
འོན་ཀྱང་ཉིན་དེར་ཉེན་རྟོག་པ་དང་། གསང་བའི་མི་སྣ་མང་པོས་རེབ་གོང་རོང་བོ་དགོན་ཆེན་དང་། སྒྲོལ་མ་ཐང་ཆེན། སྐོར་ལམ། གྲོང་ཁྱེར་སྲང་ལམ་སོགས་སུ་བལྟ་རྟོག་དམ་དྲག་ནན་མོ་བྱས་ནས་མི་མང་གི་འདུ་འཛོམས་ལ་ཚོད་འཛིན་ནན་མོ་བྱས་ཡོད་འདུག
མུན་པ་དང་སྣང་གསལ་མཉམ་དུ་འབར་བའི་རེབ་གོང་གི་མཚན་ལྗོངས་དང་རྗེ་བཙུན་སྒྲོལ་མ།
དཔའ་རྒོད་ཁྲི་ཕྲག་གི་རྣམ་ཤེས་ལ་འཁྲིལ་བའི་རེ་སྨོན་ཁྲི་ཁྲག་གི་བསྡུས་གཟུགས་སྣང་གསལ་མར་མེ།
སེམས་ཀྱི་སྨོན་འདུན་རེ་རེ་མར་མེ་རྐང་རེའི་འོད་ཟེར་དང་བསྡོངས་ནས་ཁྱེད་ལ་འཕྲོད་པར་རེ་ཡོད།
གཟིམ་པ་མེད་པའི་སྣང་གསལ་གྱིས་གཤིན་རྗེའི་འཕྲང་ལམ་དུའང་ཁྱེད་ཀྱི་མདུན་ལྗོངས་ལ་འོད་ཟེར་འཁྱུག་པར་སྨོན།
གནས་ཚུལ་མཁོ་སྤྲོད་པ་བསོད་ནམས།