དེ་རིང་བསམ་གླིང་ཚེ་རིང་ལྷ་མོ་ཞུ་བས་《སྔར་སོང་མཛད་པ》ཞེས་པའི་སྙན་ངག་ཅིག་ཁ་བརྡ་དྲ་བར་བཀོད་པ་དང་།
ཀླུ་ སྨྱོན་གྱིས་《ངའི་གྲོགས་པོ་ཨ་རི་བ་ཞིག》ཅེས་པའང་ཁ་བརྡ་རུ་བཀོད་པ་གཉིས་ཀྱི་ མཇུག་ཏུ་གནམ་ལྕགས་ཞེས་པའི་མཆན་བུ་འདེབས་མཁན་ཞིག་སླེབས་འདུག
ག མིང་དེ་ནི་བདག་གིས་ལོ་ངོ་བཅུ་གཅིག་གི་ཡར་སྔོན་ནས་བེད་སྤྱོད་བཏང་མྱོང་ལ།
བོད་ནང་གི་དུས་དེབ་དང་ཚགས་ཤོག་སོགས་སུ་ཡ་མང་བོ་ཡོད།
རྗེས་སུ་བཙན་བྱོལ་དུ་ཡོང་ནས་ཀྱང་བེད་སྤྱོད་བཏང་དང་གཏོང་བཞིན་པ་ཡིན་ལ།
ཕལ་ཆེར་ཡོངས་གྲགས་ལྟ་བུར་ཆགས་ཡོད།
བདག་གིས་གནམ་ལྕགས་ཟེར་དོན་ལ་རྒྱུ་མཚན་དུ་མ་ཞིག་ཡོད་དེ།
ངའི་ཕ་ཡུལ་ནི་གནམ་ལྷ་གོང་མ་བར་ཞོལ་གྱི་ནང་ཚན་གནམ་ལྷ་གོང་མ་ཞེས་པ་དེ་ཡིན་ལ།
ལྕགས་ནི་བདག་གི་ཁྱིམ་བརྒྱུད་ལ་ལྕགས་ནག་ཅེས་པའི་དཔའ་བོ་ཞིག་འཁྲུངས་མྱོང་སྟབས་ལྕགས་ནག་གི་རྒྱུད་པ་ཞེས་འབོད་པ་ཡིན།
རྒྱུ་མཚན་དེ་ལ་བརྟེན་ནས་ངས་གནམ་ལྷའི་ལྕགས་ནག་བསྡུས་ཏེ་གནམ་ལྕགས་ཞེས་བཏགས་པ་ཡིན།
རྗེས་སུ་དེ་དུས་བབ་དྲ་ཐོག་ནས་མང་དུ་བེད་སྤྱོད་བཏང་སྟབས།
དྲ་གྲོགས་མང་བོ་ཞིག་གིས་གནམ་ལྕགས་ནི་ལྷ་ཆབ་སྦྱིན་པའོ་ཞེས་མགྲིན་གཅིག་དབྱངས་གཅིག་ཏུ་སྨྲ་བར་ངེས་ན།
མིང་འདི་བེད་སྤྱོད་གཏོང་མཁན་གཞན་སུ་ཡིན་ཡང་ཟུར་དུ་ང་དང་མི་ནོར་བའི་ཆེད་དུ་རྟགས་ཤིག་འགོད་དགོས་པར་མཐོང་།
། རྟགས་ཙམ་མེད་ན་ང་དང་ནོར་ཚབ་ཆེན་པོར་འགྱུར་རོ་ཞེས་ཞུས་པ་ཡིན།
ཡང་གཅིག་བཤད་ན།
རང་རེའི་དྲ་ཚིགས་དག་ན་མི་དང་མིའི་བར་ལ་དབྱེན་དཀྲུག་དང་འཁོན་སློང་ཆེད་གཟས་ནས་འདི་ལྟར་བྱེད་པའང་ཡོད་དེ།
དེ་རིང་གི་གནམ་ལྕགས་ནི་དེ་ལྟ་མ་ཡིན་པར་བསམ་ཚུལ་རང་བཤད་འདོད་མཁན་ཞིག་ཡིན་པ་འདྲ།
གང་ལྟར་གནམ་ལྕགས་ཞེས་པའི་མིང་འདི་ཡོངས་གྲགས་ལྟ་བུར་གྱུར་ཡོད་ན།
རྗེས་སུ་སུས་བེད་སྤྱོད་གཏང་ཡང་བདག་གི་མིང་དང་དབྱེ་བ་ཡོད་པ་ཞིག་ཅིས་ཀྱང་ཡོང་བར་འཚལ་ཞུ་ལ།
ཁ་ བརྡ་དྲ་བདག་དག་གིས་ཀྱང་བདག་གི་དེབ་སྐྱེལ་གྱི་ཁ་བྱང་དགོངས་མངའ་བཞིན་དེ་མ་ ཡིན་པ་དག་ལ་གཟབ་ཙམ་གནང་གལ་དང་གསལ་བཤད་ཅིག་ཡོང་བའི་རེ་བ་དང་བཅས་ལྷ་ཆབ་སྦྱིན་ པའམ་གནམ་ལྕགས་སུ་འབོད་པས་གུས་པས་ཕུལ།
ཁྱོད་གཉིས་ཀྱི་མིང་འདི་ལ་གསལ་ཞིག་ཅིས་ཀྱང་ཕྱེ་དགོས་ཀྱི་འདུག དེ་མིན་མིང་ཆས་བཟང་ངན་གཉིས་ཀྱི་གང་ཡིན་དོ་བདག་གཉིས་ཆར་ཕོག་འགྲོ་བ་ཞིག་བྱུང་སྲིད་དོ།
དེ་འདྲ་ཡིན་ན་ཁག་མི་འདུག སྔ་ཕྱིའི་གོ་རིམ་གྱི་དབང་གིས་དང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་གང་གི་ཆ་ནས་བལྟས་ཀྱང་གནམ་ལྕགས་གསར་བ་ངའི་མིང་བསྒྱུར་དགོས་བྱུང་བ་རེད། མ་བསྒྱུར་ན་སུ་ཡིན་དབྱེ་བ་འབྱེད་དཀའ། ངས་རྒྱུ་མཚན་མེད་པར་གང་འདོད་དུ་བཏགས་པ་ཡིན་ཡང་ལྟ་རྒྱ་ཆུང་བས་ལན་སོང་། རྩོམ་པ་པོ་སྐུ་ཞབས་ལྷ་ཆབ་སྦྱིན་པ་ཁོང་དང་མ་ནོར་ཆེད་ངའི་མིང་འདི་དེ་རིང་ནས་བསྒྱུར་གི་ཡིན།
ཚོད་བལྟ་ཡིན་མཆན་བུ་ལ་།
ངའི་མི་ཚང་གི་མིང་ལ་གནམ་ལྕགས་ཟེར་གྱི་ཡོད་པས་ངས་ཀྱང་གནམ་ལྕགས་བྲིས་ན་མ་གྲིགས་པ་ཡོད་རེད་དམ། གནམ་ལྕགས་ཀྱི་སྤྱི་མིང་སྒེར་བདག་བྱེད་མཁན་དེ་ཚོ་
ཁྱོད་ཀྱི་བཟའ་མི་གང་བོའི་མིང་འབྲི་འདོད་ན་བྲིས་ཀྱང་ཆོག མིང་ནི་སྒེར་དུ་གཏོགས་ལ། ལྷག་པར་དུ་ཚེ་སྲོག་ལྟ་བུའི་བརྩམས་ཆོས་འབྲི་སྐབས་ཀྱི་མིང་ནི་དེ་བས་ཀྱང་སྒེར་དུ་གཏོགས་པ་ཁྱོད་དེ། བྱ་རྒྱལ་རྒོད་པོས་ཤེས་ན་ལེགས་པ་ཡིན། ཁྱོད་ཀྱི་རྐུབ་སྟེགས་མཐོ་ས་ཞིག་ནས་དམའ་རིམ་སྤྱི་ཚོགས་ལ་ཆེད་དུ་བྱད་གཏོང་བར་བཏང་བ་ཞིག་ཡིན་པར་མི་འདོད་པས། བདེན་པ་བཤད་ན་རྫུན་དུ་བསྒྱུར་བ་དང་མངོན་སུམ་བསྟན་ན་བསྙོན་དུ་འབྱིན་པའི་རིགས་ལ་ཐབས་བཀོད་གཅིག་ལས་མེད་པ་དེ་ཡང་ཁྱོད་ཀྱི་ཤེས་ངེས་རེད་སྙམ།