སྲིད་རྡོ།
གནམ་འོག་གསར་འགྱུར་ཞེས་པའི་བརྙན་ཁྲམ་དེ་ནི། ཐོག་མར་སྤྱི་ཚོགས་དྲ་ལམ་བོད་སྤྱི་ཚོགས་སུ་ཤུགས་ཆེ་དར་སྐབས་ཡིག་འཁྱམ་གྱི་ཚུལ་དུ་བྱུང་བ་ཞིག་དང་། དེ་སྟངས་འཛིན་བྱེད་མཁན་གྱི་གང་ཟག་དེ་ནི་དང་པོ་གྲྭ་གཟུགས་ཀྱིས་དགོན་པར་སོང་ཅིང་། དེ་ནས་བླ་མ་ཞིག་ཡིན་ཁུལ་གྱིས་མི་མང་ནང་ཡོང་། བར་དེར་མདོ་སྟོད་སྤྱི་འཐུས་སུ་མ་ཚུད་པ་དང་ཆུ་སྒང་གི་རྒྱུན་ལས་སུ་མ་ཐོན་པའི་མི་གྲྭ་ལོག་བླ་ལོག་གླད་ལོག་ཅིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར།
ད་ལྟ་ཡང་བརྙན་ཁྲམ་སྟེ་གསར་འགྱུར་ཚད་ལྡན་མིན་པ་མ་ཟད་ཁུངས་ལུངས་མེད་པའི་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་སྤེལ་བྱེད་ཞོར་མི་མང་ལ་མགོ་སྐོར་དང་ཁོའི་བསམ་བློའི་གཡོ་རྒྱུ་ཕྱི་ལ་སྟོན་གྱི་ཡོད།ཁོའི་བརྙན་ལམ་དུ་བོད་ཀྱི་གནད་དོན་བཤད་ཞོར་ཁམས་ཕྱོགས་བཤད། ཁམས་ཕྱོགས་བཤད་ཞོར་ཁོའི་ཕ་ཡུལ་ཕྱོགས་བཤད་པའི་གསར་འགྱུར་གཡོ་འཁྱོགས་ཅན་ཞིག་སྤེལ་ལ།ཉེ་ལམ་ཁོའི་བརྙན་ལམ་དུ་རང་བཙན་སྐོར་ཤུགས་ཆེར་གླེངས་མཁན་འདུ་ས་དང་། དམིགས་གསལ་གྱིས་༧གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་དང་བོད་ཀྱི་གཞོན་ལྷན་དུམ་གཉིས་སུ་གཏོང་མཁན་དོན་འགྲུབ་ལྷ་དར་ལ་ཡང་བརྒྱུད་ལམ་རྫུན་མ་དེས་གོ་སྐབས་སྤྲད་འདུག
ལན་རེར་གནམ་འོག་གི་གསར་འགྱུར་རྫུན་མ་དེ་ནི་བོད་གཞུང་གི་གཞུང་འབྲེལ་དྲ་རྒྱ་ལྟ་བུ་ཞིག་ཏུ་སྣང་། སྲིད་སྐྱོང་གིས་གང་གསུང་དང་གང་ཕེབས་ཁ་ཐུག་རྒྱུད་འགོད་བྱེད། དཔེར་ན་དམར་ཤོག་གི་ཀྲུང་ཡིང་བརྙན་འཕྲིན་ཁང་ལྟར་དམར་ཤོག་གི་སྲིད་འཛིན་དམིགས་གསལ་ཁྱབ་བསྒྲགས་བྱེད་པ་ལྟ་བུ་ཞིག་ཏུ་སྣང་། དམར་ཤོག་གིས་དམར་བོའི་ཤོག་ཁག་སྲུང་ཆེད་ཡིན་མོད། སེར་སྨད་བློ་དགའ་ཡིས་རང་གི་ཤོག་ཁག་སྲུང་གི་ཡོད། མཐར་ཁོ་རང་གིས་ཡང་བསྐྱར་ཕྱོགས་ཞེན་གྱིས་གོ་ས་ཞིག་ཏུ་བསྙེགས་པ་ཁོག་བཅིངས་ཀྱིས་བརྙན་ཁྲམ་ཞིག་ལ་འབད་བཞིན་ཡོད།
མ་འོངས་པར་གནམ་འོག་གི་གསར་འགྱུར་གྱིས་ཅི་ཞིག་བྱེད་ཀྱི་རེད་དམ། ༧གོང་ས་མཆོག་ལ་མཚན་སྨད་དང་དབུ་མའི་ལམ་ལ་དགག་རྒྱག་བྱེད་མཁན་གྱི་མི་གླད་གཏོང་འགའི་སྐད་ཆ་སྤྱི་ཚོགས་བརྒྱུད་ལམ་གཏོང་བའི་ལམ་ཁ་རྫུན་མ་ཞིག་བཟོ་འཆར་འདུག་པས། ཀུན་གྱིས་གསར་འགྱུར་བརྒྱུད་ལམ་ཞེས་པའི་མིང་ཚིག་འདི་གཉིས་ཀྱི་ལས་ཀ་དངོས་དེ་མཁྱེན་པར་མཛོད། བརྙན་ལམ་འདིར་ཐོན་པའི་མི་དག་ནི་གསར་འགྱུར་ཚད་ལྡན་གྱི་སྡིངས་ཆ་མ་རག་པར་སྤྱི་ཚོགས་བརྒྱུད་ལམ་གྱི་ཁུངས་མེད་ལུངས་མེད། དམིགས་ཡུལ་སྒེར་ཅན་གྱི་ལག་ཆ་དང་།ཡང་ན་བརྙན་ཁྲམ་འདི་ནི་༧གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་གྱི་སྡིངས་ཆ་ཞིག་རེད་ཅེས་བཤད་ཆོག
༢༠༡༩/༠༩/༢༦
སེར་སྨད་བློ་དགའ་དང་ད་བར་སྤྱི་ཚོགས་ནང་གཡོ་ཁྲམ་ག་ཚད་བྱས་ཡོད་མེད་དང་། དཀྲུགས་ཤིང་ག་ཚད་བརྒྱབ་ཡོད་མེད་ཀུན་ལ་མཁྱེན་གསལ་བཞིན་གསལ་བཤད་ཞུ་རིན་མ་མཆིས་ལ། སྡེངས་ཆ་དེའི་སྐུ་མགྲོན་སུ་ཕེབས་པའི་ཚེ་བརྟན་ལྷ་རྒྱལ་དང་། དོན་འགྲུབ་ལྷ་དར་སོགས་ཀྱང་ཚང་མས་ཤེས་གསལ་ཡིན་པས་དེ་དག་གི་སྐད་ཆ་ལ་བཙན་བྱོལ་སྤྱི་ཚོགས་ནང་གདེངས་འཇོག་བྱེད་མཁན་རག་གི་མ་རེད་བསམ།
མིང་རང་ནས་གཡོ་ཁྲམ་ཞིགས་ཡིན་ས་རེད་འདུག་
གལ་ཏེ་གནམ་འོག་གི་གསར་འགྱུར་བཤད་ཐུབ་ན་ད་ཆ་པཎ་ཆེན་རེན་པོ་གང་དུ་ཞུགས་ཡོད་མེད་གཅིག་བཤད་ན་ཡག་པོ་རེད་པ་རེན་པོ་གནམ་འོག་ལ་ཞུགས་ཡོད་པ་ནི་ཧ་ལམ་ཚོད་བགམ་ཐུབ་པ་ཞིག་རེད་དེ་མན་འུར་གཏམ་དང་རྫུས་མའི་མཁས་པའི་གླེང་མོལ་བྱས་ཡུ་ཡིན་ས་རེད་
བོད་སྤྱི་དོན་དུ་དཀའ་ལས་བརྒྱབས་ནས། ཟས་བཅད་ངོ་རྒོལ་གྱིས་མཐའ་མ་སོ་སོའི་ལུས་པོ་ཡང་ནད་ཅོང་དུ་ཆགས་པའི་་དཀའ་ལས་རྒྱག་མཁན་དོན་ལྷ་གཙོས་པའི་བོད་དོན་འཐབ་རྩོད་པ་དག་ལ། མི་དགའ་སྡང་ཟིག་གི་ཡིག་འཁྱམ་སྤེལ་བ་ནི། ངོ་མ་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཐབས་སྡུག་ཅིག་རེད། དེ་རིང་བཟུང་སྟེ། ཁ་བརྡ་དྲ་བ་འདི་ཁ་རྒྱང་དུ་གྱེས་ཡ་ཡིན། དུས་ནམ་ཡང་བོད་དང་བོད་ཀྱི་རིག་གཞུང་ལ་ཕན་པའི་ཡི་གེ་ཞིག་མ་སྤེལ་བའི་ཁ་ལ། བོད་ཞེན་ཅན་དག་ལ་་་མ་ཉེས་ཁ་གཡོག་གི་ཡི་གེ་ཏག་ཏག་་སྤེལ་བ་་ངོ་མ་་ངོ་རྒོལ་ཡོད་
བློ་བུག་དོགས་དེ་འདྲ་ཞིག་འདུག མི་འདི་དམར་ཤོག་འོག་ལ་ཚར་ལོང་བྱུང་བ་ཞིག་ཡིན་པ་གསལ་པོ་རེད་འདུག དམངས་གཙོའི་སྲིད་གཞུང་གི་བྲོ་བ་ཙམ་ཡང་མིན་འདུག ༧རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་རེད་ཟེར་ནས་ནག་པོ་བཟོ་ཡ་འདི་སྤྱི་ཚོགས་རྙིང་པའི་ལམ་ལུགས་ཤིག་རེད། ལམ་ལུགས་དེ་ཚོ་དེང་སང་གི་སྤྱི་ཚོགས་ནང་ལ་ནུས་པ་ཐོན་ཁག་པོ་རེད། ཁྱེད་རང་གིས་འདིར་བྲིས་པ་འདི་གནམ་འོག་གསར་བསྒྱུར་ཚན་པ་སྐད་གྲགས་ཆེན་པོ་བཟོ་ཡིན་འདུག ཐུགས་རྗེ་ཆེ། བོད་མིའི་སྒྲིག་འཛུགས་འདི་དབུ་མའི་ལམ་ལ་ཕེབས་མཁན་གཅིག་སོང་ཙང་རང་བཙན་པ་ཚོས་སྐད་ཆ་བཤད་དུས་ཏན་ཏན་མི་དགའ་བ་ཡོང་སྲིད་པ་ཞིག་རེད། དམིགས་བསལ་རིན་པོ་ཆེ་དང་སྤེན་ཚེའི་ཤོག་ཁག་ཚོས་མ་དགའ་བ་བྱེད་སྲིད་པ་རེད། རྒྱུ་མཚན་དེ་ལ་བརྟན་ནས་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱིས་འབུར་དུ་ཐོན་པའི་རང་བཙན་དཔའ་རྒོད་ཚོ་ལ་ལྡིང་ཆ་དེ་གཉིས་བེད་སྤྱོད་བྱེད་བཅུག་གི་མེད། དམངས་གཙོ་དང་དམར་ཤོག་ཅེས་མིང་མ་འདྲ་བར་ཙམ་ལས་རྡ་སའི་བྱེད་སྟངས་དང་པེ་ཇིན་གྱི་བྱེད་སྟངས་གཉིས་འདྲ་པོ་འདྲ་པོ་འདུག ད་ལན་ཡུན་རིང་པོ་ཞིག་གི་རྗེས་ལ་གནམ་འོག་གསར་འགྱུར་ཚན་པ་ཟེར་བ་ཞིག་གིས་ཁོང་ཚོ་ལ་བཅའ་འདྲི་དང་ལེན་གནང་འདུག ཞེ་དྲག་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཙོ་སྐྱོང་བ་ཁོང་གིས་དྲི་བ་དཔེ་གནད་འགག་ཆེན་པོ་དེ་འདྲ་དུས་ཐོག་ལ་བཀོད་གནང་གིན་འདུག གསར་འགྱུར་ཆེད་ལས་པ་ཞིག་ལས་ཀྱང་ལྷག་པར་འདུག དངོས་གནས་ཡག་པོ་འདུག དྲ་ལམ་དེའི་བརྒྱུད་ནས་༥/༥༠ ཚོགས་བཅར་བ་ཚོ་དང་བོད་གཞུང་གི་དབུ་འཁྲིད་ཚོ་ལ་་སྐུལ་ལྕགས་དཔེ་ཡག་པོ་ཞིག་བཏང་གནང་སོང་། ཚོགས་འདུའི་གྲོས་ཆོད་དེ་ཚོ་ལག་བསྟར་གནང་རྒྱུ་གལ་ཆེན་པོ་རེད་གསུངས་སོང་། སྔོན་མ་མི་དམངས་ཚོགས་འདུ་གཉིས་ཀྱི་སྤྱི་མོས་་གྲོས་ཆོད་གལ་ཆེན་པོ་གཉིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སམ་བོད་གཞུང་གིས་བདག་སྤྲོད་གནང་ཡོད་མ་རེད་གསུངས་སོང་། འོ་ན་གནས་ཚུལ་འདི་ཁུངས་ལུང་མེད་པ་ཞིག་ཡིན་ནམ། མགོ་རྟིང་ལོག་ནས་བལྟ་ན། མགོ་རྟིང་ལོག་པ་ཞིག་མ་གཏོགས་ག་ལ་མཐོང་།།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྐུ་ཞབས་དོན་གྲུབ་ལྷ་དར་ལགས་ཀྱིས་ཡོང་འགྱུར་༥/༥༠ ཚོགས་བཅར་བ་ཡོངས་དང་བོད་གཞུང་གི་འགོ་ལས་ཡོངས་་ལ་གདམས་པའི་གནམ་འོག་གསར་འགྱུར་ཚན་པའི་དྲ་བརྙན་བཞུགསོ།།
tps://youtu.be/ZJttk8USrjU
སྤྱི་ཚོགས་དཀྲུག་མཁན་ཞིག་གི་ཀུན་སློང་འདུག
མི་པོ་ཞིག་རེད་མི་གདའ།
དོན་ལྷ་འདི་རིགས་ཞེན་ཅན་ཞིག་ཡིན། ལས་ལ་འགའ་རེ་ནོར་ཡོད་པའི་དབང་དུ་བཏང་ན་ཡང་དེ་ཡི་སྤྱི་བའི་ལས་དོན་གྱི་ཆེད་དུ་བྱས་ཏེ་ནོར་བའམ་ཡང་ན་ལང་ཕྱོགས་མ་འདྲ་བའི་ཁྱད་པར་ཙམ་རེད། བློ་དགའ་འདི་ཆོལ་ཞེན་ཅན་ཞིག་དང་མཐར་གཏུགས་ན་རང་ཉིད་སྒེར་ཞེན་འབའ་ཞིག་གཙོ་གཉེར་བྱེད་མཁན་ཞིག་ཡིན་པ་ཁོའི་སྔ་ཕྱིའི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཟིན་པ་རེད། དེར་བརྟེན་དོན་ལྷ་དང་བློ་དགའ་གཉིས་ལ་སེང་གེ་དང་ཁྱི་ཡི་ཁྱད་པར་ཡོད། ད་ཐེངས་དོན་ལྷ་བློ་དགའི་གཡོ་འོག་ཏུ་ཚུད་མེད་པའི་རེ་བ་ཡོད།
༄༅། སྨད་པར་མ་སྡུག་བསྟོད་མཁན་ཡོད་རེད། བསྟོད་པར་མ་དགའ་སྨད་མཁན་ཡོད་རེད།
རང་གི་བྱེད་ན་མི་ཐུབ་། གཞན་གྱིས་བྱེད་ན་མིག་ཚ།
འཇོན་ན་སྤྱི་ལ་ཕན་པའི་ལས་འདྲ་བྱེད།
དེ་མིན་ངག་བཀྱལ་གཏམ་འཆལ་མ་སྒྲགས།
དེང་སང་ཨ་རོགས་ཁམས་པས་ལས་གང་ཞིག་བརྩམས་ནའང་མི་མང་ཡིད་མ་ཆེས་པ་དང་མ་དགའ་སྡང་ཟུག་བྱེད་པ་འདི་ག་རེ་ཡིན། དུས་ངན་རེད།
སྲིད་རྡོ་ལགས། ཁྱོད་རང་ཡང་མིག་ཡ་གཅིག་མ་གཏོགས་ལྟ་ཡིས་མི་འདུག་བྱས་ཙང་ཁྱེད་རང་སྐད་ཆ་ལའང་ཆ་འཇོག་བྱེད་བཞིན་མ་རེད། གཟིགས་དང་། tibetstar ཡུ་ཊོབ་ལ་ལྟོས་དང་། ད་དེས་ཡེ་ཤུ་ཆོས་ལུགས་ཡིན་དུ་ཆུག་ཀྱང་། བློ་སེང་ལ་སྨད་ར་གཏོང་དུ་ཆུག་ཀྱང་། མ་ཟད་ཁོས་ག་དུས་ཡིན་ནའང་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། གདན་སའི་ཆོས་གྲྭར་ལ་མཚན་སྨད་ཅང་ཞུས་བསྡད་ཀྱིན་འདུག་པས། དེ་ལས་གཅིག་གསུང་དག་།
ཁམས་པ་ཀླད་མེད་ཉུང་ཤས་ཀྱིས་འདྲ་མ་འདྲ་འཁྲབ་ནས་ཁམས་པ་རྒྱ་ཆེའི་མི་དམངས་ཀྱི་རྐང་པ་འཐེན་བཞིན་འདུག རྒྱ་ཆེའི་ཁམས་པ་མི་དམངས་རྣམས་ཕྱི་ལ་ཐོན་ནས་གནམ་འོག་གསར་འགྱུར་གྱི་ལྟ་བ་དང་ཁམས་པ་བྱིངས་འབྲེལ་བ་མེད་པ་བཟོས་ན་ལེགས།
༄༅། སོ་སོར་ཕྱི་ནང་གི་ཤེས་ཡོན་གང་ཡང་མེད་པར་བརྟེན་ཤེས་ཡོན་ཅན་ལ་
སྨད་ར་བཏང་པ་ནི། ར་ཕོ་རང་མཐོང་ཆེ། ཨོག་མའི་འོག་ནས་ཉི་མ་ཤར་བའི་དཔེ་བཞིན་རེད།
སྲིད་སྐྱོང་བློ་བཟང་སེང་གེ་ལ་ཟུར་ཟ་བྱས་པ་ནི་གླན་ལྐུག་རང་རེད།
རང་གི་མི་བྱོན་། གཞན་ལ་སྨད་པ་ནིxxxཟ་མཁན་རང་རེད།
མཁས་པའི་དཀྱིལ་དུ་སྙིང་རྗེ་སྐྱེ།
དབུས་གཙང་ཀླད་མེད་ཉུང་ཤས་ཀྱིས་འདྲ་མ་འདྲ་འཁྲབ་ནས་དབུས་གཙང་བ་རྒྱ་ཆེའི་མི་དམངས་ཀྱི་རྐང་པ་འཐེན་བཞིན་འདུག རྒྱ་ཆེའི་དབུས་གཙང་པ་མི་དམངས་རྣམས་ཕྱི་ལ་ཐོན་ནས་གནམ་འོག་གསར་འགྱུར་གྱི་ལྟ་བ་དང་དབུས་གཙང་བ་བྱིངས་འབྲེལ་བ་མེད་པ་བཟོས་ན་ལེགས།
ཨ་མདོ་བ་ཀླད་མེད་ཉུང་ཤས་ཀྱིས་འདྲ་མ་འདྲ་འཁྲབ་ནས་ཨ་མདོ་བ་རྒྱ་ཆེའི་མི་དམངས་ཀྱི་རྐང་པ་འཐེན་བཞིན་འདུག རྒྱ་ཆེའི་ཨ་མདོ་བ་མི་དམངས་རྣམས་ཕྱི་ལ་ཐོན་ནས་གནམ་འོག་གསར་འགྱུར་གྱི་ལྟ་བ་དང་ཨ་མདོ་བ་བྱིངས་འབྲེལ་བ་མེད་པ་བཟོས་ན་ལེགས།
མདོར་ན་ཆོལ་གསུམ་ཀླད་མེད་ཉུང་ཤས་ཀྱིས་འདྲ་མ་འདྲ་འཁྲབ་ནས་ཆོལ་གསུམ་རྒྱ་ཆེའི་མི་དམངས་ཀྱི་རྐང་པ་འཐེན་བཞིན་འདུག རྒྱ་ཆེའི་ཆོལ་གསུམ་་མི་དམངས་རྣམས་ཕྱི་ལ་ཐོན་ནས་གནམ་འོག་གསར་འགྱུར་གྱི་ལྟ་བ་དང་ཆོལ་གསུམ་མི་མང་་བྱིངས་འབྲེལ་བ་མེད་པ་བཟོས་ན་ལེགས།
བོད་ནང་གི་གནས་ཚུལ་འམ་དཔེཎ་ཆེན་ཆུང་སེ་རེན་པོ་ཆེ་གང་དུ་བཞུག་ཡོད་མེད་ཅིག་བཤད་དང་གནམ་འོག་གི་གསར་འགྱུར་བཤད་གྱི་ཡོད་ན་
བོད་ནང་གི་གནས་ཚུལ་འམ་དཔེཎ་ཆེན་ཆུང་སེ་རེན་པོ་ཆེ་གང་དུ་བཞུག་ཡོད་མེད་ཅིག་བཤད་དང་མི་ལ་རང་བཙན་ནམ་tibetstar གི་གསར་འགྱུར་བཤད་གྱི་ཡོད་ན་
ཤེས་ཡོན་ཡོད་པའི་སྐད་ཆ་ཅི་ཡང་མེད་པ། ཁ་སྟོང་པ་མིན་ཙམ་གྱི་སྐད་ཆ་མ་ཤོད།
མི་མ་ཚད་དུད་འགྲོའང་ངོ་ཚ་གི་རེད།
ད་བར་གནམ་འོག་གི་གསར་འགྱུར་ཚན་པའི་ཐད་གཏོང་རྣམས་གང་མིན་ཚད་ཡག་པོ་འདུག ད་དུང་ཡང་མུ་མཐུད་ནས་བསྟན་གནང་ཡོང་བ་ཞུ། སེར་སྨད་བློ་དགའ་དང་། ཚེ་ལྷ། དོན་ལྷ། དཔའ་བོ་ཉག་རོང་དོན་འགྲུབ་སོགས་ཀྱིས་སྐད་ཆ་ལ་རྒྱུ་མཚན་འདུག མ་འོངས་པར་ཁོང་ཚོའི་བཤད་པའི་སྐད་ཆ་རྣམས་ཇེ་གསལ་དང་ཇེ་ངན་དུ་འགྲོ་རྒྱུར་གདོན་མ་ཟའོ། དཔེར་ཨ་མདོ་དགེ་ཆོས་དང་། རྩིས་པ་ལུང་ཤར་སོགས་བཞིན།
འབྲོ་བུ་སོག་ཚ་ལགས་དགེ་ཆོས་དང་ལུང་ཤར་གཉིས་ཀྱི་རྗེས་ལ་ཨ་ཕོ་་བློ་དགའ་་བའི་འགྲོ་ཐུབ་ན་གནམ་ས་གཉིས་མགོ་མཇུག་ལོག་པ་རེད