གཙང་ཞོལ་བདེ་གསལ།– གཞས་ཚིག་ཏུ་བྲིས།
དཔའ་བོའི་ཀི་སྒྲ་ཞིག ང་ཚོའི་རུས་རྐང་ནས་གྲག་ཡོང་ཞིང་། དམར་པོའི་མེ་སྟག་གིས་བསྲེགས་ཀྱིན་སྙིང་སྟོབས་ཀྱི་རི་བོ་འགུལ་བའི་
གདོང་དམར་བ། བཙན་པོའི་རྒྱ་སྐྱེད་ཀྱི་དམག་སྣ་གང་དུ་དྲངས་སམ། མེས་པོའི་རྒྱལ་མཚམས་ཀྱི་བྱ་ར་སུ་ཡིས་མཛད་དམ། སྐྱིད་སྡུག་དཔུང་རོགས་ཀྱི་ཤ་རྩ་གཅིག་ཏུ་སྦྲེལ་མཁན།
ངའི་གློ་སྙིང་གི་དབང་པོ་བཅོལ་ས་ཡིན།
མ་ཎིའི་དབྱངས་རྟ་ཞིག ང་ཚོའི་སྙིང་ཁོང་ནས་གྲག་ཡོང་ཞིང་།
དགྲ་བོའི་རྡོག་སྒྲ་ཡིས་གནོན་གྱིན་བྱང་སེམས་ཀྱི་མཚོ་མོ་སྐྱོམ་པའི་གངས་རི་བ།
ཐོན་མིའི་དབྱངས་གསལ་གྱི་ང་རོ་གང་དུ་གྱེར་རམ།
ལོ་ཙཱའི་སྒྲ་བསྒྱུར་གྱི་ཆོས་སྒོ་སུ་ཡིས་ཕྱེས་སམ།
ཐོས་བརྩོན་ཤེས་རབ་ཀྱི་བློ་མིག་གཅིག་ཏུ་འདྲེན་མཁན།
ངའི་དད་འདུན་གྱི་རྣམ་ཤེས་འབུལ་ས་ཡིན།
11/25/2014 རྡ་རམ་ས་ལར་བྲིས།