འཇམ་དབྱངས་དཀར་པོས་བསྡུས་བསྒྱུར་བྱས།
སྤྱི་ལོ་2014 ཟླ་12 ཚེས་28 ཉིན་གྱི་ཞོགས་པ་ཆུ་ཚོད་ 6:17 ཐོག་ཨིན་དྷུ་ཉི་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ QZ8501 རྟགས་ཅན་གྱིས་འགྲུལ་བཞུད་པ་མི་གྲངས་ 162 འཁུར་ནས་མཁའ་དབྱིངས་སུ་འཕུར་ཏེ་ཁྲུ་ཚད་ (feet) 38,000 སླེབས་མཚམས། སྤྲིན་དཀྲིགས་པ་སོགས་གནམ་གཤིས་ཧ་ཅང་མི་ལེགས་པའི་བརྡ་ལན་འབྱོར་ཡོད་ཀྱང་། དེའི་རྗེས་ཕན་ཚུན་གྱི་བརྡ་འཕྲིན་བརྒྱུད་ལམ་བརླགས་འདུག འབྲེལ་ཡོད་མཁའ་འགྲུལ་ལས་ཁུངས་ཀྱིས་འཕུར་ལམ་གཞན་ཞིག་བརྒྱུད་ནས་འཕུར་ཡོད་པའི་རེ་བ་ཡང་བྱེད་བཞིན་ཡོད་འདུག
འགྲུལ་མི་ 156 ཨིན་དྷུ་ཉི་ཞི་ཡའི་མི་དང་། ལྷོ་ཀོ་རེ་ཡའི་མི་གསུམ། སངྒ་པོར་གྱི་མི་གཅིག མ་ལེ་ཤི་ཡའི་མི་གཅིག ཧྥ་རན་སིའི་མི་གཅིག་བཅས་ཡོད་འདུག
ད་ལྟའི་ཆར་སངྒ་པོར་དང་མ་ལེ་ཤི་ཡ། ཨོ་སི་ཊོ་ལི་ཡ་བཅས་ཀྱིས་ཆེད་ལས་གནམ་གྲུ་ C130 རྟགས་ཅན་ཁ་ཤས་བཏང་ནས་འཚོལ་བཞིན་པ་རེད།
2014 ལོའི་གནམ་གྲུའི་གོད་ཆག་ཆེ་ཤོས་ནི། སྤྱི་ཟླ་ 3 ཚེས་ 8 ཉིན་མ་ལེ་ཤི་ཡ་ནས་པེ་ཅང་ལ་འཕུར་བའི་ MH370 རྟགས་ཅན་གྱི་གནམ་གྲུ་བོར་བརླགས་སུ་སོང་ནས་ད་དུང་བརྙེད་མེད་པ་དང་། གནམ་གྲུ་དེའི་ནང་འགྲུལ་བ་ 239 ཡོད།
སྤྱི་ཟླ་ 7 ཚེས་ 17 ཉིན་ MH17 རྟགས་ཅན་གྱི་གནམ་གྲུ་ཞིག་ཡུ་ཀི་(Ukraine)རན་གྱི་ས་ཆར་ལྷུང་ནས་མི་གྲངས་ 298 གྱི་སྲོག་ཤོར་ཡོད།
སྤྱི་ཟླ་ 12 ཚེས་ 28 ཉིན་ཨིན་དྷུ་ཉི་ཞི་ཡའི་QZ8501 རྟགས་ཅན་གྱི་གནམ་གྲུ་བོར་བརླགས་སུ་སོང་བ་འཚོལ་བཞིན་པ་བཅས་རེད།
གནམ་སྒྲུ་གནམ་ལ་ཕུར་ཀུན་གྱི་མཐོང་།
གནམ་སྒྲུ་བར་ནང་རླག་པ་མཐོང་མཁན་དཀོན་
གནམ་སྒྲུའི་ནང་གི་འགྲུལ་བ་འཚོ་བ་་ཤོག་།
ཨོམ་ཏ་རེ་ཏུ་ཏ་རེ་ཏུ་རེ་སོ་ཧ་།
བར་ཆད་གསེལ་བ་ཤོག་།
ངས་གསར་འགྱུར་རིང་པོ་ཞིག་བསྒྱུར་ཡོད་རྒྱུ་རེད་བསམ་སོང་་་་ཡིན་ནའང་འགོ་བཟུང་དུས་མཇུག་རྫོགས་སོང་་་་འཇམ་དཀར་གྱིས་སྒྱུར་མ་ནུས་པ་ཨེ་ཡིན་ནམ་་་་་རྗེས་མར་འཇམ་དབྱངས་དམར་སེར་ཞིག་གིས་འདི་ལས་རིང་ཞིག་བསྒྱུར་ཐུབ་པའི་རེ་བ་ཡོད་་་་
འགྲུལ་པ་དེ་ཚོ་དང་དེ་ཚོ་དང་འབྲེལ་བའི་སྙིང་ཉེ་རྣམས་ཤ་མ་ཚ།
ད་ཧ་ལམ་ཚང་མ་ཤི་ཟིན་པ་ཐག་ཆོད།
ཆུ་ཐིགས་ལགས། འདི་ལས་རིང་གཅིག་དགོས་ནས་ཁ་སྣོན་མང་བོ་ཞིག་མ་རྒྱབ་ན་དེ་ལས་ལྷག་གཅིག་བསྒྱུར་རྒྱུ་ཡོད་ས་མ་རེད། ད་དུང་གནས་ཚུལ་གསར་པ་གང་ཡང་མི་འདུག་གོ གནམ་གྲུ་ཁ་ཤས་ཤིག་གིས་ད་ལྟ་འཚོལ་བཞིན་པ་རེད་འདུག །
ལས་མེད་ཀྱི་སྐད་ཆ་བཤད་ནས་དྲ་སྒོ་མ་བཀག་རོགས་།
གནམ་གྲུ་གནམ་ལ་ཕུར་ནས་བར་སྣང་ཁ་ཕྱོགས་ནོར་བ་རེད་།
ད་ལྟ་གང་དུ་ཡོད་མེད་འཚོལ་བཞིན་པ་རེད་།
གནམ་ནང་འགྲུལ་བ་་མ་ཤི་ཤོག་།
ཨོམ་ཏ་རེ་ཏུ་ཏ་རེ་ཏུ་རེ་སོ་ཧ་།
ད་ཧ་གོ་སོང་བས་་་་་་གོ་ཡ་ཨེ་འདུག་ག་བར་ཡོད་མེད།
ཨིན་ཏྲི་ནས་བཟི་ཡ་ནས་སང་ག་ཕོར་འཕུར་བའི་གནམ་གྲུའི་ཆག་རོ་སོགས་རྙེད་ཡོད་པ་འདྲ། མི་བརྒྱ་དང་དྲུག་བཅུ་རེ་གཉིས་ཡོད་པ་རེད། ད་ལྟ་གནམ་གྲུའི་ཆག་རོ་དང་ཤི་བའི་རོ་རྒྱ་མཚོའི་ནང་ནས་རྙེད་འདུག རྙེད་པའི་རོ་དང་ཆག་རོ་སོགས་ཕལ་ཆེར་གཟའ་ཉི་མའི་ཉིན་བརླགས་པའི་གནམ་གྲུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག མི་གཅིག་ཀྱང་འཚོ་ཐུབ་མེད་པ་འདྲ། གསར་འགྱུར་རྒྱས་པ་ད་དུང་མི་འདུག །