མཁར་བྱམས་ལྟ་བུར། གཏམ་བཤད་ཞུ་སའི་སྡིངས་ཆ་སྤྲོད་དགོས་པའི་གནས་བབ་ཕར་ཞོག བཙོན་ཁང་དུ་བསྐྱལ་ཆོག་པའི་ཉེས་པ་འབབ་པའང་གསལ་བོ་ཡིན་སྟབས། མང་གཙོ་དང་ཁྲིམས་ལུགས། བོད་མིའི་ཐུན་མོང་མིན་པའི་རྒྱུ་འབྲས་རིག་གནས་སོགས་གང་ནས་ལྟོས་ཀྱང་ཁོའི་སྨྲ་བརྗོད་རང་དབང་འགོག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཁོ་ནི་ཁྲིམས་ལུགས་དང་མང་གཙོར་དོན་དམ་པའི་བརྩི་བཀུར་ཞུ་མི་ཐུབ་མཁན་ཞིག་ཡིན་པ་གསལ་བོ་ཆགས་ཡོད་སྟབས། གདན་ས་ཆེན་པོ་དགའ་ལྡན་དང་སེ་ར་ནས་ཁོང་གི་གཏམ་བཤད་བཀག་འགོག་གནང་བ་ནི་དོན་ལ་གནས་པ་ཞིག་རེད།
མཐའ་དོན། སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། ‘’ མིའི་འགྲོ་བ་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་པས། སྤྱི་ཚོགས་མེད་པར་འཚོ་མི་ནུས། སྤྱི་ཚོགས་རྒྱ་ཆེར་ཕྱིན་སྐབས་སྒྲིག་འཛུགས་མེད་ན་གནས་མི་ཐུབ། སྒྲིག་འཛུགས་ནི་ལམ་སྲོལ་དང་ཁྲིམས་ལ་བརྟེན་དགོས་’’ ཞེས་གསུངས་པ་བཞིན། ངོ་བོ་དང་དམིགས་ཡུལ་མི་གསལ་བའི་གླེང་གཞི་ཅན་གྱི་མི་རེ་ཟུང་གིས་སྤྱི་ཚོགས་ནང་གླེང་རྙོག་བསྐྲུན་སྐབས། མང་གཙོའི་སྤྱི་ཚོགས་ཀྱི་མ་གདན་ཁྲིམས་ཀྱིས་བསྒྱུར་བའི་གནས་བབ་ལ་བློ་འཁེལ་རྒྱུའི་སྤོབས་པ་མ་རྙེད་པར། གང་སར་གཡམ་རྒྱུགས་ཀྱིས་ཚོད་དཔག་དང་ཁ་ཐུག་དྲན་ཚུལ་འབའ་ཞིག་ཐད་སྤྲོས་བྱས་ན། ཤེས་ཡོན་པའི་ལུགས་སུ་མི་རུང་ཞིང་། སྤྱི་ཚོགས་ནང་བརྡབ་གསིག་ཡོང་ཉེན་ཆེ་བ་བཤད་མ་དགོས་པས། གནད་དོན་ཅི་ཞིག་ལྷག་སྐབས་སོ་སོ་ནག་འཐོམས་མེར་ཆུ་སྣ་གར་ཁྲིད་ཆགས་མ་དགོས་པ་ཞིག་ཏུ་འགྱུར་དགོས་ན། མང་གཙོ་དང་ཁྲིམས་ཀྱི་གནད་དོན་འདི་རིགས་ལ་དོ་སྣང་ཞིབ་ཚགས་གནང་གལ་ཞེས་ཀྱང་ཞུ་ཐལ་ཤོར་ལ།
ཁོ་བོས་གོང་དུ་བརྗོད་པ་བཞིན། བསམ་བཞིན་ལོག་པའི་ལམ་དུ་ཁྱད་གསོད་ཀྱིས་ཞུགས་མཁན་ཞིག་ལ་ལམ་ནོར་ལྡོག་ཤེས་ཤིག་གཏན་དུ་ཡོང་རེ་མེད་ཀྱང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་རབས་ལ་འགན་འཁུར་གྱིས་གནས་བབ་འདི་དག་ལོ་རྒྱུས་ཡིག་ཚགས་སུ་དུས་ལྟར་འཇོག་བློ་ནོན་མི་ཐུབ་པ་ཞིག་སྐྱེ་བས། ཡི་གེ་འདི་དག་འབྲི་བའི་ངལ་བ་དང་དུ་བླངས་པ་ཡིན་ལ། རྒྱུ་མཚན་ཕྲ་མོ་ཙམ་གྱི་ལན་འདེབས་རེ་ཡོད་པ་ཡིན་ན། ཅལ་འདྲོགས་ཕྱོགས་ཙམ་མཐོང་མཁན་དག་ལའང་ལན་སྟེར་རྒྱུའི་ངལ་བ་མུ་མཐུད་ལེན་འདོད་ཡོད། བདེན་པ་རྒྱལ་ལོ། གནས་ལུགས་རྒྱལ་ལོ།།
༢༠༡༥། ༩། ༢༧། གཟའ་ཉི་མའི་ཉིན།།
༼བསམ་ཚུལ༽ སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་བྱམས་ལ་གཏམ་བཤད་ཀྱི་གོ་སྐབས་མ་གནང་བ་དེས་་་་རྒྱ་ནག་གཞུང་འཛིན་པས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་དེ་མང་གཙོ་ཡང་དག་པ་མ་རེད་ཟེར་བ་དང་གཞུང་གི་ལངས་ཕྱོགས་དབུ་མའི་ལམ་ལ་རང་བཙན་འདྲེས་འདུག་ཟེར་བའི་སྨྱོ་ལབ་དང་ཧམ་བཤད་དེར་དོན་གྱི་ལན་འདེབས་གཉིས་མེད་པ་ཆགས་སོང་་་་
དང་པོ་་་་་ཀླུ་བྱམས་རང་བཙན་གཙང་མ་ཐབས་རྩོད་བྱེད་མཁན་ཞིག་སྲིད་སྐྱོང་གི་འོས་མིར་ལངས་ཆོག་པ་ཙམ་དུ་མ་ཟད་བོད་མི་གནས་ཡུལ་གྱི་ས་ཕྱོགས་གང་སར་རང་ཉིད་ཀྱི་ལངས་ཕྱོགས་དང་ཆ་གཞི་གསལ་བཤད་གནང་རྒྱུའི་གོ་སྐབས་ཤིག་ཕུལ་ཡོད་ན་དེས་༧གོང་ས་མཆོག་ནས་མང་གཙོ་ཡང་དག་པ་ཞིག་གསོལ་རས་གནང་བ་ལྟར་བཙན་བྱོལ་གཞུང་མང་གཉིས་ཀས་ཁ་ཞེ་གཉིས་མེད་ཀྱི་མང་གཙོ་ཚད་ལྡན་ཞིག་ལོངས་སུ་སྤྱོད་ཀྱི་ཡོད་པའི་ལན་འདེབས་སུ་སོང་བ་དེ་ཡིན་་་་
གཉིས་པ་་་སྲིད་སྐྱོང་གི་འོས་དངོས་གཞི་འཕེན་རྗེས་རང་བཙན་ཐབས་རྩོད་པ་དང་གཉིས་ཕན་དབུ་མའི་ལམ་ཐབས་རྩོད་པ་གཉིས་ནས་དབུ་མའི་ལམ་ཐབས་རྩོད་པར་འོས་ཐོབ་རྒྱུ་ཡིན་པ་གཏན་ཁེལ་ཡིན་པས་དེས་མང་གཙོའི་གཞུང་གི་ལངས་ཕྱོགས་ལ་རང་བཙན་འདྲེས་མེད་པའི་ལན་འདེབས་ཁ་ནས་བརྒྱ་ཕྲག་བརྗོད་པ་ལས་དོན་གོ་ཆོད་པའི་ལན་འདེབས་སུ་སོང་བ་ཡིན་་་འོན་ཀྱང་མང་གཙོའི་གོ་དོན་མ་རྙེད་པའི་ཚོགས་སྡེ་འགའ་ཞིག་གིས་གོང་ཞུས་གནད་དོན་དེ་དག་དང་མ་འོངས་པའི་ལོ་རྒྱུས་ལ་བསམ་ཤེས་མ་ཐུབ་པར་༧གོང་ས་མཆོག་ཁ་ལ་འཁྱེར་ནས་དོན་དངོས་བསྒྲུབ་བྱ་ཅི་ཞིག་བསྒྲུབ་ཀྱི་ཡོད་པ་སྡེ་ཁག་སོ་སོའི་དམངས་ཀྱི་ཧ་མ་གོ་བའི་ཐོགས་ཀླུ་བྱམས་ཀྱི་གཏམ་བཤད་བཀག་འགོག་བྱས་ཡོད་་་་
ཀླུ་བྱམས་ཀྱིས་༧གོང་ས་མཆོག་ལ་མཚན་དམས་ཞུས་པ་དེར་ང་ཚོ་ཚང་མས་ནག་ཉེས་ཚབ་ཆེན་ཡིན་པ་ངོས་འཛིན་ཡོད་ཀྱང་སྲིད་སྐྱོང་གི་འོས་མིར་ལངས་ཆོག་པའི་ཆ་ནས་འོས་བསྡུ་ལས་ཁུངས་ཀྱི་སྒྲིག་ཁྲིམས་དང་མི་འགལ་བའི་གཏམ་བཤད་བྱེད་རྒྱུའི་འོས་བབ་ཡོད་པར་ངོས་འཛིན་བྱས་པ་རེད་བསམབཞིན་ཡོད་་་སེམས་ཚབ་འོང་བ་ཞིག་ལ་ས་ཡ་དྲུག་གི་ཆེད་དུ་རང་སྲོག་བློས་བཏང་མཁན་དང་འགན་གཙང་མ་ཁུར་མཁན་ཞིག་ལ་བཙན་བྱོལ་ནང་ནས་བལྟ་སྟངས་འདི་འདྲ་གནང་ན་བོད་ནང་གི་ཆབ་སྲིད་བཙོན་པ་སོགས་དཔའ་བོ་དཔའ་མོ་ཚོར་བག་ཆགས་གང་འདྲ་འདྲ་ཞིག་བཞག་ཨེ་ཡོང་བསམ་པ་དང་ད་ནི་རེ་བ་བཅོལ་ས་མི་འདུག་སྙམ་པའི་ཐུགས་ཕམ་ག་ཚོད་ཙམ་བྱུང་མིན་ནམ་སྙམ་པའི་བློ་ཚབ་དེ་བྱུང་ནས་ཡི་གེ་འདི་བྲིས་པ་ཡིན་གལ་སྲིད་ཀློག་པ་པོ་ཕོག་ཐུགས་འདྲ་བྱུང་ན་བཟོད་གསོལ་ཞུ།། 2015/9/27སྔ་དྲོ།།
དར་དམར་ཤར་ཁུག་ལགས། ༢༠༡༡ལོར་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་གྱི་སྐབས་སུ་བོད་བཙན་བོད་གཞུང་རང་འཇག་བཞག་དགོས་པ་མང་མོས་བྱུང་བ་དེ་ལ་བརྩི་མེད་རྡོག་རོལ་བཏང་ནས་སྒྲུག་འཛུགས་བསྒྱུར་པ་དེ་དམངས་གཙོའི་འགྲོ་ལུགས་ཨེ་རེད།
གཏམ་བཤད་བྱེད་སའི་ཁོར་ཡུག་བཀག་འགོག་བྱས་ནས་སྨྲ་བརྗོད་རང་དབང་དང་གཏམ་བཤད་རང་དབང་ཡོད་ཟེར་གྱི་ཨེ་ཡིན།
ཧཧཧཧ་་་་་་རང་བཙན་གཙང་མ་དགོས་ཟེར་མཁན་དེ་བཙོན་དུ་བཅུག་དགོས་སར་སླེབས་དུས་ཁྱི་ཕྲུག་ཀུ་ཅོ་འདོན་མཁན་རྒྱ་དམར་དར་ཆ་འཕྱར་མཁན་དེ་དམར་གསོད་གཏོང་སར་སླེབས་ཡོད་པས་དེ་ཡང་ཧ་གོ་བར་གྱིས་ན་ཡག་་་་་་་བྱི་ལུ་ཆུང་ངུ་གོ་རྟོགས་ཡོད་མདོག་མ་བྱས་རབས་ན་རང་གི་གདོང་ལ་སྐབས་རེ་མཛུབ་མོ་ཚུགས་ཅིག་གོ།
ནོར་བཅོས།
དར་དམར་ཤར་ཁུག་ལགས། ༢༠༡༡ལོར་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་གྱི་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པ་མང་མོས་བྱུང་བ་དེ་ལ་བརྩི་མེད་རྡོག་རོལ་བཏང་ནས་སྒྲིག་འཛུགས་ལ་བསྒྱུར་བཞག་པ་དེ་དམངས་གཙོའི་འགྲོ་ལུགས་ཨེ་རེད།
གཏམ་བཤད་བྱེད་སའི་ཁོར་ཡུག་བཀག་འགོག་བྱས་ནས་སྨྲ་བརྗོད་རང་དབང་དང་གཏམ་བཤད་རང་དབང་ཡོད་ཟེར་གྱི་ཨེ་ཡིན།
http://bangchen.net/བོད་ཀྱི་མང་གཙོ་ལ་ག་རེ་/
ཡ་ད་སྒང་དེ་ནས་མར་ཁྱེ་རང་ཚོས་རང་འདོད་ལྟར་མང་པོ་ཞིག་བྲིས་འདུག་ཚང་མས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་ཀྱི་འདུག
ཆོས་བྱེད་སློབ་གཉེར་བའི་སྟི་གདན་ས་ཆེ་གྲས་ཁག་གཅིག་ནས་ཀླུ་བྱམས་སུ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་མ་སྤྲད་པ་དེར་ང་རང་ཚོ་འདིར་སྐད་ཅོར་རྒྱབ་དང་མ་རྒྱབ་ལ་ཕན་གནོད་དང་འགྱུར་བ་གང་ཡང་འགྲོ་ཡི་མ་རེད། རྒྱུ་མཚན་ནི་དགོན་པ་གྲྭ་ཚང་དེ་ཚོ་གཞུང་འབྲེལ་མིན་པའི་ཚོགས་པ་རང་ཁ་རང་གསོས་བྱེད་མཁན་ཡིན་པ་ཙམ་མ་ཡིན་པར་ཆ་གཞི་དང་སྒྲིག་འཛུགས་ལྡན་པའི་སྤྱི་ཚོགས་ཤིག་ཡིན་སྟབས། ཕྱི་ནས་ཡོང་བའི་མགྲོན་པོའམ་གཏམ་བཤད་པ་སུ་འདྲ་ཞིག་ལ་སྣེ་ལེན་བྱེད་དང་མི་བྱེད་ཀྱི་བདག་དབང་ཆ་ཚང་དགོན་པའི་ལས་སྣེ་ཚོར་ཡོད་པ་དེ་ཁོང་རྣམ་པས་དགོས་དབང་སྟབས་སྟུན་གྱི་ཐག་གཆོད་དེ་འདྲ་ཞིག་གནང་བར་ང་ཚོས་འདི་ནས་དམངས་གཙོ་དང་རང་དབང་གི་སྐད་ཆ་ཤོད་སའི་ས་མཚམས་ཤིག་ངས་ལྟས་ན་ལྷག་མི་འདུག་མཉམ།
དར་དམར་ཅན་འདི་སྙིང་རྗེ། ད་ཡང་གོང་ས་མཆོག་དང་དབུ་མའི་ལམ་ཁ་ལ་ཁྱེར་ནས་ཀླུ་མཁར་བྱམས་ལ་སྡང་སྡིག་བྱེད་ཀྱིན་འདུག རྒྱུན་དུ་ཟམ་གདོང་དང་ཟླ་བ་ཚེ་རིང་གི་རྐུབ་འོག་ནས་ཁ་གདངས་ཏེ་སྐྱག་པ་རྡོག་རེ་ཁ་ནང་ལ་ཨེ་ཡོང་སྒུག་ནས་འདུག་གི་རེད། གར་སོང་སར་བཀྲ་མི་ཤེས་པའི་མི་ངན་འདི་རིགས་ཀྱིས་སྐབས་འདི་འདྲ་དང་བསྟུན་ནས་རྐུབ་སྟེགས་ཤིག་འཐོབ་རེ་བྱེད་ཀྱི་ཡོད་པ་རེད། དེ་སྔ་ཁོ་བསྡད་མྱོང་བའི་རྐུབ་སྟེགས་ཚང་མ་འགྱེལ་ཚར་བ་རེད།མི་བདེན་ན་དབུ་མའི་ལམ་ལས་འགུལ་ཁང་གི་གནས་སྟངས་ལ་ལྟོས། ད་ཁོ་སྤྱི་འཐུས་ཀྱི་གོ་སར་འདུག་སྙིང་འདོད་ཀྱི་ཡོད་པ་རེད། གལ་སྲིད་ཁོ་སྤྱི་འཐུས་ལ་སླེབས་སོང་ན་གྲོས་ཚོགས་ཁང་དུ་ཁོས་གོ་་པ་སྤོས་པའི་ཉིན་ནས་བཟུང་རྐུབ་སྟེགས་ཤིག་རུལ་ཚར་བ་རེད།
ཧཧཧཧ་་་་་་ད་ཡིན་ན་འདུག་་་་་་་་དགའ་སེར་གཉིས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་ནག་པོ་ཞིག་བསྐྲུན་པ་རེད། ངོ་མ་ཆབ་སྲིད་ཀྱི་བསམ་བློ་དང་རང་དབང་སྤྱི་ཚོགས། འདྲ་མཉམ་ཡིན་ན་གོ་སྐབས་དེ་ཀླུ་འབྱམས་ལ་ཕུལ་དགོས་ངེས་རེད། འོན་ཀྱང་མཉམ་བཞུགས་བྱེད་མིན་སྒེར་སོ་སོའི་ཐག་གཅོད་རེད་དྲན་སོང། ་་
ད་དེ་ཟིན་ཐོ་ནག་པོ་་རེད།་་་་་་་་་་་་་མཚམས་རེ་ཆོས་བྱེད་དགེ་འདུན་པར་ཆབ་སྲིད་ཀྱི་ལས་ཀ་བྱེད་པའི་ཐོབ་ཐང་ཡོད་སྐོར་གླེང་བ་དང་ད་རེས་ཀྱི་གནས་ཚུལ་འདི་ཁྱད་མཚར་རེད། དགོན་པའི་ལས་ཤོག་བེད་སྤྱད་ཀྱིས་རང་བཙན་འཐབ་རྩོད་བྱེད་མཁན་ཞིག་ལ་གོ་སྐབས་མ་ཕུལ་བ་དེ་དགའ་སེར་གཉིས་དབུ་ལམ་གྱི་འོས་ཤོག་གསོག་འཇོག་བྱེད་ ས་༼ Vote bank ༽ཞིག་ཏུ་འགྱུར་ཡོད་ས་རེད།
དར་དམར་འཁྱེར་མཁན་ནག་ཉེས་ཡོད་དམ། རང་བཙན་རྩོད་མཁན་ནག་ཉེས་ཡོད། ཁྱི་དང་མི་གཉིས་བསྡུར་ས་ཡོད་དང་མེད། རྒྱ་གར་ཁྲིམས་ཐོག་ནས་ཁྱེད་རང་ཤར་ཁུག་བཙོན་ལ་བཅུག་རྒྱུའི་ལས་ཀ་དང་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་བཙོན་ལ་བཅུག་རྒྱུ་ཡོད་མེད་རྒྱ་གར་བས་ཤེས།
རྒྱལ་ཚོང་པ་ཤར་ཁུག་ལགས་བདེ་པོ་ཡིན་ནམ། ད་དུང་བོད་མི་རིགས་འདི་རྩ་མེད་གཏོང་ཤིག
བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་གྱི་གནས་ཚད་ཧ་ཅང་ཚད་དམའ་བོ་ཡིན་པ་གསལ་བོ་རེད། དེའི་ཆ་ནས་མང་གཙོ་དང་ཁྲིམས་ལུགས་ཀྱི་གོ་རྟོགས་མ་སྤེལ་ན་མགོ་ཉོག་ཚ་བོ་ཡོང་གི་ཡོད་པ་ཤར་ཁུག་གིས་བཤད་འདུག དེ་ཡག་པོར་མཐོང་སོང་།
ར་ཕྲིང་སྲིད་སྐྱོང་སྐབས་རྩིས་པ་ལུང་ཤར་མིག་འབྲས་བཏོན་པ་ལྟར་ཀླུ་མཁར་བྱམས་ཡང་མིག་འབྲས་བཏོན་དགོས་བསམ་མཁན་མེད་པ་མ་རེད་ ཁ་ནས་དམངས་གཙོ་བཤད་པ་རྩམ་ལས་དངོས་གནས་ལག་ལེན་ལྟར་མ་ཐུབ་པ་ད་རེས་གསལ་པོ་མཐོང་སོང་ གལ་སྲིད་ཀླུ་བྱམས་ལ་གནོད་ཚེ་བྱུང་ན་འགྲོ་ས་གཅིག་མ་གཏོག་མེད་པ་ཚང་མས་ཤེས་གསལ་རེད།
ཀླུ་བྱམས་གཙོས་སྲིད་སྐྱོང་འོས་མི་སུ་ལ་ཡང་ཚེ་སྲོག་ལ་བར་ཆད་མེད་པའི་སྨོན་ལམ་ལས་འབྲས་བསླུ་བ་མེད་པ་དང་དཀོན་མཆོག་བདེན་པས་འགྲུབ་རྒྱུར་ཅིག།
ད་ཡག་གི་མདོ་སྨད་ནང་འཁྲུགས་རྒྱག་གི་བློ་སེང་ལམ་འགྲོ་རེད་
ཧཧཧཧ་ཨ་མདོ་རང་རེད་
བོད་མི་རྣམས་ལ་རྒྱུ་འབྲས་ཁྲིམས་ལུགས་དང་ཡ་རབས་ལམ་སྲོལ་གྱི་འདུ་ཤེས་གཏིང་ཟབ་པ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས་སྤྱི་ཚོགས་ལ་བརྡབ་གསིག་གཏོང་གཞིའི་གཞི་མེད་ཀྱི་གཏམ་བརྗོད་ཀྱིས་མཚོན་ལུས་ངག་ཡིད་གསུམ་གྱི་སྤྱོད་ངན་ཐོན་པ་ཉུང་ཉུང་ཡིན་ནའང་། བོད་མི་རེ་འགས་མང་གཙོ་ཁ་ནས་སྒྲོག་ཞོར་དོན་དུ་གཏམ་བརྗོད་རང་དབང་གི་ས་མཚམས་ལས་བརྒལ་བའི་གཞི་མེད་གཏམ་བཤད་རྐྱང་ཞུ་བཞིན་པ་མཐོང་གསལ་འདི་རེད། གནས་ཡུལ་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན ༡༩ པའི་ནང་གསེས་གཏམ་བརྗོད་རང་དབང་གི་ས་མཚམས་ཁག་ལ་གཞིགས་ན་ཀླུ་མཁར་བྱམས་ལྟ་བུར། གཏམ་བཤད་ཞུ་སའི་སྡིངས་ཆ་སྤྲོད་དགོས་པའི་གནས་བབ་ཕར་ཞོག བཙོན་ཁང་དུ་བསྐྱལ་ཆོག་པའི་ཉེས་པ་འབབ་པའང་གསལ་བོ་ཡིན་སྟབས། མང་གཙོ་དང་ཁྲིམས་ལུགས། བོད་མིའི་ཐུན་མོང་མིན་པའི་རྒྱུ་འབྲས་རིག་གནས་སོགས་གང་ནས་ལྟོས་ཀྱང་ཁོའི་སྨྲ་བརྗོད་རང་དབང་འགོག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཁོ་ནི་ཁྲིམས་ལུགས་དང་མང་གཙོར་དོན་དམ་པའི་བརྩི་བཀུར་ཞུ་མི་ཐུབ་མཁན་ཞིག་ཡིན་པ་གསལ་བོ་ཆགས་ཡོད་སྟབས། གདན་ས་ཆེན་པོ་དགའ་ལྡན་དང་སེ་ར་ནས་ཁོང་གི་གཏམ་བཤད་བཀག་འགོག་གནང་བ་ནི་དོན་ལ་གནས་པ་ཞིག་རེད།
ཤར་ཕྱོགས་ཁུག་རྟས།
༼ མང་གཙོའི་མཚན་ཉིད་ཅིག་རྙེད་པ་ནི་མི་མང་གི་མངོན་འདོད་སྤུངས་ཏེ་ཐག་བཅད་པའི་ཁྲིམས་དེར་བསྐྱར་བཅོས་ཀྱི་ལམ་ནས་ཕྱིར་མི་མང་ལ་དབང་བསྒྱུར་བྱེད་པའམ། མི་མང་གི་མངོན་འདོད་ལ་འགན་ལེན་ཁེག་ཐེག་བྱེད་པ་ལ་ཟེར་དགོས་པར་འདོད། ༽
གདན་ས་ཆེན་པོ་རྣམས་སུ་ཀླུ་མཁར་རང་བཙན་རྩོད་མཁན་ཡིན་པས་སྐྱོན་བརྗོད་མཁན་དང་། གཏམ་བཤད་ཞུ་མི་ཆོག་ཟེར་མཁན་གཅིག་ཀྱང་ཡོད་པ་མ་རེད། ཡིན་ནའང་། དགའ་ལྡན། སེ་ར། རྒྱུད་གྲྭ་སྟོད་སྨད་སོགས་སུ་སྡིངས་ཆ་མ་གནང་བ་ནི་ཁོས་༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་དང་། ཟུར་ཟ་བྱས་པས་རེད་ཅེས་བོད་མི་ཀུན་གྱིས་གླེང་།
དམངས་གཙོའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་ དབུ་ཁྲིད་ལ་སྐྱོན་བརྗོད་ཞུ་མ་ཆོག་ན་ དབུ་ཁྲིད་དེ་ཡང་དག་པ་ཞིག་མིན།
ཀླུ་མཁར་བྱམས་ཀྱིས་ཆབ་སྲིད་ཐོག་ནས་བཤད་ན་་གོང་ས་མཆོག་མི་ཞིག་ཡིན་པའི་དབང་དུ་བཏང་ན་སྐྱོན་ཡོང་ཆོག་དང་མི་ཆོག་་་ཆོག་ན་སྐྱོན་དེས་བརྗོད་ཆོག་པག་རེད་མ་རེད་ཟེར
ཀླུ་མཁར་བྱམས་ལ་ངོ་མ་ནུས་པ་འདུག་བསམ་སོང་།་ལོ་རྒྱུས་ནང་ཆབ་སྲིད་ཀྱི་ནག་ཉེས་ཅན་གདན་ས་ཁག་གིས་ད་དུང་ངོ་ཤེས་མེད་པ་རེད།ཨ་མདོ་དགེ་འདུན་ཆོས་འཕེལ་ལ་གདན་ས་ཁག་ནས་སྡང་གཟིགས་བསྟན་ནས་སྐབས་དེར་རྫོབ་ལས་བྱས་ཡོད།་ད་ལྟ་ཀླུ་མཁར་བྱམས་ལ་དེ་ནང་བཞིན་བྱས་ཀྱི་ཡོད་རེད།ད་དུང་རྒྱལ་འཚོང་མགོ་འདོགས་པ་དར་དམར་ཅན་ཤར་ཁུག་འདྲ་བོས་རྒྱ་དམར་གྱི་འདོད་དོན་འཁྱེར་ནས་ཅིག་བཤད་ཀ་འདུག ངོ་མ་སྙིང་རྗེ།
བོད་པ་ཚང་ལ་གཤིས་ཀ་ངན་པ་ཞིག་ཡོད་པ་ནི། རྟ་དང་འཛོ་ལ་སོགས་པ་ན་སོ་གཞོན་དུས་བཀོལ་སྤྱོད་ཡག་ཐག་ཆོད་བྱས་ནས་རྒས་ཡོང་དུས་རི་ལ་རྒྱག་པ་དང་བཤས་ལ་ཕབས་པའི་ལུགས་སྲོལ་ཞིག་ཡོད་པ་རེད། དཔེ་དེ་བཞིན་རྒྱལ་བ་རིན་པོ་ཆེས་དགུང་ལོ་བཅུ་དྲུག་ནས་བརྒྱད་བཅུ་བར་དུ་ཉིན་གྱི་མི་དང་མཚན་གྱི་ཁྱི་ཐོ་རང་གི་བྱ་ལྟ་བུ་བྱས་ནས་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་སྐྱོན་ཡོད་ཀྱང་། ད་ལྟ་ཁོང་ཆབ་སྲིད་ཀྱི་དབང་ཆ་ནས་དགོངས་ཞུ་གནང་བའི་རྗེས་སུ་ཆབ་སྲིད་ལོག་སྤྱོད་པ་ལ་ལས་ཁོང་རྒྱལ་བཙོང་བའི་ཕྱོགས་སུ་བཙན་གྱིས་དད་བཞིན་ཡོད་ལ། བསམ་བློ་མ་སྨིན་པའི་ན་གཞོན་མགོ་སྟོང་ཁག་གཅིག་གིས་དེ་ལ་ཆེ་བསྟོད་དང་རྒྱབ་སྐྱོར་བྱེད་ཁུལ་བྱེད་པ་ནི་རང་མིག་ལ་ཐལ་བ་བཏབ་པ་ལས་གཞན་ཅི་ཡང་མིན།
ནག་གཉིས་གཅིག་ཁ་ལ་བཟུང་སྟེ་ཁོང་གི་ཡོད་ཚད་ལ་བཀག་འགོག་བྱས་ན་ཅི་ལ་འགྲིག བོད་ནང་གི་རྩོམ་པ་པོ་དང་ཆབ་སྲིད་པ་དག་གིས་ཉིན་རེ་ནས་ཉིན་རེ་བཙན་བྱོལ་བོད་གཞུང་ལ་བལྟ་ཚུལ་སྡུག་རུ་འགྲོ་བཞིན་འདུག དེ་ནི་རྐུབ་སྟེགས་བློས་གཏོང་མི་ཕོད་པའི་བོད་གཞུང་གི་ལས་ཀྱི་སྣེ་མོ་ལ་བསྡད་མཁན་དག་ལ་ལས་རྒྱུ་མང་སོང་བས་རེད།