བཞག་ལྡོམ་དར་རྒྱས།
རྒྱལ་ཁབ་འདྲ་མིན་དང་དེ་དག་གི་མི
བོད་མི་རིགས་ཀྱི་ལོ་རྒྱུས་དང་། སྐད་ཡིག་། རིག་གཞུང་། ཉིན་རེ་འཚོ་བའི་གོམས་གཤིས་སོགས་
སྤྱིའི་ཆ་ནས་བོད་མི་རྣམས་ཀུན་ལ་བསྟུན་མཁས་དང་གཞན་ལ་གུས་ཞབས་བྱེད་པའི་ཡ་རབ་སྤྱོད་བཟང་ཞིག་ཡོད་
རྡ་སའི་དབུ་མའི་འགོ་གཙོ་འགས་བཤད་ཉེས་དང་བྱེད་ཉེས་སུ་རྟེན་ནས་དེ་རིང་དབུ་མ་ཡིན་ཟེར་མཁན་འགས་རང་བཙན་ཟེར་བའི་ཐ་སྙད་འདི་ནི་དུས་རབས་འདིའི་གྲལ་དུ་མི་ཚུད་ཅིང་དྲག་སྤྱོད་པའི་ངོ་བོ་ཞིག་ཏུ་དངོས་འཛིན་གྲབས་བྱེད་ཀྱི་འདུག་། ངས་ལྟས་ན་བསམ་བློ་དེ་ནི་ཧ་ཅང་ནོར་འཁྲུལ་རེད་། རྒྱུ་མཚན་ནི་། རང་བཙན་རྩོད་ན་མཐའ་གཅིག་ཏུ་དྲག་སྤྱོད་ཀྱི་ལམ་ལ་འགྲོ་དགོས་བའི་ངེས་བ་མེད་། དེ་སྔོན་རྒྱ་གར་བས་རང་གཙན་རྩོད་སྐབས་སྤྱིའི་ཆ་ནས་འཚེ་བ་མེད་པའི་ལམ་ལ་སོང་ཡོད་ལ་དབྱིན་ཇིའི་མི་སེར་མང་པོ་ཞིག་གིས་ཀྱང་རྒྱ་གར་བའི་རང་བཙན་འཐབ་རྩོད་ལ་གུས་ཞབས་དང་རྒྱབ་སྐྱོར་བྱས་ཡོད་།
གཅིག་བྱས་ན་ཡང་དབུ་མ་བས་རང་བཙན་བཤད་ན་ཕ་རོལ་རྒྱ་མི་གང་མང་ཞིག་གི་རྣ་བར་མི་འགྲོ་ཞིང་ཚུར་རོལ་སྲིད་གཞུང་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱི་མ་རེད་ཟེར་སྲིད་།
སྐད་ཆ་དེ་ནི་བདེན་པ་རེད་མོད་ཀྱང་ཞིབ་ཏུ་གཞིགས་ན་རྒྱ་མི་དེ་དག་ལ་དབུ་མ་དང་རང་བཙན་གཉིས་ཀྱི་ཐ་སྙད་རྣ་བར་མི་འགྲོ་བ་ནི་གཅིག་མཚུངས་ཡིན་། ཡང་སྲིད་གཞུང་འགས་དབུ་ཁྲིད་ཚོས་ལམ་དབུ་མར་རྒྱབ་སྐྱོར་ཡོད་འདོག་སྟོན་པ་དེ་ནི་དོན་དངོས་ལ་སྟུ་མ་ཚ་བར་བུ་སྐྱེས་ན་འདོད་པའི་བཤད་སྟངས་ཙམ་རེད་། བཤད་སྟངས་དེ་ཡིས་འུ་ཚོའི་དབུ་མ་བ་ཚོ་རྨི་ལམ་སྐྱིད་པོ་ཞིག་དང་རེ་བ་སྐྱིད་པོ་ཞིག་གི་ཞིང་ཁམས་སུ་ཡང་ཡང་སྐྱེལ་གྱི་ཡོད་། རྨི་ལམ་སྐྱིད་པོ་དེའི་རྐྱེན་པས་སྐབས་རེ་རྡ་སའི་བུ་མ་པས་རང་བཙན་རྩོད་མཁན་ཚོར་འཁོན་སེམས་དང་སྡང་སེམས་ཅེ་ཆེར་བྱེད་ཀྱི་འདུག་། བྱེད་སྟངས་དེ་ནི་མི་རིགས་ཤིག་གི་འཐབ་རྩོད་ལ་མཚོན་ན་མཛའ་བོ་མེད་ལ་བོད་མིའི་ནང་ཁུལ་ཕམ་པའི་རྒྱུ་འང་ཡིན་།
མདོར་བསྡུས་ན་རང་བཙན་པ་དང་དབུ་མ་བ་ཟུང་གི་འཐབ་རྩོད་ཀྱི་ངོ་བོ་ནི་འཚེ་བ་མེད་པ་དང་རྒྱ་མི་རིགས་དགྲར་འཛིན་གྱི་མེད་པ་གཅིག་མཚུངས་ཡིན་ལ་བོད་མི་རིགས་ལ་དགའ་ཞེན་ཡོད་པའང་གཅིག་མཚུངས་ཡིན་།
ཡིན་ཡང་། རང་བཙན་པ་ཚོ་གུང་ཁྲན་སྲིད་གཞུང་དང་རྒྱའི་འོག་ནས་བོད་མི་རྣམས་མི་རིགས་གཉིས་པའི་གྲལ་རིམ་བྱས་ནས་སྡོད་འདོད་ནམ་ཡང་བྱེད་ཀྱི་མེད་ཅིང་རང་ཁྱིམ་རང་ལ་དབང་དགོས་བའི་འཐབ་རྩོད་བྱེད་བཞིན་ཡོད་། འཐབ་རྩོད་དེ་ནི་རང་བཙན་རྩོད་མཁན་ཞིག་ལ་མཚོན་ན་ནམ་ཡང་འདོར་དུ་མེད་པའི་ལངས་ཕྱོགས་ཡིན་།།
སྐད་ཆ་བཤད་ན་འདོད་པ་དག་བཤད་ཡོད་ས་རེད། ཡིན་ན་ཡང་། མཇེ་སྟུ་ལ་སོགས་པའི་ངོ་ཚ་དང་གུན་སྤྱོད་ལ་གནོད་པའི་མང་ཚིག་ནི་རང་གི་ཕ་མ་མིང་སྲིང་ཚུད་ཆད་ལ་ངས་འདི་འདྲ་ཞིག་བྲིས་ཡོད་ཟེར་མི་ཤེས་དུས། སྐད་ཆ་སྦོམ་པོ་སྦོམ་པོ་ཞིག། བྱ་སྤྱོད་དམན་པ་དམན་པ་ཞིག་གིས་རང་མཚང་སྒུལ་ཡོད་ན། ཕྱི་ཕྱོགས་བསམ་བློ་གཏང་ནས་མིང་ཚིག་ལ་དོར་ལེན་ཡོད་ན་ཡག་པར་འདོད།
དེ་མིན། ཞག་ལྡོམ་གྱི་ཞག་ལ་བ་སྔོན་འཇུག་ཡོད་དམ། ཡོད་ན་དེའི་དོན་ག་རེ་རེད།
གནམ་ལགས་། ཁྱེད་ཉིད་བདེན་། ངའི་བཤད་ན་མི་འདོད་པ་ཞིག་ཨུ་ཚུགས་བྱས་ནས་བཤད་འདོད་མེད་། དེའི་ཕྱིར་། དེ་རིང་ངས་བཤད་ན་འདོད་པ་དེ་བཤད་ཡོད་།
གཞན་བཞག་ལྡོམ་ཞེས་བ་དེ་ནི་མདོ་སྨད་མཛོད་དགེ་རྫོང་གི་ཁོངས་གཏོགས་སྡེ་བ་ཞིག་གི་མིང་ཡིན་ལ་། བཞག་ལྡོམ་ཞེས་མིང་དེ་གནའ་ནས་དེ་རིང་བར་དུ་བེད་སྤྱོད་བྱས་ནས་སོང་བ་རེད་ལ་མ་འོང་བ་ཡིན་ནའང་བེད་སྤྱོད་བྱ་ངེས་རེད་། གཅིག་བྱས་ན་ཁྱོད་ལ་བཞག་གི་ཚབ་ཏུ་ཞག་ཅེས་བའི་ཐ་སྙད་ཁུངས་ལྡན་ཞིག་བཤད་རྒྱུ་ཡོད་པ་མིན་འགྲོ་། གལ་སྲིད་ཡོད་ན་ང་ལ་ཉན་འདོད་ཧ་ཅང་ཡོད་།
ངས་ནི་ཞག་མ་ཞིག་ལ་སྡེ་དཔོན་ཞིག་གི་སྡེ་ཁྱིམ་འགས་སྡེ་ནང་ལ་ནང་དམེ་བྱས་པས། ཡུལ་ལུང་དེ་ནས་ཞག་མ་ཞིག་ལ་ལྡོམ་སོང་བའི་མི་སྡེ་དུད་ཁྱིམ་ལ་ཞག་ལྡོམ་ཟེར་ནི་ཞིག་གོ། མིན་ནི་ཐང་། གོ་ཐེས་ཡིན། བཞག་ལྡོམ་ཟེར་ན་ཅི་རེད།