མྱི་སྲས་བཙན་པོ།
ལྗང་མདོག་གི་ནེམ་ཤ་ཡོངས་སུ་དབེན་ཞིང
རི་ལུང་ཀུན་པོས་ཐལ་མདོག་གི་ལྭ་བ་གྱོན་པས
བསམ་གཞིག་ཀྱི་ཀློང་དུ་འཁྱམས་པའི་ཁེར་རྐྱང་གི་བདག་ལ
མྱ་ངན་གྱི་རོལ་དབྱངས་དཀྲོལ་བ་དང་མཚུངས
རང་ཉིད་ཀྱི་རྡོག་སྒྲར་ཉན་པའི་ཁེར་རྐྱང་བ
བསམ་གཞིག་ཀྱི་ཀློང་ནས་མགོ་བོ་དགྱེ་ཙམ་བྱས་ཙ་ན
རྫི་བག་དང་ཞེད་སྣང་ཙམ་ཡང་མེད་པར
གནམ་ས་སྒུལ་བའི་ཟུར་མིག་དེས
དོན་ལྔ་སྣོད་དྲུག་པོ་ཚལ་བར་གཤག་དུམ་བུར་གཏུབ
བསམ་གཞིག་ཀྱི་ཀློང་ནས་ཧོབ་སྟེ་དཀྲོགས་སོང
རང་ཉིད་ལ་བརྩེ་བ་རྣལ་མ་ཞིག་ཐོབ་པའི་ཚོར་བ་ལས་ལྡོག་སྟེ
དངངས་སྐྲག་དང་འཇིགས་སུ་རུང་བའི་བསམ་གཞིག་ཀྱི་ཀློང་དུ
ཡང་བསྐྱར་ཁྲིད་སོང་།
2013 8 30 ལ་བྲིས།