རྀ་ཤི་པྲཛྙཱས་བྲིས།
རྒྱ་ནག་དམར་ཤོག་སྲིད་གཞུང་གི་དམིགས་ཡུལ་ཨང་དང་པོ་དེ་ནི་གུང་ཁྲན་ཚོགས་པའི་ཁེ་ཕན་དེ་ཡིན་པར་ཁོ་རང་ཚོ་རང་གིས་ཤོད་བཞིན་ཡོད།དམངས་ཚོགས་ཀྱི་ཁེ་ཕན་ནི་ཨང་རིམ་གཉིས་པ་དེ་ཡིན་པ་རེད། དེར་བརྟེན་གུང་ཁྲན་ཏང་ཚོགས་པའི་ཁེ་ཕན་ལ་ཐུག་དུས་མི་དམངས་ཀྱི་ཁེ་ཕན་རྡོག་རོལ་གཏོང་རྐྱང་བྱེད་བཞིན་ཡོད། རྒྱ་ནག་གུང་ཁྲན་ཏང་དམག་དཔུང་གིས་རྒྱ་ནག་ནང་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཟིང་འཁྲུག་བསླངས་ཏེ། རྒྱ་ནག་མི་དམངས་དུང་ཕྱུར་མང་པོར་བརྡབ་གསིག་བཏང་བར་མ་ཟད། མི་ས་ཡ་མང་པོ་གཡུལ་ས་སོགས་སུ་་ཤིར་བཅུག་ཡོད། གུང་ཁྲན་ཚོགས་པས་སྲིད་དབང་བཟུང་རྗེས་མི་དམངས་སྤྱི་ཁང་སོགས་ཀྱི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་ཏེ། རྒྱ་བོད་སོག་གསུམ་སོགས་མི་རིགས་ཡོངས་ལ་བསད་བཟུང་འཕྲོག་གསུམ་སོགས་མནར་གཅོད་འདི་མ་བཏང་བྱ་བ་ཞིག་མེད།
ལྷག་པར་རིག་གནས་གསར་བརྗེ་ཟེར་བའི་ལོ་ངོ་བཅུ་ཕྲག་ལྷག་གི་ནང་གྲལ་རིམ་འཐབ་རྩོད་དང་། རྙིང་བཞི་གཏོར་ཕམ། ལིན་དགག་ཁུང་དགག ཧཡས་ལྷུང་ཁྲ་རླུང་། ལོའེ་ཧྥུང་ལ་སློབ་སྦྱོང་། ཞིང་ལས་ཏཱ་ཀྲིན་ལ་སློབ་སྦྱོང་། མི་བཞི་ཤོག་ཁག་ལ་དགག་རྒྱག་སོགས་་ལས་འགུལ་སྣ་ཚོགས་སྤེལ་ཏེ། བསད་བཟུང་འཕྲོག་གཏོར་སོགས་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟར་བྱུང་ཡོད། དེ་དག་ཐམས་ཅད་ནི་གུང་ཁྲན་རང་གི་ཁེ་ཕན་གཙོ་བོར་བཟུང་བའི་སྲིད་ཇུས་ནག་པོ་རྐྱང་རེད། གུང་ཁྲན་གྱིས་དུས་དང་རྣམ་པ་ཀུན་ཏུ་རླབས་ཆེན་གྱི་མི་སྣ་གཙོ་བོར་བཀུར་བའི་མའོ་ཙེ་ཏུང་ནི་རྒྱ་བོད་སོག་གསུམ་སོགས་མི་རིགས་་ཡོངས་ཀྱི་དགྲ་བོ་གཤེད་མ་ལག་དམར་ཞིག་རེད། ཁོ་བ་ནི་འཇར་མན་གྱི་ཧེ་ཊི་ལར་ལས་གདུག་རྩུབ་ཆེ་བ་ཡོད་པ་ནི་ཡོངས་གྲགས་རེད།
དེ་རྗེས་ཏིང་ཞའོ་ཕིན་ནས་སྲིད་ཇུས་ཅུང་ལྷོད་དུ་བཏང་ཡང་དེ་ནི་མི་དམངས་ལ་མགོ་སྐོར་བསླུ་བྲིད་ཅིག་ལས་ཀུན་སློང་བཟང་པོ་ཞིག་འཁྱེར་མེད་པ་ནི། གནམ་བདེ་སྒོ་མོའི་ཐང་གི་དྲུག་བཞིའི་ལས་འགུལ་ལ་གདུག་རྩུབ་ཆེན་པོས་དམག་དཔུང་གིས་དྲག་གནོན་བྱས་པས་མཚོན་གྱིན་ཡོད། གུང་ཁྲན་གྱིས་རང་གི་མི་དམངས་ལ་སྡུག་སྣ་དགུ་བཏང་བ་ཙམ་དུ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སུ་དང་། རྒྱ་གར། ཝེ་ཏི་ནམ་སོགས་ལ་དམག་འཁྲུག་ཡང་ཡང་བསླངས་ཏེ་དཀའ་ངལ་བཟོས་ཡོད། ད་དུང་གུང་ཁྲན་གྱིས་ཁྲོམ་རའི་དཔལ་འབྱོར་སྒོ་མོ་ཕྱི་ཕྱོགས་སུ་ཕྱེ་ནས་བཟུང་ཚོང་ཤག་རྒྱལ་ཁབ་་ཚོར་གཡོ་སྒྱུ་ཁྲམ་གསུམ་གྱིས་ཁེ་ཕན་གཡོ་འཕྲོག་ཁོ་ན་བྱས་པ་དང་། རང་ཉིད་དཔལ་འབྱོར་སྟོབས་ཆེན་དུ་ཆགས་རྗེས་རྒྱལ་ཁབ་ཚང་མ་ལ་ཚོང་འབྲེལ་དང་རོགས་རམ་སོགས་ལ་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དང་། དཔལ་འབྱོར་གྱིས་གནོན་ཤུགས་སྤྲད་པ་སོགས་མི་ལས་དགུ་ལས་བྱེད་བཞིན་ཡོད།
དེ་ནས་དེང་གི་ཏོག་དབྱིབས་ནད་འབུ་དེ་རེད། ཏོག་དབྱིབས་ནད་འབུ་འདི་ནི་གུང་ཁྲན་གཞུང་གིས་ཐོག་མར་འགོ་ནད་མིན་ཚུལ་དང་། སྤྱིར་བཏང་གི་ན་ཚ་ཞིག་ཡིན་ཚུལ་སོགས་སྐྱག་རྫུན་རྐྱང་གིས་འཛམ་གླིང་མི་མང་ལ་མགོ་སྐོར་བཏང་བ་དང་། དེ་རྗེས་ནད་ངན་འདི་འགོས་ཁྱབ་འགྲོ་མྱུར་བའི་ཏོག་དབྱིབས་ནད་དུག་ཡིན་པར་འཛམ་གླིང་མི་མང་གིས་ཤེས་རྟོགས་ཟིན་སྟབས། ཕ་ཝང་སོགས་ཀྱི་ཤ་ཟོས་པ་ལས་བྱུང་ཚུལ་བཤད་པ་བཅས་རྫུན་གཏམ་ནམ་མཁར་མི་ཤོང་བ་བསྒྲགས་ཀྱང་། དོན་དངོས་གང་ཡིན་བཤད་ཚོད་ཐིག་དཀའ་བ་རེད། ཏོག་དབྱིབས་ནད་འབུའི་འབྱུང་ཁུངས་ངོ་མ་གང་ཡིན་ད་དུང་ཡང་ཚན་རིག་ཞིབ་འཇུག་པ་སུས་ཀྱང་གསལ་བོ་བཤད་ཐུབ་ཀྱིན་མེད། དེ་ནི་རྒྱ་ནག་གཞུང་གི་ཆེད་དུ་ནད་འབུ་འདི་བཏང་བའམ། ཡང་ན་ཝུའུ་ཧན་ནད་འབུ་ཞིབ་འཇུག་ཁང་ཞིག་ནས་ནད་འབུ་འདི་ཤོར་བར་བཤད་པ་ལ་བདེན་རྩ་མེད་པ་མིན།
གང་ལྟར་ཡང་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་བྱུང་བའི་ཏོག་དབྱིབས་ནད་འབུའི་ནད་ཡམས་འདིས་ཝུའུ་ཧན་གྲོང་ཁྱེར་སོགས་གྲོང་ཁྱེར་དང་ས་ཁུལ་མང་པོའི་ནང་དུ་གནོད་ཚབས་ཆེན་པོ་བྱུང་ཡོད་ཀྱང་། དེ་ནི་གཞན་ཆུ་ལ་གཡུག་པར་ཐོག་མར་རང་གིས་ཆུ་ཕྱེད་ཀ་བརྒལ་བའི་སྲིད་ཇུས་དེ་ཡིན་ཤས་ཆེ། དེ་ནི་རྒྱ་ནག་གིས་རྒྱུན་དུ་ཤོད་བཞིན་པའི་སྒེར་གྱི་ཁེ་ཕན་ལས་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཛིན་དགོས་ཟེར་བ་སྟེ། དེ་ནི་གུང་ཁྲན་ཏང་གི་ཁེ་ཕན་ལ་ཐུག་དུས་དམངས་ཀྱི་ཁེ་ཕན་རྡོག་རོལ་གཏོང་དགོས་པའི་དོན་རེད། རྒྱ་ནག་གཞུང་གིས་འཛམ་གླིང་རྒྱལ་ཁབ་གཞན་དང་མི་མང་གིས་རྒྱ་ནག་ལ་ཁག་འཁྲི་བྱེད་ས་མེད་པར་བཟོས་རྗེས། རྒྱུན་དུ་རང་གི་དགྲ་བོ་དྭངས་མར་ངོས་བཟུང་བའི་འཇར་པན། ཨ་རི། ལྷོ་ཀོ་རི་ཡ། རྒྱ་གར། ནུབ་ཕྱོགས་ཡོ་རོབ་རྒྱལ་ཁབ་ཁག་ནང་དུ་སིམ་འཛུལ་བྱེད་དུ་བཅུག་པ་ཞིག་རེད། དེས་ན་ནད་ཡམས་འདི་ནི་འཛམ་གླིང་མི་མང་དུང་ཕྱུར་བདུན་ཅུའི་ཚེ་སྲོག་ལ་རྒོལ་ཞིང་མི་རྒྱུ་གཉིས་ཀར་གནོད་སྐྱོན་ཚབས་ཆེན་བཟོ་ཕྱིར་ཆེད་དུ་བཏང་སྟེ། ཁྱབ་སྤེལ་བྱེད་མཁན་ནི་རྒྱ་ནག་གུང་ཁྲན་སྲིད་གཞུང་ཡིན་པས། འཛམ་གླིང་མི་དམངས་ཡོངས་ནས་རང་གི་དགྲ་བོ་ངོ་མ་དེ་ངོས་ཟིན་པར་བྱས་ཏེ། ཏོག་དབྱིབས་ནད་འབུའི་ནད་ཡམས་ལ་ཁ་གཏད་གཅོག་པ་དང་མཉམ་དུ་རྒྱ་ནག་གུང་ཁྲན་སྲིད་གཞུང་ལ་ངོ་རྒོལ་བྱས་ནས། རྒྱ་ནག་མི་མང་དུང་ཕྱུར་བཅོ་ལྔ་རྣམས་གདུག་རྩུབ་འོག་ནས་སྐྱོབ་དགོས། རྒྱ་ནག་མི་མང་ལ་ཡང་རང་དབང་དང་མང་གཙོ། དྲང་བདེན། འདྲ་མཉམ། ཕྱི་གསལ་ནང་གསལ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་དགོས་པ་རེད། དེ་ལྟར་བྱུང་ན་རྒྱ་ནག་མི་མང་ཙམ་དུ་མ་ཟད། འཛམ་གླིང་ཞི་བདེ་སོགས་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།
རྒྱ་གུང་ཁྲན་ཟེར་བ་དེ་བདུད་སྲིན་པོ་མྱི་ཤ་རློན་ཟ་བྱེད་མཁན་རེད་ཡ། ད་ཚང་མས་ལྟོས་དང་། རྫས་འགྱུར་མཚོན་ཆ་གློད་ནས་འཛམ་བུ་གླིང་བ་རྩ་མེད་བཟོ་ཡ་འཆར་གཞི་རེད་ཤག
རྀ་ཤི་པྲཛྙཱས་བྲིས།
་་་་་་་་་་་་་ གུང་ཁྲན་ཚོགས་པས་སྲིད་དབང་བཟུང་རྗེས་མི་དམངས་སྤྱི་ཁང་སོགས་ཀྱི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་ཏེ། རྒྱ་བོད་སོག་གསུམ་སོགས་མི་རིགས་ཡོངས་ལ་བསད་བཟུང་འཕྲོག་གསུམ་སོགས་མནར་གཅོད་འདི་མ་བཏང་བྱ་བ་ཞིག་མེད། ་་་་་་་་་་་་་་
མ་འོ་གུང་བྲན་རྫུན་མ་ཐོན། །
མ་འོ་སྡུག་རྩུབ་ཡང་རྩེར་ཐོབ། །
མ་འོ་གླེན་ལྐུགས་ལུག་དང་འདྲ། །
མ་འོ་ལག་དམར་རྒྱུན་འཁྱོངས་བྱས། །
ཏིང་གིས་རང་རིགས་དམར་བསོད་བཏང་། །
ཛང་གིས་དུས་ངན་བསྐྱལ་ནས་རྒས། །
ཧུ་ཡིས་མུན་ནག་ངང་ལ་འཁྱུར། །
ཧུ་ཡིས་མ་འོས་ལས་ངན་བསྒྲུབས། །
བོད་སོག་ཤིང་ཅང་མི་རིགས་དུ་མ་བསད། །
རྒྱ་ཧན་ཐ་ཝེན་ཧོང་ཀོང་མང་པོ་མནར། །
རྒྱ་ཡི་ཏང་གིས་མི་བྱས་དགུ་བྱས་བྱས། །
ད་དུང་མཚོན་བཟོ་དམག་འཁྲུགས་ནད་འབུ་སྤེལ། །
ཛམ་གླིང་ཡོངས་རྫོགས་ཏོག་དབྱིབས་ནད་འབུས་མནར། །
ཧུ་ནད་རྒྱ་ནད་རྒྱ་འབུས་མིང་ངན་ཁྱབ། །
ནད་འབུ་གསང་དང་མི་ཤི་གསང་བ་བྱས། །
ཁ་རས་སྤྲད་སོགས་མུ་མཐུད་སྲིད་དོན་འཁྲབ། །
ད་ནི་རྒྱ་གཞུང་གོ་ལར་གཅིག་པུར་ལུས། །
ལུས་པའི་དུས་འདིར་ཆབ་སྲིད་ལས་འགུལ་རྩོམས། །
དམར་གཞུང་གཏོར་ལ་ཏང་མིར་ངན་ཁག་དཀྲིས། །
རྒྱ་ནག་མངས་ཙོར་བསྒྱུར་ལ་ཞི་བདེར་སྐྲུནད། །