—-སྤྱན་ཆེན་པོ།
(སེམས་དཔའ་ཆེན་པོ་ཀུན་གླིང་ཡོངས་འཛིན་མཆོག་ཞི་བར་གཤེགས་རྗེས།)
མི་སེམས་སྒུལ་བའི་སྐར་མདའ་ཞིག་ས་རུ་ལྷུང
བརྩེ་ཆེན་འདེགས་པའི་ཀ་བ་ཞིག་ཧོབ་དེ་འགྱེལ
རེ་འདུན་གྱིས་འཛུམ་པའི་སྐར་མའི་ཚོགས་ཀྱང
འོད་ཀྱིས་བྲན་པའི་ཡུལ་གྲུ་ཞིག་ན
སལ་སིལ་གྱི་སྣང་བ་སྨག་རུམ་གྱིས་ཟོས
རྒྱ་ཕིབས་ཀྱི་ངོས་སུ་འཕྲོས་པའི་འོད་སྣང་ལས་ཁྱེད་ཉིད་བཙལ
རྡོ་གཅལ་གཡས་གཡོན་གྱི་པང་ཁ་རུ་ཁྱེད་ཉིད་སྒོམ
འོན་ཀྱང བཞུད་ཤུལ་ན་འབར་བའི་མར་མེ་ཚེ་འབར
བསོད་ནམས་ཀྱིས་མ་ཐེག་པའི་ང་ཚོའི་རྒྱབ་རི་སྨུག་པོ་དེ་ཡིན་པས
ཁྱེད་ཉིད་ནམ་ཡང་ཡལ་བ་མེད་པའི་སེམས་ཀྱི་རྡོ་རིང་དེ་ལགས
༢༠༡༦-༥-༧ སྟེ་དམ་པ་ཁོང་གི་གཤེགས་སྐར་ཉིན།
སྐུ་སྐྱེ་བསྟན་དོན་དུ་བྱོན་ན། བཤད་སྒྲུབ་ལག་རྗེས་ཤིག་ཡོད་དགོས།