འཇིགས་མེད།༼ཁེ་ན་ཊ༽
རྒྱ་ནག་དམར་པོའི་གཞུང་ནས་བོད་ལ་དྲག་སྤྱོད་བཙན་འཛུལ་ཧམ་ཟོས་མནར་སྤྱོད་བཏང་ནས་ལོ་ལྔ་བཅུ་འཁོར་གྱི་ཡོད་ཀྱང༌། བོད་ལ་བཅིངས་འགྲོལ་བཏང་ནས་མི་ལོ་ ༥༠ འཁོར་ནས་གང་ལེགས་གང་ཕན་བྱུང་བའི་དུས་དྲན་སྲུང་བརྩི་བྱ་རྒྱུའི་འཆར་གཞི་ཡོད་སྐོར་གསལ་བསྒྲགས་བྱས་འདུག་པ་འདིའི་ཐོག་དགག་ལན་འདི་ལྟར།
ཞི་བའི་སྟི་གནས་པུར་རྒྱལ་བོད་ལྗོངས་ལ།།
རྒྱ་ནག་དམར་པོས་བཙན་འཛུལ་དྲག་སྤྱོད་དང༌།།
གདུག་རྩུབ་གཉའ་གནོན་བཙོན་འཇུག་མུ་མཐུད་ནས།།
བཏང་སྟེ་མི་ལོ་ལྔ་བཅུ་འཁོར་འདི་དྲན།།
རྩ་ཆེའི་ཆོས་དང་རིག་གཞུང་སྐད་ཡིག་སོགས།།
རྡོག་རོལ་བཏང་ནས་མི་ལོ་ལྔ་བཅུ་འཁོར༌།།
ཆོས་བྱེད་བསྟི་གནས་དགོན་སྡེ་དྲུག་སྟོང་ལྷག།
གཏོར་བཤིག་བཏང་ནས་མི་ལོ་ལྔ་བཅུ་འཁོར།།
ཆོལ་གསུམ་བོད་མི་སྐྱ་སེར་ཆེ་ཆུང་བསྡོམས།།
འབུམ་ཕྲག་བཅུ་གཉིས་ལྷག་ཙམ་ཉེས་མེད་ཀྱིས།།
དམར་བསད་བཏང་ནས་ལྔ་བཅུ་འཁོར་འདི་དྲན།།
དྲང་མིན་འཁྱོག་པར་བཤད་དེ་ལྔ་བཅུ་འཁོར།།
ཁྲིམས་མེད་ལུགས་མེད་བྱས་ཏེ་ལྔ་བཅུ་འཁོར།།
སྣང་བ་གང་དྲན་བྱས་ཏེ་ལྔྔ་བཅུ་སོང༌།།
ལྔ་བཅུ་ཐམ་པ་འཁོར་འདི་མ་བརྗེད་ཨང༌།།
རྒྱ་མིས་བོད་ལ་བཙན་འཛུལ་བྱས་ནས་བོད་མིར་མནར་གཅོད་དང༌། དམར་བསད། ལྟོགས་ཤི་ཐེབས་པ། རྡུང་རྡེག་བཏང་པ། རང་ཤི་བརྒྱབ་པ། ཟིང་འཁྲུག་ནང་འདས་པ་བཅས་བསྡོམས་སྐྱ་སེར་མི་གྲངས ༡༢༠༧༣༨༧ བྱུང་ཡོད་པ་སོམས།