བསྟན་པ་དར་རྒྱས་ཀྱིས་བྲིས།
རྒྱ་གར་དུ་འབྱོར་ནས་ཟླ་ཁ་གང་ཙམ་ལས་མིན་པའི་གསར་འབྱོར་ནང་གི་གསར་འབྱོར་ཁོ་བོ་ལ་མཚོན་ན་བོད་ཀྱི་དོལ་ཤུལ་རྒྱ་མཚོ་ཟེར་བའི་རྩོམ་པ་པོ་ཞིག་གི་མཚན་སྙན་ཐེངས་མང་པོར་གོ་རུང་། ཁོའི་མིང་གྲགས་ཅན་གྱི་དེབ་དེ་ད་དུང་མཇལ་རྒྱུའི་སྐལ་བ་མ་བྱུང་། འོན་ཀྱང་དེ་རིང་ནོར་གླིང་དཔེ་མཛོད་ཁང་ནས་རང་གི་མིག་གཉིས་ལ་ཡང་ཡིད་མི་ཆེས་པའི་དེབ་རྒན་གཉིས་མཐོང་བ་ནི། འགུ་ལོག་དམ་ཆོས་དཔལ་བཟང་ཟེར་བས་བྲིས་པའི་མགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད་ཟེར་བ་དེ་རེད།
དེ་ཡང་ཚོགས་མ་བསགས་པའི་ལས་ངན་ངས་དེབ་དེ་བམ་ཀློག་ཅིག་བྱས་མ་ཐག་ཐོག་མའི་རྒྱལ་པོ་གཉའ་ཁྲི་བཙན་པོ་དང་། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ། བཙན་པོ་ཁྲི་རལ་བ་ཅན་གསུམ་ལ་མེས་དབོན་རྣམ་གསུམ་ཞེས་སོ་ཟེར་བ་དེ་མཐོང་བས་ཡ་མཚན་པ་ལ་ཚོད་མེད་པ་ཅིག་བྱུང་། མགོ་ནས་མར་གཅིག་བལྟས་པས་ལོ་རྒྱུས་དེའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ནི་ཨ་མཆོག་སྤྲུལ་སྐུ་ཟེར་བ་ཞིག་གིས་ཨ་རི་ནས་བྲིས་འདུག གཞུང་རང་གིས་བྲིས་ནས་རྩོམ་པར་དམ་བཅའ་བ་གཞན་གྱིས་འབྲི་ཟེར་བ་འདི་དཔེ་མི་སྲིད་པ་ཞིག་ཡིན་པར་མ་ཟད། ཧ་ལམ་རྩོམ་པར་དམ་བཅའ་བ་དེ་ལོ་རྒྱུས་རྫོབ་ཐོ་དེ་འབྲི་ཚར་བའི་རྗེས་སུ་བྲིས་པ་འདྲ་ཞིག་འདུག་པས། ལོ་རྒྱུས་རྩོམ་པ་པོས་ཚིགས་བཅད་འབྲི་ཤེས་ཀྱི་མེད་པའི་རྟགས་མཚན་གསལ་བོར་མངོན་འདུག དེ་ནས་མར་ཅུང་བཀླགས་པས་གདོད་མིའི་བོད་མི་བྱུང་ཚུལ་ཟེར་བ་དེར་སྔོན་བསྐལ་བ་དང་པོ་རི་རབ་ཀྱི་སྟེང་དུ་མིའི་འགྲོ་བ་བྱུང་ཞེས་ཟེར། སྐབས་དེར་ཉིན་གུང་ལ་ཐོན་གྲབ་འདུག་པས་དེབ་དེ་གཡར་རོགས་ཞུས་ཀྱང་གཡར་མ་སོང་། ཡང་བསྐྱར་སྐར་མ་བཅུ་ཙམ་ལ་བམ་ཀློག་བྱས་པས་ལོ་རྒྱུས་འདིའི་ཐོག་མཐའ་བར་གསུམ་ཀུན་ཏུ་སེམས་ཐོག་ན་མེད་པའི་སྨྱོན་པའམ་ར་བཟི་ཞིག་གིས་སྐད་ཆ་ཐད་ཀར་ཡིག་ཐོག་ཏུ་བཀོད་བཞག་པ་དེ་འདྲ་ཤིན་ཏུ་མང་བར་མ་ཟད། བརྗོད་བྱེད་ཀྱི་ཚིག་ཀྱང་ཚིག་སྦྱོར་ཧ་ཅང་རྩོག་པས་སྐྱུག་པ་མཐོང་བ་ལྟར་ཞེ་མེར་གཏིང་ནས་ལངས་དགོས་པ་ཞིག་འདུག དེས་ན་དེབ་འདི་ལ་གླེང་རིན་དང་དགག་རིན་ཅི་ཡང་མི་འདུག་ཀྱང་ངའི་བློ་ཡུལ་དུ་མ་ཤོང་བ་གཙོ་བོ་དེ། སྐུ་སྒེར་ཡིག་ཚང་གིས་དེབ་འདི་ལ་འགྲོ་གྲོན་བཏང་བ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པ། ད་དུང་བཙན་བྱོལ་བའི་ཁྲོད་ན་མཁས་དབང་ཆེན་པོ་དང་མི་ཚད་ལྡན་དུ་གྲགས་པའི་ཟམ་གདོང་རིན་པོ་ཆེས། ལོ་རྒྱུས་འབྲི་མཁན་འདི་ལ་ཕྱི་ནང་གི་རིག་གནས་ལ་གཞན་དྲིང་མི་འཇོག་པ་ཞེས་དང་། ལོ་རྒྱུས་རིག་པའི་གནད་གསང་ལ་མཁྱེན་པ་ཡངས་པ་ཞེས་ཆེ་བསྟོད་ཚད་མེད་བྱས་འདུག་པ་དེ་རེད། ཟམ་གདོང་རིན་པོ་ཆེས་ཅིའི་ཕྱིར་བསམ་བློ་མ་བཏང་བ་དང་འགན་མི་ཁུར་བའི་ཧམ་བཤད་འདི་འདྲ་ཞིག་ཡིག་ཐོག་ཏུ་བྲིས་སམ། སྐུ་སྒེར་ཡིག་ཚང་དང་དཔེ་མཛོད་ཁང་གིས་སྤུས་ཀ་ཡོད་མེད་ཙམ་ཡང་མ་བལྟས་པར་ཅིའི་ཕྱིར་རྒྱན་བཙུག་པ་ལྟར་མིག་བཙུམ་ནས་པར་སྐྲུན་བྱས་པ་ཡིན་ནམ། འདི་དག་ལས་གསལ་བོར་མཐོང་ཐུབ་པ་ཞིག་ནི། བཙན་བྱོལ་ཁྲོད་ཀྱི་ཆེ་ཆེ་གཉན་ཐམས་ཅད་ཀྱིས་ཉི་མ་གང་འཁྱོལ་བྱེད་བཞིན་པ་དང་། ལས་ཀའི་ཐོག་ལེ་ལོ་དང་ཕྱི་བཤོལ་མ་གཏོགས་འགན་ཅི་ཡང་ལེན་གྱི་མེད་པ། ༧གོང་ས་ཆེན་པོའི་ཕྱག་དངུལ་དང་ཐུགས་རེ་རྣམས་ཆུད་ཟོས་སུ་གཏོང་རྒྱུ་ལ་མངར་ཇ་ཕོར་བ་གང་འཐུང་འཕྲོར་བསྐྱུར་རྒྱུའི་ཕངས་སེམས་ཙམ་ཡང་བྱེད་ཀྱི་མེད་པ་ཆེས་གསལ་བོ་ཆགས་འདུག བོད་ནང་དུ་ཡོད་པའི་བོད་པ་རྒྱ་མིའི་རྒྱུགས་ཁྱི་ཚོས་རྒྱ་ནག་གི་གཞུང་དོན་སྒྲུབ་དུས་ཞིབ་ཚགས་པོ་ཅི་ཙམ་བྱེད་ཀྱི་ཡོད་མེད་ཀུན་གྱིས་ཤེས་གསལ་རེད། ལོ་མང་པོར་བསྒྲུབས་པའི་དེབ་རྒན་འདི་འདྲ་ཞིག་མ་དགོས་དུས་དེབ་ཅིག་གི་སྟེང་དུ་འགོད་རྒྱུའི་སྒྲུང་རྩོམ་ཐབས་ཆག་ཅིག་ཡིན་རུང་སྤུས་ཚད་མ་ལོངས་ན་འགོད་ཀྱི་མ་རེད། ཆེས་ཐབས་སྡུག་ས་ནས་བཤད་རུང་མ་མཐའ་ཡང་ཞུ་དག་ཅིག་བྱས་ཡོད་ན་ཅི་མ་རུང་། ཞབས་འདྲེན་རེད། ངོ་མ་ཞབས་འདྲེན་རེད།
གོང་གསལ་གྱི་རྩོམ་ཡིག་འདི་ ཕྲན་བརྒྱུད་ཁ་བརྡ་ལ་སྤེལ་རོགས་གསུངས་པ་ལྟར་བཀོད་པ་ཡིན། ཡིན་ན་ཡང་། འགུ་ལོག་གི་ལོ་རྒྱུས་དང་རྒན་དམ་ཆོས་དཔལ་བཟང་གཉིས་ཀ་ལ་ཆེད་དུ་སྒེར་པར་ཕོག་ཐུག་འགྲོ་བ་ཞིག་མི་ཡོང་བའི་རེ་བ་ཞུ་བཞིན་ཡོད་ལ། རྒན་དམ་དཔལ་གྱིས་ཕྲན་ལ། “དེབ་འདི་ངེད་ཀྱིས་འབྲི་ནུས་མིན་མི་ཤེས་ཞུས་སྐབས། སྐྱབས་མགོན་ཆེན་པོས། མི་ག་ཚོད་འདས་གྲོངས་སུ་ཕྱིན་པའི་ཐོ་ཙམ་ཡང་འགོད་མི་ཐུབ་བམ། འདི་གལ་ཆེན་པོ་ཡིན་གསུངས་བྱུང་”ཟེར་བ་ཞིག་ངའི་རྣ་ལམ་ན་འཇགས་འདུག ལོ་རྒྱུས་ཀྱི་ཡིག་ཆ་ལ་བཟང་ངན་དབྱེ་ཞིབ་དེ་ཚིག་གི་སྦྱོར་བ་ཙམ་གྱིས་འབྱེད་ཨེ་ནུས། དེ་ནས་མགོ་ལོག་གི་ས་ཆ་རུ་གྱེན་ལོག་ཆེན་པོ་བྱུང་བའི་ལོ་རྒྱུས་ཡོངས་གྲགས་ཡིན་མོད། དེ་ཚུལ་བཞིན་བཀོད་པ་གཞན་ཞིག་ཡོད་དམ། འདི་ཙམ་ཞིག་ཞུ་བ་ཡིན།
དྲ་གྲོགས་སྨྱོན་པ་མང་པོས་༧སྐྱབས་མགོན་རིན་པོ་ཆེ་ལ་མི་དགའ་མདོག་མདོག་གིས་མཆན་དགུ་བཅུ་ལྷག་ཅིག་དང་། པད་ནོར་རིན་པོ་ཆེ་གྲོངས་ལོངས་མེད་པར་ཡང་མཆན་འདྲ་མིན་སྣ་དགུ་བཏབ་སོང་ཡང་དྲ་དཔོན་གྱིས་མཆན་བསུབ་པ་ཙམ་ལས་ཁོང་ཚོས་ཁ་ཏ་སློབ་གསོ་དང་དངོས་བདེན་གྱི་ལོ་རྒྱུས་ཅི་ཡང་གསུངས་མ་སོང་མོད། དེ་རིང་འགུ་ལོག་དམ་ཆོས་ཀྱི་རྒྱབ་ཏུ་བཞེངས་འདུག་པ་འདིས་ཁོང་ཉིད་ཀྱིས་ཀྱང་མེས་དབོན་རྣམ་གསུམ་གཉའ་ཁྲི་བཙན་པོ་སོགས་ལ་ངོས་འཛིན་གནང་གི་ཡོད་པ་ཡིན་ནམ། ཨ་ལ་རྩེད་མོ་ཡིན། ཧ་ཧ་ཧ།
ཨ་ཙི། བདེན་པ་རེད་དམ། མེས་དབོན་རྣམ་གསུམ་ཙམ་ཡང་མི་ཤེས་ན། ཁོ་ལ་ལོ་རྒྱུས་འབྲི་རྒྱུའི་བསམ་བློ་འཁོར་གི་མ་རེད་ལ། ཟམ་གདོང་དང་སྐུ་སྒེར་ཡིག་ཚང་གཉིས་ཀྱིས་ཆེ་བསྟོད་དང་འགྲོ་སོང་ཡང་གཏོང་གི་མ་རེད། གལ་ཏེ་བདེན་ན། ང་ཚོས་འདི་འདྲའི་རིགས་ལ་ངོ་མ་ཞུས་དག་གཏོང་དགོས་མ་གཏོགས། ངན་པ་ལངས་ཤོར་དུ་ཕྱིན་ན་ད་དུང་སྤྱི་ཚོགས་དང་མི་རིགས་ཀྱི་ཞབས་འདྲེན་དུ་འགྱུར་ངེས་པས་དཔྱད་ཞིབ་གནང་དགོས། ད་ལྟ་ང་ལ་འགུ་ལོག་ལོ་རྒྱུས་དེ་མེད་མོད། སང་ཉིན་དཔེ་མཛོད་ཁང་ཞིག་དུ་སོང་ནས་ལྟ་ཀློག་ཤིག་བྱེད་འདོད་ཡོད། ཕྱིར་འདང་ཞིག་བརྒྱབས་ན། ངས་ཀྱང་དེབ་དེའི་སྐོར་གསལ་མི་གསལ་ཞིག་དྲན་གྱིན་འདུག ན་ནིང་གཞིས་ནང་ཞིག་ལ་ང་བླ་བྲང་དུ་ཕྱིན་སྐབས། མགོ་ལོག་པ་བཀྲ་ཤིས་དོན་གྲུབ་ཟེར་བ་ཞིག་གིས། དེའི་སྐོར་ཅུང་ཟད་བཤད་མྱོང་། དེ་ཡང་ཁོང་གིས། དེང་སྐབས་འཇིག་རྟེན་མགོ་མཇུག་ཟློག་ཡོད་པ་རེད་ཟེར། ངས་ཅི་ཡིན་ནམ་ཞེས་དྲིས་དུས། ཁོང་གིས། མགོ་ལོག་གི་ལོ་རྒྱུས་དེ་ཚེ་བསོད་ཟེར་བ་ཞིག་གིས་བྲིས་འདུག སྔོན་ཁོ་རང་བོད་དུ་ཡོད་སྐབས་སློབ་ཆུང་ཞིག་གི་དགེ་རྒན་ལས་གཞན་ཤེས་ཡོན་གང་མེད་པ་འདྲ། འོན་ཀྱང་ཁོ་རྒྱ་གར་དུ་སླེབས་རྗེས་གྲྭ་བ་བྱས་ཡོད་ཅིང་། རྗེས་སུ་མགོ་ལོག་ལོ་རྒྱུས་ཟེར་བའི་དེབ་ཆེན་གཉིས་བྲིས་འདུག དེབ་དེ་༧གོང་ས་མཆོག་གིས་གསུང་བསྐུལ་གནང་བ་རེད་ཅེས་ཤོད་རྒྱུན་ཞིག་ཡོད་མོད། ཕལ་ཆེར་ཡིན་རྒྱུ་མ་རེད། གལ་ཏེ་ཡིན་ན་འཇིག་རྟེན་འདིར་ཤེས་ཡོན་ཟེར་བ་དང་། ལོ་རྒྱུས་སྨྲ་བ་ཟེར་བ་དེ་དགོས་ཀྱི་མི་འདུག གང་དྲན་དྲན་བྲིས་ན་ཆོག་གི་འདུག དཔེར་ན་མགོ་ལོག་ལོ་རྒྱུས་དེ་གང་དྲན་དྲན་བྲིས་པ་ཤ་སྟག་རེད་ཟེར།
གང་ལྟར་ང་རང་གིས་རྣ་ཐོས་ཙམ་ལས་དེབ་དེ་དངོས་སུ་མ་མཐོང་བས་དེ་རིང་ཐག་གཅོད་བྱེད་མི་ཐུབ་མོད། སང་ཉིན་དེབ་དེ་གཉིས་ལ་ངེས་པར་བལྟས་ནས་བརྗིད་ཚད་སྲང་ལ་འཇལ་འདོད་ཡོད།
གནད་དོན་འདི་དུས་ཐོག་ཅིག་ལ་གླེང་བ་ཧ་ཅང་ཡག་པོ་རེད། མི་འགྱངས་བར་འགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་བཏོན་རྒྱུ་རེད། གོ་ཐོས་སུ་ལས་གཞི་འདི་འགོ་འཛུགས་བྱས་ནས་ལོ་ངོ་དུ་མ་རེད་ཟེར། སྐུ་སྒེར་ཡིག་ཚང་དང་བོད་གཞུང་དཔེ་མཛོད་ཀྱིས་ཆུད་ཟོས་སུ་གཏོང་བཞིན་པ་དེ་ཡིས་ག་ལ་ཚད། འོ་ན་ཁྱོད་ཚོས་རྔ་བ་ཆོས་གྲགས་ཟེར་བ་ཞིག་གིས་ཐེ་གོར་གྱི་སྙན་ངག་བོད་བསྒྱུར་བྱས་བ་མཐོང་ཨེ་མྱོང་། ད་དུང་གཡག་ལ་འགེལ་རྒྱུ་ལྟ་བུའི་ཤོག་སྙུག་དེ་ཚོ་བོད་ནང་ལ་འཁྱེར་མཁན་ཡོད་ན་གཞུང་གིས་ལམ་གྲོན་སྟེར་གྱི་འདུག་ཟེར། ད་ཨེ་ཆོག་གི
མགོ་ལོག་ལོ་རྒྱུས་ཤིག་ཡོད་ལུགས་གོ་མྱོང་ལྟ་མ་མྱོང་། མེས་དབོན་རྣམ་གསུམ་ནོར་ཡོད་ན་དེ་གནད་འགག་ཆེན་པོ་ཞིག་མ་རེད། གལ་ཆེ་བ་དེ་ནི་མགོ་ལོག་དམར་གསོད་ཆེན་མོའི་ལོ་རྒྱུས་ངོ་མ་ཞིག་ཡོད་ན་དེས་འགྲིག་གི་རེད། ནགས་ཚང་ཞི་ལིའི་སྐྱིད་སྡུག་གི་ནང་དུ་འདུག་ག མི་རྒན་གཞོན་ཐམས་ཅད་བསད་ཚར་ནས་རྟ་ནོར་ལུག་གསུམ་བདག་མེད་དུ་ལུས་ནས་ས་གཞི་གང་ཡོད་ཚུལ་དེ། འདང་རེ་བརྒྱབ་ན་སྐྲག་ནི་ཞིག་རེད། གང་ལྟར་བསྟན་པ་དར་རྒྱས་ལགས་ཀྱིས་ཐུགས་ཁུར་བཞེས་ནས་གསལ་འདེབས་གནང་བ་དང་། ཉིད་ལྟ་བུའི་སྨྱུག་ཐོགས་པ་རེ་བཙན་བྱོལ་དུ་འབྱོར་བ་འདི་དགའ་འོས་པ་ཞིག་རེད་ལ་སྐྱོ་འོས་པ་ཞིག་ཀྱང་རེད། དང་པོ་དེ་ནི་སྐུ་ཉིད་སྐྱིད་པོ་མེད་པའི་རང་དབང་གི་སྤྱི་ཚོགས་ཤིག་ཏུ་འབྱོར་བ་རེད། གཉིས་པ་དེ་ནི་ཉིད་ལྟ་བུའི་སྨྱུག་ཐོགས་པ་ཚོ་ས་མཐའི་ལྡོམ་པོ་ཆགས་སོང་ན་སེམས་པ་སྐྱོ་གི་ཡ།
ང་ཚོ་ཆབ་སྲིད་སྐྱབས་བཅོལ་བ་རེད། བྱས་ཙང་སོ་སོའི་ལུང་བའི་ལོ་རྒྱུས་ཞིབ་གསལ་དགོས་རྒྱུ་གལ་ཆེན་པོ་རེད། མིས་དཀའ་ལས་བརྒྱབ་ནས་བྲིས་པར་ལེགས་སོའི་བསྔགས་བརྗོད་མེད་རུང་འགན་མེད་པའི་སྐད་ཆ་གང་བྱུང་བཤད་ན་ཕན་པ་ཡོད་ལེ་མ་རེད། དེ་ལས་ནོར་བ་བཅོས་དགོས་པའི་དགོངས་ཚུལ་གཅིག་གཅིག་གཉིས་གཉིས་བྱས་ནས་བགྲངས་ཐུབ་ན་དཔར་ཐེངས་གཉིས་པར་ཕན་གི་རེད། དེ་མིན་གང་ཟག་སྒེར་གྱི་གཏིང་ནད་འདྲ་གླེང་གི་ཡོད་ན་རྐུབ་ལ་སྒོག་པ་བཅུག་ན་ཕན་གི་རེད།
ཨ་ཨ་ཨ། འདི་འདྲ་མྱི་ཡ་མཚན་མཐོང་མ་མྱོང་། འདི་འདྲ་རྩོམ་ཡ་མཚན་ཡང་བར་སྐབས་འདིར་མཐོང་མ་མྱོང་། མེས་དབོན་རྣམ་གསུམ་གྱི་མིང་ནོར་བ་ཙམ་དང་། རྩོམ་པར་དམ་བཅའ་བ་གཞན་གྱིས་བྲིས་པ་ཙམ་ལ་འདི་འདྲ་གཤེ་གཤེ་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་ན། ཞོར་དུ་སྐུ་སྒེར་ཡིག་ཚང་དང་དཔེ་མཛོད་ཁང་ཡང་ཐག་ཞོར་འབྲེང་དྲུད་བྱས་འདུག ཟམ་གདོང་རིན་པོ་ཆེས་ཀྱང་ཁ་རྡུང་ཞེ་དྲག་གཟེད་ཤག
མི་འདིས་ཚིག་རྩུབ་ངག་འཆལ་གྱི་ཉེས་པ་ཅི་བསགས་དང་ཞབས་འདྲེན་ཅི་ཞུས་ད་རེབ་ཁོ་གསར་འབྱོར་བར་སོང་ཙང་ངས་འཁུར་ཆོག རྗེས་མ་ནས་ནོར་འཁྲུལ་རེ་ཟུང་ཐོག་མུ་ཅོར་ཆེན་པོ་སྒྲོགས་པར་གཟབ་ན་བཟང་།
མགུ་ལོག་དམ་ཆོས་དཔལ་བཟང་ནས་འདི་འདྲ་དེབ་རྒན་ཞིག་དཀའ་བ་ཁུར་དུ་བླངས་ནས་བྲིས་པར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད་ལ། སྦྱིན་བདག་དང་པར་སྐྲུན་བྱེད་མཁན་གྱིས་ཀྱང་ཤོག་དངུལ་དོན་མེད་ཆུད་ཟོས་བྱས་མི་འདུག གཞན་ལོ་རྒྱུས་ལ་ཆད་སྐྱོན་དང་། དངོས་ཡོད་འཁྱོག་བཤད། མ་བདེན་རྫུན་བསྒྲིགས་དེ་འདྲ་བྱས་པ་ཡོད་ན་དེ་ལ་ལུགས་མཐུན་གྱིས་ཁ་གསབ་དང་ཐེར་འདོན་བྱེད་རོགས།
དེ་མིན་ ་་སྨྱོན་པའམ་ར་བཟི་་ཟེར་བ། ་་བརྗོད་བྱེད་ཀྱི་ཚིག་ཀྱང་ཚིག་སྦྱོར་ཧ་ཅང་རྩོག་པས་སྐྱུག་པ་མཐོང་བ་ལྟར་ཞེ་མེར་གཏིང་ནས་ལངས་དགོས་པ་་ཟེར་བ། ་་ཞབས་འདྲེན་རེད།་་ཟེར་བ་ལྟ་བུའི་ཚིག་ངན་རྫོབ་རོ་མང་པོ་བེད་སྤྱད་ནས་མི་གསོན་པོར་མཐོང་ཆུང་དམའ་འབེབས་བྱེད་པ་འདི་འདྲའི་ཐ་མལ་གྱི་གཤིས་ཀ་ངན་པ་དེ་འདྲ་ཁྱེད་རང་ལ་ཕས་བསླབས་པ་རེད་དམ་མས་བསླབས་པ་རེད། ཡང་ན་དེ་དག་ནི་ནང་ཆོས་ཀྱི་ཉམས་ལེན་རིགས་ཤིག་ཡིན་ནམ། ཚིག་རྩུབ་ཤོད་མཁན་དག་ཚིག་རྩུབ་ཁོ་ནས་འདུལ་བར་འོས། ང་མྱི་ང་རྒྱལ་ཅན་དང་། མ་ཡིན་ཡིན་མདོག་བྱེད་མཁན། མི་ཤེས་ཤེས་མདོག་བྱེད་མཁན། དོན་མེད་གཞན་ལ་ཚིག་རྩུབ་སྨྲ་མཁན་དག་འདུལ་བའི་ཕྱིར་གོང་མ་ལྷ་ནས་བསྐོས་པའི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་ཡིན།
དཀོན་མཆོག་གིས་གསུངས་པ་ལ་མངོན་པར་བསྟོད་དོ། ། ངོ་མ་བོད་ཡིག་ཤེས་ཀི་ཡོད་ཟེར་མཁན་ཚོས་གཞན་ལ་དགག་པ་མ་གཏོགས་མ་བརྒྱབ་ནས་བསྡད་ན། དེ་ཡང་ཅིག་མི་འགྲིགས་པ་རེད་འདོད། བཙན་བྱོལ་ནང་ལ་བོད་ཡིག་ཤེས་མཁན་མང་རུང་། མངོན་བརྗོད་ཕར་ཟད་བརྩེགས་འདོགས་ཅན་གྱི་ཡི་གེ་རེ་ཟུང་ལ་ཡང་་་་ཨ་མདོའི་སྐད་རེད་་་་་ཟེར་མཁན་རྣམས་ཀྱིས་བོད་ཡིག་གི་ལས་ཀ་བྱེད་ཀྱིན་ཡོད་པས། ངོ་མ་བྱ་ཕོ་ཡོད་ན་ནམ་ཚོད་ཟིན་རན་རེད་ཡ། ཨོ་མ་ཎི་པདྨེ་ཧྰུ༚་་་་་་ ད་ངོ་མ་བྱ་རྩོག་གི
དྲ་གྲོགས་ཚོས་མཆན་བུ་ མང་པོ་བཏབ་པ་འདི་ལས་འཕྲོས་ནས་སྐད་ཆ་ཞིག་བཤད་འདོད་བྱུང་། དེ་ནི་ ༡༩༨༠ གཡས་གཡོན་ནས་བོད་དུ་དུས་དེབ་དང་ཚགས་པར་རིགས་མང་དུ་ཐོན་པ་རེད། དེ་དུས་རྩོམ་འབྲི་མཁན་ཚོས་རུབ་བརྒྱབ་ནས་གླེང་བ་ནི་སྲོང་བཙན་སྔོན་ན་བོད་ཡིག་ཡོད་མེད་དང་། ཐུ་མིས་བོད་ཡིག་གསར་དུ་མཛད་མིན་སོགས་ཀྱི་བརྗོད་གཞི་སྐོར་ཅིག་རེད། དེ་དུས་ནས་ད་བར་དུ་བརྗོད་གཞི་འདི་ལ་རྩོམ་ཆད་ཨེ་མྱོང་།
སྔོན་མ་ཞིག་ལ་གྲོགས་པོ་ཞིག་གིས། སུམ་རྟགས་ཀྱི་སྐོར་གླེང་དགོས་ན་ངའི་ཕ་ས་ཕ་ཡུལ་ལ་སླེབས་པ་ཡིན་ཞེས་ངར་སྐད་ཅིག་གསུངས་བྱུང་། སྐད་ཆ་འདི་ལ་འབྲེལ་ནས་ངས་རང་གི་གྲོགས་པོ་ཞིག་དང་ལྷན་དུ་གླེང་མོལ་ཞིག་བྱས་པ་ཡིན། ང་ཚོའི་གླེང་མོལ་དེས་ང་ལ་བློ་སྐྱེད་ཅིག་སྤྲད་བྱུང་། དེ་དྭོགས་པ་ཞིག་ཡིན་ལ། ངས་འདིར་བཀོད་ན་འདོད།
དེ་ནི་ང་ཚོ་མཆན་འདེབས་མཁན་ཚོ་ཚང་མས་བརྗོད་གཞི་རྒྱུས་ཡོད་ཁག་ཅིག་གི་རྭ་བ་ལས་བརྒལ་ཏེ་གླེང་སློང་བྱེད་མི་ནུས་པའི་གོམས་གཤིས་ཤིག་མེད་དམ་སྙམ་པ་དེ་ཡིན། ཡུལ་ཕ་མ་མ་གཏོགས་མི་མི་ཤེས། ཐབ་གོ་ར་མ་གཏོགས་ས་མི་ཤེས།། ཟེར་བ་བཞིན་ང་ཚོས་སུམ་རྟགས་དག་གསུམ་དང་། བོད་ཀྱི་ལོ་རྒྱུས་ད་ཡོད་མ་ཤ་སྟག་ཁོ་ན་ཤོད་པ་ལས། དེ་ལས་བརྒལ་ནས་གླེང་སློང་བ་ཞིག་མི་ཡོང་བ་ཡིན་ནམ། ང་ཚོའི་མི་ཐོག་འདི་སུམ་རྟགས་ཀྱི་ནང་ནས་སྐྱེས་ནས་སུམ་རྟགས་ཀྱི་ནང་ནས་ཤི་རྒྱུ་ཡིན་ནམ།
ལོ་རྒྱུས་འབྲི་བ་དང་ཚིག་སྦྱོར་སྡེབ་པ་གཉིས་ནི་དོན་ཚན་གཉིས་རེད་བསམས་གི་འདུག ཚིག་སྦྱོར་སྡེབ་མ་ཤེས་ན་ལོ་རྒྱུས་མི་ཤེས་པའི་ཁག་ཐེག་ལྟ་བུའི་ཚོར་བ་དེ་ཡང་ང་ཚོ་རང་གི་ཐབ་གོ་ར་ནང་ལ་འཛུལ་ཆེ་བའི་སྐྱོན་གྱིས་བསྐྱེད་པ་ཞིག་མིན་ནམ།
དྲ་གྲོགས་ཚོ།
ངས་བལྟས་ན་བསྟན་པ་དར་རྒྱས་ཀྱིས་དེབ་དེ་དངོས་སུ་མཐོང་ཞིང་། མི་རྒོད་ཀྱིས་ཐོས་པ་ཙམ་ལས་དྲ་གྲོགས་གཞན་རྣམས་ལ་མཐོང་ཐོས་མྱོང་གསུམ་གང་ཡང་མེད་པ་འདྲ། དེབ་དེའི་ཆ་རྒྱུས་ང་ལ་ཡོད། གལ་ཏེ་ཁྱེད་ཚོས་དེབ་ངན་དེ་གཉིས་དངོས་སུ་མཐོང་བ་ཡིན་ན། ཁྱེད་ཅག་རྩོམ་པ་པོ་དམ་དཔལ་ལ་སྙིང་ནད་རྩོད་རྒྱུད་མེད་ཀྱང་། བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གཞུང་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ཕྱིན་ཆད་དེབ་དེ་ལ་དོ་སྣང་མི་བྱེད་མཁན་ཞིག་ཡོང་མི་སྲིད།
གལ་ཏེ་ཁྱེད་ཅག་གིས་ཤེས་འདོད་ཡོད་ན། དེབ་དེའི་ནང་གི་ནོར་འཁྲུལ་རེ་རེ་ནས་ག་ལེར་བྱས་ཏེ། དྲ་སྟེང་འགོད་ཆོག་པས། དེ་ལུགས་ཀྱིས་དཔྱད་བརྗོད་སྤེལ་བའི་རེ་བ་ཡོད། བསྟན་པ་དར་རྒྱས་ཀྱིས་ལགས་ཀྱིས་གསུངས་པ་བཞིན། ང་ཡང་བོད་ནས་འབྱོར་བ་ཞིག་ཡིན་ཅིང་། ལྷག་པར་མགོ་ལོག་ཕྱོགས་ལ་ས་རྒྱུས་ཆུ་རྒྱུས་ཡང་ཅུང་ཟད་ཡོད་མཁན་ཞིག་ཡིན། ད་དུང་དེབ་ངན་དེ་གཉིས་ཀྱང་ངའི་དཔེ་སྒམ་ནང་དུ་ཡོད་པས་སང་ཉིན་ཕྱིར་བཏོན་ཏེ། ཚབ་ཆེའི་ནོར་འཁྲུལ་རེ་རེ་ནས་ངོ་སྤྲོད་བྱེད་ཆོག དེ་དུས་ཀྱང་ཁྱེད་ཚོས་དེབ་དེར་དགའ་བསུ་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད།
དེ་རིང་དེ་འདྲ་ཡིན། ཉིན་གུང་ཁ་ལག་ཞི་ཨེ་རག་ལྟ་གི་འགྲོ་གི་ཡིན།
རེད་ལགས། ནགས་ཚང་ཞི་ལིའི་སྐྱིད་སྡུག་ལྟ་བུ་ཞིག་དབུས་གཙང་བ་ཞིག་གིས་བཀླགས་ན་ཚིག་གི་སྡེབ་སྦྱོར་གྱི་རྐྱེན་གྱིས་གོ་རྒྱུ་ཆེན་པོ་ཅང་ཨེ་ཡོད། ཡིན་ན་ཡང་ཨམ་སྐད་ཤེས་པ་ཞིག་གིས་བཀླགས་ན་ཁྲག་དམར་པོ་འཛག་པའི་ལོ་རྒྱུས་ཤིག་ཁ་གནམ་ལ་འཁོར་ནས་ཉལ་བསྡད་འདུག་ག།
འགུ་ལོག་དམ་ཆོས་དཔལ་བཟང་ངའི་སློབ་མ་ཡིན། ཁོ་བོད་ཀྱི་འདས་ཟིན་པའི་དེབ་ཐེར་ལོ་རྒྱུས་ལ་མཁས་པ་ཞིག་མིན་ན་ཡང། ཁོའི་སྐབས་ཀྱི་འགུ་ལོག་གི་ཚོ་བ་སོ་སོའི་གནས་ཚུལ་དང་དེ་དག་གི་ཡ་ང་བའི་ལོ་རྒྱུས་ཤེས་མཁན་ཞིག་རེད། འདིའི་སྐོར་ནས་ཁོས་དམིགས་གསལ་བ་རེ་བྲིས་ཡོད་བསམ་སོང་།
ཤེས་རབ་རྒྱ་མཚོས། ཚིག་གི་རྒྱན་ནི་མི་ཤེས་ཤིང་།། ཟབ་དོན་འབྱེད་པའི་བློ་མེད་པ།། བརྡ་སྤྲོད་གཞུང་ཡང་མ་བཀླགས་པར།། སྨྲ་ལ་དགའ་འདི་སྨྱོས་སམ་ཅི།།
དམ་དཔལ་གྱི་འགུ་ལོག་ལོ་རྒྱུས་འདི་ལ་དངོས་གནས་མཛུབ་མོ་འཛུགས་ས་ཆེར་མེད་པ་བདེན་ཡ། དེ་མིན་དམ་དཔལ་འདི་སློབ་ཆུང་གི་དགེ་རྒན་ཞིག་དང་ཡར་ལོག་བླ་མ་ཞིག་ཡིན་པས་ལོ་རྒྱུས་ཚད་ལྡན་འབྲི་མི་ཐུབ་པའི་རྒྱུ་མཚན་མི་ཡོང་བ་འདྲ། ཁོས་གཙོ་འགན་འཁུར་ནས་སྒྲིག་བཞིན་པའི་ཆོལ་གསུམ་ལོ་རྒྱུས་ཆེན་པོ་དེ་དེ་ལས་ཡག་ཙམ་ཡོང་བའི་རེ་བ་ཧ་ཅང་ཆེན་པོ་ཡོད་པ་རེད། དམ་དཔལ་བས་གཙོ་འགན་འཁུར་བའི་མིང་ཙམ་བཟུང་བ་མ་གཏོགས་མགོ་ལོག་མཁན་པོ་བསྟན་སྐྱོང་ཟེར་བའི་མཁས་པ་ཆེན་པོ་དེས་ལོ་དུ་མར་རྩོམ་སྒྲིག་པའི་སྲོག་ཤིང་ལྟ་བུ་བྱས་པ་རེད། ཚེ་བརྟན་རྒྱལ་སོགས་སློབ་སྦྱོང་ཡག་པོ་ཅན་ཁ་ཤས་རེས་ཀྱང་ལག་པ་འཆངས་ཡོད་པ་རེད། ང་ནི་དམ་དཔལ་ལ་ཆགས་སྡང་གང་ཡང་མེད། དྲང་པོར་སྨྲས་པ་ཙམ་ཡིན།
ལོ་རྒྱུས་ནི་མིག་གིས་མཐོང་བ་དང་ལུས་པོས་མྱངས། རྣ་བས་ཐོས་པ་སོགས་མ་ནོར་བར་འབྲི་དགོས་པ་ལས། མཁས་པ་ཡིན་ཟེར་ནས་སྙན་ངག་དང་ཕར་ཕྱིན་དྲུག་སོགས་བེད་སྤྱོད་གཏོང་ས་ཡོད་པ་མ་རེད། སྐབས་རེ་སེམས་པ་མེད་པའི་པར་ཆས་ཐེབས་ཆགས་ཤིག་གིས་རིན་ཐང་གཞལ་དུ་མེད་པའི་ལོ་རྒྱུས་འབྲི་ཐུབ་པ་མ་ཟད། མདོག་མེད་ཀྱི་པར་རྙིང་གཅིག་རེས་ཀྱང་མཁས་པ་རྫུན་རྒན་བརྒྱ་ཕྲག་མང་པོའི་རྫུན་རྐུབ་རྟོལ་ནས་དྲང་བདེན་གྱི་ལོ་རྒྱུས་སྨྲ་བའང་ཡོད་པས། ལོ་རྒྱུས་འབྲི་རྒྱུས་ངེས་པར་དགེ་བཤེས་ལྷ་རིམ་དགོས་པའི་ངེས་མེད་དོ།
ལོ་རྒྱུས་ནི་ཆོས་པ་དད་པ་དག་སྣང་ཅན་ཚོས་དེ་བས་ཀྱང་འབྲི་མི་རུང་བ་ཡིན། བྲིས་ཀྱང་རྫུན་ཁོ་ན་འབྲི་གི་རེད། དཔེར་ན་ཆོས་པ་ཚོས་བྲིས་པ་རྒྱལ་བོ་སྲོང་བཙན་སྒམ་པོ་དང་གླང་དར་མའི་སྐོར་ལྟ་བུ་རེད། སྲོང་བཙན་གྱི་སྐྲ་ལོ་རྡོག་རྡོག་བྱས་ནས་བསྡམས་ཡོད་པ་དེ་ལ་རྟ་མགྲིན་གྱི་སྐུ་རང་བྱོན་ཡིན་ལུགས་དང་། ཆོས་ལ་མི་དགའ་བའི་རྒྱལ་སྲས་འུ་ཏམ་བཙན་པོ་ལ་གླང་དར་མ་ཞེས་མགོ་ན་གླང་རྭ་ནར་ཤར་རེ་ཡོད་པ་ཞིག་རྗུན་བཟོ་བྱས་པ་རེད། སྲོང་བཙན་སྒམ་པོས་ནང་ཆོས་དར་སྤེལ་ཆེད་བོད་ཡུལ་དུ་མི་བསད་པ་ཡོངས་སུ་བཀབ་ནས། སྤྲུལ་བའི་མི་ལ་སྤྲུལ་བའི་དམག་གིས་བསད་པ་རེད་ཟེར་བ་འདྲ་བོ་རེད། སྲོང་བཙན་གྱིས་ནང་ཆོས་དར་སྤེལ་ཆེད་མི་བསད་པ་དང་གླང་དར་གྱིས་ནང་ཆོས་མེད་པ་བཟོ་ཆེད་མི་ག་ཚོད་བསད་པའི་གྲངས་འབོར་བསྡུར་ན། སྲོང་བཙན་གྱི་བསད་པ་མང་དགོས་པ་ཡོད་རེད། འོན་ཀྱང་ཆོས་པས་ལོ་རྒྱུས་བྲིས་ནས་ཞྭ་དང་ལྷམ་བརྗེ་ནས་བྲིས་ཡོད་པ་ལྟ་བུ་རེད། ཆོས་པའི་དད་སྣང་ཟེར་བ་འདི་གཅིག་ནས་རྫུན་བཟོ་སྤྱད་ཀྱི་ལག་ཆ་ཞིག་རེད་འདུག
དྲ་གྲོགས་རྣམས་ཀྱིས་གཟིགས་དང་། མགོ་ལོག་གི་ལོ་རྒྱུས་”འགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད་ཟེར་བ་”འདི་ངོ་མ་གཏད་སོ་སྤུ་ཙམ་མེད་པའི་བྱིས་པའི་ངག་འཆལ་ལྟ་བུ་ཞིག་རེད། འདིར་དཔེ་མཚོན་ཙམ་བཀོད་ན། དེབ་དེའི་སྟོད་ཆའི་ཤོག་ངོས་གཉིས་པར་གདོད་མའི་བོད་མི་བྱུང་ཚུལ་ཞེས་པར་འདི་ལྟར་བྲིས་འདུག དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན། དེ་ནས་ནང་བཅུད་ཀྱི་སེམས་ཅན། རིམ་བཞིན་བོད་ཀྱི་འགྲོ་བ་རིགས་བྱུང་ཚུལ་ལ་གསུམ། སྔོན་བསྐལ་བ་དང་པོ་རི་རབ་ཀྱི་སྟེང་དུ་འགྲོ་བ་མིའི་རིགས་བྱུང་། བར་སྣང་སྟོང་བའི་རང་བཞིན་ཁོངས་སུ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས། དེ་ནས་རིམ་བཞིན་སྐྱེ་དངོས་རིགས་འཕེལ་བ་དང་། དུས་མཉམ་དུ་ནང་བཅུད་ཀྱི་འགྲོ་བ་མི་དར་རྒྱས་སུ་སོང་བ་ལོ་རྒྱུས་རྣམས་ཞལ་མཐུན་པས་རྒྱས་སྤྲོས་མི་བྱ། ཞེས་བྲིས་འདུག
སྣོད་བཅུད་ཆགས་ཚུལ་འདི་ཆོས་ཀྱི་བཤད་ཚུལ་དང་རྩ་བ་ནས་མཐུན་གྱི་མེད། ནང་ཆོས་ཀྱི་ཕྱོགས་ནས་བཤད་ན། མངོན་པ་མཛོད་དང་། དུས་འཁོར་ལུགས་གཉིས་གཙོ་བོ་ཡིན་མོད། དེ་གཉིས་སུ་འདི་འདྲའི་ཟུར་ཙམ་གསུངས་མེད། འཇིག་རྟེན་གྱི་ཕྱོགས་ནས་ཀྱང་འདི་འདྲའི་བཤད་སྲོལ་ཞིག་འཛམ་གླིང་རྒྱལ་ཁབ་གང་དུ་མེད་པས། རྩོམ་པ་པོ་དམ་དཔལ་རང་ཉིད་ཁ་བརྡ་དྲ་སྟེང་དུ་ཕེབས་ཀྱི་ཡོད་ན། འདིའི་རྒྱུ་མཚན་དང་ལོ་རྒྱུས་རྣམས་ཞལ་མཐུན་ཚུལ་གསལ་བཤད་ཅིག་གནང་ཐུབ་ན་ཡག་པོ་འདུག
ད་ཉལ་གྱི་ཡིན། སང་ཉིན་དེའི་འཕྲོ་ནས་འགོད་ཆོག
ངོ་མ་གོ་ལོག་དམ་དཔལ་གྱི་དེབ་ཀྱི་ཆ་ཤས་འགའ་ལ་སྐྱོན་ཡོད་སྲིད། དེ་ནི་དེབ་ཚང་མའི་ནང་ལ་ཡོད། ཧ་ལས་ཡག་ཡོད་མ་རེད། དཔེར་ན་ཁྱོད་ཚོ་ཀློག་དང་། རྒྱལ་བ་རིན་པོ་ཆེ་སྐུ་འཕྲེང་བཅུ་བཞི་པའི་རང་རྣམ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཟེར་བའི་ནང་ཡིག་ནོར་ག་ཚོད་འདུག ད་དུང་གནས་ཚུལ་ཁ་ཤས་དོན་དངོས་དང་མ་མཐུན་སྟབས། བོད་ནས་ཡི་གེ་འབུལ་མཁན་ཡང་མང་པོ་བྱུང་ཡོད། ཡིན་ནའི་དེབ་ཀྱི་ནང་དོན་གནད་འགག་ཅན་ཁ་ཤས་ངོ་མ་གསལ་པོ་ཡོད། ད་དུང་ཞ་སྒབ་པའི་སྲིད་དོན་རྱྒལ་རབས་ནང་ལ་ཡང་མ་འགྲིག་པ་མང་པོ་ཡོད། ཧོར་གཙང་གིས་ཁ་ཤས་ལ་དོ་སྣང་བྱས་འདུག དེ་ལྟ་བུར། ཧོར་གཙང་འཇིགས་མེད་ཀྱི་དགེ་ཆོས་ཀྱི་ལོ་རྒྱུས་དེ་ལ་ཡང་དོན་དངོས་དང་འགལ་བའི་གནས་ཚུལ་མང་པོ་འགོད་ཡོད། རེད། སྐྱོན་ཡོད་སྲིད། ཡིན་ནའི་དེ་ལ་ཧ་མ་ལས་པར། དེབ་དེ་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་བསམ་འཆར་འདོན་ན་ལེགས་པོ་རེདྙམ།
དེ་བཞིན་དམ་དཔལ་གྱི་ལོ་རྒྱུས་ཀྱི་ཐོག་མ་དེ་ཚོར་ཏོག་ཙམ་སྐྱོན་ཤོར་ཡོད་ནའི། འགག་གནད་ཅན་གྱི་དོ་འཕྲང་དེ་ཚོར་ངོ་མ་གུང་ཁྲན་གྱི་སྡུག་ལས་རྣམས་གསལ་པོར་འགོད་ཡོད། འཛམ་གླིང་ཐོག་མ་ཇི་ལྟར་ཆགས་ཡོད་མེད་དེ་སུས་ཀྱང་ད་དུང་གསལ་པོ་ཤོད་ཐུབ་ཀྱི་མེད། དམ་དཔལ་གྱིས་བར་སྣང་སྟོང་པའི་ཐོག་ཆགས་ཡོད་ཅེས་པ་འདི་དངོས་ཡོད་དང་ཡོང་སུ་མཐུན་ཡོད། གོ་ལ་འདི་ངོ་མ་བརསྣང་ཐོག་ཆགས་ཡོད།
ཡིན་ནའི་རྒྱ་དམར་གྱིས་ངེད་ཚོའི་ཕ་ཡུལ་ནང་སྡུག་གཅོད་ཀྱི་ལས་ཀ་མི་ཉུང་བ་ཞིག་བྱས་ཡོད་པ་འདི། དོན་གཉེར་བ་དམ་དཔལ་གྱིས་ཇི་མ་ཇི་བཞིན་ལོ་རྒྱུས་ཐོག་བཞག་ཐུབ་པ་འདིས་ྩོམ་པ་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་བ་རིན་པོ་ཆེས་དགོངས་པ་རྒྱ་ཆེན་པོས་དེ་ལ་རྒྱབ་སྐྱོར་བྱས་པ་འདི་ངེད་ཚོ་བོད་པ་རྣམས་ལ་བཀའ་འདྲིན་ཆེ།
ཁྱོད་ཚོ་འདིར་ཡོང་མཁན་ཀླུ་སྨྱོན་ཟེར་བ་དང་། མི་རྒོད་ཁྱེད་རང་གིས་ད་བར་བོད་སྤྱི་ལ་ཕན་ཐོག་པའི་དེབ་ག་ཚོད་བྲིས་ཡོད། དོན་ཆེ་དོན་ཆུང་ལ་དབྱེ་ཞིབ་མ་བྱས་ན་སྐྱོན་ཆེན་པོ་རེད།
ང་རང་སྐྲག་ས་འདི་དམ་ཆོས་ལྟ་བུའི་ཡི་གེ་དག་མི་དག་པའི་མི་མ་རེད། ང་རང་སྐྲག་ས་འདི་ཤེས་ཡོད་ཀྱིས་རབ་ཏུ་ཕྱུག་ཤིང་། ཀུན་སློང་དང་འདུ་ཤེས་ནང་སྐྱོན་ཤོར་ནས། བོད་པའི་མི་རིགས་འདིའི་བླ་སྲོག་དེ་ཇི་ལྟར་འཕྲོག་ཐུབ་བམ། མི་རིགས་འདིའི་མཐུན་སྒྲིལ་དེ་ཇི་ལྟར་སྟོར་ཐུབ་བམ་བསམས་ནས། ཆོས་ལུགས་དང་ཆོལ་ཁ། ཡུལ་གྲུ་དང་ཡུལ་ལུང་། གསར་འབྱོར་དང་ྙིང་འབྱོར། ལྟ་བ་དང་ཡུལ་སྲོལ་སོགས་བེད་སྤྱད་ནས། བོད་མིའི་གོང་བུ་དེར་གཏོར་འཇིགས་གཏོང་མཁན་གྱི་བོད་པ་ཤེས་ཡོན་ཅན་རྣམས་ཡིན། ཁ་བརྡའི་ནང་ཕེབས་མཁན་གྱི་བོད་ཡིག་ལེགས་པོ་ཤེས་མཁན་ཁ་ཤས་ལ་འདིའི་སྐྱོན་ཆེན་པོ་འདུག
ཟུར་གནས་དེ་རིང་གཟུ་བོར་གནས་ལུགས་ལ། །
ཟུར་དུ་ལྷུང་པའི་འདྲེ་ཡིས་མངོན་པར་བསྟོད། །
མགོ་ལོག་དམ་དཔལ་ལོ་རྒྱུས་རྩོམ་པ་ལ། །
སྐྱོན་ཆ་མཆིས་ཀྱང་ཡོན་ཏན་ཡོན་ཏན་ཡིན། །
དེང་སང་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་དུ་རློམ་མཁན་མི་ཉུང་བ་ཞིག་གིས་གཞན་གྱི་སྐྱོན་ཁོ་ན་ལས་གཞན་གྱི་དཀའ་ལས་གྲངས་མེད་བརྒྱབ་ཡོད་མེད་སོགས་ལ་མི་དཔྱད་པར་ཁ་ནས་གང་འདོད་བཤད་མཁན་ནི་ཇེ་མང་དུ་འགྲོ་བཞིན་འདུག དངོས་ནས་དེ་ལྟར་སྐྱོན་བརྗོད་བྱེད་པ་ལ་རྒྱུ་མཚན་སྟོན་རྒྱུ་ཞིག་དགོས་པ་མ་ཟད། ཤ་ཚ་བ་དང་རང་གི་འཇོན་གྱི་ཡོད་ན་ནི་བོད་ཀྱི་ལོ་རྒྱུས་འབྲི་མཁན་ནི་ཡིན་གཅིག་མིན་གཅིག་༧གོང་ས་མཆོག་གི་བཀའ་ལ་སྒུག་ནས་འབྲི་དགོས་པ་ཞིག་མ་ཡིན་པར། ལོ་རྒྱུས་ལ་མཁས་པ་ཁྱེད་ཅག་གིས་འགན་བླངས་དེ་བྲིས་དེ་བོད་མི་མང་གི་མིག་ལ་གཤམ་ནས་འདི་རེད་ཅེས་སྟོན་དང་ད་གཟོད་ཨ་མའི་བུ་རེད། དེ་མིན་གཅིག་གི་བྱས་པ་དེར་སྐྱོན་འཛུགས་ཁོ་ན་ལས་རང་གི་གང་ཡང་སྟོན་རྒྱུ་མེད་པར་བསྡད་ན་ནི། དེ་ཙམ་མོ།
སྐྱོན་བཤད་དགོས་ན་དྲ་ངོས་འདི་ན་ཆེད་ལས་བ་མང་གི་ཡ། ད་གཉིད་ཁུག་གི་ཡིན།
ཁ་སང་གི་དེ་དེ་རིང་བཤད། དེ་རིང་གི་དེ་སང་ཉིན་བསྐྱུགས། སང་ཉིན་གྱི་དེ་གནངས་ཉིནལྡད།
ནོར་འཁྲུལ་ཆུང་ཆུང་རེ་ཡོད་དུ་ཆུག་ཀྱང་དེ་ཙམ་ལ་གནད་འགག་མི་ཆེ། ཞབས་འདྲེན་ངོ་མ་དེ་དེང་སང་རྒྱ་ནག་གིས་སྒོར་མོ་མང་པོ་སྦྱིན་ཏེ་བོད་ཀྱི་ལོ་རྒྱུས་བརྩམས་བཅུགས་ནས་བོད་དེ་གནའ་སྔ་མོ་ཞིག་ནས་རྒྱ་ཁོངས་སུ་སྒྲུབ་པ་སོགས་བསམ་བཞིན་དུ་ལོ་རྒྱུས་ངོ་མ་བརླག་མཁན་དེ་ཚོ་ཞབས་འདྲེན་རེད། དེས་ན་ཁོ་འཁྱོང་མཁན་ཞིག་ཡིན་ན་སྨྲུག་ཁ་ནང་ལ་སྐོར་བ་ལས་ཕྱི་ལ་སྐོར་རན་རེད།
དྲ་གྲོགས་སམ་དྲ་དཔོན་དགེ་འདུན་རབ་གསལ་ལགས། ལོ་ལ་ཡས་མས་ཟེར་བ་ལས་གཡས་གཡོན་ཟེར་ན་ཅི་འདྲ་འདུག 1980་ཡས་མས་ཟེར་བ་ལས་གཡས་དང་གཡོན་གྱི་སྐད་ཆ་བོད་སྐད་ལ་ནི་བདེ་བོ་རང་མེད་པ་མིན་ནམ། འདི་ནི་ཁྱོད་རང་གཅིག་པུ་མ་ཡིན་པར་མང་པོ་མང་པོ་འདུག ད་དུང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཟེར་བ་ལས། ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐྱངས་ལྟ་བུ་དཔེ་དོན་ལ་མི་འབྱོར་བ་མང་པོ་མང་པོ་བྲིས་དང་འབྲི་མཁན་གྱི་རྩོམ་པ་པོ་དང་རྩོམ་སྒྲིག་གང་མང་འདུག་ན། བོད་རང་གི་སྐད་ཡིག་གི་དཔེ་དོན་སྦྱོར་སྟངས་སོགས་གང་ཐད་ནས་རང་གི་ཁྱད་ཆོས་མ་བརླག་པར་བེད་སྤྱོད་གནང་རྒྱུ་ནི་སྐད་ཡིག་སྲུང་སྐྱོབ་དང་ཡར་རྒྱས་ཁོ་ན་ཡིན་པས་དེ་དོན་ཐུགས་ལ་འཇགས་པར་ཞུ།
དུས་ཚོད་སྟོན་སྐབས་གཡས་གཡོན་ཟེར་བ་左右ཟེར་བ་རྒྱ་ཡིག་བཀོལ་སྟངས་ནས་ཐད་བསྒྱུར་བྱས་པ་ཡིན་པས་ཡག་པོ་མི་འདུག
དམ་དཔལ་ཚང་དེ་འདྲའི་མི་ལས་སླ་བོ་ཞིག་མ་རེད། ཟླ་སྔོན་མར་ཝཱརྞཱར་བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཞིག་འཚོགས་པར་ཨ་ཁུ་དམ་དཔལ་ཚང་ཡང་གདན་འདྲེན་ཞུས་ཡོད་པས་དེ་དུས་ངས་སྔོན་མ་ནས་གོ་མྱོང་ཡོད་པའི་ཁོང་མཇལ་ཐུབ་སོང་། རྒྱུས་ལོན་བྱུང་བ་ལས་ཁོང་ནི་ལོ་རྒྱུས་དངོས་ཡོད་ཀྱིས་འབྲི་རྒྱུར་བརྩོན་མཁན་ཞིག་ཡིན་པ་རྟོགས་བྱུང་ལ། ཁོང་རང་ལ་རེག་ཡོད་པའི་ཡིག་ཆ་ཁག་ལས་སུ་ཞིག་ལ་དགོས་མཁོ་བྱུང་ཡང་ཡུལ་དུས་ངེས་མེད་དུ་སྤྲད་ཆོག་སོགས་གསུངས་པ་ལས་ཁོང་ནི་སྒེར་གྱི་ཁེ་གྲགས་གཉེར་མཁན་ཞིག་མིན་པའི་ཡིད་ཆེས་བཅོས་མིན་དུ་བསྐྱེས་མྱོང་།
ཁོང་གིས་གསུངས་པ་ལྟར་ན། ཁོང་གིས་དགུང་ལོ་སོ་དྲུག་ཡིན་ནམ་ཅིག་ལ་བོད་ཡིག་སྦྱང་མགོ་བཙུགས་པ་ཡིན་ཟེར་བས། བསྟན་པ་དར་རྒྱས་ནས་འཁང་ར་བརྗོད་པའང་དེ་ཙམ་གྱིས་སྐྱོན་དུ་ཨེ་འགྲོ་བསམས། ཁོང་རང་གིས་ཀྱང་རང་ཉིད་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པར་དགོངས་མཁན་ཞིག་རེད་མི་འདུག་ལ། གོང་དུ་གདོང་དམར་གྱི་བུ་སོགས་ནས་བརྗོད་པ་ལྟར། ལོ་རྒྱུས་འབྲི་བ་ནི་དོན་རྐྱེན་བྲི་རྒྱུ་གལ་ཆེ་བར་དགོངས་པ་ལྟར་བདག་གིས་ཀྱང་འདོད་པར་མ་ཟད། ༧གོང་ས་མཆོག་ནས་ཁོང་ལ་སྐུལ་མ་བྱེད་དོན་ཀྱང་ཁོང་རང་རྒྱ་ནག་སྤྱི་ཚོགས་ནང་དུ་དཀའ་སྡུག་དངོས་སུ་མྱངས་མྱོང་མཁན་ཞིག་ཡིན་པའི་ཆ་ནས་ཡིན་པས། ཡིག་ནོར་སོགས་དོ་སྣང་བྱ་ཐུབ་ན་ལེགས་ཀྱང་དེ་འདྲའི་གལ་ཆེན་པོ་ད་ཡིན་རྒྱུ་མ་རེད་བསམས།
༡༩༦༨ གཡས་གཡོན་ལ་རྔ་བ་དང་འགུ་ལོག་གི་མི་སྟོང་ཕྲག་ཁ་ཤས་ཀྱིས་དམར་དམག་གི་མིང་གི་འོག་ནས་དམར་དམག་ལ་འཐབ་རྒོལ་བྱས་པའི་ལོ་རྒྱུས་གཞི་རྒྱ་ཆེ་ནའང་གྲགས་ཐུབ་མེད། དམ་དཔལ་དེའི་ནང་གི་གཅིག་རེད། ཁོ་ལ་དེའི་སྐོར་ཞིབ་ཕྲ་བཤད་ཡ་འདུག གནས་ཚུལ་འདི་འདྲ་བྲིས་དགོས་པ་ལས་སྔོན་གྱི་བཙན་པོ་ཚོའི་མིང་བསྐྱར་འབྲི་ཡང་འབྲི་བྱས་ན་ཆོ་ཅང་མི་འདུག
༡། ཧོར་གཙང་འཇིགས་མེད་མཁས་དྲགས་ནས་ལོ་རྒྱུས་ཡག་པོ་བྲིས་ཡོད་པ་མ་རེད་ཟེར། དམ་དཔལ་ཤེས་ཡོན་མེད་དྲགས་ནས་ལོ་རྒྱུས་ཡག་པོ་བྲིས་མེད་ལུགས་བཤད་པ་སོགས། མདོར་ན་ལོ་རྒྱུས་འབྲི་རྒྱུར་ཆ་རྐྱེན་ཚང་མཁན་གྱི་བོད་མི་དེ་སུ་རེད་མཛུབ་མོ་བཙུགས་ནས་སྟོན་རོགས།
༢། ཟམ་གདོང་གིས་བླ་སྤྲུལ་ཚོ་ལ་དགག་པ་བརྒྱབ་ནས་བླ་སྤྲུལ་ཚོ་རྩ་མེད་བཟོ་མ་ཐུབ་ཀྱང་ཉུང་དུ་ངེས་པར་དུ་གཏོང་དགོས་ཟེར་ནས་དགག་པ་བརྒྱབ་ན་ད་དུང་རྒྱབ་སྐྱོར་བྱེད་པ་དང་། གདོང་དམར་གྱི་བུས་བླ་སྤྲུལ་ཚོ་ཚོང་དཔོན་དང་ནང་དཀྲུགས་སློང་མཁན་རེད་ཟེར་ན་གདོང་དམར་གསོད་དགོས་དང་རྒྱ་མི་དང་དོལ་ཚོགས་ཆེས་མི་སྙན་པའི་གཏམ་ངན་རང་བྱུང་དུ་བརྗོད་ཡོང་གི་འདུག འོན་ཀྱང་བླ་སྤྲུལ་ཚོ་ཡོད་པ་ལས་མེད་པའང་ཡང་ན་ཆེས་ཉུང་ཉུང་ཞིག་ལས་མེད་ན་བཟང་བའི་ལྟ་ཚུལ་ང་དང་ཟམ་གདོང་རིན་པོ་ཆེ་གཅིག་པ་རེད། ད་ངོ་ནས་དྲ་ཁང་འདི་སྨྱོ་ཁང་རང་ཆགས་ས་རེད། དྲ་ཁང་འདི་དང་བྲལ་ཐུབ་ན་ཁེ་བཟང་ཆེ་ས་རེད། འདི་ནང་ངོ་ནས་མི་ཆོ་མེད་མང་པོ་ཡོད་ཚོད་འདུག ད་བདེ་མོ་ཡིན་དོ། མིང་གིས་བོས་ནས་མཆན་བུ་མི་འདེབས་ཐབས་མེད་དེ་འདྲ་མ་བཟོ་རོགས།
མེ་རི་ཡོད་དུས་སྟག་སྨྱོན་མེད།།
གདོང་དམར་ཡོད་དུས་མེ་རི་མེད།།
རིགས་པ་ཡོད་དུས་གདོང་དམར་མེད།།
དོན་ལ་ཤི་འདྲེའི་ཆོ་འཕྲུལ་ཙམ།།
ཡ་དོལ་ཕྲུག་གདོང་དམར། ཟམ་གདོང་དང་ཁྱེད་གཉིས་ཀྱི་ལྟ་གྲུབ་གཅིག་པ་རེད་ཨེ། ཧ་ཧ་ཧ་ཧ། ཧོ་ཧོ་ཧོ་ཧོ། ཁྱོད་སྙིང་རྗེ། ཁྱོད་ངོ་ཚ་མི་ཤེས་ལུགས་ལ་བལྟས་ན་ཁྱོད་ངོ་མ་སྨྱོས་བསྡད་ཡོད་རྒྱུ་རེད་པ། ཨ་རོ། གཟབ་གཟབ་རེ་བྱོས་མ་གཏོགས་ཤི་འདྲེ་སྙིང་ལ་ཞུགས་ན་རང་གི་ཁ་ནས་ཅི་བཤད་དང་ལག་པས་ཅི་ལས་རང་གིས་གོ་གི་མེད་ནི་འདྲ་ཟིག་རེད་ཀོ རྗེས་མ་ནས་དྲ་ཁང་འདིའི་ནང་ལ་ཡོང་རྒྱུ་མིན་མདོག་མདོག ཡང་མིང་རྫུན་མ་དང་ཁ་བྱང་གསར་བ་ཅི་ཞིག་བཟོས་ནས་གྲ་སྒྲིག་བྱས་ཡོད། མི་བསམ་ནག་འདི་ཚོ་ལ་དཀའ་ལས་ཁག་རྒྱུ་ཞིག་མི་འདུག ཁྱོས་དི་གཅིག་མི་ཟེར་གི་ན་ཁྱོས་ངའི་སྐྱག་ཁུང་ལ་གཅིག་ལྡོགས།
རྒྱ་འདྲེ་དོལ་རྒྱལ་གྱིས་སྙིང་དཀྲུགས་པའི་བསམ་གཏན་ཁྱེད་ཀྱིས་མི་ལ་གང་བྱུང་དོལ་ཚོགས་ཀྱི་མིང་གིས་མ་བཟུང་ན་དགའ། དོལ་ཚོགས་ནི་མི་གསོད་ཀྱི་ལག་ཡིན་པ་རེད། ཁྱོད་མི་དགའ་ས་ཚང་མ་དོལ་ཚོགས་ཡིན་དགོས་དོན་ཅི་ཡིན་ནམ། ཁྱོད་ངོ་མ་དོལ་རྒྱལ་བླ་མ་གངས་ཅན་གྱིས་གསོས་ཕྲུག་ཅིག་ཚོད་འདུག་པས། རྗེས་མ་བོད་པའི་སྤྱི་ཚོགས་ནང་དཀྲུགས་ཤིང་མ་བཟོས་ན་མི་བཟང་། ངས་བཙན་བྱོལ་ནང་གི་བླ་མ་བརྒྱ་ཆ་དགུ་ཅུ་ལ་ཚོང་དཔོན་ཞིག་འདུ་ཤེས་ལས་འཛིན་གྱི་མེད། དེ་ནི་བླ་མ་ཚོས་བཞག་པས་བབ་ཆགས་ཡིན་པ་ལས་སྣང་བ་མ་དག་པ་སྡུག་འདྲེ་ཁྱེད་འདྲ་བོའི་བསམ་བློ་གཏོང་སྟངས་དང་འདྲ་གི་མ་རེད། གལ་སྲིད་བླ་སྤྲུལ་ཚོ་ཡག་པོ་ཞིག་ཡིན་ན་བོད་གཞུང་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་དགག་པ་བརྒྱག་དོན་ཅི་རེད། དེ་ཚོ་ཚང་མ་དོལ་རྒྱལ་ཚོགས་པ་རེད་ཟེར་གྱི་ཡོད་དམ། དེ་འདྲ་བསམ་ཚུལ་ཡོད་མཁན་ཚང་མ་དོལ་ཚོགས་ཡིན་ན་བོད་པ་གཙང་མ་ཕལ་ཆེར་ཆེར་གཅིག་ཀྱང་ལྷག་མེད། ཁྱེད་ཀྱིས་སྙིང་དོལ་བདུད་ཀྱིས་བསླུས་ཡོད་པས། ངས་ཁྱོད་ལ་དྲག་བསྔགས་ཀྱིས་ཕུ་བཏབ་པའི་གཅིན་ཚ་བོ་ཕོར་བ་གང་ལྡུད་མི་ཐུབ་ན་ལྟོས་བསྡོད། ངས་ད་བར་བཟོད་སྒོམ་བྱས་ནས་བཞག་པ་ཡིན་མ་གཏོགས་ཁྱི་རྒན་ཁྱེད་ལ་ཚིག་ལན་རྩུབ་མི་འབྲི་ཕོད་ཀྱི་འདུག་དྲན་སོང་། རིག་པ་སོགས་ང་མིན་ན་ཡང་ངས་ཁྱོད་ལ་ཆེད་དུ་དག་འབུལ་ཞུ་འདོད་མི་གོ་སོང་ངམ། བཀྲ་མ་ཤེས་པའི་དོལ་ཕྲུག་སྣ་ནག་ཁྱོད་འདྲ་བོ་དང་དྲ་ཁང་འདིར་བརྩོད་པ་བརྒྱབ་ནས་མི་ཚེ་སྟོང་ཟད་རེད་གོ་སོང་སོང་ངམ། ཚེ་ཐུང་རྒྱུ་ཁྱེད་ཀྱས་དཀྲུགས་ཤིང་གི་ལས་ཀ་མཚམས་བཞག་ན་རན་མི་འདུག་གམ། ཁྱེད་ཀྱིས་ཡང་བསྐྱར་མིང་རྫུན་མ་ཞིག་ཁྱེར་ནས་ཚིག་སྐྱག་པ་འདྲ་བོ་དེ་ཁྱེར་ཡོང་བ་ཤེས་ཀྱི་མི་འདུག་དྲན་སོང་ངམ། ཁྱེད་འདྲ་བོ་ཞིག་གི་ཁ་གཏད་དུ་ལངས་རྒྱུར་ངས་མིང་བརྗེ་བསྒྱུར་གྱི་དཀའ་ལས་ངས་བརྒྱག་གི་མ་རེད།
ངས་བླ་མ་ཚོ་ལ་ཚོང་བ་ཞིག་འདུ་ཤེས་ལས་འཇོག་གི་མེད་ལ། འདི་ནི་བླ་མ་ཚོས་ང་ལ་བཞག་པའི་བག་ཆགས་རེད། བླ་སྤྲུལ་ཚོས་ནང་དཀྲུགས་བརྒྱབ་དང་བརྒྱག་བཞིན་པའི་སྐོར་བྲིས་པ་དྲང་པོར་བྲིས་པ་ལས་ཧམ་རྫུན་རེད་འདུག་གམ། དྲ་ཁང་དུ་བསམ་ཚུལ་དེ་ལྟར་བྲིས་པ་མི་འདོད་ནའང་དྲང་བདེན་ཡིན་པས་སྡུག་གྱོང་རེད། ཚེ་ཟད་ཁྱོད་མིང་འདྲ་མི་འདྲ་སྤྱད་ནས་ཚིག་ཚོད་མེད་ཡང་ཡང་བཤད་རྒྱུ་ཚོད་བཟུང་ན་མི་དགའ་འམ། མི་ངན་ཁྱོད་བོའང་དྲ་ཁང་འདིར་ཡོད་པས་སུ་ཞིག་འདིར་ཞུགས་འདོད་དམ།
ཕག་རྒན་བསམ་གཏན་དོལ་ཕྲུག་ལ།
ངས་གང་མཐོང་བ་དེ་ཟམ་གདོང་བླ་མས་ཀྱང་གཅིག་པ་མཐོང་ནས་བླ་སྤྲུལ་ལ་དགག་པ་བརྒྱབ་པ་མིན་ན་ཅི་རེད། ཁྱི་རྒན་བསམགཏན། བླ་སྤྲུལ་ཚོང་བ་ཚོ་ལ་མི་དགའ་མཁན་ཚང་མ་དོལ་རྒྱལ་ཚོགས་པ་རེད་ཟེར་དོན་ཁྱེད་ལ་དུད་འགྲོའི་ཀླད་པ་ཞིག་ཡོད་པ་མིན་འགྲོ། དོལ་རྒྱལ་ལ་སྲོག་གཏད་བྱེད་མཁན་ཚོ་ཡང་བླ་མ་མ་ཡིན་ཡིན་ཁུལ་དང་། དད་པ་མེད་ན་ཡོད་ཁུལ་བྱེད་མཁན་གྱི་རྒྱལ་ཚོང་ཁྱེད་འདྲ་བོའི་རིགས་ཡིན་པས། སུ་ཞིག་གིས་དེའི་མིང་ནས་ཀྱང་ལས་སླ་བོ་འབོད་ཀྱི་མེད་ཀྱང་། ཁྱེད་ལ་དོལ་རྒྱལ་གྱི་མིང་དེ་བེད་སྤྱོད་ཆེ་ལུགས་ལ་ལྟོས་ན་ཁྱོད་མི་གསོད་ཀྱི་བླ་མ་དེ་ཚོའི་རྔ་མ་ཞིག་ཡིན་པ་གསལ་བོ་རེད། ཁ་སང་ཁྱེད་ཀྱིས་མིང་རྗུན་མང་པོ་སྤྱད་ནས་གདོང་དམར་བུ་གསོད་ཀྱི་ཡིན་ཟེར་ལུགས་ལ་ལྟོས་ལ་གངས་ཅན་བླ་མ་སོགས་ཤུགས་ལྡན་ཕྱོགས་ཁག་ནས་མི་གསོད་སྟངས་སྦྱོང་བརྡར་སྤྲད་དེ་ཆེད་མངགས་མི་གསོད་དུ་གཏོང་གི་ཡོད་པ་དེ་ཚོའི་གཅིག་ཡིན་ན་ཡང་། དོལ་ཕྲུག་ཁྱེད་ཀྱིས་མི་ཚང་མ་ལས་སླ་བོ་ཡོད་པ་རེད་མ་དྲན། ངས་ཁྱེད་ལ་གཅིན་ཚ་བོ་ཕོར་གང་ལྡུད་ཆོག
ཟམ་གདོང་རིན་པོ་ཆེ་དང་ངེད་གཉིས་ཀྱིས་བླ་སྤྲུལ་ལ་མཐོང་སྟངས་གཅིག་པ་མིན་ན་དགག་པ་བརྒྱག་སྟངས་གཅིག་པ་ཡིན་དགོས་པའི་རྒྱུ་མཚན་མེད། འོན་ཀྱང་ཁྱེད་ནི་དད་པ་ཡོད་མཁན་ཞིག་མ་ཡིན་པར་གཡོ་སྒྱུ་དང་རྗུན་བཟོ་ལ་མཁས་པའི་མི་ངན། སྤྱི་ཚོགས་ནང་དཀྲུགས་ཤིང་དང་ངན་བསྐུལ་བྱེད་སྟངས་ལ་བྱང་བའི་བློ་ངན་ཞིག་ཡིན་པས་ངས་ཁྱེད་ལ་དད་པ་དང་བླ་མའི་སྐོར་ནས་གླེང་བ་དོན་མེད་རེད། ངས་ཁྱེད་འདྲ་བོ་ཞིག་ལ་འདེབས་ཆེད་མིང་བརྗེ་བསྒྱུར་གྱི་དཀའ་ལས་བརྒྱག་གི་མ་རེད།
ད་དུང་ཁ་རོགས་མ་བསྡད་ན་ངས་ཁྱེད་ཀྱི་གློ་སྙིང་གཉིས་ཀ་དམར་ལྷོག་གེ་ཁ་ནང་ནས་སྐྱུགས་པ་ཞིག་འབྲི་ཆོག
དེ་བར་དུ་ལེགས་བཤད་རེ་རྙེད་རེ་བྱེད་བཞིན་དྲ་ཁང་འདིར་ཞུགས་མཁན་ཚོ་ལ་དགོངས་སེལ་ཡོད། འོན་ཀྱང་ཚང་མས་ད་བར་དུ་མཐོང་ཡོད་པ་རེད། ངས་ཐ་ན་ད་བར་དུ་ལས་སླ་བོ་ཁྱི་རྒན་ཟེར་བ་ཞིག་བྲིས་མེད་ཀྱང་། བསམ་གཏན་ཟེར་བ་ཚེ་ཟད་རྒྱ་འདྲེ་དོལ་རྒྱལ་སྙིང་ལ་ཞུགས་མཁན་དེས་ཡང་ནས་བསྐྱར་དུ་ཚིག་ངན་རབས་དང་རིམ་པ་བྲིས་པ་ལ་ལན་མི་འདེབས་ཐབས་མེད་ཆགས་པ་རེད།
བོད་མི་ཟེར་བ་མི་འདྲ་ཡིན་ན་བོད་མི་རིགས་ཟེར་བཞིན་རང་སྲོག་བློས་བཏང་ནས་རྒྱ་དམར་ལ་འཐབ་བརྩོད་བྱེད་བཞིན་པའི་གཞིས་ལུས་བོད་མི་དེ་ཚོ་ངོ་ནས་སྙིང་རྗེ་རེད། ང་ཚོས་འཐབ་རྩོད་བྱེད་པའི་བོད་དོན་གྱི་ནང་དུ་མི་ངན་འདྲ་ཡང་ཡོད་པ་རེད་དྲན་ན། བོད་དོན་རྩད་ནས་རང་སྡིག་ཉོས་པ་ལས་འདུག་གམ།
འགུ་ལོག་དམ་དཔལ་གྱིས་བྲིས་པའི་གཉན་པོ་གཡུ་རྩེའི་བསང་དུད་ཅེས་པའི་དེབ་གོ་མྱོང་། གཞན་གཞིས་བཞུགས་རྩོམ་པ་པོ་འཇུ་སྐལ་བཟང་གཙོས་པའི་མི་ཁ་ཤས་ཀྱིས་མགོ་ལོག་གི་རུས་མཛོད་(དེབ་མིང་འདི་འདྲ་ཞིག་ཡིན་སྙམ)ཟེར་བ་ཞིག་བྲིས་ཡོད་པའང་གོ་མྱོང་། ངེད་ཀྱིས་ད་དུང་དེབ་དེ་ཚོ་ྐློག་མ་མྱོང་སྟབས་སྣོན་པ་རྒྱག་རྒྱུ་ཅི་ཡང་མེད་ནའང་། འདིར་དྲ་གྲོགས་རེ་ཟུང་གིས་གཉན་པོ་གཡུ་རྩེའི་བསང་དུད་ཅེས་པའི་དེབ་ལས་འཕྲོས་ཏེ་‘‘ཁྱི་མོ་རུས་འཛིང་དང་རྒན་མོ་ལག་འཛིང་’’ལྟ་བུ་བྱེད་ཀྱི་འདུག ཁག་ག་ལ་ཡོད། འདི་ནི་ཉོན་མོངས་ཀྱིས་བསྐྱེད་པ་ཞིག་རེད། ངས་དྲ་གྲོགས་རེ་ཟུང་གི་ཁོང་གསེང་ཐམས་ཅད་ཉོན་མོངས་ཀྱིས་གཡོགས་འདུག་པ་མཐོང་། དེ་བཞིན་མང་པོ་ཞིག་གིས་དེབ་ཅིག་ལ་རོལ་མྱོང་བྱས་རྗེས། དེབ་དེར་བསམ་འཆར་བརྗེ་རེས་བྱེད་པར་མི་སྤྲོ་བར་ལྡོག་ཕྱོགས་ནས་འབུར་འཇོམས་བྱེད་ཀྱི་འདུག འདི་ནི་རྒྱ་གར་དུ་ཡོད་པའི་ཤེས་ཡོན་ཅན་ཚོའི་ཀུན་སློང་ལྟ་བུ་རེད་ཅེས་སྨྲ་མི་ཕོད་ཀྱང་། ཀུན་སློང་དེ་ནི་ཉོན་མོངས་དང་ཧ་ཅང་ཐག་ཉེ་ཨང་།
བཙན་བྱོལ་ནང་གི་བླ་མ་བརྒྱ་ཆ་དགུ་ཅུ་ལ་ཚོང་བ་རེ་རེའི་འདུ་ཤེས་ལས་མེད། དེ་ནི་དེ་འདྲ་ཚབས་ཆེན་ཞིག་རེད་དམ།
ཅ་ཅོ་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་།།
ཆ་ལུགས་ཞི་དུལ་གནང་མཁན་ཁོང་ཚོ་ཡང་།།
ཇ་མར་ཤ་དང་པད་ཤག་མཐོང་བའི་ཚེ།།
ཉ་པ་རྒད་པོའི་སེམས་དང་ཁྱད་མི་འདུག།
འདི་འདྲ་ཞིག་ལོ་ ༦༠ གོང་ནས་གསུངས་ཟིན་པ་མ་ཡིན་ནམ།
དྲ་གྲོགས་ཚོ། བླ་མ་དང་སྤྲུལ་སྐུའི་ཁྱད་པར་ཤེས་པར་བྱེད། བླ་མ་ཡིན་ན་སྤྲུལ་སྐུ་ཡིན་པས་མ་ཁྱབ། སྤྲུལ་སྐུ་ཡིན་ན། བླ་མ་ཡིན་པའི་ཀྱང་མི་ཁྱབ། དེ་བཞིན་དུ། བླ་མ་མིན་ན། སྤྲུལ་སྐུ་མིན་པའི་མ་ཁྱབ།
བྱས་ཙང་། བླ་མ་དང་སྤྲུལ་སྐུ་མ་འདྲེས། ང་ཚོ་ལ་བླ་མ་ཡག་པོ་ཁག་དགོས། སྤྲུལ་སྐུ་མི་དགོས།
ཡ། གདོང་དམར། ངས་ཁྱོད་ལ་དོལ་ཕྲུག་ཟེར་བ་དང་། ཡང་མིང་རྫུན་མ་དང་ཁ་བྱང་གསར་བ་ཅི་ཞིག་བཟོས་ནས་གྲ་སྒྲིག་བྱས་ཡོད་ཅེས་སྨྲས་པ་དེ་ཁྱོད་ཀྱི་སྙིང་དམར་པོའི་སྒང་ལ་བརྒྱབ་འདུག་འ། སུས་ཁྱོད་ལ་གསོད་རྒྱུ་ཡིན་ལབ་སོང་། སུས་ལབ་ཡོད་ན་དེའི་ས་ལ་རྒྱུགས་དང་དགའ་ནི་རེད། གསོད་མཁན་དེ་ཁྱོད་ཚོའི་ཚོགས་པ་རེད་མ་གཏོགས་ང་ཚོ་མ་རེད། ཁྱོད་མི་དགའ་སའི་བླ་སྤྲུལ་དེ་ང་མིན་པས་ཁྱོད་བླ་སྤྲུལ་ལ་མ་དགའ་ན་དེ་ང་ལ་ཁྱད་ཅི་ཡང་མེད། ངས་ཟེར་ན་བོད་ཀྱི་རིགས་གནས་ལ་དོ་སྣང་ཡོད་པའི་བོད་མི་ཤེས་ཡོན་ཅན་སྐོར་ཞིག་འདིར་འཛོམས་ནས་ཁ་བརྡ་བྱེད་སྐབས་ཤི་འདྲེའི་ཁོལ་པོ་ཁྱོད་ཁྱི་སྨྱོན་སླེབས་པ་ལྟར་གཡས་གཡོན་ཐབས་ཅད་ལ་སོ་རྒྱག་ཏུ་སླེབས་སོང་བ་དེ་མ་རབས་ཐ་ཤལ་རེད་ཟེར་གྱི་ཡོད། མི་ག་ཚོད་མང་པོས་ཁྱོད་ལ་ཁ་རྡུང་བཏང་སོང་། མ་གཞི་ཁྱོད་ཀྱི་བག་ཆགས་འདི་ཕ་མས་བཞག་པ་ཡིན་པས་ཁྱོད་ཕ་མ་བརླ་བཙོང་གཉིས་ཀྱི་དྭ་ཕྲུག་ཡིན་པ་གསལ་བོ་རེད། ང་དྲ་ཁང་འདིར་ཡོང་བ་དང་པོ་ཡིན། དེ་དྲ་དཔོན་ཚོས་ཤེས་ཀྱི་རེད། སུས་ཁྱོད་ལ་ཁ་རྡུང་བཏང་ན་དེ་ཐམས་ཅད་མི་གཅིག་ཡིན་སྣང་ཤར་ན་ཁྱོད་སྨྱོས་པའི་སྒང་བཟི་བ་རེད། ཁྱོད་ལ་གློ་སྙིང་གཉིས་ཀ་དམར་ལྷོག་གེ་ཁ་ནང་ནས་སྐྱུགས་པ་ཞིག་འབྲི་རྒྱུ་ཡོད་ན་ད་བར་མ་བྲིས་པ་དེ་གནའ་ཤི་བོ་ཁྱོད་རོ་ཡིས་མནན་བསྡད་པ་རེད་དམ། གཞིས་ལུས་བོད་པ་ཚོ་སྙིང་རྗེ་ན་གཞིས་ལུས་བོད་པ་ཚོའི་སེམས་ནང་གི་ནོར་བུ་རྒྱལ་བ་པན་ཆེན་ལ་དགག་པ་རྒྱག་དགོས་པ་ཨི་རེད། དཀྲུགས་ཤིང་རྒྱག་གི་འདུག་ཟེར་ཁ་བྱས། ངས་ཁྱོད་མི་མ་རབས་ཐ་ཤལ་སྐྱག་པ་འདྲ་ཞིག་རེད་ཟེར་བ་མ་གཏོགས་སུ་ལ་ཡང་དཀྲུགས་ཤིང་བརྒྱབ་མེད། དཀྲུགས་ཤིང་ཟེར་བ་དེ་ཁྱོས་ཁྲག་དྲི་བྲོ་བའི་མཆན་དེ་ཚོ་རེད། ཡིད་མ་ཆེས་ན་ཁྱོས་མཆན་ཆ་ཚང་པར་སློག་རྒྱོབ་ལ་ས་གནས་བདེ་དོན་ནམ་ཡང་ན་མི་ཤེས་ཅན་ཞིག་ལ་དྲིས་དང་། ཁྱོད་ག་དུས་ངའི་ས་ལ་ཡོང་གི་ཡིན། མ་ཡོང་བའི་སྔོན་ང་ལ་སྔོན་བརྡ་ཞིག་རྒྱོབ་དང་། ངས་གསང་སྤྱོད་ནང་དུ་སོང་ཏེ་སྐྱག་པ་བཏང་རྗེས་རྐུབ་མི་ཕྱི་བར་ཁྱོད་ཀྱི་ལྕེ་ཡི་བསོད་ནམས་ཀྱི་སྐལ་བར་བཞག་ནས་སྒུག་ཆོག ཁྱོས་ཕུ་དཀྲུགས་མདའ་དཀྲུགས་ལུང་བ་གང་བྱས་པའི་དཔའ་དར་ལ་ཁྱོས་ཁྱི་ལྕེ་རློན་པ་བཟོ་དང་བཟོ།
ཁྱོས་ང་ལ་ཐེངས་གཉིས་ལ་ཚེ་ཟད་ཟེར་ནས་བྲིས་འདུག་ཀྱང་། ང་ཁྱིག་ལུ་ཁྱོད་ལ་སྐྲག་གི་མ་རེད། འོན་ཀྱང་རྒྱལ་ཁབ་ཀྱི་ཁྲིམས་ལ་སྐྲག་པས་ངས་ཁྱོད་ཀྱི་ཚེ་ལོན་བལྟ་མི་ཕོད་ཀྱང་། མུར་རྫོགས་ཁ་ཤས་རེ་འབུལ་རུང་མི་ཆོག་རྒྱུ་མེད་པས་དང་པོ་ངའི་སྐྱག་ཁུང་ལྡག་རྒྱུ་ཡིན་དང་། དང་པོ་མུར་རྫོགས་ཉོ་རྒྱུ་ཡིན་གཉིས་ཀ་ཁྱོས་བདམས་ང་བྱེད་ཆོག ཁྱིག་ལུ།
ད་ལྟ་ང་ཚོས་གླེང་བཞིན་པ་འདི་མགོ་ལོག་དམ་དཔལ་གྱིས་བྲིས་པའི་མགོ་ལོག་ལོ་རྒྱུས་ཡིན་མོད། དྲ་གྲོགས་བསྟན་པ་རྒྱས་ཀྱིས་དེབ་རྫོབ་དེ་དངོས་སུ་གཟིགས་ནས་གླེང་གཞི་འདི་བཀོད་པ་རེད། དེ་རྗེས་མི་རྒོད་ལགས་ཀྱིས་དེས་སྐོར་ཕྱོགས་ཙམ་གསན་ནས་དོ་སྣང་གནང་བ་རེད། དེ་མིན་ཀླུ་སྨྱོན་སོགས་དྲ་གྲོགས་གཞན་རྣམས་ཀྱིས་དེབ་རྫོབ་དེ་གཉིས་ལ་གཟིགས་རྟོགས་གནང་བ་ཕར་ཞོག ཐ་ན་དེའི་སྐོར་རྣ་ཐོས་ཙམ་ཡང་མེད་སྟབས། འཇིག་རྟེན་གྲགས་པའི་རྗེས་སུ་འབྲངས་ཟེར་བ་ལྟར། སྐུ་སྒེར་ནས་འགྲོ་གྲོན་བཏང་བ་དང་། དཔེ་མཛོད་ཁང་ནས་དཔར་བསྐྲུན་བྱས་པ། ཟམ་གདོང་བླ་མས་ཆེད་བརྗོད་བྲིས་ཡོད་པ་སོགས་ལ་ཡིད་ཆེས་བྱས་ཏེ། དེབ་རྫོབ་དེ་གཉིས་ཀྱི་རིན་ཐང་ཐག་གཅོད་བྱེད་ཀྱིན་ཡོད་པ་རེད།
ང་ལ་མཚོན་ན་དེབ་དེ་གཉིས་ལ་ཆ་རྒྱུས་ཆེན་པོ་ཡོད་པ་མ་ཟད། མགོ་ལོག་ཁག་གསུམ་གྱི་བྱུང་རབས་ལ་ཡང་རྒྱུས་མངའ་གང་འཚམས་ཡོད་པ་ཞིག་ཡིན། ངས་ཀྱང་ཐོག་མའི་ཆར་ཁྱེད་ཚོ་ནང་བཞིན་དེབ་དེ་ལ་གདེངས་འཇོག་གང་འཚམས་བྱེད་མྱོང་། རྒྱུ་མཚན་ནག་ཚང་ཞི་ལུའི་སྐྱིད་སྡུག་དང་། ཨ་ལག་ཙ་ཡས་ཚང་གིས་བརྩམས་གནང་བའི་ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས་ནང་བཞིན། མགོ་ལོག་ཁག་གསུམ་གྱི་ཐོག་མའི་ལོ་རྒྱུས་ཀྱི་བྱུང་བ་ཁ་གསལ་མེད་ཀྱང་། ང་ཚོར་གནས་སྐབས་དགོས་གལ་ཆེ་བ། ༡༩༥༤ མན་ཆད་ཀྱི་མགོ་ལོག་ཁག་གསུམ་གྱི་ཁྲག་དང་མུ་གེ་བྱུང་བ་གསལ་བོ་ཞིག་ལོས་ཡོད་སྙམ་ནས། དེབ་རྫོབ་དེ་གཉིས་ལ་ཧིན་སྒོར་ལྔ་བརྒྱ་ལྷག་སྤྲད་ནས་ཉོས་པ་ཡིན་མོད། དེའི་ནང་དུ་མགོ་ལོག་གི་སྐྱོ་སྡུག་གི་ལོ་རྒྱུས་ཁ་གསལ་གཏིང་གསལ་ཞིག་ཕར་ཞོག ཐ་ན་རྒྱ་དམག་གིས་དམར་གསོད་དང་འཛིན་བཟུང་བྱས་པ་ཁག་གི་མིང་བྱང་ཙམ་ཡང་མ་ནོར་བར་བཀོད་ཐུབ་མེད། དཔེར་ན་མུག་ཤི་ཐེབས་པ་ཁ་ཤས་ཀྱི་མིང་ཐོ་བཀོད་ཡོད་ཀྱང་། མགོ་ལོག་དར་ལག་རྫོང་དཔོན་སྐོར་ཚོ་བའི་གྲྭ་བ་ཆེ་གེ་མོས་བཤད་པ་ལྟར་ན། མི་འདི་དག་ད་ལྟ་གསོན་པོར་ཡོད་ལ། བཙོན་ཁང་དུ་འགྲོ་མྱོང་མེད་ཟེར། མདོར་ན་དེབ་རྫོབ་དེ་གཉིས་ཀྱི་མགོ་མཇུག་བར་གསུམ་དུ་དགོས་པའི་ཚིག་གཅིག་མེད་པ་མ་ཟད། མི་དགོས་པའི་ནང་ཁུལ་གྱི་ཉོག་གྲ་ཁག་ཤེས་མི་ཤེས་བྱས་ནས་བཤད་གང་ཐུབ་བྱས་ཡོད། ད་དུང་དགོན་སྡེ་ཁག་ཅིག་གི་ལོ་རྒྱུས་ནང་དུ་མ་དགོན་བུ་དགོན་གཉིས་ཀྱི་སྔོན་མ་བུ་དགོན་དང་། བླ་སློབ་གཉིས་ཀྱི་བར་མི་ལོ་བརྒྱ་ལྷག་ཡོད་པ་སོགས་མདོར་ན་དེབ་རྫོབ་དེ་གཉིས་ལ་ཚད་ཅིག་བཞག་ན། བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་དེ་རིང་གི་བར་དུ་གངས་ཅན་སྨྱུག་ཐོགས་པ་རྣམས་ཀྱིས་བྲིས་པའི་དཔེ་དེབ་ཡོངས་རྫོགས་ཀྱི་ནང་གི་ཆེས་ཐ་མ་ཡིན་པར་ཐེ་ཚོམ་སྤུ་ཙམ་མི་དགོས། དཔེར་ན་དཔེ་དེབ་ལ་ལར་རྗོད་ཚིག་སྙན་པོ་མེད་ཀྱང་བརྗོད་དོན་གསལ་བོ་དང་གནད་ཆེན་ཡོད་ལ། དེབ་ལ་ལར་ནང་དོན་དེ་འདྲའི་རྗིད་པོ་མེད་ཀྱང་རྗོད་ཚིག་ཤིན་ཏུ་སྙན་པ་ཡོད་མོད། དེབ་རྫོབ་དེ་གཉིས་ལ་བརྗོད་བྱ་རྗོད་བྱེད་གང་ཐད་ནས་ལེགས་པའི་ཆ་ཨ་བྲའི་རིལ་མ་ཙམ་ཡང་མེད་པ་མ་ཟད། སྐུ་སྒེར་དང་དཔེ་མཛོད་ཁང་གིས་འགྲོ་གྲོན་བཏང་བར་བསམ་བློ་བཏང་དུས། དེབ་རྫོབ་དེ་གཉིས་གཙང་སྤྱོད་ནང་དུ་ཐེངས་མ་དགུར་གཡུགས་ཀྱང་འདོད་ཚིམ་ཞིག་ཡོང་གི་མི་འདུག
ང་ལ་མཚོན་བླ་རྒན་དམ་དཔལ་སྒེར་ལ་སྙིང་ནད་ཤིག་ཙམ་ཡང་རྩོད་རྒྱུ་མེད་ལ། ཁོ་སུ་ཡིན་ཙམ་ལས་བཟང་ངན་གྱི་འབྲེལ་བ་གང་ཡང་མེད་མོད། རྒྱལ་བའི་བཀའ་ལ་ཡང་ལེགས་ཉེས་དཔྱད་འཇོག་བྱེད་ཆོག་ན། བླ་རྒན་ཞིག་གིས་བྲིས་པའི་ལོ་རྒྱུས་འགལ་འཁྲུལ་གྱི་ཁུར་པོ་ཞིག་གི་ཡང་ལྗི་རྒྱ་མར་བཀྱག་མི་ཆོག་པའི་ཁྲིམས་ཞིག་གཏན་ནས་མེད། དེར་བརྟེན་དེབ་རྫོབ་དེ་གཉིས་ལ་སྡོམ་ཚིག་ཐུང་ཐུང་འདི་བཀོད་པ་ཡིན།
གལ་ཏེ་དྲ་གྲོགས་རྣམས་ཀྱིས་ངེས་པར་དམ་དཔལ་གྱི་བྲིས་པའི་མགོ་ལོག་ལོ་རྒྱུས་ལ་རྒྱུས་ལོན་གནང་འདོད་ཡོད་ཚེ། འདི་གའི་བོད་ཀྱི་དཔེ་མཛོད་ཁང་དང་། ནོར་གླིང་དཔེ་མཛོད་སོགས་སུ་ཡོད་པས་ཞིབ་གཟིགས་མ་འདོད་ཀྱང་། བམ་ཀློག་ཙམ་ཞིག་གནོངས་དང་འགལ་འཁྲུལ་དང་དོན་མེད་ངག་འཆལ་གྱི་ཚིག་རྫོབ་གྲངས་མེད་པ་ཞིག་གིས་ཁྱེད་ལ་ཕེབས་བསུ་ཞུ་ངེས་ཡིན་པས། དེ་ལུགས་ཀྱིས་དཔྱད་གཏམ་སྤེལ་རྒྱུའི་རེ་བ་ཡོད།
དྲ་གྲོགས་ཁག་ཅིག་ནུབ་ཕྱོགས་རྒྱལ་ཁག་གམ་ཡང་ན་གཞན་དུ་ཡོད་ན། དེབ་དེ་རག་རྒྱུ་ཁག་པོ་ཡིན་པས། རྩོམ་པ་དམ་དཔལ་ཁོ་རང་ཁ་བརྡ་དྲ་སྟེང་དུ་གདན་འདྲེན་ཞུས་ནས་བགྲོ་གླེང་བྱས་ན་ཤིན་ཏུ་ལེགས་པས། དྲ་གྲོགས་རྣམས་ཀྱིས་ཁོ་ཁ་བརྡ་དྲ་སྟེང་དུ་ཕེབས་ཆེད་མགྲོན་ཤོག་གཏོང་རོགས་ཞུ་བ་ཡིན།
མུ་མཐུད་དུ་འགོད་ཆོག
ཁྱོད་ཀྱི་སྐད་ཆ་ལ་གནས་ལུགས་ཡོད་ཀི
ཀླུ་སྨྱོན། ཁར་ཉིན་ཟིག་འ་རྒྱ་རིགས་རེ་དང་ཐུག་དུས་ཐུག་པ་འཐུང་སྤྱད་རེ་རག་པ་ལས། མགོ་སེར་ཚོའི་གསེང་ན་སྣུམ་ཞིག་བཙག་ཡོང་རྒྱུ་མེད་པས་སྒོར་མོ་མེད་ཟེར། ཡང་དེའི་རྗེས་ཟིག་འ་ཨ་སྒོར་བརྒྱ་ལོར་ཉི་ཤུ་སུམ་ཅུ་རེའི་སྒང་ལ་འགྲེ་ལྡོག་རེ་བརྒྱབ་ན་སྐྱིད་པོ་ཟིག་རེད། ང་ལ་ད་སྐབས་ཡོད་པ་དེ་སྒོར་མོ་ཡིན་ཟེར། དེ་རིང་ཡང་ཨ་རི་བ་འགའ་རེ་མ་གཏོགས་རྒྱ་རིགས་སློབ་མ་གཅིག་ཀྱང་མེད་ཟེར། ད་གང་ལ་ཉན་དགོས་སམ། ཨ་ལ་དེ་ཚོ་རྩེད་མོ་ཡིན། དངོས་གནས་བཤད་ན། སྐབས་རེ་ཟམ་གདོང་བླ་མས་སྣང་བ་ལ་མི་འགྲོ་རྒྱུ་མང་པོ་བྱེད་ཀྱི་འདུག་ཀྱང་སྲིད་དོན་པ་ཆེན་པོ་དང་མཁས་དབང་ཆེན་པོ་ཡིན་པས་ཐད་ཀར་མཐོང་བ་དེས་ཐག་ཆོད་བྱེད་རྒྱུ་དཀའ་མོ་ཞིག་ཡིན་པ་འདྲ། ཡང་གཅིག་བསམ་ན་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་ཐོག་ལ་ད་ལྟའི་ཟམ་གདོང་སྲིད་གཞུང་འདིའི་དགའ་ཞིག་ཡོང་མ་མྱོང་ནི་འདྲ་ཟིག་རེད་ཀོ ན་ཉིན་ཟམ་གདོང་བླ་མས་ཛ་དྲག་ཚོགས་ཆེན་གྱི་མཇུག་གི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ནང་། སྲིད་དོན་གྱིས་ཕྱིར་བསྒྲགས་གནང་མི་ཉན་པའི་དོན་དག་ལ་ལ་ཞིག་མི་ལ་ལས་བཀའ་ཤག་གིས་བྱེད་ཀྱི་མི་འདུག་གསུངས་བཞིན་འདུག་ན་ཡང་། དེ་ནི་དེ་དེ་བཞིན་དུ་འཛིན་རོགས་ཞུ་བ་ལས་གསལ་བོར་ཞུ་ཐབས་བྲལ་བ་རེད་ཟེར། འདི་ངའི་ཡིད་ལ་ཧ་ཅང་འཕྲོད་པ་བྱུང་། སྐུ་ཉིད་ནི་སྐྱེས་སྦྱང་གི་ཤེས་རབ་ཆེན་པོ་ཅན་ཞིག་ཡིན་པས་དཔྱད་པ་གཏིང་ཟབ་མོ་གནང་དགོས་ཡ།
དྲ་གྲོགས་བསྟན་འཛིན་ཟླ་བ་ལགས་དང་། བསྟན་པ་དར་རྒྱས་གཉིས་ཀྱིས་གསུངས་པ་བདེན་པ་རེད། དམ་དཔལ་གྱིས་བྲིས་པའི་མགོ་ལོག་ལོ་རྒྱུས་ལ་ངས་ཀྱང་ཐེངས་ཁ་ཤས་ལ་ལྟ་མྱོང་། ལོ་རྒྱུས་དེ་ལ་མཁས་པའི་དཔྱད་རིན་ཅི་ཡང་མེད་ལ། དགོས་ངེས་ཀྱི་ཚིག་གཅིག་མེད་ཅེས་བཤད་ན་ཐལ་དྲག་པའི་སྐྱོན་མེད་པས། དེ་གླེང་ནས་ཅི་བྱེད་གཡུགས་ཞོག
ངོ་མ་ཁྱེད་ཚོའི་དེའི་སྐོར་ཤེས་འདོད་ཡོད་ན། དམ་དཔལ་ཁོ་རང་ད་དུང་དཔེ་མཛོད་ཁང་དུ་སྐུ་སྒེར་གྱི་དངུལ་ལ་བག་མེད་དུ་རོལ་བཞིན་བདེ་བར་གཉིད་བསྡད་ཡོད་པས། ཐད་ཀར་ཁོ་ལ་དོགས་འདྲི་བྱས་ན་ཡག་པོ་འདུག དེ་མིན་ངས་བལྟས་ན་དམ་དཔལ་ཁོ་རང་ཁ་བརྡ་དྲ་སྟེང་འདིར་ཡོང་ཕོད་ཀྱི་མ་རེད།
ཨོ། ངས་ཁྱེད་ཚོར་དེ་དང་འབྲེལ་བའི་སྐད་ཆ་ཞིག་ཤོད་འདོད་བྱུང་། དང་པོ། དམ་དཔལ་གྱིས་མགོ་ལོག་ལོ་རྒྱུས་འབྲི་དུས་དཔེ་མཛོད་འགན་འཛིན་མགོ་ལོག་ལོ་རྒྱུས་ཀྱི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་གཉིས་ཀ་འབྲི་མཁན་ཨ་མཆོག་བླ་མ་ཟེར་བ་ཞིག་ཡོད་མོད། རྗེས་སུ་ལོ་རྒྱུས་དེ་ལ་བཤད་རྒྱུ་མང་པོ་བྱུང་བས། དེང་སྐབས་ཨ་མཆོག་བླ་མ་དང་དམ་དཔལ་གཉིས་ལ་འབྲེལ་བ་མེད་ཟེར།
གཉིས་པ། དམ་དཔལ་གྱིས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་འབྲི་གིན་ཡོད་ཅིང་། འགྲོ་སོང་ཡང་སྐུ་སྒེར་ནས་གཏོང་གིན་ཡོད་ཟེར། སྐུ་སྒེར་གྱིས་༧གོང་ས་མཆོག་གི་ཕྱག་དངུལ་ལ་སེར་ན་མེད་ཀྱང་གཏོང་ཡུལ་ལ་ཞིབ་འཇུག་མི་བྱེད་པར་གཏོང་རྐྱང་བྱེད་པ་འདི་མི་འགྲིག་གི འོན་ཀྱང་དམ་དཔལ་གྱིས་ཁོ་རང་སྐྱིད་ཐག་ཆོད་བྱས་ནས་ཉལ་རྒྱུ་ལས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་འབྲི་མི་ཤེས་ལ། འབྲི་རྒྱུ་ཞིག་ཀྱང་རྙེད་རྒྱུ་མ་རེད། དཔེར་ན་ཨ་མདོར་མཚོན་ན། ཧོར་འཇིགས་ཀྱིས་ཉེ་ཆར་མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་གླེགས་བམ་དྲུག་ཅན་ཞིག་བརྩམས་གྲུབ་འདུག་པས། ཡང་བསྐྱར་འབྲི་དགོས་དོན་མེད་ལ། དམ་དཔལ་གྱིས་ཧོར་འཇིགས་ཀྱིས་བྲིས་པའི་ཆ་ཤས་ཙམ་ཡང་ཡོང་གི་མ་རེད། ཁམས་ལ་མཚོན་ན། སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ཁམས་པའི་ལོ་རྒྱུས་ཆེ་དགུའི་ཡིག་ཚང་ཅིག་ཅིག་ཉིག་ཉིག་ཟེར་བ་ཞིག་སྒྲིག་བཞིན་ཡོད་པས། དམ་དཔལ་གྱིས་བསྐལ་བརྒྱའི་བར་དུ་འབད་ཀྱང་དེ་འདྲ་ཞིག་མི་ཡོང་ཁོ་ཐག་ཡིན། དབུས་གཙང་གཉིས་ལ་མཚོན་ན། དེ་རིང་ཡན་ཆོད་ཀྱི་བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེ་དབུས་གཙང་གཉིས་ཀྱི་ལོ་རྒྱུས་ཡིན་པས། དམིགས་བསལ་ཞིག་འབྲི་དགོས་ལ། དགོས་ཀྱང་དམ་དཔལ་གྱིས་ཇི་ལྟར་འབྲི།
ངས་འདི་ལྟར་བལྟས་ཡོང་དུས། ང་ཚོས་དམ་དཔལ་གྱིས་འབྲི་བཞིན་པའི་ཆོལ་གསུམ་ལོ་རྒྱུས་ཐོག་ལ་བགྲོ་གླེང་བྱས་ན་ཅི་འདྲ་འདུག་གམ། མགོ་ལོག་ལོ་རྒྱུས་དཔྱད་ནས་ཅི་བྱེད། གསང་སྤྱོད་སྔོགས་ན་དྲི་ངན་མ་གཏོགས་བྲོ་རྒྱུ་མེད་པ་སུས་ཀྱང་ལོས་ཤེས།
ཆོལ་གསུམ་ལོ་རྒྱུས་འདི་དཔེ་མཛོད་ཁང་གི་ཡང་སྟེང་དུ་སྒྲིག་བཞིན་འདུག དམ་དཔལ་བ་རྩོམ་སྒྲིག་པ་གཙོ་བོ་རེད། འགྲོ་སོང་ནི་སྐུ་སྒེར་ཡིག་ཚང་གིས་ནར་གཏོང་རེད་ཟེར། ངས་གོང་དུ་བཤད་ཡོད། འདི་འགུ་ལོག་ལོ་རྒྱུས་གཡུ་རྩེའི་བསང་དུད་ལས་ཡག་ཙམ་ཡོང་བའི་རེ་བ་ཡོད་པ་རེད། མཁན་པོ་འཇུ་བསྟན་སྐྱོང་ཟེར་བའི་མཁས་པ་དེའི་མགོ་ནས་བཟུང་ལོ་དུ་མའི་རིང་འདིར་ཕྱག་ལས་གནང་གིན་ཡོད་པ་རེད། ཚེ་བརྟན་རྒྱལ་སོགས་ཀྱིས་ཀྱང་ལག་པ་འཆངས་ཡོད་པ་རེད།
ཨ་ལ་ལ། ད་ཡིན་ན་གླེང་དགོས་པ་དེ་གླེང་གིན་འདུག་ཡ། མགོ་ལོག་དམ་དཔལ་གྱི་སྐོར་གླེང་ན་གླེང་རྒྱུ་ལུང་བ་གང་ཡོད་རེད། དཔེར་ན་མགོ་ལོག་ལོ་རྒྱུས་འབྲི་དགོས་པའི་དམིགས་ཡུལ། དེའི་རྒྱབ་ལྗོངས། ད་དུང་དེའི་རྒྱུ་ཆ་འཚོལ་ཆེད་སྐུ་སྒེར་གྱི་འགྲོ་གྲོན་འོག་རྒྱ་གར་ལྷོ་ཕྱོགས་སུ་གནས་སྐོར་ལ་ཕྱིན་ཚུལ་སོགས་མི་ཤི་བོ་དགོད་ཁ་སློང་བའི་གཏམ་རྒྱུད་མང་པོ་ཡོད་མོད། དེ་ནི་དམ་དཔལ་བ་སྒེར་གྱི་དོན་དག་ཅིག་ཡིན་པས་གནས་སྐབས་གླེང་ན་མི་འདོད་ཀི
གཙོ་བོ་མིག་སྔའི་མགོ་ལོག་ལོ་རྒྱུས་སྐོར་ལ་བསམ་བློ་ཐུང་ཙམ་བཏང་ན། དེ་ནི་གོང་དུ་དྲ་གྲོགས་རྣམས་ཀྱིས་གསུང་བཞིན་པ་ངོ་མ་རེད། དེབ་སྟོད་སྨད་གཉིས་ཀྱི་ནང་དུ་དགོས་ངེས་ཀྱི་ཚིག་གཅིག་མེད་ཅེས་ཁ་ཚོན་བཅད་དེ་བཤད་ཐུབ། དཔེར་ན་མགོ་ལོག་མི་མང་ལ་མཚོན་ན། རྒྱ་ཁ་ཆེ་དང་རྒྱ་དམག་ལ་གདོང་ལེན་བསྟུད་མར་བྱས་པའི་དཔའ་བོའི་སྡེ་བ་ཞིག་དང་། ལོ་རྒྱུས་དང་རིག་གཞུང་གིས་ཕྱུག་པ་ཞིག་ཡིན་ཚོད་འདུག་མོད། དེབ་དེའི་ནང་དེའི་སྐོར་ཅི་ཡང་མེད་ཅིང་། མི་དགོས་པའི་ཚིག་ཉོག ཅིག་མ་ཅིག་ཚང་གི་ཞི་ལུ་ཅིག་ཚང་གི་བུ་མོའི་སྟེང་ལ་མག་པར་བསྡད་ཚུལ། ཅིག་ཚང་གི་ཞི་མོ་ཅིག་ཚང་གི་ཞི་ལུའི་འོག་ཏུ་བག་མར་སྦྱིན་ཚུལ་སོགས་དང་། དེ་བས་རྒོད་ཤོར་བ་ཞིག་ལ། བོད་སྐད་དུ་སྡེ་གཞུང་དང་། དེང་སྐབས་རྒྱ་སྐད་ཀྱིས་ཞང་ཟེར་བ་ས་གནས་སྲིད་གཞུང་གི་མིང་ལ་གཞིས་འགོ་ཞེས་བྲིས་ཡོད། གཞིས་འགོ་ཟེར་བ་ནི་བོད་མི་རྣམས་རྒྱ་གར་དུ་འབྱོར་དེ་གཞིས་ཆགས་རྗེས་གཞིས་ཆགས་ཁག་གི་འགོ་བ་ལ་ཟེར་བ་ཡིན་མོད། ཁོས་ཞང་ལ་གཞིས་འགོ་ཞེས་བྲིས་འདུག ངས་དང་པོ་འདི་མཐོང་མ་ཐག་རྒོད་ཤོར་ནས་ལག་གི་ཕོར་བ་ཡང་ས་ལ་ལྷུང་མྱོང་།
མདོར་ན་མགོ་དེབ་དེའི་ནང་དུ་གྲོང་ཚིག་དམར་ལྗེན་བྱས་པའི་ཚིག་རྫོབ་འབའ་ཞིག་ལས་མེད་པས། ལོ་རྒྱུས་ལ་རྒྱུས་ལོན་བྱེད་མཁན་རྣམས་ཀྱིས་མགོ་ལོག་ལོ་རྒྱུས་དེ་ཉིད་འཕོང་ཕྱེས་ཀྱི་རྡོ་བཞིན་དོར་བར་བྱ་བ་ཡིན་ནོ།།
དམ་དཔལ་གྱིས་ད་དུང་ཆོལ་གསུམ་ལོ་རྒྱུས་ཟེར་བ་ཞིག་འབྲི་བཞིན་ཡོད་ཟེར་མོད། དེ་ནི་སུས་ཀྱང་ཡིད་ཆེས་བྱེད་ཐུབ་པ་ཞིག་མ་རེད། གོང་དུ་སྤོབས་པ་ལགས་ཀྱིས་གསུང་པ་ལྟར། མགོ་ལོག་གི་མཁས་ཆེན་མཁན་པོ་བསྟན་སྐྱོང་སོགས་ཀྱི་ཤེས་རབ་ལ་བརྟེན་ནས་ཅིག་སྟོན་རྒྱུ་ཡོད་ན་མ་གཏོགས། དམ་དཔལ་ཁོ་རང་གིས་དེ་བྱེད་ཐུབ་མིན་མགོ་ལོག་ལོ་རྒྱུས་ཀྱིས་ཐག་གཅོད་བྱས་ཡོད།
ངས་བསམ་ན། དམ་དཔལ་གྱིས་ཆོལ་གསུམ་ལོ་རྒྱུས་འབྲི་མི་ཤེས་ལ་དེར་འབད་བརྩོན་ཡང་བྱེད་ཀྱི་མེད། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚེ་ལ་ཚོད་རྩིས་བྱེད་ཀྱིན་ཡོད་པ་བཞིན། དམ་དཔལ་གྱིས་ཀྱང་༧གོང་ས་མཆོག་གི་སྐུ་ཚེ་ལ་སྒུགས་ནས་སྐུ་སྒེར་གྱི་སྒོར་མོའི་ནང་དུ་སྐྱིད་ཉལ་གཡག་ཉལ་བྱས་ནས་བསྡད་ཡོད་ཅིང་། སྐུ་ཁམས་དངས་ཚེ་སྐོར་བ་ལན་གསུམ་བྱེད་ཟེར་བ་ལྟར། གོ་སྐབས་དང་བསྟུན་ནས་གནས་སྐོར་དང་ཡུལ་སྐོར་རེ་བྱས་ནས་ཉལ་ཡོད་པར་ལྟོས་དང་། དམ་དཔལ་ཤེས་ཡོན་པ་ཞིག་དང་དྲང་མོ་ཞིག་ཡིན་མིན་གསལ་བོ་རེད།
དཔེར་ན་སྐུ་ཞབས་ཧོར་འཇིགས་ལ་མཚོན་ན། ཧོར་འཇིགས་ཀྱིས་མདོ་སྨད་ཀྱི་ལོ་རྒྱུས་འབྲི་གིན་ཡོད་ཟེར་བ་བདེན་ནམ་མི་བདེན་ཞེས་གླེང་བཞིན་པའི་སྐབས་སུ། ཁོང་གིས་གློ་བུར་དུ་གླེགས་བམ་དྲུག་ཡོད་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་དངོས་སུ་བརྩམས་གྲུབ་སྟེ་དཔར་བསྐྲུན་གནང་བ་འདིས་དམ་དཔལ་ལ་འགྲམ་ལྕགས་ཚ་བོ་ཞིག་གཞུས་ཡོད་མོད། ཁོ་ལ་དགྲ་མཐོང་ན་ལྷག་པར་ཞེ་སྡང་དང་། སྟུ་མཐོང་བས་ལྷག་པར་འདོད་ཆགས་ཞིག་ལངས་རྒྱུ་མེད་པས་ཅི་བྱ།
གང་ལྟར་མདོ་སྨད་ལོ་རྒྱུས་ཆེན་མོ་འཇིག་རྟེན་འདིར་འཁྲུངས་ཟིན། ཁམས་པའི་ཆེ་དགུའི་ཡིག་ཚང་ཆེན་མོར་ཟེར་བ་དེ་ཡང་དེ་བཞིན་རེད། དབུས་གཙང་ལོ་རྒྱུས་ནི་ཀློག་མི་ཐུབ་པའི་ཚད་ཅིག་ཡོད་པས་གསར་རྩོམ་གྱི་ངལ་བ་མི་དགོས། ད་དམ་དཔལ་ལ་འབྲི་རྒྱུ་ཞིག་ལྷག་ཡོད་པ་ནི། ཁོ་རང་གི་ལོ་རྒྱུས་དང་ཁོའི་ཆུང་མ་མས་མས་༼རྒྱ་སྐད་ཀྱི་སྲིང་མོ་ལ་ཟེར།༽ཟེར་བ་གཉིས་ཀྱི་སྐྱིད་སྡུག་གི་སྐོར་དེ་རེད། ཁོའི་ནང་མིའི་པར་མགོ་ལོག་ལོ་རྒྱུས་ནང་དུ་བཞག་ཡོད།
ཨོ། ད་ཉལ་རན་སོང་། སང་ཉིན་དུས་ཚོད་དང་སྟབས་འགྲིག་ན་ཡང་བསྐྱར་གླེང་ན་འདོད།
ཁ་བརྡའི་ཐོག་ནས་སྐུ་ཞོགས་དམ་ཆོས་དཔལ་བཟང་ལ་དགྲ་ཤ་རྩོད་པ་ལྟ་བུའི་མཆན་བཏབ་མཁན་མང་པོ་ཞིག་ཡོད་པ་ལྟ་བུའི་ཚོར་སྣང་ཡོང་ཤག་རེད། ཡིན་ནས། དོན་ངོ་མ་དེ་མི་རེ་ཟུང་ཞིག་རེད། ད་རེས་འདིར་སྐྱེ་སར་ཀླུ་སྒྲུབ་ཟེར་བའི་གྲྭ་ལོག་དེས་ཡང་མང་པོ་མང་པོ་ཞིག་བཤད་འདུག མིང་མ་འདྲ་མ་འདྲ་བཀོལ་ནས་བྲིས་འདུག་པ་ཙམ་རེ། བདེ་མོ་གྱིས།
གོང་དུ་ལྷན་རྒྱས་མང་པོ་ཞིག་གིས་དགོངས་ཚུལ་སྟོན་སོང༌། ཁག་ཅིག་གིས་མགོ་ལོག་དམ་དཔལ་གྱིས་བྲིས་པའི་མགོ་ལོག་གི་ལོ་རྒྱུས་དེར་ཅུང་ཟད་ལེགས་གསོལ་གྱི་རྣམ་པ་སྟོན་ཅིང༌། ཡང་མང་པོ་ཞིག་ནས་སྨ་འབེབས་ཇི་སྙེད་ཅིག་བྱས་སོང༌། འོན་ཀྱང་ཕྱོགས་གཉིས་ཀས་ལེགས་ཉེས་སྣ་རེ་ཙམ་ལས་གསལ་བཤད་དེ་ཙམ་མ་བྱུང༌། ང་ཚོས་དཔྱད་རྗོད་གནང་མཁན་ཚོས་དེབ་དེར་རྒྱུས་མངའ་བྱས་ཏེ་དཔྱད་གཏམ་སྤེལ་བར་ཡིད་ཆེས་ཞུ་གིན་ཡོད། དེས་ན་ཁྱེད་རྣམ་པས་སྣེ་ཟུར་ཙམ་མ་ཡིན་པར་ལེགས་ན་ལེགས་པའི་བདེན་དཔང་དང་ཉེས་ན་འགལ་འདུའི་སྐྱོན་ཆ་གསལ་བཤད་དཔྱིས་ཕྱིས་པ་ཞིག་གནང་ཐུབ་ན་ང་ཚོ་ཀློག་མཁན་ཚོས་དམ་དཔལ་དང་ཁོས་བྲིས་པའི་དེབ་ཀྱི་རིན་ཐང་གཞལ་ཐུབ། རྒྱུ་མཚན་གང་ལགས་ཤེ་ན་སྤྱིར་མི་ག་གེ་མོ་ཞིག་གིས་དེབ་ཅིག་བྲིས་པར་དོ་གལ་དེ་ཙམ་མེད་ནའང༌། སྐུ་སྒེར་གྱིས་ཆེད་མངགས་འགྲོ་གྲོན་དང་བོད་ཀྱི་དཔེ་མཛོད་ནས་པར་དུ་བསྐྲུན་ཞེས་གོ་དུས་སྣང་འཇོག་ཞིག་རང་བཞིན་གྱིས་འཁོར་བས་སོ།།
དམ་དཔལ་གྱིས་འགུ་ལོག་ལོ་རྒྱུས་ཀྱི་ནང་དུ་མེས་དབོན་རྣམ་གསུམ་བགྲང་སྟངས་མི་འདྲ་བ་ཞིག་བྱས་པ་དེ་ནོར་འཁྲུལ་ཡིན་ཚུལ་ཁས་ལེན་གྱིན་མི་འདུག ཁོས་མཁས་པའི་ཁྱད་ཆོས་ལྟ་བུར་གསར་བཏོད་བྱས་པ་ཡིན་ཚུལ་བཤད་ནས་ཨུ་ཚུགས་རྒྱག་གིན་འདུག དམ་དཔལ་གྱི་བར་མཚམས་ཞིག་ལ་ལོ་རྒྱུས་ཡིག་ཆ་ཉམས་ཞིབ་ཡིན་ནམ་ཅིག་ལ་ཐའེ་ཝན་དུ་འགྲོ་རྒྱུ་ཡིན་ཟེར་གྱིན་འདུག སོང་ཡོད་མེད་ཤེས་མ་བྱུང་།
བཙན་བྱོལ་སྤྱི་ཚོགས་ནང་མང་པོ་ཞིག་གིས་མཁས་སྙན་གྲགས་འདོད་དང་ཁེ་བཟང་ཞིག་གི་ཆེད་སྐུ་མདུན་དུ་བཅར་ནས་
ཕྱིར་བོང་བུས་མེ་ཐེགས་པའི་གསེར་སྒ་འཁུར་ནས་ཡོང་གི་ཡོད་པ་རེད། རྗེས་ནས་ཡག་པོ་ཞིག་མ་འཁྱོངས་ན་༧རྒྱལ་བ་རིན་པོ་ཆེ་ཡིས་བཀའ་གནང་སྟབས་དེ་འཁྱོགས་ཚུལ་བཤད་ཀྱི་རེད། དེ་དུས་རང་གིས་མ་འཇོན་པ་བཤད་ནི་མ་རེད། དཔེ་མཛོད་ནས་དཔར་བརྒྱབ་པའི་དེབ་སྔོན་མ་དེ་ཚོ་ངོ་མ་བོད་ནང་དུ་སླེབས་ན་ཞབས་འདྲེན་ཞིག་ལས་དེ་མི་ཞིག་ལ་སྟོན་ས་མི་འགྲོ་གི། ཁྱོད་ཚོས་གཟིགས་ཡོད་ན་ཕྱི་རྒྱལ་བ་མགོ་སེར་དེ་ཚོར་མགོ་སྐོར་གཏོང་བྱེད་འདྲ་བའི་བོད་དབྱིན་ཤན་སྦྱར་འགའ་ཡོད་པ་ཚང་མ་རྒྱ་མཚོ་ཚེ་རིང་ཞེས་བ་ཞིག་བསྒྲིགས་ཅེས་བཀོད་ཡོད་ཡ། དེ་ཕལ་ཆེར་ཨ་མཆོག་སྤྲུལ་སྐུ་ཡིན་ན་སྐོར་བཟན་དེའི་སྐབས་རྐྱང་རྐྱང་ལ་དཔར་བ་དག་རེད།
དམ་དཔལ་བས་ཀྱང་༧གོང་ས་མཆོག་ལ་ངས་མགོ་ལོག་ལོ་རྒྱུས་འདི་འདྲ་ཞིག་འབྲི་བཞིན་ཡོད་པས་ཡག་གམ་ཞེས་སྔོན་མ་བོད་ནས་ཡོང་དུས་འཁྱེར་ཡོང་བའི་ས་བོན་ཕྱོགས་སྒྲིག་ཞིག་སྤྱན་འབུལ་ཞུས་པས། ༧གོང་ས་མཆོག་གིས་རྒྱུན་ལྡན་གྱི་བཀའ་སློབ་བཞིན། དེ་ཡག་པོ་འདུག མཇུག་སྐྱོང་བྱོས་དང་འགྲོ་གྲོན་ཐད་སྐུ་སྒེར་ནས་བསམ་བློ་གཏོང་གི་རེད་ཅེས་གསུངས་པ་ལས། ཐད་ཀར་བཀས་བསྐུལ་མ་གནང་བ་གཏན་ནས་རེད་མི་འདུག གལ་ཏེ་༧གོང་ས་མཆོག་གིས་བཀས་བསྐུལ་གནང་སའི་ལོ་རྒྱུས་སྨྲ་བར་ཤེས་ཚད་དང་འཇོན་ཐང་འདི་འདྲ་ལས་མེད་ན། ད་བོད་དང་བོད་ཀྱི་རིག་གནས་ཟེར་བ་དེ་འཇིག་རྟེན་འདིར་ཉམས་ཚར་ཡོད་པ་རེད།
དེ་བས་ཧོར་འཇིགས་འདྲ་བ་ཞིག་ལ་༧གོང་ས་མཆོག་གིས་གསུང་བསྐུལ་གནང་བ་རེད་ཟེར་ན། འོས་འཚམས་ཞིག་ཡིན་ལ། བཀའ་བསྐུལ་ཐུགས་རེ་ནང་བཞིན་འགྲུབ་ཡོད་པ་རེད།
གོང་དུ་སྤོབས་པ་ལགས་ཀྱིས་གསུངས་པ་ལྟར་ན། ད་སྐབས་དམ་དཔལ་གྱིས་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་གི་འགན་ཁུར་ཡོད་པ་ལས། སྲོག་སྙིང་ལྟ་བུ་དེ་མཁན་པོ་འཇུ་བསྟན་སྐྱོང་ཟེར་བའི་མཁས་པ་ཆེན་པོ་རེད་ཟེར་མོད། དེ་ཨེ་བདེན་ནམ། མཁན་པོ་བསྟན་སྐྱོང་ཟེར་བའི་མཁས་པ་ཆེན་པོ་ཞིག་ཡོད་ན། ད་བར་དུ་གྲགས་འགུལ་སྤུ་ཙམ་མེད་པར་གང་དུ་བསྡད་པ་ཡིན་ནམ། ཕར་ཆེར་ཁོང་ཡང་དམ་དཔལ་གྱི་ལག་འོག་ན་ལས་ཀ་བྱེད་ཀྱིན་ཡོད་དུས། དམ་དཔལ་ལས་ལྷག་ཅིག་ཨེ་ཡིན་སྙམ། གང་ལྟར་ཆོལ་གསུམ་ལོ་རྒྱུས་ཟེར་བ་དེ་༧གོང་ས་མཆོག་གི་སྐུ་རིང་ལ་མཇལ་མི་ཐུབ་པར་ཁག་ཐེག་བྱེད་ཐུབ་ལ། དེ་རྗེས་དེ་སྔོན་བསྡུ་བསྒྲིགས་བྱས་པའི་ས་བོན་ཁག་ཀྱང་འཇའ་ལྟར་ཡལ་རྒྱུ་ཡིན་པ་གཏན་ཁེལ་རེད་ཅེས་བཤད་ཐུབ།
ད་ང་ཚོར་སེམས་ཁྲལ་ཞིག་ཡོད་པ་ནི། ༧གོང་ས་མཆོག་གི་ཕྱག་དངུལ་དེ་མིག་སྨན་མིག་ཐོག་ཏུ་གཏོང་མ་ཐུབ་པར་བར་མ་བར་ནས་ཆུད་ཟོས་སུ་སོང་བ་དེ་རེད།
མཆན་བུ་ཚང་མ་བཀླག་པ་ཡིན། གནས་ལུགས་ལ་གཞོལ་ཆེ་ནོ་ཀླུ་སྨྱོན་དང་གདོང་དམར་གཉིས་ཀ་བཟང་གི། ནམ་རྒྱུན་སྤོབས་པ་ཅུང་བཟང་ཡང༌། དེ་རིང་ཞབས་འདྲེན་རྦད་དེ་ཞུས་འདུག སྤོབས་པས་གསར་འབྱོར་ཞིག་གིས་དགག་པ་རྒྱག་པ་དེ་མ་རུང་བ་ཞིག་རེད་ཟེར་གི། རྒྱུ་མཚན་མེད་ཀི། རྒྱུ་མཚན་ནི་ཁོང་ནི་བོད་ནས་འབྱོར་ནས་ཅང་འགོར་མེད་པས་རེད། འདི་རྒྱུ་མཚན་ཞིག་གང་ནས་འགྲོ། བོད་ཀྱི་གནས་དོན་སྐད་ཡིག་རིག་གཞུང་གི་འགན་ལེན་པར་གསར་འབྱོར་དང་རྙིང་འབྱོར་ལ་ཁྱད་ཅིག་སྤོབས་པས་བཞག་པ་འདི་ལས་ཅང་མཐོང་མ་སོང༌། བྲིས་ནོ་འདི་མོ་རིག་ན་དགོད་རྒྱུ་ཡོང་གི།
དྲ་གྲོགས་ཚང་མས་བསམ་བློ་ཡག་པོ་གཏོང་དགོས་ཀྱི་འདུག ངས་བལྟས་ན་ཧོར་འཇིགས་དང་དམ་དཔལ་གཉིས་ལ་བོད་ཀྱི་ལོ་རྒྱུས་ཀྱི་སྒང་ནས་ཁྱད་པར་ཡོད་ནི་མ་རེད་འདོད་གི། ཧོར་གཙང་འཇིགས་མེད་མཁས་པ་རེད་ཟེར་མཁན་དེ་ཚོ་ཁོང་གི་འགྲམ་དང་སྒོ་འགྲམ་ལ་འཚང་འདུག་མཁན་གྱི་མྱི་ཁ་ཤས་རེད། དེ་མ་གཏོགས་གཞན་ཧོར་འཇིགས་མཁས་པ་རེད་ཟེར་མཁན་མྱི་རྒན་བེ་རི་རེད། མྱི་རྒན་བེ་རི་འདི་དངོས་གནས་བཙན་བྱོལ་བོད་གཞུང་གི་ཤོག་བུའི་གད་སྙུགས་ཀི་བདག་པོ་ཨང་དང་པོ་རེད། དེབ་ཟེར་བ་མཐུག་པོ་ཆེན་པོ་མང་པོ་བྲིས་འདུག ནང་ན་འདི་ད་བེ་རི་འཇིགས་མེད་ཀྱི་རེད་ཟེར་ནས་མཛུབ་མོ་འཛུགས་ས་ཞིག་མི་རེག་གི། མ་ཟད་མྱི་རྒན་བེ་རི་འདི་གྲ་ཆས་གྱོན་པའི་ཆབ་སྲིད་པ་ཞིག་ཀྱང་རེད། མྱི་འདིས་ཡར་ལ་བལྟས་ནས་ཡར་བཤད། མར་ལ་བལྟས་ནས་མར་བཤད། རང་གི་ངོ་ཚ་རྒྱུ་མེད་ཀི། རང་དོན་འགྲུབ་ན་ངུ་དགོས་ས་ནས་ངུ་ཐུབ་པ་དང་མཐོན་པོ་ཚོས་ཁོང་གི་ཁ་ནང་ལ་གཅུན་བཏང་ཡང་ལན་མི་སྟེར་མཁན་ཞིག་རེད། མྱི་འདི་མོ་རྐྱང་རྐྱང་གིས་ཧོར་གཙང་མཁས་པ་རེད་ཟེར།
ཧོར་གཙང་ཁོང་མཁས་པ་ཡིན་མིན་ང་ཚོས་ཁོང་གི་ལག་རྗེས་ལས་ཤེས་ཐུབ་ནི་རེད། སྔོན་མ་ཞིག་ལ་ཁོང་གིས་དྲང་བདེན་གྱིས་བསླུས་པའི་སློང་མ་བ་ཟེར་བའི་དཔྱད་རྩོམ་དཔེ་ཆ་ཞིག་བྲིས་ནས་ཁོང་གིས་དཔྱད་རྩོམ་འབྲི་མི་ཤེས་པ་བོད་ཕྱི་ནང་གཉིས་ཀར་གྲགས་ནི་རེད། དེའི་རྗེས་ལ་ཁྲག་ཐིག་ལས་སྐྱེས་པའི་ལྗང་མྱུག་ཟེར་བའི་རྩོམ་རིག་གི་སྐོར་ཞིག་བྲིས་ནས་ཡང་ཁོང་གིས་རྩོམ་རིག་མི་ཤེས་པའི་ནང་ནོམ་ཡོངས་སུ་ཕྱི་ལ་ཕུད་བཞག་ནི་རེད། ད་དུང་ཁོང་གི་གྲ་ཚང་བླ་བྲང་ན་འདི་མོ་བཤད་རྒྱུན་ཡོད་ནི་རེད་ཟེར་ནས་ས་བླ་བྲང་གི་གྲ་གྲོགས་ཁ་ཤས་ཤིག་གིས་བཤད་མྱོང༌། ཧོར་འཇིགས་ཆུང་བ་དོན་གྱི་མཁས་པ་ཡིན། ཧོར་འཇིགས་ཆེ་བ་མིང་གི་མཁས་པ་ཡིན་ཞེས་ཨ་ཁུ་བ་ཛ་ཚང་གིས་དངོས་སུ་གསུངས་ནི་རེད་ཟེར། བརྩད་བཅད་དུས་ཧོར་འཇིགས་ཆེ་བ་ཟེར་བ་དེ་རྡ་རམ་ས་ལའི་ཧོར་གཙང་འདི་ཡིན་འདུག ང་རང་སྔོན་ཆད་ནས་ཧོར་འཇིགས་ལ་ཡིད་ཆད་བསྡད་ཡོད། སྐད་ཆ་འདི་ཚོ་ཧོར་འཇིགས་མཁས་པ་ཡིན་མིན་གྱི་ཆ་ནས་བཤད་ནི་ཡིན།
ཡང་ང་ཚོས་ཤེས་དགོས་པ་གཞན་ཞིག་ནི། ཧོར་གཙང་འཇིགས་མེད་སྙན་ངག་པ་མཆོག་ཏུ་གྱུར་བ་ཞིག་ཡིན་ནོ་སུས་ཀྱང་མཁས་ལེན་ནི་རེད་ལ། ང་རང་གིས་ཀྱང་ཧོར་གཙང་འཇིགས་མེད་བཤད་དུས་ཁོང་གི་སྙན་ངག་མང་པོ་བཤད་ཀི། སྙན་ངག་བྲིས་ན་ཧོར་གཙང་ལ་དངོས་གནས་དགེ་ཆོས་དང་བར་ཐག་ཉེ་བའི་ཁྱད་ཆོས་ཡོད་ཀི། སྐད་ཆ་དྲང་མོ་བཤད། གནས་ལུགས་ཁས་ལེན་བྱས་ན་མི་སུས་ཀྱང་མཐོང་ན་འདོད་ནི་རེད།
མཁན་པ་འཇུ་བསྟན་སྐྱོང་མཁས་པ་ཡིན་ནོ་དེ་རིང་ཐོག་མར་གོ་སོང༌། དངོས་གནས་མཁས་པ་ཞིག་ཡིན་ན་ཧ་ཅང་བཟང་གི། ང་ཚོ་ལ་མཁས་པ་ཉུང་མེད་ན་མང་ཡོད་ནིས་མ་རེད། ཡིན་ནའང༌། སྐད་ཆ་འདི་བཤད་མཁན་གྱིས་ཀྱང་གནས་ལུགས་རྒྱུ་མཚན་ཅང་བཤད་མི་འདུག མཁས་པ་རེད་ཟེར་བ་ཙམ་རེད། འདི་འདྲ་ཞིག་གིས་མཁན་པོ་ཁོང་མཁས་པ་ཡིན་མིན་བཤདད་དཀའ་གི། དེ་བས་གསལ་བོ་རེ་བཟོ་རོགས།
དྲ་གྲོགས་ཚང་མས་བསམ་བློ་ཡག་པོ་གཏོང་དགོས་ཀྱི་འདུག ངས་བལྟས་ན་ཧོར་འཇིགས་དང་དམ་དཔལ་གཉིས་ལ་བོད་ཀྱི་ལོ་རྒྱུས་ཀྱི་སྒང་ནས་ཁྱད་པར་ཡོད་ནི་མ་རེད་འདོད་གི། ཧོར་གཙང་འཇིགས་མེད་མཁས་པ་རེད་ཟེར་མཁན་དེ་ཚོ་ཁོང་གི་འགྲམ་དང་སྒོ་འགྲམ་ལ་འཚང་འདུག་མཁན་གྱི་མྱི་ཁ་ཤས་རེད། དེ་མ་གཏོགས་གཞན་ཧོར་འཇིགས་མཁས་པ་རེད་ཟེར་མཁན་མྱི་རྒན་བེ་རི་རེད། མྱི་རྒན་བེ་རི་འདི་དངོས་གནས་བཙན་བྱོལ་བོད་གཞུང་གི་ཤོག་བུའི་གད་སྙུགས་ཀི་བདག་པོ་ཨང་དང་པོ་རེད། དེབ་ཟེར་བ་མཐུག་པོ་ཆེན་པོ་མང་པོ་བྲིས་འདུག ནང་ན་འདི་ད་བེ་རི་འཇིགས་མེད་ཀྱི་རེད་ཟེར་ནས་མཛུབ་མོ་འཛུགས་ས་ཞིག་མི་རེག་གི། མ་ཟད་མྱི་རྒན་བེ་རི་འདི་གྲ་ཆས་གྱོན་པའི་ཆབ་སྲིད་པ་ཞིག་ཀྱང་རེད། མྱི་འདིས་ཡར་ལ་བལྟས་ནས་ཡར་བཤད། མར་ལ་བལྟས་ནས་མར་བཤད། རང་གི་ངོ་ཚ་རྒྱུ་མེད་ཀི། རང་དོན་འགྲུབ་ན་ངུ་དགོས་ས་ནས་ངུ་ཐུབ་པ་དང་མཐོན་པོ་ཚོས་ཁོང་གི་ཁ་ནང་ལ་གཅུན་བཏང་ཡང་ལན་མི་སྟེར་མཁན་ཞིག་རེད། མྱི་འདི་མོ་རྐྱང་རྐྱང་གིས་ཧོར་གཙང་མཁས་པ་རེད་ཟེར།
ཧོར་གཙང་ཁོང་མཁས་པ་ཡིན་མིན་ང་ཚོས་ཁོང་གི་ལག་རྗེས་ལས་ཤེས་ཐུབ་ནི་རེད། སྔོན་མ་ཞིག་ལ་ཁོང་གིས་དྲང་བདེན་གྱིས་བསླུས་པའི་སློང་མ་བ་ཟེར་བའི་དཔྱད་རྩོམ་དཔེ་ཆ་ཞིག་བྲིས་ནས་ཁོང་གིས་དཔྱད་རྩོམ་འབྲི་མི་ཤེས་པ་བོད་ཕྱི་ནང་གཉིས་ཀར་གྲགས་ནི་རེད། དེའི་རྗེས་ལ་ཁྲག་ཐིག་ལས་སྐྱེས་པའི་ལྗང་མྱུག་ཟེར་བའི་རྩོམ་རིག་གི་སྐོར་ཞིག་བྲིས་ནས་ཡང་ཁོང་གིས་རྩོམ་རིག་མི་ཤེས་པའི་ནང་ནོམ་ཡོངས་སུ་ཕྱི་ལ་ཕུད་བཞག་ནི་རེད། ད་དུང་ཁོང་གི་གྲ་ཚང་བླ་བྲང་ན་འདི་མོ་བཤད་རྒྱུན་ཡོད་ནི་རེད་ཟེར་ནས་ས་བླ་བྲང་གི་གྲ་གྲོགས་ཁ་ཤས་ཤིག་གིས་བཤད་མྱོང༌། ཧོར་འཇིགས་ཆུང་བ་དོན་གྱི་མཁས་པ་ཡིན། ཧོར་འཇིགས་ཆེ་བ་མིང་གི་མཁས་པ་ཡིན་ཞེས་ཨ་ཁུ་བ་ཛ་ཚང་གིས་དངོས་སུ་གསུངས་ནི་རེད་ཟེར། བརྩད་བཅད་དུས་ཧོར་འཇིགས་ཆེ་བ་ཟེར་བ་དེ་རྡ་རམ་ས་ལའི་ཧོར་གཙང་འདི་ཡིན་འདུག ང་རང་སྔོན་ཆད་ནས་ཧོར་འཇིགས་ལ་ཡིད་ཆད་བསྡད་ཡོད། སྐད་ཆ་འདི་ཚོ་ཧོར་འཇིགས་མཁས་པ་ཡིན་མིན་གྱི་ཆ་ནས་བཤད་ནི་ཡིན།
ཡང་ང་ཚོས་ཤེས་དགོས་པ་གཞན་ཞིག་ནི། ཧོར་གཙང་འཇིགས་མེད་སྙན་ངག་པ་མཆོག་ཏུ་གྱུར་བ་ཞིག་ཡིན་ནོ་སུས་ཀྱང་མཁས་ལེན་ནི་རེད་ལ། ང་རང་གིས་ཀྱང་ཧོར་གཙང་འཇིགས་མེད་བཤད་དུས་ཁོང་གི་སྙན་ངག་མང་པོ་བཤད་ཀི། སྙན་ངག་བྲིས་ན་ཧོར་གཙང་ལ་དངོས་གནས་དགེ་ཆོས་དང་བར་ཐག་ཉེ་བའི་ཁྱད་ཆོས་ཡོད་ཀི། སྐད་ཆ་དྲང་མོ་བཤད། གནས་ལུགས་ཁས་ལེན་བྱས་ན་མི་སུས་ཀྱང་མཐོང་ན་འདོད་ནི་རེད།
ཨ་རོགས་བློས་ཐུབ། ཁྱོད་ཀྱིས་ནོར་བ་རེད། གསར་འབྱོར་བས་དགག་པ་བརྒྱབ་པ་འགྲིགས་མི་འདུག་ལབ་མཁན་ང་མིན། ཁྱེད་རང་བསྐྱར་ྐློག་ཅི་གྱིས་དང་། འཇུ་བསྟན་སྐྱོང་མཁས་པ་རེད་ཟེར་མཁན་ང་ཡིན། འཇུ་བསྟན་སྐྱོང་ཧ་ཅང་གི་མཁས་པ་ཆེན་པོ་ཞིག་རེད་འདུག ཡིན་ན་ཡང་ཁོང་གི་རང་གཤིས་དེ་ནི་བུམ་ནང་གི་མར་མེ་ལྟར་བཞུགས་པ་ལས་ངོམ་སོར་མི་དགའ་མཁན་ཞིག་ཀྱང་རེད་འདུག ངས་ཁོང་གི་སྙན་ངག་ཁ་ཤས་རེ་བྐླགས་མྱོང་། ཁོང་གི་སྙན་ངག་ལས་དུམ་བུ་ཞིག་གཤམ་དུ་བཀོད་པ་འདི་རེད།
འཛམ་གླིང་རིག་པའི་ཕ་ཁྱིམ་འཕགས་པའི་ཡུལ། །
མཁས་པའི་ཞབས་རྗེས་མང་པའི་གྲོང་མཐའ་ནས། །
བླུན་པོས་ཇི་བཤད་ཉན་པའི་ཁྲལ་ལས་པས། །
དྲན་པའི་མིག་ཆུ་རླུང་ལ་བསྐུར་ན་བསམ། །
འཆར་ཡན་རྟོགས་པའི་རྣམ་ཤེས་ལྡོམ་བུ་ཕ་ས་དྲན་པའི་སྡུག་ཡུས་ཀྱིས། །
བྱང་ནས་བྱང་དུ་ཤུགས་ཀྱིས་བསྐྱོད་ཚེ་ཨ་བརྟན་སྐར་མའི་གདུགས་འོག་ནས། །
དགྲ་ཐབས་སྟོབས་འབྱོར་དཔལ་གྱིས་སྙེམས་པ་ཐུ་བྷོད་དཔུང་གི་ལྷག་མ་ཙམ། །
ལས་དབང་གནམ་ལ་མགོ་བོ་སྒུར་ནས་སྨེ་སྔགས་གྱེར་བའི་གྲོང་སྣེ་མཐོང་། །
སྙན་ངག་མཁན་པོའི་རྟོག་བཟོས་མ་ཡིན་འབྲས་ལྡན་སྨན་ཤིང་ནགས་མའི་ཚལ། །
དྲང་སྲོང་གྲུབ་པ་མཆོག་གིས་ཡོངས་མཛེས་གངས་བྲག་སྨིག་པའི་ཕྲག་ཁེབས་ཅན། །
སྒྲོ་འདོགས་དབང་ཕྱུག་རལ་བའི་གླིང་ག་ཏི་སེ་སྲིད་པའི་མཆོད་རྟེན་ལས། །
ཁ་འབབས་རྣམ་བཞིའི་ལྦུ་དཀར་མཆོད་ཆང་ལྡོམ་བུ་བསུ་བའི་སྐྱེས་སུ་འོང་། །
བྲུ་ཤ་ྐློ་མོན་ཛིམ་ལང་སྡེ་རིས་ཡིག་ཧྲིལ་ནང་གི་ཕུ་ནུ་ཙམ། །
འབྲུག་འབྲས་ལ་དྭགས་རྒྱལ་ཕྲན་དག་གིས་སྔངས་སྐྲག་འོག་ནས་ཕྱི་ནུར་བྱེད། །
མཐོ་བརྗིད་རྔམ་པའི་འགག་འཕྲང་དག་ནས་དགྲ་དམག་མཚོན་རྩེ་སྙིང་ལ་གཏོད། །
ས་མཚམས་དག་ན་སྐྱེལ་མ་ལྟ་ཅི་ཕྱི་ནང་བཀག་མས་འཚངས་ཀ་བྱེད། །
ཞིག་རལ་སོང་བའི་གུ་གེ་མཁར་རྫོང་ལངས་མ་འགྱེལ་གྱིས་གོམ་འགྲོས་བྱེད། །
ཚོན་མདངས་ཉམ་པའི་མཐོ་ལྡིང་ལྷ་ཁང་ཉི་འོད་འོག་ན་ཁེར་རྐྱང་ལུས། །
རྒྱང་གྲགས་ཆེ་བའི་མ་ཕམ་གཡུ་མཚོ་ཕྱི་གླིང་ལྟད་མོའི་གར་ལ་གཡེང་། །
རྒྱུ་འགྲུལ་དཀའ་བའི་གྲོག་རོང་དག་ན་ཉམ་ཆུང་ཕུ་ནུའི་རྔུལ་ཆུ་མང་། །
མཐོན་མཐིང་རྒྱལ་མོ་གནམ་ལ་ལངས་ནས་སྲིད་པའི་བསྐོས་པའི་ས་མཚམས་གླེང་། །
ཡར་ྐླུང་གཙང་ཆེན་ཤུགས་ཀྱིས་མཆོངས་ནས་བྲོས་བྱོལ་ཕུ་ནུའི་རྐང་རྗེས་འཚོལ། །
ཧི་མ་ལ་ཡི་རི་འདབས་ཤིག་ན་གངས་དཀར་ལྷ་མོས་སྨྲེང་གླུ་གྱེར། །
པོ་ཏཱ་ལ་ཡི་སྒེའུ་ཁུང་གསེང་ན་རྣམ་ཤེས་སྟོང་གི་བུ་ཡུག་འཚུབས། །
རྒྱལ་རྩེ་བཀྲས་ལྷུན་ཞིག་རལ་ཤུལ་ནས་སྐྱོ་སྡུག་མཆི་མས་ཐོལ་གླུ་གྱེར། །
གདན་ས་གསུམ་གྱི་གྱང་ཧྲུལ་བར་ན་ངྷཱི་སྐད་གཉོམ་པོའི་ལྷག་མ་ལུས། །
རྡོར་སྨིན་དཔལ་གསུམ་དགོན་ཤུལ་དག་ན་རྔ་སྒྲ་སྐམ་པོའི་རེ་སྒུག་བྱེད། །
ངམ་རིང་གསེང་ཕུའི་མཚན་སྙན་རི་མོ་གནའ་དུས་རྒན་པོའི་ངག་རྒྱུན་ཙམ། །
མེས་དབོན་བཙན་པོའི་ཕ་གཞིས་དག་ན་འཇགས་སྐྱ་སྐམ་པོའི་ཤུགས་གླུ་ལེན། །
ས་སྐྱ་བསམ་ཡས་ཆོས་སྡེའི་ལྷག་མས་ས་གསེག་བྱེ་མའི་འཁུན་སྒྲར་ཉན། །
ཡར་ྐླུང་འཕྱོང་རྒྱས་བང་སོ་དག་ན་ཁྱི་སྤྱང་ལྟོགས་པོའི་སོ་ཉུལ་མང་། །
གཙུག་ལག་ཆེན་མོའི་བར་སྐོར་གླིང་ན་ལྷ་འདྲེ་སྟོང་གི་འཚངས་ཀ་རྒོད། །
ལྷ་ཁང་ཞིག་པོའི་གྱང་འདབས་དག་ནས་རྒན་རྒོན་མ་ཎིའི་སྲུང་མ་མཐོང་། །
ཡབ་མེས་བཙན་པོའི་རྡོ་རིང་དག་གིས་བཙན་འཛུལ་དམག་ལ་མགོ་བོ་སྒུར། །
བྱང་འབྲོག་གླེན་པས་མདུན་ལམ་མི་མཐོང་ཕུ་ནུའི་ཁྲག་གི་རིན་ཐང་བརྗེད། །
ཉམ་རྒུད་སོང་ཡང་ང་རྒྱལ་སྒྲོག་པ་རྫུན་མའི་ཁ་གཡང་ཉིན་ལྟར་གླེང་། །
སྤོ་མེ་དྭགས་ཀོང་ཁང་ཤུལ་དག་ན་ལོ་རྒྱུས་རྙིང་པའི་སྡུག་ཡུས་གྱེར། །
ཉིང་ཁྲི་ཆབ་མདོའི་ཆུ་འགྲམས་དག་ན་གནའ་རྫས་རྙིང་བའི་བདེན་གཏམ་གླེང་། །
དེམ་ཆུ་ཉེར་ལྔའི་མིང་བྱང་རེས་ཀྱང་བསུབ་མེད་རྨ་ཁར་ན་ཟུག་སློང་། །
ཀཿདཔལ་ཞེ་རྫོགས་འཇའ་ལུས་གདན་ས་ཁྱི་ལྟོགས་རུམ་པའི་གྱང་རོ་ཙམ། །
ལྷུན་གྲུབ་སྟེང་གི་གླེགས་བམ་རྙིང་པས་གནའ་བོའི་དཔལ་ལ་ཕྱིར་མིག་ཆགས། །
ཏྲེ་ཤོད་སྟོད་སྨད་ཕུ་ནུའི་རིགས་རུས་ལག་དམར་ཤན་པའི་ཆོ་ལོར་གྱེར། །
འབྲུག་མོ་རྫོང་གི་གྲོག་རོང་དག་ན་ཕོ་བྲང་ཚིགས་པོའི་དུད་དྲེག་ལུས། །
འབའ་ལི་རྒྱལ་གསུམ་གྲོང་སྡེ་ཕལ་ན་བཙན་འཛུལ་མཚོན་གྱི་ཁྲག་རིས་རྙིང་། །
བ་ཡན་ཧ་རིའི་བརྗིད་ཉམས་ཤོར་ནས་རྨ་འབྲུའི་རླབས་སྒྲ་གཉོམ་ལ་འདར། །
རྨ་རྒྱལ་རི་བོའི་ཕྲག་གོང་དག་ན་ལྡོང་སྟོང་དམག་གི་རུ་དར་རྙིང་། །
ཁྲི་ཤོར་རྒྱལ་མོའི་རླབས་སྒྲའི་གསེང་ན་གདོང་དམར་གཤིན་པོའི་ཀི་སྒྲ་གྲག །
ཙོང་ལ་རིང་མོའི་ཁུག་སོ་རེ་རེར་ཁ་ཆེའི་བཤའ་གྲི་ཁྲག་གིས་གཤེར། །
ལྡོང་སྤྱང་དཔའ་བོའི་མིང་གི་ལྷག་མ་ས་མཚམས་དག་ན་མིག་ཆུས་འཚོ། །
རྒྱལ་མོ་རོང་གི་གཡང་གཟར་ངོགས་ན་བཙན་རྫོང་རལ་བོས་ཕྱིར་བལྟས་བྱེད། །
སྐྲ་ལོ་ཉག་རེའི་བང་སོའི་ཁྲོད་ན་ཕྱི་རབས་སྒུག་པའི་རྣམ་ཤེས་འཚངས། །
རིགས་རུས་གཅིག་ལ་སྡེ་རིས་མང་བགོས་རང་སྡེའི་ནང་ཁུལ་དགྲ་སྡེས་དཀྲུགས། །
ཀ་ཆུ་ྐླུ་ཆུའི་འགྱུར་ཁུག་ཁྲོད་ན་གནའ་བོའི་གཟི་བྱིན་མིང་གིས་སྒུག །
དཔའ་བོའི་སྡེ་རིས་ཕམ་ཁས་འཚོ་ཡང་གླེན་པའི་ཨུ་ཚུགས་རྡོ་ལ་གཏད། །
དཔའ་བོ་མི་དགུ་སྙིང་སྟོབས་ཆེ་མོད་དགྲ་སྡེའི་སྣོན་མར་འགྱུར་ལ་ཉེ། །
རྒྱ་ཧོར་ཇག་པའི་རྒྱུ་འགྲིལ་དར་བས་མདོ་ལ་རིང་མོ་ཧྲལ་ཧྲུལ་བཟོས། །
ཧོར་དང་མན་ཇུ་རྩེད་མོའི་ཤུལ་ན་བྱང་ཕྱོགས་དགོན་སྡེའི་ཐལ་རྡུལ་འཚུབས། །
ཕྱོགས་ཞེན་འཐབ་རྩོད་ཁ་འཛིན་བར་ནས་ཉམ་ཆུང་བོན་གྱི་ཕ་གཞིས་ཤོར། །
མཐའ་མཚམས་ནང་སོའི་དཔའ་ཉམས་ཤོར་བས་ཕྱོགས་བཞིའི་སོ་ཁ་དགྲ་ཡིས་གང་། །
གནའ་བོའི་གླེགས་བམ་མེ་ལ་བསྲེགས་ཤིང་རང་སྡེའི་རིག་གཞུང་རླུང་ལ་སྤུར། །
ཁ་བ་ཅན་གྱི་རླུང་རྟ་ཉམས་པས་གནའ་བོའི་གཟི་བྱིན་གཤེགས་གསོལ་ཞུས། །
དགོས་མེད་ནད་རྙིང་མཁྲེགས་པོར་བཟུང་བས་གངས་རི་དཀར་པོའི་དཔལ་ཡོན་རྒུད། །
ཐུར་ནས་ཐུར་དུ་མགྱོགས་པོ་རྒྱུགས་པ་གཡང་གཟར་ཆུ་བོའི་གར་སྟབས་བཞིན། །
སྣོན་པ་མེད་པར་འདི་ལྟར་སོང་ཡང་ད་དུང་ལྷག་མ་ཙམ་རེ་སྣང་། །
ནང་མའི་མཆོད་ཆང་བདུད་རྩིའི་རླངས་པ་ཚིག་དྲུག་གླིང་བུས་དགྲ་ལ་བཏེགས། །
མངའ་རིས་པི་ཝཾ་འགྱུར་ཁུག་འདེགས་འཇོག་ལག་དམར་མཆོད་པའི་གྲལ་ལ་འཚངས། །
རྨ་ཡུལ་ཐ་ལ་ཨ་ལའི་དཔའ་གླུ་བཙན་འཛུལ་དམག་གིས་ངོམ་སོར་ཁྱེར། །
ཉམ་ཆུང་སྐོར་བྲོའི་མེ་དཔུང་མཐའ་ན་མེས་པོའི་བརྙན་རིས་སྨྲེང་གླུ་ཙམ། །
འབའ་ཐང་ཆང་གཞས་འགྱུར་ཁུག་ལྡེམ་པའི་གནའ་བོའི་དཔལ་ལ་རྗེས་དྲན་ཞུ། །
བྱང་སྟོད་འབྲོག་པའི་རྫི་གླུ་གཉོམ་པོས་སྐྱིད་སྡུག་འཚོ་བའི་སྣང་བརྙན་འབྲི། །
གཡར་མོ་ཐང་གི་ལ་གཞས་དག་གིས་བརྩེ་འདང་དུང་བའི་གླིང་ག་བསུ། །
ཁྲོམ་ཆེན་གྲལ་གྱི་རྩེ་གླུ་རེ་རེས་རྒྱང་རིང་ཕུགས་ཀྱི་འདུན་མ་བཙལ། །
ཁྲིན་ལིན་ལ་དམར་དཔའ་བོའི་དུར་ས་རྒྱང་གྲགས་ཆེ་ཡང་མིང་སྟོང་ཙམ། །
གུང་གུའི་རྡོ་རིང་བདེན་དཔང་ཆེ་མོད་ཡིག་ཧྲལ་ནང་གི་གཏམ་དུ་ལུས། །
ཉི་ཟླ་རི་བོ་ཡར་མར་དེད་སླ་མིག་མང་སྟེང་གི་རྡེའུུ་བཞིན། །
མཆོད་རྟེན་དཀར་པོ་གར་ཡོད་རྟོགས་དཀའ་བློའམ་ཆེན་མོའི་དཔེ་དང་མཚུངས། །
གནའ་བོའི་མངའ་ཐང་ལྷ་ལ་འགྲན་ཡང་དེ་རིང་རྒུད་པ་མངོན་སུམ་ཡིན། །
ཕ་མེས་བཙན་པོ་སྟག་ལྟར་དཔའ་མོད་བུ་ཚས་ཕ་ཁྱིམ་དགྲ་ལ་སྦྱིན། །
མེས་པོའི་ཁྲག་ལ་རིན་ཐང་ག་ལ་རང་སྡེའི་སྨྱོན་པའི་རྡོག་པས་བརྫིས། །
འདི་ལྟར་འཚོ་ཡང་གླུ་སྒྲ་སྒྲོག་པ་ྐླད་པ་མེད་པའི་གཏན་ཚིག་ཡིན། །
དཔའ་བོའི་སྤོབས་པ་བར་དོའི་མགྲོན་ལ་བསུས། །
ཕྱུག་པོའི་ལོངས་སྤྱོད་དགྲ་སྡེའི་མཛོད་ལ་བསྲེས། །
མཁས་པའི་མཛད་རྗེས་ངན་པས་ཐལ་བར་བཟོས། །
རྒུད་པའི་སྣ་འདྲེན་རྒོད་པོའི་རྟིང་མར་བརྩིས། །
ལས་ཀྱིས་བྲིས་པའི་རི་མོ་བསྣོག་དཀའ་ཡང་། །
ཕུ་ནུའི་རུས་ཀོང་རྙིང་བའི་མུ་འཁྱུད་ཅན། །
མེས་པོའི་ཁྲག་གིས་བྲིས་པའི་ས་ཁྲ་དེ། །
འདི་ལྟར་ཧྲལ་ཧྲིལ་སོང་ན་སྙིང་རྩ་འཕར། །
མཐོ་སྒང་གསོ་རླུང་བདུད་རྩིའི་དཀྱིལ་འཁོར་ན། །
རང་དབང་ཁ་དོག་ཉམ་པའི་སྐར་མ་ཞིག །
དངང་སྐྲག་རླུང་གིས་སྐྱོད་པའི་སྨེ་སྔགས་དབྱངས། །
གངས་ལྗོངས་ཨ་མའི་ངུ་སྐད་ལྷངས་ལྷང་ཐོས། །
ཞིང་འབྲོག་ཡིག་རྨོངས་མང་བའི་གཞིས་ཀ་ནས། །
རྒྱལ་ཞེན་རིག་པའི་དཔའ་བོ་ཐོན་དཀའ་ཡང་། །
མནར་གཅོད་ཁྲག་ལ་སྦྱར་བའི་ཁྲིམས་འོག་ནས། །
འུ་ཐུག་གླེན་པའི་འཐབ་འཛིང་རྒྱུན་མི་ཆད། །
གོང་གི་དེ་ནི་འཇུ་བསྟན་སྐྱོང་ཟེར་བའི་མཁས་པ་ཆེན་པོ་དེས་རང་ཡུལ་བོད་ཀྱི་སྐོར་ལ་སྙན་ངག་ཧ་ཅང་རིང་པོ་ཞིག་བྲིས་འདུག་པ་ངས་གྲོགས་པོ་ཞིག་གི་ས་ནས་མཐོང་བ་པར་སློག་ཅིག་བརྒྱབ་ནས་ཡང་དུ་ཡང་ྐློག་བཞིན་ཡོད། དེའི་ནང་གི་ཚིག་སྐོར་ཞིག་འདིར་བཀོད་པ་ཡིན།
དངོས་གནས་འཇུ་བསྟན་སྐྱོང་ལྟ་བུའི་མཁས་པ་ཆེན་པོ་རེས་ཀྱང་དམ་དཔལ་ལྟ་བུ་རེས་ལག་འོག་ནས་ལས་ཀ་བྱེད་དགོས་པ་འདི་ནི་དངོས་གནས་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་སེང་གེ་ཁྱི་ཡི་གཡོག་ཏུ་གྱུར་ཞེས་པ་ཞིག་གསུངས་པ་དེ་ཡིན་ངེས་རེད་ཡ།
བློས་ཐུབ་ཡིན་ན་འདིས་མི་གཞན་གྱི་མཆན་ལ་སྙིང་པོ་ཡོད་མེད་ཀྱི་སྡོམ་ཚིག་འདྲ་ཞིག་འགོད་ཁ་ཡས། འདི་ཡང་རྩ་མི་ཚང་མཁན་ཞིག་ཡིན་པ་འདྲ། ཧོར་གཙང་མཁས་པ་མིན་པའི་མི་ཚད་ཞ་བོ་དང་ལྐུགས་པ་ཆགས་སོང་རུང་མི་ཁྱོད་འདྲ་བོས་སྐྱེ་བ་བཅུ་ཁ་ཞིག་བརྗེ་ལེན་བྱས་རུང་ཁོ་ལ་འགྲན་ཐུབ་ས་མ་རེད། གྲོགས་པོ་སྙིང་མ་ན། ཕྲག་དོག་ཟེར་བ་འདི་བར་ཆད་ཆེན་པོ་རེད་ཡ། ཁྱོས་འདི་འདྲའི་བསམ་བློ་རྒྱུན་དུ་བཏང་ན་ཁྱོད་རང་ཤ་སྐམ་པོ་ཆགས་བྱད་མ་གཏོགས་ཧོར་འཇིགས་ལ་ནི་གང་ཡང་ཐུབ་ཀྱི་མ་རེད། གྲོགས་པོ། འཇིག་རྟེན་ན་མི་ཁྱོའོ་ཡན་སོ་ཆི་འདྲ་ཟིག་མེད་ཀི་ནས། དེ་ཚང་མར་ཕྲག་དོགས་བྱེད་དགོས་ན་བ་ནི་མ་རེད་ཨ་རོ། ཟ་མ་ཞིམ་པོ་ཟོས། སེམས་པ་སྐྱིད་པོ་བྱོས།
བློས་ཐུབ། དེང་སང་སྟག་སྨྱོན་དང་གདོང་དམར་རིག་རྒྱུ་མེད་པ་དང་། དེ་རིང་བློས་ཐུབ་ཟེར་བ་ཞིག་གློ་བུར་ཏུ་ཐོན་ནས་མཆན་བུ་འདེབས་ས་ཡོད་ཚད་ལ་མཆན་བུ་རེ་རེ་བཏབ་འདུག་པར་མ་ཟད། མཆན་བུ་འདེབས་རྒྱུའི་མགོ་བཟུང་བ་ནས་ཡང་ཁྱི་སྨྱོན་སླེབས་པ་བཞིན་བཙན་བྱོལ་བོད་གཞུང་དང་། ཧོར་གཙང་འཇིགས་མེད། རྟེན་བཞེངས་ཆེན་མོ། ཚེར་མ། དུས་བབ་ཚང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས། བང་ཆེན་ཚང་གི་གསར་འགོད་པ་གངས་ལྷ་མོ། མདོ་སྨད་ཀྱི་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་། ཟིན་བྲིས་པ་ལྷ་ཆབ་སྦྱིན་པ། སྤོབས་པ་མཐའ་ཡས་སོགས་རིག་ཚད་ཐུག་ཚད་ལ་སོ་རེ་རེ་བརྒྱབ་འདུག་པར་བལྟས་ན་སྟག་སྨྱོན་ནམ་གདོང་དམར་ཟེར་བའི་ཁྱི་རྒན་དེས་ཡང་མིང་གསར་བ་ཞིག་བརྗེས་ནས་ཐོན་བཏང་ནི་མིན་ན། ངས་ཁྱི་རྒན་དེ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་དྲ་ཐོག་ཏུ་བསྒུགས་བསྡད་ཡོད། ཁྱོས་སྐད་ཆ་བཤད་སྟངས་དང་བསམ་བློ་ཁྱེར་སྟངས་ཁྱི་རྒན་དེ་དང་གཅིག་པ་གཅིག་རྐྱང་རེད། མ་གཞི་ཁྱོད་དྲ་ཐོག་སླེབས་མ་ཐག་ནས་བོད་གཞུང་དང་། སྒེར་བ་འདི་འདྲ་མང་པོ་ཞིག་ལ་དུས་གཅིག་ལ་སོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མཆན་འདེབས་མཁན་ཚང་མ་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་དང་ཁྱོད་འདྲ་བ་རྐྱང་རྐྱང་ཡིན་ན་དྲ་ཁང་ཐམས་ཅད་གཡུལ་ས་ཞིག་མ་གཏོགས་ལྷག་གི་མ་རེད། ད་དུང་ཤིས་ཚང་མཁྱེན་རབ་ཀྱིས་མི་ཁྱོད་འདྲའི་རིགས་ལ་གདོང་འབག་ཅན་གྱི་སྨྱུག་ཐོག་པ་དང་། ཡང་ལྷ་ཆབ་སྦྱིན་པས་དྲ་འབུ་ཞེས་བཏགས་འདུག་མོད། ཁོ་བོས་མི་ཁྱོད་འདྲའི་རིགས་ལ་དྲ་འདྲེ་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན་བོད་མིའི་སེམས་ནང་ན་ཡོད་པའི་གདོན་འདྲེ་ཞིག་གི་བྱེད་ལས་ཡོངས་རྫོགས་ཚང་ཡོད་པས་རྒྱུ་མཚན་གྱིས་སོ།།
མཁས་པ་དང་མི་མཁས་པ།
ཁ་སང་དེ་རིང་ཁ་བརྡའི་དྲ་ངོས་སུ་སྐྱེ་བོ་གང་ཞིག་མཁས་པ་ཡིན་པ་དང་གང་ཞིག་མཁས་པ་མིན་པའི་རྩོད་པ་ཞིག་སླེབས་འདུག མཁས་པ་ཡིན་དང་མིན་པའི་རྣམ་དབྱེ་དེ་མཐར་གཏུགས་ན་སྐྱེ་བོ་སྒེར་གྱི་ཚོར་བ་ཞིག་ལས། མཁས་པ་ཡིན་ན་ལྗིད་ཚད་རྒྱ་མ་ལྔ་བཅུ་ལོངས་དགོས་པ་དང་། མཁས་པ་མིན་ན་རྒྱ་མའི་ལྗིད་ཚད་དེ་མི་ལོངས་པའི་ཚད་འཇལ་བྱད་ཅིག་ནི་ཧ་ལམ་ང་ཚོ་ལ་མེད་པ་རེད། ང་ཚོ་ལ་ཡོད་པ་གཅིག་ནི་”རིག་གནས་བཅུ་”དང་”མདོ་སྔགས་རིག་གནས་དང་བཅས་པ་”ལ་མཁྱེན་པའི་སྤྱན་ཡངས་པ་ཞེས་པའི་མངོན་བསྟོད་ཀྱི་ཚིག་འདི་རེད། ཚིག་འདི་ནི་ཧ་ལམ་དུས་ཚོད་ལས་ཡོལ་ཟིན་པའི་མིང་ཚིག་ཅིག་ཡིན་པ་རེད། འོན་ཀྱང་ང་ཚོའི་སེམས་ནང་དེའི་བག་ཆགས་མཐུག་པོ་ཞིག་ཡོད་པའི་རྐྱེན་བྱས་ཏེ། “ནད་མཁྲིས་ནད་ཅན་ལ་དུང་དཀར་སེར་པོར་སྣང་།”ཟེར་བའི་བཤད་སྲོལ་ལྟར། སྙན་ངག་སྡེབ་མི་ཤེས་ན་མཁས་པར་མི་བརྩི་བ་དང་། ཡང་སྲོང་བཙན་གྱི་ལོ་རྒྱུས་བཤད་མི་ཤེས་ན་མཁས་པར་མི་བརྩི་བ། ཡང་ན་དཀོན་མཆོག་གསུམ་གྱི་གྲངས་འདྲེན་མ་ཤེས་ན་མཁས་པར་མི་བརྩི་བ་ལྟ་བུའི་ལང་ཤོར་གྱི་ལྟ་ཚུལ་ཞིག་ང་ཚོ་ལ་ཡོད་པར་འདོད།
ང་ཚོ་ནི་སྤྱི་ཚོགས་རྙིང་པ་ནས་གློ་བུར་དུ་ཐོན་ནས་སྤྱི་ཚོགས་གསར་པའི་ནང་མགོ་འཐོམས་ནས་སྡོད་པའི་དུས་སྐབས་ཀྱི་མི་རབས་ཤིག་ཡིན་མིན་ལ་ཐེ་ཚོམ་ཆེན་པོ་མེད་པ་རེད་སྙམ། རྐྱེན་དེ་ལ་བརྟེན་ནས་དེང་སང་གི་སྣ་མང་ཤེས་བྱའི་རྭ་བ་རུ་ཤེས་བྱའི་སྣེ་མོ་རེ་རེ་ན་དེ་དང་དེ་ལ་མཁས་པའི་རིམ་པ་བརྒྱ་སྟོང་དུ་བཀྲམས་ནས་ཡོད་པ་དེ་ཚོ་ལ་སྣང་ལ་མ་ངེས་པའི་བསམ་ཚུལ་ཞིག་ལས་མེད་པ་འདི་བྱུང་བ་ཡིན་ནམ་སྙམ། མདོར་ན།
ཐམས་ཅད་མཁྱེན་པ་འཇིག་རྟེན་འདི་ན་མེད།།
སྣ་གཅིག་ཧ་ཅང་མཁྱེན་ན་མཁས་པར་འདོད།།
སྣ་མང་གཅིག་མེད་མཁས་པ་དེང་མི་བྲིན།།
གཅིག་ཤེས་ཀུན་གྲོལ་ཐབས་དེ་བྲིན་པར་སྣང་།།
ཕྲག་དོག་རྡུལ་མར་ཡང་ཡང་འཚུབ་པས་བློ་གྲོས་མིག་ཟུང་འགྲིབས་ལ་ཁད།།
ཁོ་ཚེ་ཚུལ་ཁྲིམས་དྷ་སར་སླེབས་པས་ཁ་བརྡ་དྲ་ཁང་གཏོར་ལ་ལ་ཁད།།
རྒན་མོའི་ཁ་ངན་ནང་ལ་འཁོར་བས་དྲ་གྲོགས་ནང་ཁུལ་དཀྲུགས་ལ་ཁད།།
ཆོ་མེད་མི་གསར་འགའ་རེ་སླེབས་ནས་དྲ་གྲོགས་རྙིང་པ་འབུད་ལ་ཁད།།
མཁས་དང་མི་མཁས་རྩོད་དགོས་མི་འདུག་རྩོམ་རེ་ཕྲིས་དང་མཁས་མིན་ཤེས།།
ཐབས་ཅད་མཁས་པའི་མིང་ལ་དགའ་ཡང་དོན་གྱི་མཁས་པ་རེ་ཟུང་ཙམ།།
བྲིས་པའི་རྩོམ་ལ་དཔྱད་བརྗོད་མི་སྤེལ་དཔྱད་མཁན་དག་ལ་ཡང་ཡང་གཤེ།
གཤེ་ནས་མཁས་མིང་ལོན་རྒྱུ་ཡོད་ན་ང་ཚོར་མཁས་པ་མང་ཚོད་རེད།།
ཨ་མདོ་ཡིན་ཚུད་མཁས་བ་ཡིན་ལུགས་བརྗོད་པ་དེ་སྐྱག་རྫུན་ཡིན་འདུག ། ངས་དམ་ཆོས་དཔལ་བཟང་ཟེར་བ་དེ་གྲྭ་བ་ཡིན་དང་མྱི་སྐྱ་ཡིན་མི་ཤེས་ན་ཡང་ཁོང་གིས་བྲིས་བའི་རྩོམ་ཡིག་ཐན་ཐུན་རེ་ཀློག་མྱོང་། དེ་རིང་ཁྱོད་ཚོས་བཤད་སྟངས་ལ་གཞིགས་ན་མི་ཤེས་ཤེས་མདོག་སྟོན་པའི་གླེན་པ་ལུག་འདྲར་མཐོང་། གོ་ཐོས་ལ་དྷྰརྨ་ཤལ་དུ་གསར་བྱུང་མཁས་བ་མི་གསུམ་ཡོད་ཚོད་པས་དེ་དག་སུ་སུ་རེད་ལན་ཞིག་གནང་རོགས །
ཨོ། དེ་དག་ངས་ཤེས་ཀྱི་ཡོད། དང་པོ་བླ་བྲང་སྐལ་བཟང་དང་། གཉིས་པ་དམ་དཔལ། གསུམ་པ་དོར་ཤུལ་རྒྱ་མཚོ་རེད། ༡༩༩༩ ༢༠༠༢ བར་ཞིག་ཏུ་འདི་གསུམ་ལ་བཞུགས་སྒར་ཁུལ་དུ་སྐད་གྲགས་ཆེན་པོ་ཡོད་རེད། དོར་ཤུལ་རྒྱ་མཚོའི་རྩོམ་ཡིག་དེ་ནོར་གླིང་ནས་ཁྱི་རྔར་བཏགས་པའི་ལོ་རྒྱུས་དངོས་སུ་བྱུང་ཡོད་ལ། དམ་དཔལ་གྱི་མགོ་ལོག་ལོ་རྒྱུས་ཡང་ཁྱི་རྔར་འདོགས་འོས་པ་ཞིག་ཡིན་མོད། དེབ་དེའི་ནང་དུ་༧གོང་ས་མཆོག་གི་ཕྱག་ཡིག་དང་། དགོན་སྡེ་དང་བླ་སྤྲུལ་མང་པོའི་མཚན་ཡོད་པས། ཁྱི་རྔར་མ་བཏགས་པ་རེད་ཅེས་ཤོད་སྲོལ་ཞིག་ཡོད།
ཨ་རོགས་བློ་གྲོས། བླ་བྲང་སྐལ་བཟང་ཨོ་ཙི་ཡོད་རེད་ད། བར་སྐབས་ཤིག་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཐོག་ནས་རྙོག་གླེང་ཕྲན་བུ་ཞིག་བྱུང་བ་མ་གཏོགས་མཁས་པ་རེད་ཟེར་ན་མི་ཆོག་རྒྱུ་ཡོད་ནི་མ་རེད། ལྷག་ཏུ་དོལ་ཚོགས་ཀྱི་གདོང་ལ་ལངས་བས་སྡེའི་བུ་རྒྱ་སྟག་འཛུམ་དྲུག་ཉིལ་ལེ་བ་ཞིག་ཆགས་མྱོང་ནི་རེད་ད། དམ་དཔལ་དང་དོལ་ཤུལ་གྱི་སྐེ་སོ་སྦྱར་རྒྱུ་ཨེ་ཡོད་མི་ཤེས་ཀོ
དམ་དཔལ་ཁོ་ད་ལྟ་བོད་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་སྡེ་ཚན་གྱི་འགོ་རེད་གདའ།
དམ་དཔལ་ཁོ་ད་ལྟ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་སྡེ་ཚན་གྱི་འགོ་གཙོ་རེད་གདའ།
སྟག་གསོད་འདི་དམ་དཔལ་གྱི་སྐུ་སྲུང་བ་རེད་པ། ཨ་ཁུ་དམ་དཔལ་མི་དྲང་མོ་ཞིག་ཡིན་ཡ།
ཨ་ཁུ་དམ་དཔལ་མི་དྲང་མོ་ཞིག་ཡིན་མིན་ཤེས་འདོད་ཡོད་ན། མགོ་ལོག་ལོ་རྒྱུས་དང་། རྒྱ་གར་གནས་ཡིག་ཟེར་བའི་དེབ་ངན་མིས་འཕྱ་འདྲེ་རང་གི་སྡུག་འདྲེ་དེ་གཉིས་ཀྱི་རྒྱབ་ལྗོངས་དང་། འགྲོ་གྲོན་གྱི་ཡོང་ཁུངས། ད་དུང་ཕྱི་ལོ་ ༢༠༠༤ ལོའི་མགོ་ལོག་བརྟན་བཞུགས་སྐབས་དམ་དཔལ་གྱིས་བཟོས་པའི་རྙོག་གྲ ད་དུང་གསེར་རྟ་མགོ་དང་མདོ་སྨད་ཡིན་མིན་གྱི་གླེང་ཕྱོགས་ཐད་ཁོས་བཟོས་པའི་གཡོ་ཇུས་ཁག་ལ་ཕྱི་མིག་ལྟ་བཞིན། རྡ་རམ་ས་ལའི་མགོ་ལོག་པ་རྣམས་དང་། གངས་སྐྱིད་དུ་སོང་ལ་ཁོའི་མི་གཤིས་ལ་ཞིབ་འཇུག་ཅིག་བྱོས་དང་ཤེས་ནུས།
དེ་མིན་དམ་དཔལ་གྲྭ་བ་དག་མ་ཡིན་མིན་དང་། ཁོ་ལ་ཤེས་ཡོན་ཡག་པོ་ཡོད་མེད་སྐོར་ལ་ཅི་ཡང་ཤོད་འདོད་མེད། དེ་ནི་ཁོ་རང་སྒེར་གྱི་དོན་དག་རེད། སྤྱི་ཚོགས་ཐོག་རྙོག་གྲ་བཟོ་མཁན་སུ་ཡིན་ན་དེ་ལ་ཞིབ་འཇུག་བྱེད་དགོས་ལ། དེ་ནི་སྐྱག་ལང་དུ་གཏོང་ཡང་མི་ཉན། གལ་ཏེ་དེ་ཚོའི་གྲས་དེ་ངན་པ་ལངས་ཤོར་དུ་བཏང་བ་ཡིན་ན། སྤྱི་ཚོགས་ཆུང་ཆུང་འདིའི་ནང་མི་མཐུད་དུ་རྙོག་གྲ་སློང་རྒྱུ་ངེས་ཅན་ཡིན་པས་ཚང་མས་ཤེས་རྒྱུ་གལ་ཆེ།
ངས་ཉིན་གསུམ་རིང་དཔེ་མཛོད་ཁང་དུ་ཕྱིན་ནས་ཞིབ་འཇུག་བྱས་པས། གོང་སུ་སྤོབས་པ་ལགས་ཀྱིས་གསུང་པ་ལྟར། མཁན་པོ་བརྟན་སྐྱོང་ཟེར་བ་ཁོང་མཁས་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་བས། དེ་སྔོན་ངས་ཁོང་མཁས་པ་ཡིན་མིན་ཐད་ལ་ཐེ་ཚོམ་བྱས་པས་མཁན་པོ་ཁོང་ལ་དགོངས་དག་ཞུ་བ་ཡིན། འོན་ཀྱང་ཁོང་ལྟ་བུའི་མཁས་དབང་ཞིག་གིས་དམ་དཔལ་ལྟ་བུའི་ལག་འོག་ནས་ཕྱག་ལས་གནང་དགོས་པ་འདི་ངོ་མ་སེམས་སྐྱོ་བའི་གནས་ཚུལ་ཞིག་རེད། ཡིན་ན་ཡང་འདི་གངས་སྐྱིད་ཁོ་ནའི་གནས་སྟངས་ཤིག་མ་རེད། འདི་དེང་དུས་ཀྱི་གནས་སྟངས་ངོ་མ་དང་འབྲེལ་བ་ཡོད་པ་ཞིག་རེད།
ང་དེ་རིང་དཔེ་མཛོད་ཁང་ཞིག་ཏུ་ཕྱིན་ནས་མགོ་དེབ་དེ་གཉིས་བམ་ཀློག་ཞིག་བྱས་པ་ཡིན། དེབ་རྒན་དེ་གཉིས་ནི་ངོ་མ་གོང་དུ་བསྟན་པ་དར་རྒྱས་སོགས་ཀྱིས་གསུངས་པ་ལྟར་ལེགས་བཤད་ཚིག་གཅིག་མེད་པའི་ཉོག་བཤད་རྐྱང་རྐྱང་རེད།
ངས་ད་དུང་མགོ་ལོག་པ་སྐོར་ཞིག་ལ་དེའི་སྐོར་དྲིས་པ་ཡིན་མོད། ཁོང་ཚོས་མགྲིན་གཅིག་ཏུ་སྤྱིར་བཏང་མགོ་ལོག་ཁག་གསུམ་གྱི་ལོ་རྒྱུས་མཁས་པ་འཇུ་སྐལ་བཟང་དང་ནོར་སྡེ་སོགས་ཀྱིས་བྲིས་པའི་མགོ་ལོག་རུས་མཛོད་ཟེར་བ་ཞིག་ཡོད་པས། དེས་མ་ཆོག་པ་ཞིག་མེད། དེ་མིན་༡༩༥༩ རྗེས་ཀྱི་དུས་འཁྲུགས་ཀྱི་སྐབས་གསལ་བོ་ཞིག་དགོས་ཆེད་བྲིས་པ་རེད་ཟེར་ན་ནི། དམ་དཔལ་གྱི་དེབ་དེའི་ནང་དུ་ཅི་ཡང་མི་འདུག་པས་འདི་དགོས་མེད་འགྲོ་གྲོན་འཕྲོག་བླག་ཏུ་བཏང་བ་མ་་ཟད། མགོ་ལོག་ལ་མཁས་པ་ཟད་དེ་ཁོ་ལ་ཐུག་པ་འདྲ་བོ་ཞིག་འདུག་པས་ངོ་ཚ་གི་འདུ་ཟེར།
ཁར་སང་ངས་དེབ་དེ་ངོ་མ་དེ་འདྲའི་བཙོག་པ་ཅིག་ཡིན་པ་སེམས་ལ་ཡང་མ་དྲན་མོད། དེབ་དེ་དངོས་སུ་མཐོང་དུས་རེ་ཐག་གཏིང་ནས་ཆད་སོང་། ཡིན་ཡང་རྩོམ་པ་ཁོ་རང་གི་སྐོར་ལ་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པས། ཁོའི་སྐོར་ཤེས་ཀྱིན་མེད་ལ་ཤོད་འདོད་མེད། འོན་ཀྱང་དེབ་རྒན་འདི་གཉིས་དངོས་སུ་མཐོང་ན་ཁ་མི་གྲག་ཐབས་མེད་ལྟ་བུ་ཞིག་ཡིན་པས། དེ་རིང་སླར་ཡང་དྲ་ཐོག་ཏུ་ཡོང་ནས་མཆན་འདི་བཏབ་པ་ཡིན། མཐའ་དོན་དམ་དཔལ་གྱིས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་དེ་མགོ་ལོག་ལོ་རྒྱུས་འདྲ་བོ་ཞིག་མིན་པའི་སྨོན་ལམ་འདེབས། གལ་ཏེ་དེ་ཡང་དེ་འདྲ་ཞིག་ཡིན་ན། ངོ་མ་འགྲོ་གྲོན་ཆུད་ཟོས་ཡིན་པ་མ་་ཟད། བོད་མིའི་ཞབས་འདྲེན་ཡིན་པས། གོང་གི་དཔྱད་རྩོམ་དེ་དང་དེའི་མཆན་བུ་རྣམས་དམ་དཔལ་ཁོ་རང་གིས་དངོས་སུ་མཐོང་ནས། ཕྱིན་ཆད་བག་ཡོད་དང་གཟབ་གཟབ་བྱེད་རྒྱུའི་རེ་བ་ཡོད། འདི་གོང་གི་དཔྱད་བརྗོད་དང་མཆན་བུ་རྣམས་ཀྱི་དགོས་པ་རེད།
དེ་རིང་སློབ་ཚན་ཡོད་པས་དེ་འདྲ་ཞིག་ལས་འབྲི་ཁོམ་མ་བྱུང་མོད། བདུན་ཕྲག་རྗེས་མའི་གཟའ་མཇུག་ཏུ་འདི་ལས་མང་ཞིག་འབྲི་འདུན་ཡོད། ཁྱེད་ཚོ་དྲ་གྲོགས་རྣམས་ཀྱིས་གཅིག་ཐང་ན་མི་རྒོད་ཟེར་བའི་སྨྱུག་མིང་ཞིག་མཐོང་ཐོས་བྱུང་ཡོད་རྒྱུ་རེད། ང་ནི་བོད་དུ་སྐྱེས་ཤིང་བོད་དུ་འཚོ་བའི་བོད་ཕྲུག་དག་མ་ཞིག་ཡིན། ད་ལྟ་གཙོས་མི་རིགས་སློབ་འབྲིང་དུ་ཡོད། མི་རྒོད་ཟེར་བ་དེ་མིང་ངོ་མ་མིན་པ་ཤེས་དགོས།
འོ་ཁྱེད་ཚོས་དམ་དཔལ་གླེང་གི་ཡོད་དམ། བླ་རྒན་འདི་དྲན་རྒྱུ་རྒོད་པོ་ཅན་ཞིག་ཡིན་རབས་ཡོད་ཡ། སྔོན་མ་ཁོས་མདོ་སྨད་སྤྱི་འཐུས་ནང་ལ་མགོ་ལོག་གི་སྤྱི་འཐུས་ཤིག་དགོས་ལུགས་ཀྱི་རྙོག་དྲ་བཟོས་ཤིང་། ཡང་དེའི་རྗེས་ལ་ཁོ་རང་གི་གྲོགས་པོའམ་ཡང་ན་ཁོའི་གྲོགས་མོའི་ཁྱོ་ག་ཡིན་ན་ཅིག་ལ་འོས་ཨེ་ཐོབ་བལྟས་ནས་ས་ཁུལ་ཁ་ཤས་ལ་གསང་བའི་ཡི་གེ་བཏང་བས་འོས་འཐོར་ནས་སྤྱི་འཐུས་ནང་དུ་མགོ་ལོག་གི་སྤྱི་འཐུས་སླེབས་མ་ཐུབ་པ་དང་། དེའི་རྐྱེན་གྱིས་ད་སྐབས་མགོ་ལོག་གི་མི་མང་པོ་ཁོ་ལ་དགའ་གི་མ་རེད་ཟེར། ཡང་ཁོའི་མགོ་ལོག་ལོ་རྒྱུས་ནང་ལ་གསེར་རྟ་མགོ་ལོག་ཡིན་རབ་བྲིས་མེད་ཀྱང་། སྐབས་ཤིག་ནས་གདན་ས་ཁག་གི་མི་མང་པོ་ཞིག་ལ་གསེར་རྟ་མགོ་ལོག་ཡིན་རབ་བཤད་དགོས་ལུགས་ཀྱི་གསང་བའི་ཡི་གེ་བཏང་བ་གསེར་རྟའི་མི་ཞིག་གི་སྔུན་ནས་རྒྱུ་འབྲས་ཤིག་གིས་ལྷང་ལ་བུད་སོང་བ་དང་། ཡང་དེའི་རྐྱེན་གྱིས་ཁོའི་གྲོགས་པོ་བློས་ཐུབ་མང་པོ་བརླགས་སོང་བ་རེད་ཟེར། ད་དུང་དེ་བས་སྙིང་འཁྱག་ས་ཞིག་ནི། ཁོའི་ཆོལ་གསུམ་ལོ་རྒྱུས་འབྲི་རྒྱུའི་མགོ་བཙུགས་སྐབས། སྐུ་སྒེར་ཡིག་ཚང་གི་བཀའ་ཡིན་ནམ་ཡང་ན་དཔེ་མཛོད་ཁང་གི་སྒྲིག་གཞི་གང་ཡིན་མི་ཤེས་ཀྱང་། ཕྱི་ལོགས་ཀྱི་མིས་མཐོང་ས་ནས་ལས་བྱེད་ལེན་རྒྱུ་ལ་ཡིག་རྩིས་ཤིག་བཏང་ཁུལ་གྱི་ཁྱབ་བསྒྲགས་མ་བྱས་ཐབས་མེད་བྱུང་སོང་རུང་། དོན་ལ་ཡིག་རྩིས་མ་བཏང་གོང་ནས་ཁོ་རང་གི་བློར་བབས་པའི་མི་འགའ་དང་གསང་གྲོས་བྱས་ཏེ་ཁོང་ཚོ་ལེན་རྒྱུར་ཐག་བཅད་ཚར་ཡོད་པས། རྗེས་སུ་ཡིག་རྩིས་ལོན་མཁན་ཚོ་ལ་ཐོབ་བྱ་ཅི་ཡང་མ་བྱུང་བ་དེ་རེད། འདི་ནི་ངོ་མ་སྙིང་འཁྱག་ནས་ཤི་འགྲོ་ས་ཞིག་ཡིན། གསོག་སྒར་སློབ་གྲྭའི་སློབ་མ་ཚོ་ལ་ཉིན་གུང་ཟ་ཁང་དུ་འགྲོ་སྤྱད་ཀྱི་དངུལ་མེད་པས་སྔ་དྲོའི་ལས་ཁུངས་གྲོལ་རྗེས་དཔེ་མཛོད་ཁང་གི་སྒོ་ལ་གླལ་རྒྱངས་རེ་བྱས་ནས་བསྒུགས་བསྡད་ཡོད་པ་ངས་དངོས་སུ་མཐོང་སོང་། དེ་རྗེས་ཡིག་རྩིས་ཨང་དང་པོ་ལེན་མཁན་དེ་ནོར་གླིང་ཉམས་ཞིབ་པ་རྙིང་པ་རེབ་གོང་བཀྲ་ཤིས་རེད། ཁོས་རེབ་གོང་བཀྲ་ཤིས་ལ་ཁ་པར་གྱི་ཐོག་ནས་དགོངས་དག་ཡང་ཡང་ཞུ་གི་ཡོད་པ་ངས་དངོས་སུ་གོ་སོང་ཡང་། རྩེད་མོ་རྩེ་སྤྱད་བྱས་པའི་གསོག་སྒར་གྱི་སློབ་ཕྲུག་ཚོ་ལ་དགོངས་དག་ཞུས་ཡོད་མེད་གོ་མ་སོང་། ཁྱེད་ཚོས་གོང་མའི་ཨ་སྲུ་ཟེར་བའི་གློག་བརྙན་དེ་མཐོང་ཨེ་མྱོང་། དེའི་ནང་གོང་མའི་སྤུན་དང་ཞང་བློན་གཉིས་ཀྱིས་རང་རང་གི་འདོད་པ་འགྲུབ་ཆེད་མི་སེར་ཚོའི་ཚེ་སྲོག་གིས་རྩེད་མོ་རྩེ་བྱད་བྱེད་ཀྱི་ཡོད་པ་ལྟར། དམ་དཔལ་འདི་ཡང་རང་གི་ཚོད་ཀྱིས་རང་གི་རེ་འདོད་འགྲུབ་ཆེད་མགོ་མི་ཚོས་པའི་གསར་འབྱོར་གསར་བ་ཚོའི་རེ་འདུན་དང་། དུས་ཚོད། འགྲོ་གྲོན་སོགས་ལ་ཅི་མི་སྙམ་པར་རྩེད་མོ་རྩེ་སྤྱད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དུས་བབ་གསར་འགོད་པ་དང་། བང་ཆེན་གསར་འགོད་པས་ཁོང་ཚོ་སྒེར་གྱི་འབྲེལ་བ་ལ་བལྟས་ནས་གནས་ཚུལ་དེ་ཚགས་པར་ཐོག་ཏུ་ཁྱབ་བསྒྲགས་བྱས་མེད་ཟེར། ཁྱེད་ཚོས་ཡིད་མི་ཆེས་ན་རེབ་གོང་བཀྲ་ཤིས་ལ་དྲིས་ཤིག ད་དུང་སྐབས་དེར་ཡིག་ཚད་གཏོང་དུ་བཅུག་སྟེ་རྩེད་མོ་རྩེ་བྱད་བྱས་མྱོང་མཁན་རེ་དྲ་ཐོག་འདིར་ཡོད་ན། སྐབས་དེའི་གནས་ཚུལ་གསལ་བོ་ཞིག་འདིར་འབྲི་རྒྱུ་གལ་ཆེན་པོ་རེད། སྐུ་དྲག་གི་ལུགས་སྲོལ་རྒྱུན་འཁྱོངས་བྱས་ནས་ས་འོག་དར་ཐག་འདྲ་མི་འདྲ་འཐེན་མཁན་འདི་ཚོ་ཉི་མ་གཅིག་ལ་ལྷང་ལ་བུད་ཡོང་གི་རེད། ཧ་ལམ་ནང་པའི་གཞུང་ནས་བཤད་པའི་ལས་རྒྱུ་འབྲས་ཟེར་བ་དེ་ཡང་འདི་འདྲ་ཞིག་ཡིན་མི་ཡོང་ངམ།
སྲོག་བདག་ལགས།
ཁྱེད་ཀྱིས་རྒན་དམ་ཆོས་དཔལ་བཟང་དང་འབྲེལ་བའི་མཆན་འདི་ལ་ང་ལ་མོས་མཐུན་མེད་ལགས། གལ་སྲིད་ཁྱོད་ཀྱིས་འདི་ལྟར་སྐྱོན་བརྗོད་བྱེད་ངེས་ཡིན་ཚེ། མིང་སྦས་ནས་སྐྱོན་བརྗོད་མ་གནང་ན་ལེགས། མཚན་དངོས་སུ་བཏོན་ནས་གསུངས་ན་ཆ་འཇོག་བྱེད་མཁན་ཡོད་ཚེ་དེ་ལ་དཔག་པའི་རིན་ཐང་ཞིག་འཇོག་ངེས། དེ་མིན་ཁྱེད་ཀྱི་རྗོད་པ་དེ་དག་ནི་ཁུངས་ལུང་མེད་པའི་འཆལ་གཏམ་ཞིག་གཞན་དུ་མི་འགྱུར་བ་རེད།
དྲ་དཔོན་སྐུ་ཞབས་དགེ་འདུན་རབ་གསལ་ལགས། ཁྱེད་ཅི་འདྲའི་མི་མཚར་པོ་ཞིག་རེད་ཨང་། དེ་སྔོན་ཁ་བརྡ་དྲ་ཐོག་ནས་བོད་གཞིས་བྱེས་གཉིས་ཀྱི་སྐྱབས་དང་སྐྱོབ་པ་གཅིག་པུ་༧གོང་ས་ཐམས་ཅད་མཁྱེན་པར་མཚན་སྨོད་ཀྱི་མཆན་བུ་མི་འདྲ་དགུ་འདྲ་དུ་མ་འདེབས་སྐབས། བསམ་ཡོད་རྣམས་ཀྱིས་བོད་མི་ཡ་ས་དྲུག་གི་སེམས་ཚོར་ལ་བསམ་ཤེས་བྱས་ཏེ། དྲ་དཔོན་གྱིས་བཀག་འགོག་བྱེད་རོགས་ཞེས་ཞུ་བ་ལན་མང་ཕུལ་ཀྱང་། ཁྱེད་ཀྱིས་དེ་འདྲ་མ་གནང་རོགས་བོད་མིའི་སེམས་ལ་ཕོག་ཐུག་འགྲོ་གི་རེད་ཅེས་རེ་བསྐུལ་ཙམ་ཡང་མ་གསུང་བར་མཆན་བུ་དགུ་བཅུ་གོ་གྲངས་ལ་མ་སླེབས་པར་མ་བཀག་པར་བསྐྱུར་ཞིང་། ཉེ་དུས་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་གཤེགས་མ་ཐག བོད་ཀྱི་གཏམ་དཔེར། ངས་སྡུག་གི་ཡོབ་ཆེན་མ་ནོན་ན་ཡོད་དུས། ཁྱོད་ཀྱིས་སྐྱིད་ཀི་རྟ་ཁ་མི་དོ་ཡ། ཟེར་བ་ལྟར། བསམ་མེད་མང་པོས་སྐྱེས་ཆེན་དམ་པ་དེར་མི་འོས་པའི་མཚན་སྨོད་ལུང་བ་གང་བྲིས་པ་མ་ཟད། དཔྱོད་ཤེས་རྣམས་ཀྱིས་མཆན་བུ་འདི་དག་འགོག་དགོས་ཚུལ་དང་། མ་བཀག་ན་དམ་པ་ཁོང་གི་སློབ་ཚོགས་ཁྲི་ཕྲག་མང་པོའི་སེམས་ལ་ཕོག་ཐུག་འགྲོ་ཉེན་ཡོད་ཅེས་རེ་བསྐུལ་ཅི་ཙམ་བྱས་ཀྱང་ཡུན་རིང་སྣང་མེད་དུ་བཞག་སོང་།
དགོད་ཤོར་བ་ཞིག་ནི། དྲ་གྲོགས་བསྟན་པ་དར་རྒྱས་ཀྱིས་དམ་དཔལ་སྐོར་གྱི་གླེང་གཞི་འདི་ཐོག་མར་སྤེལ་མ་ཐག་ནས་ད་བར། ཁྱེད་དམ་དཔལ་གྱི་རྒྱབ་ཏུ་ཀ་ལངས་ལངས་བྱེད་ཀྱི་ཡོད་པ་འདི་རེད། གལ་ཏེ་ཁྱེད་དམ་དཔལ་ལ་དེ་འདྲའི་ཤ་ཚ་དང་བརྩེ་བ་ཡོད་ན། ཁོས་བྱ་སྤྱོད་ངན་པ་འདི་རིགས་མ་ལས་གོང་ཁོ་ལ་སློབ་སྟོན་བྱས་ན་བཟང་མོད། དེ་དུས་ཁྱོད་ཀྱིས་ཁོ་ལ་སློབ་སྟོན་དང་། མགོ་དེབ་ཞུས་དག་བྱེད་རོགས་བྱས་པའི་སྐོར་གང་ཡང་གོ་རྒྱུ་མི་འདུག ད་དམ་དཔལ་གྱི་སྤྱོད་ངན་དང་ཞབས་འདྲེན་ས་ལ་མི་ཤོང་བ་ལས་ཚར་བ་མ་ཟད། ཁོའི་མཚན་སྙན་གང་སར་ཁྱབ་ཚར་རྗེས་གཞི་ནས་དམ་དཔལ་ལ་རྒྱབ་སྐྱོར་བྱེད་པ་ནི་འཕྱི་དྲག་པ་རེད། དེ་གྲོགས་པོ་བཟང་པོའི་བྱ་སྤྱོད་ཀྱང་མ་རེད།
ཁྱེད་ཀྱིས་ཐོག་མར་༼འགུ་ལོག་གི་ལོ་རྒྱུས་དང་རྒན་དམ་ཆོས་དཔལ་བཟང་གཉིས་ཀ་ལ་ཆེད་དུ་སྒེར་པར་ཕོག་ཐུག་འགྲོ་བ་ཞིག་མི་ཡོང་བའི་རེ་བ་ཞུ་བཞིན་ཡོད་༽ཟེར། ད་སྐབས་དམ་དཔལ་མགོ་ལོག་གི་མི་གྲལ་དང་། ཁོས་བྲིས་པའི་མགོ་ལོག་ལོ་རྒྱུས་དཔེ་ཆའི་གྲལ་དུ་མ་སླེབས་པར་བསྡད་ཡོད་དུས། དྲ་གྲོགས་རྣམས་ཀྱིས་དམ་དཔལ་དང་ཁོའི་མགོ་ལོག་ལོ་རྒྱུས་གཉིས་ལ་དྲང་པོའི་སྒོ་ནས་དཔྱད་བརྗོད་སྤེལ་བ་ཙམ་གྱིས་སུ་ལ་ཡང་ཕོག་ཐུག་མི་འགྲོ གལ་ཏེ་དམ་དཔལ་སྒེར་ལ་ཕོག་ཐུག་སོང་ན་ཡང་དེ་ལ་སྐྱོན་ཅི་ཡོད། ཁོ་མི་གཅིག་རེད། གྲུབ་དབང་པད་ནོར་རིན་པོ་ཆེ་གཤེགས་མ་ཐག་མི་འོས་པའི་མཆན་བུ་དུ་མ་བཏབ་པས། དད་ལྡན་སྐྱེ་བོ་ཁྲི་ཁྲག་མང་པོའི་སེམས་ལ་ཕོག་ཐུག་སོང་ཡོད་པ་འདི་ངོ་མ་སྐྱོན་ཆེན་པོ་རེད། དྲ་དཔོན་ལགས་ཀྱིས་དྲ་དཔོན་གྱི་མཚན་ཐོག་ནས་དགོངས་དག་ཞུ་འདོད་ཡོད་ན་དེ་ལ་ཞུ་དགོས།
ངས་མཆན་བུ་འདི་འདེབས་དོན་ངའི་སྐད་ཆ་ལ་མཐའ་གཅིག་དུ་ཆ་འཇོག་བྱེད་མཁན་ཨེ་ཡོང་གི་རེ་བ་བྱས་པ་མིན། བཙན་བྱོལ་སྤྱི་ཚོགས་ཁྲོད་དངོས་སུ་བྱུང་ཞིང་། ད་ལྟ་རྡ་སའི་མི་མང་དང་། ཁ་བརྡ་དྲ་ཐོག་ཏུ་གླེང་བཞིན་པའི་སྐད་ཆ་འདི་བསྐྱར་དུ་བཤད་པ་ཙམ་ཡིན། གལ་ཏེ་དམ་དཔལ་ཁྱེད་གཉིས་ཀྱི་སྒེར་གྱི་འབྲེལ་བའི་ཐོག་ནས་ངས་བཤད་པའི་སྐད་ཆ་འདིས་ཁྱེད་ལ་དམིགས་བསལ་གྱི་ཕོག་ཐུག་སོང་ཡོད་ན། དགོངས་དག་ཞུ་བ་ཡིན།
ངས་བཤད་པའི་སྐད་ཆ་འདི་དག་ལ་ཁུངས་ཡོད་མེད་ད་ལྟ་གསོན་པོར་ཡོད་པའི་རེབ་གོང་བཀྲ་ཤིས་སོགས་ལ་དྲིས་དང་གསལ་བོར་ཆགས་ཀྱི་རེད། ངས་བལྟས་ན་དམ་དཔལ་གྱིས་མགོ་ལོག་མི་མང་དང་། སྐུ་སྒེར་ཡིག་ཚང་། བོད་ཀྱི་དཔེ་མཛོད་ཁང་། རེབ་གོང་བཀྲ་ཤིས། ད་དུང་དེ་དུས་ཀྱི་གསོག་སྒར་སློབ་གྲྭའི་སློབ་མ་ཡིག་ཚད་གཏོང་མཁན་རྣམས་ལ་དགོངས་དག་ཞུ་རན་རེད་སྙམ།
སྲོག་བདག་ལགས། ད་དེ་འདྲ་མ་གནང་། ང་ཡང་ཁྱོད་ནང་བཞིན་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན། ང་ཡང་ཁྱོད་ནང་བཞིན་བོད་དང་བོད་ཡིག་ལ་ཤ་ཚ་ཡོད་མཁན་ཞིག་ཡིན། ང་ཡང་ཁྱོད་ནང་བཞིན་ནུབ་ཕྱོགས་འདི་ནས་ཕ་ཡུལ་བོད་ལ་དུངས་མཁན་ཞིག་ཡིན། ངས་ཆེད་མངགས་ཀྱིས་དང་ཡང་ན་ཤེས་བཞིན་དུ་བོད་མིའི་རྩ་དོན་ལ་གནོད་གཞི་དང་བོད་མིའི་སེམས་ལ་ཕོག་ཐུག་འགྲོ་བའི་ལས་ཀ་བྱས་པ་ཞིག་མི་དྲན།
ཁ་བརྡའི་དམིགས་ཡུལ་དུ་གསལ་བ་བཞིན། བོད་མི་གང་མང་མང་གིས་ཁ་བརྡའི་ཐོག་གླེང་སློང་ཡོང་རྒྱུ་འདི་དམིགས་ཡུལ་དུ་བཟུང་ནས། “སྲོག་བདག་དང་། མི་རྒོད།” ལྟ་བུའི་སྨྱུག་མིང་། ཡང་། “བློ་གྲོས་དང་བསྟན་འཛིན་ཟླ་བ་”ལྟ་བུའི་སྨྱུག་མིང་མིན་པ་འདྲ་ཡང་ངོ་མ་སུ་ཡིན་བརྩད་གཅོད་དཀའ་བ་དེ་འདྲའི་ཐོག་ནས་མཆན་བཏབ་ཡོང་བ་རྣམས་ཀྱང་གཏོང་རྐྱང་བྱས་པ་རེད། གཅིག་བྱས་ན། “མཆན་འབྲི་མཁན་”སུ་ཡིན་མི་ཤེས་པ་འདི་བོད་ཡིག་ཙམ་མ་ཡིན་པར་དྲ་རྒྱའི་ཐོག་གི་དཀའ་ངལ་དེ་ཡིན་སྲིད། ང་ཚོས་དཀའ་ངལ་དེ་སེལ་རྒྱུའི་ཐབས་ལམ་འཚོལ་བཞིན་ཡོད།
ངའི་རེ་བ་ལ་ཡང་། “རྨོངས་པ་”དང་ “ལྐུགས་པ་”ལྟ་བུའི་ཚིག་མཚོན་འདེབས་རེས་མི་བྱེད་པར། དོན་ལ་གླེང་སློང་བྱས་ན་དགའ་བསུ་ཞུ་འོས་ཤིག་རེད་སྙམ། ད་བར་དུ་རྒན་དམ་དཔལ་གྱི་ལོ་རྒྱུས་ལ་གླེང་སློང་བྱས་པའི་ནང་། དོན་ལ་དཔྱོད་པ་བརྒྱ་ཆ་སུམ་ཅུ་ཙམ་དང་། གང་ཟག་སྒེར་ལ་དམོད་པ་བརྒྱ་ཆ་བདུན་ཅུ་ཙམ་རེད་དྲན་བྱུང་། དེ་བས་འདི་ལ་ངས་མོས་མཐུན་མེད་ཅེས་ཞུས་པ་ཡིན། ཡིན་ན་ཡང་ངས་ཁྱེད་དང་བཅས་པའི་བོད་ཡིག་ཐོག་ཡི་གེ་འབྲི་མཁན་ཚང་མ་ལ་གུས་ཞབས་ཞུ་གི་ཡོད། ཐུགས་རྗེ་ཆེ།
དྲ་དཔོན་དགེ་རབ་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད། གཙོ་བོ་སྨྲ་བརྗོད་རང་དབང་གི་སྟེགས་བུ་འདིའི་ཐོག་ནས་གང་འདོད་བཤད་མི་ཆོག་པའི་ཁྲིམས་ཞིག་མེད་མོད། རང་དབང་ཟེར་བ་དེ་ལ་ཡང་ཚད་ཅིག་ཡོད་པ་སུ་ཀྱང་མཁྱེན་དགོས། དཔེར་ན་དམ་དཔལ་ཟེར་བ་དེས་བྲིས་པའི་མགོ་ལོག་ལོ་རྒྱུས་དེ་ལ་ནོར་འཁྲུལ་མང་པོ་ཡོད་ན། དེའི་ཐོག་བགྲོ་གླེང་དང་སྦྱང་བཤད་བྱེད་དགོས་མོད། གང་ཟག་སྒེར་གྱི་སྐྱོན་མཚང་ཐེར་འདོན་བྱེད་པ་འདི་ཕྱོགས་གཅིག་ནས་ལེགས་སྤེལ་ཉེས་འགོག་གི་ཐབས་ལམ་ཞིག་ཡིན་པས་ལེགས་མོད། ཕྱོགས་གཅིག་ནས་གང་ཟག་སྒེར་ལ་ཕོག་ཐུག་བཟོས་ཏེ་འབྲེལ་ཡོད་ཀྱི་སེམས་པ་མ་སྐྱིད་པ་བཟོ་རྒྱུ་ལས་ཐོབ་བྱ་གང་ཡང་མེད་པས། དྲ་གྲོགས་རྣམས་ཀྱིས་གླེང་གཞི་འདིར་མུ་མཐུད་དུ་མཆན་འགོད་འདོད་ཡོད་ན། བརྗོད་གཞི་མགོ་ལོག་ལོ་རྒྱུས་རང་གི་ཐོག་ནས་བྲིས་ན་དགེ་མཚན་ཆེ་སྙམ།
ངས་ནི་དམ་དཔལ་ཟེར་བ་དེ་ད་ཐེངས་མ་གཏོགས་ཐོས་ཀྱང་མ་མྱོང་བས་ཁོ་ལ་རྒྱབ་སྐྱོར་བྱེད་དགོས་དོན་མེད། གཙོ་བོ་ཁ་བརྡ་དྲ་དེབ་འདི་སྤུས་དག་ཅིག་དང་། གང་ཟག་སྒེར་བར་ཕོག་ཐུག་མི་འགྲོ་བ་ཞིག་ཡོང་ན་ཡག་པོ་འདུག་བསམ་པ་དེ་ཡིན།
རེད་རེད། རིག་མཆོག་གི་སྐད་ཆར་རྒྱུ་མཚན་འདུག རིག་མཆོག་ཁྱོད་གང་ནས་སླེབས་ཡིན།
ཨོ་ད་མཚམས་འཇོག་གི་ཡིན། ཁ་བརྡར་བལྟ་རྒྱུ་དང་ནང་ལས་བྱེད་རྒྱུ་གཉིས་ཀ་མཉམ་དུ་ཡོང་གི་མི་འདུག
སང་ཉིན་མཇལ་ཡོང་།
རང་དབང་ལ་ཚད་ཅིག་མེད་པར་སྨོན།
ཉེས་བཤད་ལ་ལ་ཚད་ཅིག་ཡོད་པར་སྨོན།
གནས་ལུགས་དང་རྒྱུ་མཚན་ལ་ཚད་ཅིག་མེད་པར་སྨོན།
ལོག་བཤད་དང་མཚང་འབྲུ་ལ་ཚད་ཅིག་ཡོད་པར་སྨོན།
ཡོད་དགོས་པ་རྣམས་ཡོད་པར་སྨོན།
མེད་དགོས་པ་རྣམས་མེད་པར་སྨོན།
ཡ་ད་ཁྱེད་ཚོས་རྒན་དམ་དཔལ་ལ་ཅིག་ཅིག་ཉིག་ཉིག་མང་པོ་ཞིག་བཤད་བཤད་ནས་ད་གཅིག་ཐང་ན་གྲུབ་འབྲས་ཐོན་ཡོད་ས་རེད། འོག་གི་དྲི་བ་དྲིས་ལན་འདི་གཉིས་བང་ཆེན་དྲ་ཐོག་ནས་བཤུས་པ་ཡིན་པས་ད་ལྟོས་ཤིག
རིག་གྲོལ་གྱི་དྲི་ཚིག
རྩོམ་པ་པོ་སྐུ་ཞབས་བེར་རེ་འཇིགས་མེད་ལགས་སུ་བཀའ་འདྲི་ཞུ་རྒྱུར། རྩོམ་པ་པོ་ཧོར་གཙང་ལགས་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་འདི་མཇུག་རྫོགས་ཡོད་དམ་མེད། ཉེ་ཆར་རང་ཐོས་གསལ་སྐུ་སྒེར་ཡིག་ཚང་ནས་མདོ་སྨད་ལོ་རྒྱུས་ཆེན་མོ་འདིའི་བརྒྱུད་རིམ་ལ་བསྔགས་བརྗོད་དང་འབྲེལ། གནས་སྐབས་འཚམས་འཇོག་དགོས་པའི་ཕྱག་ཡིག་ཅིག་མར་གནང་ཡོད་སྐད་འདུག་ན། དེ་བདེན་པ་རེད་དམ་མ་རེད། ཡིན་ན་རྒྱུ་མཚན་ཇི་ལྟར་ཡིན་ནམ།
བེ་རི་འཇིགས་མེད་ཀྱི་ལན།
དྲ་གྲོགས་ལགས། ཧོར་གཙང་གི་ལོ་རྒྱུས་དེ་དངོས་གཞི་མཇུག་རྫོགས་ཚར་བ་རེད། ཡིན་ནའང་དེའི་ཟུར་རྒྱན་ལོ་ཚིགས་ཀྱི་སྐོར་ཞིག་ཡོད་པ་རེད། དུས་ཚོད་མ་ལྕོགས་ནས་སྔོན་ལ་དེབ་དངོས་གཞི་དྲུག་དེ་པར་སྐྲུན་བྱས་པ་རེད། ཟུར་རྒྱན་དེ་ཡང་པར་སྐྲུན་ཞུ་ངེས་རེད། གཞན་སྐུ་སྒེར་གྱིས་གནས་སྐབས་མཚམས་འཇོག་ཟེར་བ་དེ་འདྲ་གོ་མ་བྱུང༌། ཆོལ་ཁ་གསུམ་གྱི་ལོ་རྒྱུས་རྩོམ་འབྲི་མཚམས་འཇོག་གནང་པ་རེད་ཟེར་བ་འདྲ་བོ་ཞིག་ཁ་པར་ཞིག་ནས་གོ་བྱུང་གཅིག་བྱས་ན་དེ་དང་འཁྲུལ་བ་ཡིན་རྒྱུ་ཨེ་རེད། གསལ་པོ་ཞིག་ཤེས་ཀྱི་མེད། དེབ་དངོས་གཞི་དྲུག་པོ་དེ་དག་ཀྱང་། པར་བརྒྱབ་པ་ཙམ་ལས། དེབ་བཟོ་གྲངས་ཀ་ཁ་ཤས་མ་གཏོགས་ཚར་མི་འདུག ལྷག་མ་རྣམ་ལྡི་ལི་ཨར་ཆ་ན་པར་ཁང་ནས་དེབ་བཟོ་རྒྱུར་བརྩེགས་ནས་བཞག་འདུག ང་རང་ཉེ་ཆར་དེབ་གསར་པ་ཞིག་པར་སྐྲུན་གྱི་ཆེད་དུ་ཨར་ཆ་ན་པར་ཁང་དུ་ཉིན་མང་སོང་སྐབས་ཡང་ཡང་མཐོང་བྱུང༌།
ཁོ་རེ། བེ་རི་ལགས། ཡང་ཁྱོད་ཀྱིས་བཙན་བྱོལ་ལ་ཤོག་བུའི་གད་སྙིགས་གསར་བ་སྤུངས་རྒྱུ་ཡིན་པ་འདྲ། དངོས་གནས་སེམས་ན་གི། ལོ་སུམ་ཅུ་ལ་ཅིག་བྲིས་བྲིས་ཀྱང་དོན་ཐོག་ལ་འཁེལ་བ་ཞིག་སྟོན་རྒྱུ་མེད་ནོ་ཅི་རེད། བུ་ངར་ན་གཅིག་གིས་ཆོག་ཟེར་བའི་དཔེར་ལྟར། ཁྱོད་ཀྱིས་ཀྱང་འདང་རྒྱབ་ནས་ཀླད་པ་དཀྲུགས་ནས་ཡག་པོ་གཅིག་ཕྲིས་དང་ཕན་ཆེ་བར་འདོད། དེ་མིན་ཡང་གཅིག་ཁྱི་རྔར་འདོགས་དགོས་དུས་རང་གཞན་གཉིས་ཀ་མི་བདེ་ཀི་ཡ།
བེ་རི་འཇིགས་མེད་ལགས་ཀྱིས་གསུང་པ་དེ་བདེན་ན། དམ་དཔལ་སྒེར་ངོས་ནས་ཇི་འདྲ་ཡིན་ཡང་རུང་། ཐག་གཅོད་མ་ནོར་བ་ཞིག་ཡིན་པས་ཡག་པོ་འདུག དེ་སྔོན་སྐུ་སྒེར་ཡིག་ཚང་དང་། ཟམ་གདོང་བླ་མ། ལྷག་པར་དུ་བོད་ཀྱི་དཔེ་མཛོད་ཁང་གི་འགོ་འཛིན་རྣམས་ལ་མིག་ཡོད་བཞིན་དུ་ཅེ་རེར་ལོང་བས། ད་ལྟ་བོད་ཕྱི་ནང་གཉིས་སུ་ངན་གྲགས་ཆེ་བའི་མགོ་ལོག་ལོ་རྒྱུས་དེ་བྱུང་བ་རེད། ད་དུང་མིག་དང་རྣ་བ་བེད་སྤྱོད་མི་གཏོང་བར་འདི་ལྟར་བྱས་པ་ཡིན་ན། གལ་ཏེ་དམ་དཔལ་གྱིས་བྲིས་པའི་ཆོལ་གསུམ་ལོ་རྒྱུས་ཟེར་བ་ཞིག་འཇིག་རྟེན་འདིར་ཡོང་རྒྱུ་ཡོད་ཕྱིན། ངན་གྲགས་དེ་བས་ཀྱང་ཆེ་བ་ཞིག་ཡིན་པ་སྨོས་མི་དགོས་པས། འདི་ལྟར་ནོར་འཁྲུལ་ཡོ་བསྲང་བྱས་པར་དགའ་བསུ་ཞུ་འོས།
གལ་ཏེ་སྐུ་སྒེར་ཡིག་ཚང་ངམ་བོད་ལ་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ངོ་མ་ཞིག་དགོས་ན། ལོ་རྒྱུས་དང་རིག་གནས་ལ་དོན་ཀྱི་མཁས་ཤིང་། ལེགས་ཉེས་དཔྱད་འཇོག་གི་བློ་གྲོས་རབ་ཏུ་ཡངས་བའི་གཞོན་སྐྱེས་མི་ཉུང་བ་ཞིག་བཙན་བྱོལ་ཁྲོད་བཞུགས་ཡོད་པས། དེ་ཚོ་སྐོང་འགུགས་ཀྱིས་ལས་གཞི་འདི་སླར་ཡང་འགོ་བཙུགས་ན་ཤིན་ཏུ་ལེགས།
འདིར་ཡང་བསྐྱར་ཞུ་རྒྱུ་ཞིག་ལ། ང་དང་དམ་དཔལ་བར་ལ་བཟང་ངན་གྱི་འབྲེལ་བ་གང་ཡང་མེད་མོད། གཙོ་བོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་དེ་བོད་མི་སྤྱི་ལ་ཕན་ཐོག་ཡོད་པ་ཞིག་ཡོང་མིན་ཐད་སེམས་ཁྲལ་བྱས་པ་ཡིན་ལ། ད་ནས་བཟུང་གོང་གི་སྐད་ཆ་དེ་བདེན་ན་སེམས་ཁྲལ་དེ་དགོས་དོན་མེད་པས་བློ་བདེ་བྱུང་ཟེར་འདོད་བྱུང་།
ཨ་ཁུའི་སྐོར་ལ་བང་ཆེན་གྱི་ནང་དུ་ཡང་སླེབས་སོང་། ད་ཨ་ཁུ་སྙིང་རྗེ།
རིག་གྲོལ་གྱིས་དྲི་བ།
ཐུགས་རྗེ་ཆེ་བེར་འཇིགས་ལགས། ཆོལ་གསུམ་གྱི་ལོ་རྒྱུས་དེ་ཧོར་གཙང་གིས་འབྲི་གི་ཡོད་དམ། འོ་ན་དེ་གནས་སྐབས་འཇོག་དགོས་པའི་ཁ་པར་བརྒྱུད་པའི་གསར་འགྱུར་དེར། དགོངས་ཚུལ་ཇི་ལྟར་ཡོད།
བེར་འཇིགས།
དེ་ཨ་ཁུ་དམ་ཆོས་དཔལ་བཟང་གིས་གནང་གི་ཡོད་པ་རེད། ཕྲན་ལ་ཁ་པར་དེ་ཨ་རི་ནས་གྲོགས་པོ་ཞིག་གིས་གཏོང་བྱུང༌། བསམ་བློ་གང་ཡང་གཏོང་རྒྱུ་མ་བྱུང༌།
ཡར་འཕེལ།
ཨ་ལག་ནོར་ལྡན་ཨ་ཕ་རྒན་པོ་དེས།
ཨ་མདོའི་བུ་མོར་ཨ་གསར་སྙིང་གཏམ་སྟེ།
ཨ་ཚ་ཕུག་རྗེས་ཨ་རིར་བཏང་འདོག་གིས།
ཨ་ཅེ་ཕལ་ཆེའི་ཨ་ལེ་འཕྲོ་བརླགས་བཏང༌།
ཨོ། ཧོ་ཧོ། དེ་རིང་ཡིན་ན་གསར་འགྱུར་ཡོད་ཀི་ཡ། ང་ད་ལྟ་རང་རྡ་སྟེང་ནས་གངས་སྐྱིད་དུ་ཕྱིན་པ་ཡིན། དེ་དུས་གངས་སྐྱིད་ཀྱི་ལས་བྱེད་རྣམས་ལས་ཀར་འགྲོ་བཞིན་པའི་སྒང་ཡིན་ཅིང་། བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་རྒན་པ་ངོ་ཤེས་ཞིག་ཡོད་པ་ཁོང་ཡང་ལས་ཁུངས་སུ་ཕེབས་བཞིན་ཡོད་པ་དང་ཐུག་པས་མཉམ་དུ་འགྲོགས་ཏེ། ཁོང་གི་ལས་ཀ་བྱེད་སར་ཕྱིན་ནས་ཡར་མར་གྱི་སྐད་ཆ་མང་དུ་བཤད་མཐར། ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་དང་། དམ་དཔལ་གྱིས་སྒྲིག་བཞིན་པའི་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ཀྱི་ཐོག་སླེབས་པས། ཁོང་གིས། ད་ནས་བཟུང་ཆོལ་གསུམ་ལོ་རྒྱུས་མཇུག་བསྒྲིལ་བ་རེད་ཟེར། ང་ཧང་སངས་ནས། ཨོ། བཤད་མ་བཤད་མེད་ཀི དམ་དཔལ་ངར་བ་རེད། དེ་རྩོམ་སྒྲིག་བྱེད་ཚར་བ་རེད་དམ་ཅེས་དྲིས་པས། ཁོང་གི་དབུ་ཐད་ལ་གཡུགས་བཞིན། ག་བ་ག་བ། ཚར་ཡོད་པ་མ་རེད། ཡིན་ཡང་མཇུག་བསྒྲིལ་ཚར་བ་རེད་ཟེར། ངས་ཡང་བསྐྱར་རྩོམ་སྒྲིག་མ་ཚར་གོང་མཇུག་བསྒྲིལ་ཚར་བ་རེད་ཟེར་བ་ཅི་ཡིན་ནམ་ཞེས་དྲིས་དུས། ཨོ། སྐུ་སྒེར་ནས་བཀའ་ཡིག་ཕེབས་ཏེ། དམ་དཔལ་གྱིས་སྒྲིག་བཞིན་པའི་ཆོལ་གསུམ་ལོ་རྒྱུས་མཚམས་འཇོག་བྱེད་དགོས་གསུངས་འདུག་ཟེར། རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲིས་དུས། ཁོང་གིས་རྒྱུ་མཚན་གསལ་བོར་མ་ཐོས་མོད། ལ་ལས་བཤད་པ་ལྟར་ན། མདོ་སྨད་ལོ་རྒྱུས་ཧོར་འཇིགས་ཀྱིས་རྩོམ་སྒྲིག་གནང་ཚར་ཡོད་ལ། ཁམས་དང་དབུས་གཙང་གི་ལོ་རྒྱུས་ཞིབ་རྒྱས་ཡོད་སྟབས། དགོས་གལ་ཆེན་པོ་མེད་ཅེས་གསུངས་ཡོད་པ་འདྲ། ངས་འོ་ན་དམ་དཔལ་སོགས་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་པ་རྣམས་ད་ག་རེ་བྱེད་རྩིས་ཡོད་དམ་ཅེས་དྲིས་དུས། དེ་ངས་མི་ཤེས། འོན་ཀྱང་དམ་དཔལ་ལ་དཔེ་མཛོད་ཀྱི་ངག་རྒྱུན་རྩོམ་སྒྲིག་གི་ལས་ཀ་ཕལ་ཆེར་རང་འཇགས་ཨེ་ཡིན་སྙམ། ལས་བྱེད་གཞན་རྣམས་མི་ཤེས་ཟེར།
སྤྱིར་བཏང་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་མཚམས་འཇོག་བྱས་པ་ཤིན་ཏུ་ལེགས་མོད། དམ་དཔལ་གྱི་ལས་རོགས་རྣམས་ཀྱི་ལས་ཀ་ཤོར་བ་འདི་བློ་ཕམ་གྱི་གནས་རེད། ད་དྲ་གྲོགས་རྣམས་ཀྱིས་གཟིགས་ན་ཇི་འདྲ་རེད་དམ།
ཨོ། དམ་དཔལ་ཟེར་བ་དེས་ཆོལ་གསུམ་ལོ་རྒྱུས་ཡག་པོ་ཡོང་མིན་མགོ་ལོག་ལོ་རྒྱུས་ལ་བལྟས་པས་ཤེས་ཐུབ་པས། ལས་མཚམས་བཞག་ཡོད་པ་ཡག་པོ་འདུག ཞབས་འདྲེན་གྱི་ཐོག་ལ་ཞབས་འདྲེན་བྱས་ནས་ཅི་བྱེད། དེས་ན་སྒུ་སྒེར་ནས་ལོ་མང་པོའི་རིང་འགྲོ་གྲོན་ཕོན་ཆེ་བཏང་ཞིང་། དམ་དཔལ་དང་ཁོའི་ལས་རོགས་རྣམས་ཀྱིས་ལོ་དུ་མའི་རིང་རྩོམ་སྒྲིག་བྱས་པར་འབྲས་བུ་འདི་ཡོད་ཟེར་བ་ཞིག་སྟོན་རྒྱུ་ཡོད་དམ་མེད། སྐུ་སྒེར་ནས་གློ་བུར་དུ་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་འཇོག་དགོས་གསུངས་པ་དེ་ལ་གོང་དུ་བེ་རིས་གསུངས་པ་དེ་ལས་རྒྱུ་མཚན་གཞན་ཡོད་དམ། དམ་དཔལ་ཁོ་རང་གིས་དེའི་སྐོར་ལ་བསམ་ཚུལ་ག་རེ་ཤོད་ཀྱི་ཡོད་དམ། དེའི་སྐོར་ལ་ཤེས་མཁན་ཡོད་ན་གསུང་རོགས་གནོངས། ངས་བལྟས་ན་གཙོ་བོ་གོང་དུ་གྲ་གྲོགས་རྣམས་ཀྱིས་གསུངས་པ་ལྟར། དམ་དཔལ་ལ་འབྲི་རྒྱུ་ལྷག་མེད་པས། ལས་མཚམས་འཇོག་དགོས་བྱུང་བ་ཡིན་རྒྱུ་རེད། དེས་ན་ལས་གཞི་འདི་མཚམས་འཇོག་བྱེད་མཁན་གཙོ་བོ་ཧོར་འཇིགས་དང་། བཀྲ་ཤིས་ཚེ་རིང་ཟེར་བ་གཉིས་ཡིན་པ་ལས། སྐུ་སྒེར་ཡིག་ཚང་མ་རེད་སྙམ། ཁྱེད་ཚོས་གཟིགས་ན་དེ་འདྲ་རེད་དམ།
མཐའ་དོན་ཧོར་འཇིགས་དང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་བརྩམས་པའི་ཨ་མདོ་དང་ཁམས་པའི་ལོ་རྒྱུས་ཆེན་པོ་དེ་རྣམས་ཡག་བཙོག་གང་ལྟར་ཀྱང་། དམ་དཔལ་ལ་ལས་ཀ་མེད་པ་བྱས་འདུག དེང་སྐབས་རྒྱལ་ཁབ་མང་པོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་མི་མང་ས་ཡ་མང་པོའི་ལས་ཀ་ཤོར་བཞིན་པའི་སྐབས་འདིར། སྐུ་སྒེར་ལ་སྒོར་མོ་ཡོད་ཀྱང་། དམ་དཔལ་གྱིས་འབྲི་རྒྱུ་མ་རྙེད་ནས་ལས་ཀ་ཤོར་འདུག
ཨ་རོགས་ཆ་བོ། འདྲ་ནི་མ་རེད། ཁྱེད་ཚོ་མགོ་ལོག་དམ་དཔལ་ལ་དགའ་གི་མེད་ནི་ངས་ཤེས་གི ལོས་ཡིན་ལོས་ཡིན། ཨ་མའི་བུ་སྔོན་ལ་ཤོེར་ན་སུ་ཡིན་ཡང་ཆེ་དགའ། ཁྱེད་ཚོས་ལྟོས་དང་། ཁོ་ལ་ཟླ་བ་རེ་རེའི་ཟླ་ཕོག་ལེན་སྐབས་གསར་མོ་མེ་ཏོག་འདྲ་འདྲ་ཏག་ཏག་གིས་པང་བསྒྲིགས་འཇོག་གི་རེད་ཟེར་གྱི་འདུག་འ། དི་མོས་ཟིག་མིན་ན་ཁོང་གི་སྐུ་ཟླ་མས་མས་གཡུག་ནས་ས་མཐའ་ལ་ཆེ་ཡོང་། ད་དུང་ཟླ་ཕོག་བགོ་བཤའ་རྒྱག་དུས་མང་ཉུང་ཤོར་ན་གསར་མོ་ལ་ལས་འཁང་ར་བྱེད་ཀི་འདུག་ཟེར། ང་ནི་ཕ་རྒན་འདི་ལ་ཡིད་སྨོན་ཤོར་སོང་། གསར་བུ་མཇེ་སྐམ་ཁྱོད་ཚོས་དོ་ནི་མ་རེད། དེ་ལས་དགའ་བ་སྒོམ་དང་དེས་འགའ་ནི་རེད་ཨི་གོ་གཅེས་ཕྲུག་ཆ་བོ།
མགོ་ལོག་ཨ་ལགས་དམ་ཆོས་དང་།།
རེབ་ཀོང་ཨ་ལགས་འཇིགས་མེད་གཉིས།།
ཨ་ཅེ་བརྡུ་རུབ་བྱེད་པ་ལ།།
ཨ་ཞང་རྒྱ་ནག་གོང་མ་བཞིན།།
མེས་དང་དབོན་ཡང་མི་ཤེས་མེས་པོའི་ལོ་རྒྱུས་གླེང་།།
འཇིག་རྟེན་འདི་ལ་མ་གྲགས་འཇིག་རྟེན་ཆགས་ཚུལ་སྨྲ།།
སྤྱི་དོན་ཁ་རུ་ཁྱེར་ནས་རང་དོན་སྒྲུབ་ལ་མཁས།།
ཨ་ཁུ་མིན་པའི་ཨ་ཁུ་དེ་ལ་ཕྱག་འཚལ་ལོ།།
དེ་རིང་ཡང་དྲ་དཔོན་གྱིས་རང་གི་ཆུང་མ་དང་དམ་དཔལ་གཉིས་ཀྱི་ལྐོག་འབྲེལ་ལ་བསམ་བློ་བཏང་སྟེ། ལེའུ་ཚན་འདི་སྦས་སྐོང་བྱས་པ་ནི་དགོད་ཤོར་བའི་གནས་ཚུལ་ཞིག་མ་རེད་དམ།
དེང་སྐབས་རྡ་སར་མི་ཁ་ཤས་ཀྱིས། འགོ་དམ་གྱིས་༧སྐྱབས་མགོན་རིན་པོ་ཆེར་མཇལ་ཁ་ཞུས་ཤིང་། ཆོལ་གསུམ་ལོ་རྒྱུས་མུ་མཐུད་དུ་འབྲི་ཆོག་པའི་ཞལ་བཞེས་ཐོབ་སོང་ཟེར་བཞིན་འདུག་པས། དེའི་སྐོར་དྲ་གྲོགས་སུས་ཤེས་ན་གསུངས་རོགས་ཞུ། ངས་བལྟས་ན་དེ་བདེན་པ་ཨེ་ཡིན་སྙམ། དེ་བདེན་ན་དེ་སྔོན་སྐུ་སྒེར་ཡིག་ཚང་ནས་ཐག་གཅོད་བྱས་པ་དེ་ལ་ཞིབ་འཇུག་དང་རྩར་གཅོད་བྱེད་དགོས། ད་དུང་འགོ་དམ་ལ་ཡང་ཆོལ་གསུམ་ལོ་རྒྱུས་སྤུས་དག་ཅིག་ཡོང་བའི་གཏིང་བསྐུལ་ཡང་བྱས་ན་བཟང་སྙམ།
འགོ་དམ་ལགས། གལ་ཏེ་ཁྱེད་ཀྱིས་ཁ་བརྡ་དྲ་དེབ་ལ་གཟིགས་ཀྱི་ཡོད་ན། དེའི་སྐོར་དྲ་གྲོགས་ཚོར་གསལ་བཤད་ཅིག་གནང་རོགས་ཞུ།
aalala