སངས་རྒྱས་དཀོན་མཆོག
གཅིག་བྱས་ན་ང་ཡིན་སྲིད་མོད
ང་ལ་ད་དུང་གྲ་སྒྲིག་མེད་
ཨ་མའི་གླེང་མྱོང་བའི་སྐྱེས་ཆེན་དེ
ད་ལྟ་གཏན་ནས་བདག་གིས་བོར་བརླགས་བྱུང་སོང
འཚོ་བའི་བདེན་པ་སྟོང་བའི་ཆིངས་ཡིག་དག
སང་ལོ་ང་ཚོས་རྩ་ཁྲིམས་སུ་བཟོས་ཆོག་ན
ངས་གོན་མ་མྱོང་བའི་ཤིང་དཀར་བེར་ནག་གི་གྱོན་གོས་འདི
བདག་གི་མ་ཡུམ་ལ་འབུལ་རོགས
ང་ནི་ཁྱེད་ཀྱིས་གླེང་མྱོང་བའི་སྐྱེས་ཆེན་དེ་བྱེད་འདོད
ངོ་གདོང་དམར་སྨུག་གི་རལ་བ་ཅན་དེ་བྱེད་འདོད
ད་ནི་ས་སྲོད་དང་མུན་ནག་གི་དབྱེ་མཚམས་ཕྱེ་ཡོང་གིན་པས
ཁྱེད་ཉིད་གཞུང་ལུགས་དང་ལྟ་གྲུབ་མང་པོར་སྐྱབས་སུ་འགྲོའམ
ཁྱེད་ཀྱིས་གདམ་ཀ་བྱས་ཚར་རམ
ཀྱེ་ང་ཡི་ཡུལ་མི་ཚོ སྤྲིན་པ་མེད་པའི་ཆར་བ་དེ
ད་དུང་བདག་ཉིད་ཚོས་ནམ་མཁར་བབ་མ་བྱུང་བས
ཁྱེད་ཀྱིས་སྔར་བཞིན་གནས་ལུགས་ཤིག་ཉར་ཡོད་དམ
བཞུད་སོང་བ་དེ་དག་གིས
ཁྱེད་ལ་གསེར་གྱི་ཡི་གེའི་ཁ་ཆེམས་བྲིས་མྱོང་བ་དྲན་བྱུང་ངམ
མིག་བཙུམ་ཀྱང་བློས་མི་ཐོངས་པ་ནི་
སང་ལོ་ང་ཚོ་ཁ་ཆེམས་ཀྱི་རི་རབ་ལས་བརྒལ་དགོས་བྱུང་ན
ང་ཚོས་གདམ་དགོས་བ་དེ་གང་ཡིན་ནམ
ཨ་(མའི)་གླེང་མྱོང་བའི་སྐྱེས་ཆེན་དེ ཟེར་ན་གོ་བ་མི་འདུག།
གླེང་མྱོང་བའི་ཨ་མའི་སྐྱེས་ཆེན་དེ ཟེར་ན་གོ་བ་ཞིག་འདུག།
ཨ་(མས)་གླེང་མྱོང་བའི་སྐྱེས་ཆེན་དེ ཟེར་ན་ཡང་གོ་བ་ཞིག་འདུག།
((ང་ཚོས་གདམ་དགོས་བ་དེ་གང་ཡིན་ནམ།))
ཨོ། སྐུ་ཉིད་གཙོས་དྲ་གྲོགས་ཡོངས་ལ་དགོངས་འགལ་མེད་པ་ཞུ། ༼ཨ་མའི་༽མིན་ཐ། ཨ་མས་ཡིན་མོད་འབྲེལ་སྒྲ་ཞིག་ཤོར་འདུག ཇི་ལྟར་ཤོར་བའང་ཤེས་མ་སོང་ཤར་མར་གཏགས་ཡོད་པའི་བཟོ་ཡིན། རྗེས་མ་གཟབ་ཆོག