སྤྲིན་པ་རབ་རུབ་གསེབ་ཀྱི་ཆབ་རྒྱུན་དྲོན་མོས།
ལྗང་མདོག་ལྡི་ལིར་དབྱར་གྱི་འཛུམ་ཞིག་གནང་སོང་།
དུས་རབས་འགྱུར་བག་ཁྲོད་ཀྱི་ཡར་རྒྱས་འདི་ཡིས།
རྒྱ་གར་རྒྱལ་ཁམས་འཇིག་རྟེན་གསར་བར་གྱུར་སོང་།
མན་ཇུ་ཀྲི་ལིའི་སྲང་བར་དོག་མོ་དེ་རུ།།
བརླ་ཤ་གཅེར་བུར་བུད་པའི་བོད་མོ་མང་སོང་།།
ཨ་གསར་བཅོས་མར་དགའ་བའི་གོམས་གཤིས་འདི་ཡིས།།
སྐྲ་རིང་བོད་མོ་ཚོ་ལ་ཡིད་ཅིག་ཆད་སོང་།།
རླངས་འཁོར་ཆེ་ཆུང་འབུམ་གྱི་འཚང་ཁའི་ཁྲོད་དུ།།
རྐང་ཐང་ཐར་ཐབས་མེད་པའི་བརྡ་ཞིག་བསྟན་སོང་།།
གློག་སྐུད་ནུས་ཤུགས་གཉོམ་པའི་ཆད་མ་མཐུད་ཀྱིས།།
ད་དུང་རྗེས་ལུས་མང་བར་དྲན་ཅིག་གསོས་སོང་།།
ཁྲ་ཚོམ་གློག་མདངས་ཅན་གྱི་རྒྱལ་སྤྱིའི་གནམ་ཐང་།།
མིག་གི་དབང་པོ་འགུགས་པའི་ནུས་པ་ལྡན་སོང་།།
རྒྱ་གར་ཟ་རྔམ་ཅན་གྱི་འདྲི་བརྩད་བར་ནས།།
ལག་འཁྱེར་སེར་པོའི་འགྲོ་ལམ་ཐར་ཙམ་བྱུང་སོང་།།
གནམ་གྲུ་གནམ་ནས་འགག་པའི་བར་ཆད་ཅིག་གིས།།
ཆུ་ཚོད་དྲུག་གི་དུས་ཐོག་རྗེས་ལུས་བྱུང་སོང་།།
ས་གདན་རྐུབ་བཀྱག་སོགས་ཀྱི་མཛེས་རིས་ལྡན་པའི།།
ཁོར་ཡུག་འདི་ནས་ལྷག་ཀྱང་སྤྲོ་ཉམས་ཆེ་སོང་།།
ཤེལ་དང་གློག་ཁྲའི་བཀོད་པའི་གནམ་ཐང་མཛེས་པས།།
གད་སྙིགས་མང་པོའི་ལྡི་ལི་བརྗེད་དུ་བཅུག་སོང་།།
གསོལ་ཇ་ཕོར་བ་གང་ལ་ཧིན་སྒོར་བརྒྱ་ཡིས།།
སྦ་ཁུག་སྲབ་མོའི་ཞེང་ཁ་ཆུང་དུ་བཏང་སོང་།།
སེར་པོ་ནག་པོ་འདྲེས་མའི་མི་ཚོགས་མང་ཡང་།།
བོད་པ་རྣལ་མ་ཞིག་གི་ཟུར་ཙམ་མ་མཐོང་།།
བོད་སྐད་འཁྱོར་ཙམ་མེད་པའི་བླ་རྒན་གཉིས་ཀྱིས།།
སེམས་ཀྱི་ཡི་ག་ཕྲ་མོ་འགག་ཏུ་བཅུག་སོང་།།
སྐྱ་རེངས་དང་པོའི་སྒོ་གླེགས་ཤར་ནས་ཕྱེས་བས།།
དུས་བཞིའི་ལང་ཚོ་ཅན་གྱི་རྡ་ས་དྲན་སོང་།།
བྱམས་བརྩེའི་དགོད་སྒྲས་ཁེངས་བའི་གཉེན་ཉེ་མེད་ཀྱང་།།
སེམས་དང་གློ་བ་ཉེ་བའི་གྲོགས་དག་དྲན་སོང་།།
བསྡད་ན་སྐྱིད་ཀྱི་སྣང་བའི་འཆར་ཡུན་མེད་ཀྱང་།།
སོང་ན་དྲན་ངོར་གངས་ཅན་སྐྱིད་གཤོངས་ཤར་སོང་།།
གཞིས་བྱེས་ས་ཡ་དྲུག་གི་རེ་བའི་བསྟི་གནས།།
རྟག་བརྟན་འོད་དུ་སྦྲུམ་པའི་སྨོན་ལམ་ཤོར་སོང་།།
སྤྲིན་པ་ཞོ་གསར་སྤུངས་འདྲའི་དབུ་རྩེ་བརྒལ་ཏེ།།
ཉི་མའི་འོད་ཐིགས་དྲོན་མོ་པང་དུ་བླངས་སོང་།།
ནམ་མཁའ་སྟོང་པའི་དབྱིངས་སུ་བྱ་སྒྲོ་བཞིན་དུ།།
མགྲོན་པོའི་དམིགས་འབེན་ཞིང་དུ་བདེ་བར་འབྱོར་སོང་།།
བསླད་མེད་དགའ་ཞེན་ཟབ་པའི་གྲོགས་ཀྱི་ཚོགས་ཀྱིས།།
དུང་བའི་མིག་ཟུང་བསྟན་དེ་བསུ་མ་བྱས་སོང་།།
སེམས་དང་ཚོར་བ་བརྡར་བའི་བརྩེ་སེམས་དྭངས་མོ།།
མ་བཅོས་ཟོལ་གྱིས་བབ་པའི་ངང་ཚུལ་མཐོང་སོང་།།
གྲོང་དང་གྲོང་ཁྱེར་བརྩེགས་པའི་འཇིག་རྟེན་གསོན་པོ།།
གནམ་སྔོན་ཉི་ཟླ་དྭངས་བའི་ནུབ་ཀྱི་རི་གྲོང་།།
ངོ་མཚར་མིག་ལ་བརྒྱུས་པའི་དགའ་སྟོན་མང་པོ།།
ཨེ་མ་སྙན་ངག་མཁན་པོའི་རྟོག་བཟོ་མིན་ནམ།།
ས་ཆེན་རེ་རེ་བརྒལ་བའི་ཁུགས་སོ་དག་ཏུ།།
གཏམ་རྒྱུད་གསེར་གྱི་ཐང་མའི་བརྗོད་བྱ་མང་བས།།
དགེ་ཆོས་སྐྱེས་པ་སྔ་བའི་གོད་ཆག་ཅིག་གིས།།
ཀུན་གསལ་མཁའ་རུ་འཕུར་བའི་གོ་སྐབས་མ་རེག།
ནག་པོ་མ་ཧེ་འདུར་བའི་ཁོར་ཡུག་ཅིག་ནས།།
རྟོགས་སད་རླུང་གིས་དེད་པའི་རིག་པའི་བུ་ཆུང་།།
ས་ཆེན་ཞབས་སུ་མནན་པའི་སྐལ་བཟང་མཚོ་མོ།།
ཆོས་ཀྱི་རྒྱལ་བའི་གནང་བའི་ལེགས་སྐྱེས་མིན་ནམ།།
སྙན་ངག་ཚོར་བར་བརྒྱུས་པའི་ཚིག་གི་ཕྲེང་བ།།
རང་བྱུང་སེམས་ནས་བབ་པའི་ངག་གི་ཕྲེང་བ།།
འཆར་ཡུན་རྒན་པོ་མྱོས་པའི་གཏམ་གྱི་ཕྲེང་བ།།
གངས་ལྗོངས་རིག་པའི་བུ་ལ་རྒྱན་དུ་ཕུལ་ལོ།།
༢༠༡༢།༨།༡ ཉིན་གྱི་ཞོགས་པར་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་དུ་རྨོག་རུ་བསྟན་པས་ཟིན་ཐོར་བཀོད།
ཨ་ཁུ་ཚང་གི་འགྱོགས་བྲིས་ཡག་ག་ལ་ཚོད་ཅིག་མེད་ཀི་་་་་་ག་ལེར་ཅིག་འབྲི་རྒྱུ་ན་འདི་ལས་ཡག་ཅིག་ཡོང་ཁོ་ཐག་རེད་་་་་མན་ཇུ་ཀྲུ་ལིའི་སྲང་བར་ན་་་ཇ་འཐུང་ཞོར་གཡས་གཡོན་ལ་ལྟ་ཞོར་་་ཉན་ཞོར་བྱས་ན་་་ད་མཐོང་རྒྱུ་གོ་རྒྱུ་མང་ཡ།
གནམ་ཐང་བརྒྱུད་ནས་སོང་ཡིན་ཟེར་གི་ཡོད་ནི་རེད་པཱ
༼ བོད་སྐད་འཁྱོར་ཙམ་མེད་པའི་བླ་རྒན་གཉིས་ཀྱིས།།
སེམས་ཀྱི་ཡི་ག་ཕྲ་མོ་འགག་ཏུ་བཅུག་སོང་།།༽ འདི་བོད་པའི་ཧམ་པ་རེད། བླ་རྒན་དེ་གཉིས་བོད་པ་མིན་པ་ཐག་ཆོད། བོད་པ་མིན་པ་ཞིག་གིས་བོད་སྐད་མ་འཁྱོལ་བར་ཡི་ག་འགག་དོན་ཅི་ཡོད། ཡང་ན་བླ་མ་གྲྭ་པ་ཚང་མ་བོད་པ་ཡིན་དངོས་ཨེ་རེད། བོད་དོན་ལ་སེམས་ཁུར་ཞེ་པོ་ཡོད་མདོག་མདོག
དུས་ཀུན་ཏུ་ལྟ་ཚུལ་འདི་འདྲ་འཛིན་མཁན་ལ་་མཐའ་གཅིག་ཏུ་འགག་པ་ཡོད།
གནམ་ཐང་གི་མགྱོགས་བྲིས་རེད་དམ་སྐུ་ངོའི་མགྱོགས་བྲིས་རེད་
༄༅།། དྲ་གྲོགས་ཁ་ཅིག་སྐུ་དྲག་རིགས་ལ་སྡང་། བཟང་ངན་སྣ་ཚོགས་འཇིག་རྟེན་འདི་ན་མང་། བྱེ་བྲག་གང་ཞིག་སྡུག་པའི་མིང་ངན་དེ། སྐུ་དྲག་སྤྱི་ལ་སྡང་བ་དྲང་པོ་མིན། གུང་ཁྲན་དྲིན་ཆེན་ཕ་མ་ཡིན། བརྡ་ཡང་ཆར་པ་བབ་རེད། བརྗོད་མཁན་སྐུ་དྲག་ག་ལ་ཡིན། སྐུ་དྲག་སྐྱིད་ཉལ་དབུས་སུ་བྱས། རྒྱ་མིར་ལག་གདང་ཇི་ལྟར་འབྲེལ། བོད་མི་ཀླད་མེད་ཁ་ཤས་ནས། ཁྲལ་འཁུར་ཁྲིམས་མཐུན་མ་འདོད་པར། ཤར་ཕྱོགས་རྒྱ་ནག་ཡུལ་དུ་ཕྱིན། རྒྱ་ཡི་སྣ་འདྲེན་དེ་ནས་བྱས། དངུལ་དང་ཐ་མག་དགའ་དྲག་ནས། རྒྱ་ཡི་གཡོག་པོ་ཉིན་མཚན་བྱས།
ལམ་བཟོ་ལམ་འདྲེན་རྒྱ་ལ་བྱས། སྐུ་དྲག་རྒྱ་ནག་ཡུལ་དུ་ཕྱིན། རྒྱ་མི་བོད་ལ་སུ་ཡིས་འཁྲིད། རྙིང་པའི་རྩ་བ་མ་རྟེན་པར། གསར་པའི་གསོན་ཤུགས་ཇི་ལྟར་ཡོང་། མི་ལ་ལབ་པའི་ཁ་ཡོད་ཀྱང་། རང་ལ་བལྟ་བའི་མེ་ལོང་དགོས། མདོར་ན་བོད་མི་སྐྱ་སེར་དང་། མི་དྲག་མི་དཀྱུས་གང་ཞིག་དང་། བོད་མི་སྤྱི་ཡི་གུང་བུ་དང་། ཤེས་ཡོན་ཡར་རྒྱས་དམན་པ་ལས། བོད་དེ་རྒྱ་ཡིས་བཙན་འཕྲོག་བྱས། དེ་ནི་ཁོ་བོའི་ལྟ་ཚུལ་ཡིན།།
ཀློག་དུས་ནས་རྩོམ་པ་པོ་མ་མཐོང་གོང་ནས་རྩོམ་གཤིས་སོགས་ཡག་པོ་འདུག་སྙམ་པའི་ཚོར་བ་སྟེར། འོན་ཀྱང་འཆར་ཡན་ལ་འཆར་ཡུན་དང་རབ་རིབ་ལ་རབ་རུབ་སོགས་གི་གུ་དང་ཞབས་ཀྱུའི་ཀློག་ནོར་བའི་ལག་རྗེས་འགའ་མཐོང་། (མ་བཅོས་ཟོལ་གྱིས་བབ་པ)འདི་ཡག་པོ་ཞིག་མ་གོ་དེ་ཀློག་པ་པོའི་སྐྱོན་ཡིན་པ་འདྲ།
འོ་རེད།
མོག་རུ་ལགས་ལ་འཚམས་འདྲི་ཡོད།
གོ་བདེ་སྙིང་རྗོ་པོ་ཉམས་སྤྲོ་བ་ཞིག་འདུག
ཁྱོད་འདིར་ཡོང་བ་ཁ་བརྡའི་བསོད་ནམས་རེད་འདུག་་་་་་་་་་་་་་་་་་་་ དྲྭ་གྲོགས་མུ་འཐུད་ནས་ཡིན་ད་
དྲ་གྲོགས་ཚང་མར་ཐུགས་རྗེ་ཆེ། ཡིག་ནོར་དང་དོན་ནོར་ཤོར་བར་དགོངས་སེལ་ཞུ། བསམ་ཚུལ་རིགས་ག་རེ་གནང་ཡང་འགྲིག དྲ་ངོས་འདིར་འདྲེན་འགོད་བྱེད་མཁན་ལའང་ཐུགས་རྗེ་ཆེ།
མི་སུ་ཞིག་ཡིན་ཡང་སྐུ་ངོའི་རྐུབ་སྟེགས་དང་ཆབ་སྲིད་ཀྱི་རྐུབ་སྟེགས་ཤིག་རེག་རྗེས་སྙན་ངག་འབྲི་མཚམས་ཆད་འགྲོ་ལ། སྲོལ་དེ་ལ་བརྟེན་ནས་ངས་ཀྱང་ཁྱེད་རང་སྔོན་མ་ནས་དེའི་གྲས་སུ་བརྩིས་ནས་ཡོད་མོད། དེ་རིང་འདི་ནས་རྩོམ་འབྲི་བ་རྒན་རབས་པའི་ཉམས་ཀྱིས་སྙན་དངགས་རང་འབབ་ཀྱི་ཟོལ་གྱིས་བྲིས་པར་དགའ་གུས་ཡོད། མུ་མཐུད་དུ་འབྲི་རོགས། སྙན་དངས་བྲིས་ན་སྐུ་ངོའི་རྐུབ་སྟེགས་ལས་ཟགས་ཀི་མ་རེད་འདོད། ཡིད་ལ་འཛིན་པར་ཞུ།
རྩོམ་དེའི་མཇུག་ཏུ་ ༢༠༡༢།༨།༡ ཉིན་གྱི་ཞོགས་པར་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་དུ་རྨོག་རུ་བསྟན་པས་ཟིན་ཐོར་བཀོད་ཅེས་བྲིས་པ་དང་། རྩོམ་ནང་དུ་སླེབས་དགོས་པའི་དམིགས་འབེན་དེར་སླེབས་ཏེ་ཁང་བརྩིགས་སོགས་ངོ་མཚར་བ་མཐོང་བ་དང་། གྲོགས་པ་ཚོས་བསུ་བ་བྱས་ཚུལ་བཅས་བཀོད། དེ་གཉིས་ནང་འགལ་མ་རེད་དམ།
བོད་པ་ཚོོ་ལས་ཀ་ལ་མི་དགའ་བཤད་རྒྱུ་དང་ཉན་རྒྱུ་ལ་དགའ་བ་ཤར་རྟགས་རེད།
ཐོ་རེངས་བྱ་ཕོས་ཀི་ཀི་ཀོ་ཀོ་ཞེས། །
མི་རྣམས་གཉིད་ལས་སློང་བའི་སྐད་བརྡ་སྒྲོག །
བུ་མོ་རིལ་རིལ་མལ་ནས་ཡར་ལངས་ཏེ། །
ཨ་མ་ནད་པར་ཞོགས་ཇ་དྲོན་མོ་བླུད། །
ཞོགས་པའི་ཉི་འོད་ས་གཞིར་འཕྲོས་པའི་དུས། །
བུ་མོ་རིལ་རིལ་བྲེལ་འཚུབ་ཆེ་རུ་སོང་། །
ཁང་ཆུང་ནང་དུ་གཙང་སྦྲ་ཏོག་ཙམ་བྱས། །
ཨ་མ་ནད་པར་ཉིན་གུང་ཟ་མ་བཟོས། །
ཁྲུས་ཁང་ཆུང་ཆུང་ནང་ནས་ཁྲུས་ཤིག་བརྒྱབ། །
མེ་ལོང་ཆག་པོའི་མདུན་ནས་ཡག་ཅིག་བཏོད། །
གསར་མིན་རྙིང་མིན་གྱོན་པ་གྱོན་ཞོར་དུ། །
ཨ་མ་མ་ཁོའི་འཁྲིས་སུ་གུང་ཟས་བཞག
བོད་རྒྱ་ཁ་ཆེ་གསུམ་འཛོམ་ཁྲོམ་སྲང་འདིར། །
དེང་སྐབས་ཕྱི་གླིང་བ་ཡང་རེ་ཟུང་མཆིས། །
ཆོས་རིག་དངོས་རྫས་ཐང་མར་བརྡལ་བའི་ཁྲོད། །
མི་རྣམས་རྣ་བར་འཛེར་བའི་སྐད་སྒྲ་སྒྲོག །
བུ་མོ་རིལ་རིལ་སྐྲག་ས་གཅིག་བུ་སྟེ། །
སྡེར་ཞྭ་གྱོན་པའི་ཉེན་རྟོག་དམག་མི་ཚོས། །
ཕར་འགྲོ་ཚུར་འོང་བུ་མོའི་བྲང་ཁ་དང་། །
འཕོང་ཚོས་གླེང་བཞིན་ཉེན་སྲུང་སྐོར་གཡེང་བྱེད། །
ཐུག་འཁྱག་འཚོང་བའི་ཨ་མ་རྒྱགས་པ་དང་། །
བུ་མོ་རིལ་རིལ་གཉིས་ཀྱི་ནང་ཚོང་སྟེ། །
བུ་མོས་ཐུག་འཁྱག་འཚོང་ཁུལ་བྱེད་པའི་སྐབས། །
ཨ་མས་ཕོ་གསར་ཞིག་ལ་གསང་བརྡ་སྤྲད། །
དཀར་མཛེས་པ་ཡི་ཆ་ལུགས་སྤྲས་པ་ཡི། །
ཕོ་གཞོན་གཟུགས་རིང་ཁ་སྤུ་ནག་ཚོམ་ཅན། །
བུ་མོ་རིལ་རིལ་ཁྲིད་ནས་སྐད་ཅིག་མར། །
མགྲོན་ཁང་ཆུང་ཆུང་ཞིག་གི་ནང་དུ་འཛུལ། །
ཁ་ནས་ཆང་དུད་དྲི་མ་བར་མེད་འཐུལ། །
ལུས་ནས་རྔུལ་ནག་ཆར་བ་འབབ་འབབ་བྱེད། །
ཆུ་ཚོད་ཕྱེད་ཀ་ཞིག་གི་དུས་ཡུན་ལ། །
དཀར་མཛེས་ཕོ་གཞོན་ཁྱི་དང་བོང་བུ་བཞིན། །
ཕོ་གཞོན་ལུས་ཀྱི་ཤུགས་རྫོགས་ཤི་བོ་བཞིན། །
བུ་མོའི་མགོ་སྐྲ་གཟིངས་ནས་རོ་ལངས་བཞིན། །
ཆུ་འཁྱག་ཕོར་བ་འགའ་ཡིས་དབུགས་དབྱུངས་ཏེ། །
མགྲོན་ཁང་ཆུང་ཆུང་སྒོ་ནས་ཕྱི་རུ་མངོན། །
ཨ་མ་རྒྱགས་པའི་འཁྲིས་སུ་བསླེབས་པ་ན། །
ཧེ་རྒན་མན་ཚར་ཅན་ཞིག་འཛུམ་རིག་རིག །
བུ་མོ་རིལ་རིལ་མཐོང་བ་ཙམ་ཉིད་ནས། །
ཐུག་འཁྱག་འཐུང་འཕྲོ་བཞག་སྟེ་ཡར་ལ་ལངས། །
བུ་མོའི་སེམས་ནང་རང་གི་ཨ་མ་ཡིས། །
བཤད་པའི་མ་ཇག་དམག་མི་མཇེ་རིང་ཚོས། །
མཇེ་ལ་ཕྱིང་བའི་མཐེབ་བཞག་བུ་མོ་ཚོ། །
རྒྱོ་ཡིས་ཤི་ལམ་བསྐྱལ་བའི་གཏམ་རྒྱུད་ཤར། །
ཡིན་ཡང་ཨ་མ་ནད་པའི་སྨན་རིན་ལ། །
དངུལ་སྒོར་སུམ་སྟོང་བུ་ལོན་ཆད་པ་དང་། །
ཉིན་རེའི་མ་དང་བུ་མོའི་འགྲོ་སོང་གི །
ཡོང་ཁུངས་བུ་མོ་རང་གི་བྷ་ག་ཙམ། །
ཁ་ཆེས་ཁ་ཆེ་ཞིག་གི་མགྲོན་ཁང་བསྙེགས། །
མགྲོན་ཁང་སྔོན་མ་དེ་ལས་རྒྱ་ཆེ་ཞིང་། །
མལ་ཁྲི་བདེ་འཇམ་ཡངས་ཤིང་དཀར་ཆ་དོད། །
ཧེ་རྒན་གཟུགས་པོ་འཁྲུ་བའི་དུས་ཚོད་ནང་། །
བུ་མོ་རིལ་རིལ་འཁྲིག་སྤྱོད་གློག་བརྙན་བལྟས། །
དེ་ཡིས་བུ་མོའི་འདོད་པའི་མེ་ལྕེ་དེ། །
རྐང་བའི་མཐིལ་ནས་སྤྱི་བོའི་བར་དུ་འབར། །
ཧེ་རྒན་ཁྲུས་ཁང་ནང་ནས་སྒོར་དྲུད་དེ། །
གན་རྐྱལ་བསྒྱེལ་ནས་སྟེང་ལ་རྟ་བཞིན་ཞོན། །
ངུ་དང་དགོད་དང་ཚིག་མེད་འཁུན་བུ་ཡིས། །
གནམ་ས་བར་སྣང་ཡོངས་སུ་ཁྱབ་བྱས་པས། །
ཕྱི་རོལ་ཁ་ཆེའི་ལྷ་ཁང་མཐོན་པོའི་རྩེར། །
ཨ་དཔོན་ཨ་ལ་འབོད་པའི་སྒྲ་ཡང་བཀག །
ཁ་ཆེས་ལིང་གའི་ཤུན་ལྤགས་བཤུས་པ་དང་། །
བུ་མོའི་བྷ་ག་གཞོན་ཤ་ཆགས་པ་གཉིས། །
མཉམ་དུ་སྦྱར་བའི་རྟེན་འབྲེལ་མ་ནོར་བས། །
ཆུ་ཚོད་གསུམ་ནི་སྐད་ཅིག་མ་བཞིན་རྫོགས། །
མཐའ་མར་ཧེ་རྒན་ཧེ་རིང་འདེབ་བཞིན་དུ། །
དཔྲལ་བའི་རྩ་སྦོས་རྔུལ་ནག་ཤམ་ཤམ་དུ། །
གང་འཚམ་རོ་བཞིན་ལུས་པའི་མཇུག་ཐོགས་སུ། །
དྲན་པ་ནག་ཐོམ་སངས་ནས་ཆོས་ཁང་བསྙེགས། །
བུ་མོས་ལག་པར་རྒྱ་སྒོར་ཉིས་བརྒྱ་ཙམ། །
བཙུར་བཞིན་སྒོ་རུ་བུད་པའི་སྐད་ཅིག་མར། །
མགོ་བོ་གཟེར་ཞིང་རོ་སྨད་ལྕི་བ་དང་། །
རྐང་བ་གཉིས་ཀྱང་སྤོ་བར་དཀའ་ལས་བྱུང་། །
ཨ་མས་བུ་མོ་གསོས་པའི་ངལ་དུབ་དང་། །
བུ་མོས་ཨ་མ་གསོ་བའི་དཀའ་ལས་གཉིས། །
ནམ་མཁའི་ལྷ་ཡིས་གཟིགས་རོགས་གནངས་དང་ཞེས། །
བུ་མོ་རིལ་རིལ་མིག་མཐའ་མཆི་མས་བསྐོར། །
ཨ་མ་རྒྱགས་པ་འཇོན་ཚོད་མི་འདུག་སྟེ། །
དབྱིན་སྐད་ཐར་ཐོར་ཤེས་པའི་ནུས་མཐུ་ཡིས། །
སྐྲ་སེར་སྤྲེའུ་ཞིག་གི་བྲང་འོག་ཏུ། །
བུ་མོ་རིལ་རིལ་རིལ་རིལ་བཟོས་ནས་བཞག །
ཕྱི་གླིང་བ་དེར་སྒོར་མོ་མང་བ་ཡིས། །
རྒྱལ་གཉེར་མགྲོན་ཁང་སྒོ་རུ་སྲུང་དམག་ཅན། །
ནང་དུ་ཞབས་ཞུ་མཛེས་མས་ཁེངས་པ་རུ། །
བུ་མོ་རིལ་རིལ་ཁྲིད་ནས་རྒྱུགས་ཤིང་འདུར། །
འདོད་པའི་གློག་བརྙན་ནང་ནས་མཐོང་བ་ཡི། །
འདོད་དགུར་སྤྱོད་པའི་ཆོ་ག་ཡོངས་རྫོགས་པ། །
འདོད་ལྡན་ཕྱི་གླིང་བ་ཡིས་ཉམས་བླངས་ཏེ། །
འདོད་པའི་གདུང་བ་ཞི་བའི་ཟློས་གར་འཁྲབས། །
བུ་མོ་རིལ་རིལ་སྐབས་རེར་ཨ་མ་འབོད། །
ཕྱི་གླིང་སྤྲེའུས་ལན་རེར་དཀོན་མཆོག་འབོད། །
གཉིས་ཀས་མཚམས་རེར་མཉམ་དུ་ཨག་རིང་འདེབ། །
མགྲོན་ཁང་ཞབས་ཞུ་མ་ཡང་དྲན་པ་འཐོར། །
དགོང་དྲོའི་གྲིབ་ནག་རི་གྲོང་གཡོགས་པའི་དུས། །
བུ་མོ་རིལ་རིལ་འཁྱར་འཁྱོར་ཕྱི་རོལ་མངོན། །
རྒྱ་སྒོར་ཆིག་སྟོང་ལག་པ་གཡས་པས་བཙུར། །
ཐམ་ཐོམ་ཐོད་པ་ལག་པ་གཡོན་པས་སྐྱོར། །
ལན་རེར་ནུས་ཤུགས་རྫོགས་པའི་ལུས་པོ་དེ། །
ལམ་འགྲམ་རྩིག་པར་བསྙེས་ནས་ངལ་རེ་གསོ། །
སྐབས་རེར་ཨ་མ་རྒྱགས་པར་དམོད་ཞོར་དང་། །
བསྟོད་ཞོར་སེམས་པ་ལུ་གུ་རྩེད་རྩེད་བྱེད། །
ཨ་མ་ཨ་མ་སྒོ་འདི་ཕྱེ་དང་ཞེས། །
བུ་མོས་གཉོམ་པའི་གདངས་ཀྱིས་བོས་པ་ན། །
ཨ་མ་ནད་པས་ང་ཡི་བུ་མོ་ཁྱོས །
ཨེ་དཀའ་ཐལ་ཞེས་བྱམས་པའི་ངག་གིས་འདྲི། །
ཨ་མས་སྨན་རིན་སེམས་ཁྲལ་མ་བྱེད་དང་། །
བུ་མོས་བུ་ལོན་གསོད་ཅེས་སྨྲས་པ་ན། །
ཨ་མས་བུ་མོའི་མི་ཚེ་བརླགས་སོང་ཞེས། །
མིག་ཆུའི་ཕྲེང་བས་མ་བུ་གཉིས་ཀ་བརླན། །
འདི་ལྟར་འཇིག་རྟེན་འདི་ཡི་ཁུག་ཀྱོག་ཏུ། །
སུས་ཀྱང་མི་ཤེས་ཉམ་ངའི་འཚོ་བ་ལ། །
རོལ་བའི་མ་དང་བུ་མོའི་གཏམ་རྒྱུད་འདི། །
རྟོག་བཏགས་འདྲ་ཡང་དོན་ལ་དངོས་ཡོད་ཡིན། །
དེ་ནི་ཆང་ས་དྲ་བར་ཀླུ་སྨྱོན་ངོ་མས་བཀོད་འདུག་པ་རྫུན་མས་ཤུས་རུང་རང་འདོད་ཀྱིས་རྐུས་པ་མིན་པར་ཉམས་ཆུང་བུ་མོ་མི་ཉུང་བ་ཞིག་གི་གནས་སྟངས་དེ་ལྟར་ཡིན་པ་དངོས་ཡོད་ཡིན་པ་ར་སྤྲོད་ཆེད་ལགས། ཀླུ་སྨྱོན་ལགས། དགོངས་པ་མ་ཚོམས་ཨ།
གནམ་ཐང་སྨྱུ་གུ་ཅན་དེའི་ད་རེ་དལ་མོ་མ་བྲིས་བར་མགྱོགས་པོར་འདི་འདྲ་ཞིག་འབྲི་ཐུབ་པ་ནི་ངོ་མ་དགའ་ནི་ཞིག་རེད། ཧཧཧ།
དྲ་ངོས་ཀྱི་རྩོམ་ཡིག་རྣམས་ཀློག་ལ་ཉོབ་བསྡད་དུས་ཁྱོད་ཀྱི་སྙན་ཚིག་འདི་བཀླགས་རྒྱུ་བྱུང་སོང་། ངོ་མ་བཀླགས་སྤྲོ་རྩོམ་ཡིག་ཅིག་འདུག ཚིག་དོན་གཉིས་ཐད་ནས་ཧ་ཅང་བློ་ངོར་འཐད་སོང་བས་བཀའ་དྲིན་ཆེ། ལར་ནས་ཀྱང་༼འདི་ལྟ་བུའི་སྙན་རྩོམ་༽རེ་གཉིས་འབྲི་བར་སྐུལ།
སྙན་རྩོམ་ཡག་པོ་འདུག་ཡིན་ནའང་ཚིགས་བཅད་འདི་མིད་པ་ནས་མར་བབ་གི་མིན་འདུག
༼སེར་པོ་ནག་པོ་འདྲེས་མའི་མི་ཚོགས་མང་ཡང་།།
བོད་པ་རྣལ་མ་ཞིག་གི་ཟུར་ཙམ་མ་མཐོང་།།
བོད་སྐད་འཁྱོར་ཙམ་མེད་པའི་བླ་རྒན་གཉིས་ཀྱིས།།
སེམས་ཀྱི་ཡི་ག་ཕྲ་མོ་འགག་ཏུ་བཅུག་སོང་།།༽