ཀ་ཡེ་གསོན་དང་གངས་ཅན་རྗེ་འབངས་ཀུན། །
ཁ་བ་རི་བའི་གནར་གཅོད་སྡུག་བསྔལ་ལ་དག །
ག་དུས་དྲན་ཀྱང་མིག་མཆི་དབང་མེད་ཤོར། །
ང་ཚོའི་ལས་དབང་བཙན་པོ་ཀྱེ་མ་ཧུད། །
ཅ་ཅོའི་འབོད་པའི་ཚིག་དག་ངང་ཐུང་ཞིང་། །
ཆ་འཇོག་གདེངས་ཚད་མེད་པར་སྤུན་ཟླ་འགར། །
ཇ་ཡུན་ཙམ་ལ་མེ་དཔུང་ཀློང་དུ་འཐིམས། །
ཉ་མོ་ལྕགས་ཀྱུས་བཟུང་བཞིན་གཤིན་ཡུལ་འགྲིམས། །
ཏ་ཐྰ་ག་ཏའི་བསྟན་པ་རིན་ཆེན་དང་། །
ཐ་དག་ཤེས་བྱ་མཁྱེན་པའི་མཁས་གྲུབ་དག །
ད་ལྟའི་དུས་ཀྱི་ལོ་གསར་དགའ་སྟོན་ལ། །
ན་ཚོད་ཁྱད་མེད་མཉམ་དུ་རོལ་ན་བསམས། །
པ་ལགས་སྐུ་ཚེ་བརྟན་ཅིང་འགྲོ་དོན་རྒྱས། །
ཕ་རོལ་དགྲ་ཡང་གནོད་པའི་གྲོགས་སུ་སྨིན། །
བ་གླང་ཕྱུགས་ཀྱི་རྗེས་སུ་མི་རྒྱུགས་པར། །
མ་ལུས་ལོ་གསར་མཉམ་རོལ་བྱས་ན་བསམ། །
ཙ་ར་གཅོད་པའི་བཅིངས་གྲོལ་དམག་མིའི་ངོར། །
ཚ་གྲང་མྱོང་བའི་དཔའ་རྒོད་རྗེས་དྲན་དུ། །
ཛ་དྲག་ལོ་གསར་བྱས་ན་ག་འདྲ་འདུག །
ཝ་སྐད་སྡུག་ཡུས་འདོན་པས་ཅི་ཞིག་ཕན། །
ཞྭ་མོ་ནག་པོ་གྱོན་པའི་དཔོན་གཟུགས་འགར། །
ཟ་འཐུང་སྡུག་རྩོད་ལྟ་བུ་མ་སོང་བར། །
འ་ཅག་གངས་ཅན་བསྟན་སྲིད་དགོངས་པ་ཚོས། །
ཡ་རབས་ལུགས་མཐུན་ལོ་གསར་བྱས་ན་བསམ། །
ར་བ་གངས་དཀར་ལྷུན་པོའི་ཡངས་རྩེ་རུ། །
ལ་རྒྱའི་རྒྱལ་དར་བསྒྲེངས་བཞིན་ལོ་གསར་བྱེད། །
ཤ་ཁྲག་རུས་རྒྱུན་གཅིག་ལས་མཆེད་པ་ཚོས། །
ས་སྟེང་སྐྱིད་སྡུག་མཉམ་འདུས་ལོ་གསར་ཚེས། །
ཧ་ཅང་ཐལ་བའི་སྡུག་བསྔལ་མྱོང་བའི་དུས། །
ཨ་མཚར་མིན་པར་མགོ་བོ་མཐོ་ན་ལེགས། །
ཀ་ཁའི་དབྱངས་རྟ་སྙན་པའི་གླུ་བྲོ་དང་། །
ཁ་བའི་སྡུག་སྐྱིད་མདུན་ལམ་བགྲོ་གླེང་བྱ། །
དགའ་སྡུག་ལོ་གསར་མཉམ་དུ་གཏོང་བའི་ཚེ། །
ཚོགས་བསགས་སྒྲིབ་སྦྱོང་ཚོགས་འཁོར་མཉམ་དུ་རོལ། །
རྒྱལ་འབངས་མཉམ་དུ་འཛོམས་པའི་རྟེན་འབྲེལ་དང་། །
གཤིན་བོར་བསྔོ་སྨོན་གསོན་པོས་དགའ་སྟོན་བྱོས། །
ཀ་ཁའི་དབྱངས་རྟ་སྙན་པའི་གླུ་བྲོ་དང་། །
ཁ་བའི་སྡུག་སྐྱིད་མདུན་ལམ་བགྲོ་གླེང་བྱ། །
ག་སར་ལོ་གསར་མཉམ་དུ་གཏོང་བའི་ཚེ། །
ང་ཚོས་་སྒྲིབ་སྦྱོང་ཚོགས་བསགས་མཉམ་དུ་རོལ། །
བཙན་བྱོལ་དུ་མྱ་ངན་ཆེད་གླུ་གཞས་གཏོང་བ་དང་ལོ་གསར་རོལ་བ་སོགས་ནི་ཕ་གསོད་པ་ལ་རྒྱ་རྔ་རྡུང་ཞེས་ལས་མ་འདས་པས་འཇིག་རྟེན་མི་ཆོས་དང་འགལ་བའི་བྱ་སྤྱོད་འདི་རིགས་ནི་འཇིགས་སུ་རུང་བ་ལས་ཀྱང་སྡུག་གོ
འཇིག་རྟེན་མི་ཆོས་དང་འགལ་ཚེ་སྙིང་ལ་རྭ་སྐྱེས་པ་ཡིན།
ང་ཚོས་དགའ་དགའ་སྐྱིད་ཀྱི་ལོ་གསར་རོལ་ཚེ་འདས་ཟིན་པའི་ཞི་བདེ་དཔའ་བོའི་ནང་མིའི་སེམས་ཇི་འདྲ་ཞིག་ཡིན་སྲིད་་་སྐད་ཆ་འདི་བཤད་མཁན་གྱིས་རང་གི་ཕ་འདས་ཚེ་ད་དུང་གླུ་གར་རོལ་མོ་རྡུང་བཞིན་མྱ་ངན་ཡིན་ཟེར་སྲིད་ཡིད་སེམས་གཏིང་ནས་སྐྱོ་བྱུང་།
དཔའ་བོ་ལ་བསྟོད་པའི་གླུ་དང་དཔའ་མོ་ལ་དགའ་བའི་བྲོ་འཁྲབ་ནས་ལོ་གསར་དགའ་དགའ་སྐྱིད་སྐྱིད་བྱས་ནས་བཏང་ན་བོད་ཀྱི་དཔའ་བོའི་རིག་གནས་སྲོལ་རྒྱུན་དང་མཐུན་ལ་དམ་པའི་ཆོས་ནང་གི་མི་རྟག་པ་དང་སྡུག་ངལ་བྱས་ན་བསྡད་ན་ཤི་གསོན་གཉིས་ཀར་ཕན་ཐོགས་མེད་པར་ཤོད་སྲོལ་ཡོད་པ་དེ་དང་ཡང་མཐུན་པ་རེད། ངའི་སྤུན་ཀྱིས་ཀྱང་རང་ལུས་མེར་སྲེག་བཏང་སོང་ནའང་ང་ཚོ་་ལོ་གསར་སྐྱིད་པོ་བྱས་ནས་གཏོངརྩིས་རང་ཡོད་ལ། བོད་དོན་ཧུར་ཐག་བྱས་ནས་སྒྲུབ་ཀྱི་ཡིན། སྐད་ཆ་སྟོང་པ་དང་དངུལ་རྐྱང་རྐྱང་བཟོས་ཞོར་ལ་དོན་མེད་ཁྲོམ་རྒྱུགས་བྱས་ནས་རྣམ་པ་ཙམ་སྟོན་ནས་མི་ཚེ་བསྐྱལ་ནས་བསྡད་ན་ལོ་གསར་བཏང་ནའང་འདྲ་མ་བཏང་ནའང་འདྲ་སྙིང་པོ་གང་ཡང་ཡོག་མ་རེད། ཕྱིར་སྡོད་བོད་པ་ལགས་་་་་་་་་་་
གནམ་ལོ་གསར་པར་རེ་སྨོན་དེ་རྣམས་མྱུར་དུ་ཡིད་བཞིན་འགྲུབ་པར་ཤོག།
ལོ་མང་བསགས་པའི་གདོང་གི་གཉེར་རིས་སྟོང་ལོ་གསར་པར་སེལ་བར་ཤོག།
བཅུ་དྲུག་ལང་ཚོའི་ཞལ་རིས་རྒྱས་ནས་གཞིས་བྱེས་ལྷན་འཛོམས་མྱུར་སྨོན་ཤོག།
ལག་པ་གཉིས་དེ་ཐལ་མོ་སྦྱར་ནས་གནམ་ལོ་གསར་པར་རྟེན་འབྲེལ་གསོལ།།
བོད་ཀྱི་ལོ་གསར།
ཆུ་སྦྲུལ་ལོ་གསར།
མྱ་ངན་ལོ་གསར།
རྟེན་འབྲེལ་ལོ་གསར།
ལོ་གསར་ལ་སེམས་པ་གསར་པ།
ལོ་གསར་ལ་སེམས་ཤུགས་གསར་པ།
ལོ་གསར་ལ་སློབ་སྦྱོང་གསར་པ།
ལོ་གསར་ལ་ལ་རྒྱ་གསར་པ།
ལོ་གསར་ལ་ལས་འགུལ་གསར་པ།
ང་ནི་ལོ་གསར་མ་གཏང་ནས་ལོ་ངོ་ལྔ་ཙམ་ཕྱིན་སོང་ན་འདི་ལོ་ཡང་ལོ་གསར་གཏོང་རྒྱུའི་འཆར་གཞི་ཡང་མེད་་་་་་
སྤྱིར་ང་རང་ནམ་རྒྱུན་ལོ་གསར་སྐབས་སུ་ཆོས་ཀྱི་བྱེད་གོ་དག་ནི་སྔར་བཞིན་དུ་བསྲུང་གཙི་ཞུ་གི་ཡོད་ འདི་ལོ་ཡང་ཞུ་གི་ཡིན་་་་་
མཐོ་རངས་སྔ་བར་ལངས་ནས་ནས་ལུས་དང་ཡན་ལག་དག་ལེགས་པར་གཙང་མར་ཆུ་ཡིས་བཀ྄རུས་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་རྟེན་གསུམ་དང་རྩ་བའིབླ་མའི་སྐུ་དཔར་སོགས་ལ་མཇལ་དར་ཉིན་མོ་བདེ་ལེགས་ཀྱི་སྣེ་གྲངས་ནས་སྒོ་གསུམ་གུས་པས་ཀྱང་འཕྱག་སྔོན་དུ་འཚལ་ནས་མར་མེ་མཚན་འབར་ཁག་གཞལ་ཁ་ཕྱེ་བ་དང་བཅས་འཕགས་ཀྲ་གཤིས་རྩེགས་པས་མདུན་བསུས་ཏེ་ཡན་ལག་བདུན་པ་སྔོན་དུ་འགྲོ་ནས་བྱང་ཆུབ་སེམས་ཀྱི་སྡོམ་པ་ཆོ་ག་ལ་རྟེན་ནས་རང་གི་བླངས་་་ དེ་ནས་འཕགས་བའི་གནས་རྟེན་བཅུ་དྲུག་གི་གསོལ་འདེབས་དང་སྟོན་པ་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་དང་མཐར་བཀྲ་གཤིས་སྔོ་སྨོན་གྱི་མཐའ་རྒྱན་ཏེ་
ཇ་གཞིམ་པོ་ཞིག་དང་འབྲས་གསིལ་མངར་མོ་དང་གྲོ་མ་མར་འཁུ་དང་ འཆང་འཁོལ་གར་མ་ཞིག་བཅས་དང་པོ་རང་གི་
རྩ་བའི་བླ་མ་བཀའ་དྲིན་ཅན་ལ་མཆོད་ཚིག་རྒྱས་པ་ཞིག་དང་བཅས་ལེགས་པར་མཆོད་ནས་་་་་ དེ་ནས་རང་གི་ཡང་ལེགས་པར་གཟའ་གཏུང་གི་དུས་ཅུང་མདའ་ནས་་་ མཐར་ཀྲ་ཤིས་སྔོ་སྨོན་གྱི་འཚམས་བཞག་གི་ཡོད་་་་་ ང་ཡི་གསར་དེ་ཙམ་ཡིན་་་་་་