བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་དྲངས།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༦ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་༧ ཙམ་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་རྩེ་ཁོག་སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དགོན་པའི་ཕྱི་རོལ་དུ་རང་ལོ་ ༢༧་་་༢༩ ཙམ་ཡིན་པའི་རྒྱལ་གཅེས་པ་འཇིགས་མེད་བསྟན་འཛིན་ལགས་དང་། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༡༡།༤༠ ཙམ་ལ་ཨ་མདོ་རྔ་པ་དཔའ་བོའི་སྲང་ལམ་དུ་ཨ་མདོ་རྔ་པ་རྫོང་ཁོངས་ཀིརྟི་དགོན་གྱི་རང་ལོ་ ༢༣ ལ་སོན་པ་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས།
འཕྲོས་འདི་ནས་གཟིགས།http://bod.asia/2014/03/གདུང་སེམས་མཉམ་སྐྱེའི་-17/
སྤྱིར་བཏང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཀྱི་གནས་ཚུལ་རྣམས་ཁུངས་བཙན་ཁོ་ནར་འདོན་སྤེལ་གནང་བཞིན་འདུག་པར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་བོད་ཡིག་ཚན་པའི་ནང་ལས་འབོར་ལ་གཞིགས་ན་ལས་བྱེད་ཉུང་ཤས་ཤིག་མེད་ཚོད་འདུག དོན་དངོས་ཐོག་ཕྱི་དྲིལ་ལས་ཁུངས་ནི་བོད་དོན་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་མཁན་ཞིག་ཆགས་ཡོད་སྟབས། དབྱིན་རྒྱ་གསུམ་གྱི་གསར་འགྱུར་ལས་རིགས་ཐོག་མི་སྣ་མང་ཙམ་གོ་སྒྲིག་བྱེད་ཐུབ་ན་གནས་ཚུལ་སྤུས་ཀ་ལེགས་པ་ཡོང་གི་རེད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་ངའི་གོ་ཚོད་བྱས་ན་ཕྱི་དྲིལ་ལས་ཁུངས་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་རྣམ་པས་ཁ་ནས་བོད་མི་རིགས་ཀྱི་ཆོས་དང་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་ཀྱི་ཡོད་ཀྱང་དོན་དངོས་ཁོ་ཚང་གི་དེ་དག་འཁྲབ་སྟོན་ཙམ་ཞིག་མ་གཏོགས་ཁ་ཞེ་གཉིས་ཐོག་བོད་ཡིག་ལ་ཤ་ཚ་མེད་པ་གསལ་རིས་ཐང་གསལ་ཆགས་ཀྱི་ཡོད། ཅེས་རྗོད་མཁན་གྲངས་ལས་འདས་འདུག
་་་་་་ སྤྱི་ལོ་༢༠༡༣ལོར་རྒྱ་ནག་མ་ཡིན་པའི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་བསྡོམས་པས་སྲོག་ཐོག་གི་ཉེས་ཆད་ཕོག་མཁན་༧༧༨་ཙམ་ལས་བྱུང་མེད་ཀྱང་། རྒྱ་ནག་གཅིག་པུའི་ནང་ཉེས་འཛུགས་འདྲ་མིན་གཡོག་པའི་ཐོག་ནས་མི་གྲངས་སྟོང་ཕྲག་མང་པོར་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་་་་ པས་སྨོན་ལམ་འདོན་རོགས།