སྐར་ཆེན། ཡོ་རོབ།
ཁ་བརྡ་དྲ་དེབ་འདི་མཚམས་རེར་མི་སྒེར་གྱི་སྐྱིད་སྡུག་གླེང་ས་ཞིག་བྱེད་ཀྱི་འདུག ང་ལ་ཡང་ལ་གཏམ་རྒྱུད་ཞིག་ཡོད།
ད་ལོའི་དབྱར་ཁའི་གུང་གསེང་ལ༌། ང་རྒྱ་གར་དུ་་ཕྱིན༌། ངས་ཀྱང་རང་གི་སྐྱབས་བཅོལ་ལག་དེབ་སེར་པོ་དེ་འཁྱེར་ནས་གནམ་ཐང་ལ་འཛུལ། གནམ་ཐང་དུ་བོད་མི་སྐྱབས་བཅོལ་བའི་ལག་དེབ་སེར་པོ་འདིར་དཀའ་ངལ་འཕྲད་པ་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན། ང་ལ་ཡང་དཀའ་ངལ་འདི་གཅིག་མཚུངས་སུ་འཕྲད་བཞིན་ཡོད། དཀའ་ངལ་འཕྲད་ཐེངས་རེར་ངེད་ཀྱི་སེམས་ལ་རྨ་ཞིག་བཟོ་གི་འདུག
དེ་ནི་ང་ལ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་མེད་པ་དེ་རེད། ངེད་ཀྱི་སེམས་སུ་གནམ་ཐང་དུ་རང་ལ་འགྲོ་བ་གཞན་རྣམས་དང་མཚུངས་བའི་ཐོབ་ཐང་དེ་མེད་པའི་ཚོར་བ་ཤུགས་ཆེར་འབྱུང་གི་འདུག ངས་རང་གི་གྲོགས་པོ་ཚོ་ལ་ཡང་དཀའ་ངལ་འདི་ཡང་ཡང་གླེང་བར་འཁེལ་གྱི་འདུག གྲོགས་པོ་ལ་ལས་རྒྱལ་ཁབ་གཞན་གྱི་མི་སེར་ཞིག་ཆགས་རྒྱུ་གལ་ཆེན་པོ་རེད་ཟེར། ངེད་ལ་དྲན་ཚུལ་འདི་འདྲ་ལོས་ཡོད། འོན་ཀྱང༌། ངེད་ཀྱི་སེམས་སུ། རྒྱལ་ཁབ་གཞན་ཞིག་གི་མི་སེར་ཆགས་རྒྱུར་འབད་དགོས་སམ་ཡང་ན་བོད་ལ་རང་དབང་ཞིག་ཤར་ནས་བོད་རང་གི་མི་སེར་ལག་འཁྱེར་ཞིག་ཐོབ་རྒྱུར་འབད་དགོས་སམ། ངེད་ལ་བོད་རང་གི་མི་སེར་ལག་འཁྱེར་ཞིག་དགོས་རྒྱུའི་རྨི་ལམ་ཤུགས་ཆེར་ཡོད།
ད་ལོར་ངེད་ཀྱི་དབྱར་ཁའི་གུང་གསེང་དེ་རྡ་ལམ་ས་ལར་གྲོགས་པོ་ཚོའི་མཉམ་དུ་བཏང༌། གུང་གསེང་རྗོགས་རྗེས་ཕྱིར་རྡིའ་ལཱིའི་གནམ་ཐང་ལ་སླེབས། ངེད་ཀྱི་གནམ་གྲུ་དེ་མཚན་གྱི་ཆུ་ཚོད་བཅུ་གཉིས་ལ་གནམ་ཐང་ནས་ཁ་བྲལ་གྱི་ཡོད། ང་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་གནམ་ཐང་འབྱོར། འོན་ཀྱང༌། སྟབས་ཉེས་བ་ཞིག་ལ་ཐེངས་འདིར་ངེད་ཀྱི་ལག་འཁྱེར་ལ་དཀའ་ངལ་གཞན་ཞིག་འཕྲད་བྱུང༌།
དེ་ནི་ཆུ་ཚོད་གཅིག་གཉིས་ཀྱི་བཀག་འགོག་དེ་རེད་མི་འདུག ལག་འཁྱེར་ལ་ཞིབ་བཤེར་བྱེད་མཁན་དེས་ངེད་ཀྱི་ལག་འཁྱེར་ལ་ངོས་ལེན་མེད་ཟེར། ཁོང་ཚོའི་རྒྱལ་ཁབ་ཀྱིས་ངེད་ཀྱི་སྐྱབས་བཅོལ་བའི་ལག་འཁྱེར་སེར་པོ་འདིར་ངོས་ལེན་མེད་ཟེར། འདི་ངོ་མ་ཡིན་ནམ། ངེད་རང་ལ་ཅུང་ཙམ་ཡིད་མི་ཆེས་བར་གྱུར༌། ཐེངས་སྔོན་མའི་འགྲུལ་བཞུད་ཀྱི་སྐབས་སུ་ལག་འཁྱེར་ལ་ངོས་ལེན་མེད་ཟེར་བ་གོ་ཐོས་མ་བྱུང༌། དེ་རིང་ཅི་ཞིག་བྱུང་བ་ཡིན་ནམ།
འདི་ཚོས་ང་ལ་མཐོང་ཆུང་བྱེད་ཀྱི་ཡོད་པ་མ་རེད་དམ། ངའི་ལག་འཁྱེར་ལས་ང་སྐྱབས་བཅོལ་བ་ཡིན་པ་ཤེས་ཙང་འདི་ཚོས་ཏན་ཏན་ང་ལ་མཐོང་ཆུང་བྱེད་ཀྱི་ཡོད་པ་རེད། ངའི་སེམས་ལ་འདི་འདྲ་ཞིག་དྲན། དེ་ནས་ངས་ཁོང་ཚོའི་འགྲུལ་བཞུད་ལས་ཁུངས་ལ་འབྲེལ་བ་བྱས། ཁོང་ཚོས་ང་ལན་གཅིག་མཚུངས་སུ་གསུང་གི་འདུག
ངེད་ཀྱི་སེམས་ལ་ཡང་ཐབས་ཤེས་མེད་པ་ཧ་གོ། ད་ཅི་ཞིག་བྱེད་དགོས་སམ། ངེད་ཀྱི་སེམས་ལ་རང་གི་སློབ་གྲ་དྲན། དེ་ནས་སློབ་གྲར་འབྲེལ་བ་བྱས་ཏེ་ངེད་ཀྱི་དཀའ་ངལ་བཤད་པ་ཡིན། སློབ་གྲ་དྲིན་ཆེན་པོ་དེས་ངེད་ལ་དགོངས་དག་ཟེར་བཞིན་གནམ་གྲུའི་སྤ་སེ་གཞན་ཞིག་དྲ་རྒྱ་བརྒྱུད་ནས་བཏང་སོང༌། གང་ལྟར། མཐར་མར་ཕྱིར་སློབ་གྲར་ཡོང་ཐུབ་སོང༌། འོན་ཀྱང༌། རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པའི་ཚོར་བ་ལྗིད་ཏིག་གེར་འདུག གནམ་ཐང་ན། ང་དང་ང་འདྲ་བའི་སྐྱབས་བཅོལ་བ་ཚོར་དཀའ་ངལ་འདི་གཅིག་མཚུངས་སུ་འཕྲད་ཀྱི་ཡོད་པའི་ཚོར་བ་བྱུང༌།
ཁྱོད་ཀྱི་ལག་ཁྱེར་སེར་པོ་དེ་རྒྱ་གར་གཞུང་གིས་སྤྲད་པ་ཡིན་ན་དེ་ལ་རྒྱ་གར་གནམ་ཐང་ནས་ངོས་ལེན་མི་འདུག་ཟེར་བ་དེ་ཅི་ཞིག་ཡིན་ནམ།
རྒྱ་གར་ཚང་གིས་འདི་འདྲ་གསལ་ལ་མི་གསལ་བ་རྐྱང་རྐྱང་བྱས་སྟབས་ད་ལྟའི་འཇིགས་སྐུལ་བའི་རྒོལ་རྡུང་ཕོག་པ་རེད། རང་རེའི་ལག་ཁྱེརསེར་པོ་དེ་རྒྱ་གར་གནམ་ཐང་གི་ལས་བྱེད་པས་ངོ་ཤེས་ཀྱི་མ་རེད། ཡིན་ན་ཡང་དེ་ྐློག་ྐླད་ལས་བརྟག་ན་རྫུན་མ་ཡིན་པའི་དཔང་རྟགས་མེད་སྟབས་རྙོགས་དྲ་མང་པོ་ཞིག་བཤད་བཤད་པའི་ཐ་མ་ལ་ཅིག་འགྲིགས་འགྲོ་གི་རེད། སེམས་ཁྲལ་མ་གནང་།
It was not because of Indian government, it was because of Airline. The Finland Airline didn’t accept my passport
It’s true that yellow identification is so complicated in other countries. And also I heard that Europe not allowed any one to use Tibetan language in their computer, I feel very so for that.
I personally don’t know the net system in whole Europe, but it is quite difficult to use or download Tibetan fonts on window XP. So I am using Window Vista in my college.
In the case of Tibetan passport, few countries in Europe announced several years ago that they are not accepting Tibetan passport anymore. So if you buy air ticket from their airline, it is obvious that you may face problem in the airport.
དགའ་བོ་བྱུང་། དྲ་གྲོགས་ཚོའི་ཁྲོད་དུ་འདི་འདྲའི་དབྱིན་ཡིག་ལ་བྱང་བ་འགའ་རེ་ཡོད་པ་འདི་ངོ་མ་སྐྱིད་ཅིག་རེད། རང་རེས་ཡིག་རིགས་མང་པོ་མ་ཤེས་ནས་བསམ་བློ་གུ་དོག་ནས་དགུ་དོག་ཏུ་འགྲོ་བཞིན་པ་རེད།
It’s not difficult for a college student to download difference language in their computer. So I hope you will do it as we know the principle of this blog.
I agree with you.
I personally respect the principle of this blog. Therefore I am not going to give comments in English since today on this blog. But what is the purpose of your comments in English even though you could write in Tibetan.
སྐར་ཆེན་ཁྱེད་རང་ལ་བཤད་འདོད་ཡོད་པའི་གནད་དོན་དེ་ཚོ་དབྱིན་ཡིག་གི་ལམ་ནས་བྲིས་ཀྱང་ལོས་ཆོག ཡིན་ན་ཡང་རང་རེ་ལ་བོད་ཡིག་གི་དྲ་དེབ་ལེགས་པོ་གཅིག་འདིའི་སྟེང་དུ་མ་མཐའ་ཡང་བོད་ཡིག་འབྲི་ཐུབ་ན་ལེགས་པོ་འདུག ང་ལྟ་བུར་མཚོན་ན་རྩ་བ་ཆེན་པོ་ཟབ་པོ་དང་གསར་པ་རེ་བཤད་ཐུབ་པའི་རེ་སྤོབས་གང་ཡང་མེད་མོད་འདིར་ཞུགས་དགོས་དོན་གཅིག་ནི་བོད་རང་གི་ཕ་སྐད་ཀྱི་རིན་ཐང་ཙམ་ལ་བསམ་ནས་ཀྱང་ཡིན།
གནས་སྟངས་ཀྱི་དབང་གིས་བོད་ཡིག་འབྲི་བའི་མཐུན་རྐྱེན་གྱིས་མ་འགྲིག་ན་དེ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད་མོད། ཡིན་ནའང་རྩོམ་བོད་ཡིག་གིས་བྲིས་ཏེ་མཆན་དབྱིན་ཡིག་གིས་འབྲི་བའི་གཤིས་སྤྱོད་འདི་འདྲ་ནི་ངེས་པར་དུ་སྤང་འོས་པར་མཐོང་།
རེད། སྤོབས་པ་དང་ལྕགས་རྒྱས་བཤད་པར་རྒྱབ་སྐྱོར་ཡོད། དྲ་གྲོགས་ཚོས་ཐུགས་སྣང་གནང་རོགས།
Hi Karchen lak. Its very nice to see your article in this picular tibetan interraction website. When i have gone through those articles, it gives some warm and happiness feelings to me automatically. Because i would like to read Tibetan Articles in Tibetan language. I hope i can see many more articles about recently meeting in Dhasa. The sad thing is that there is no Tibetan Front in my computer. Give me some suggestions.