གནམ་སྔོན་པོའི་འོག་གི་སྨྲེ་ངག
______རྒྱ་དམར་པོའི་འོག་ན་བདེ་སྐྱིད་ཞིག་ཡོད་དམ།
གཅན . བཟོད་རྒྱམ།
མིའི་ བདེ་སྐྱིད་ནི་རང་གི་གང་འདོད་པ་དེ་བྱེད་ཆོག་པའམ་བཤད་ཆོག་པ་དེ་རེད། འདོར་ན་རང་དབང་ཟེར་བའང་དེ་རེད། སྐད་ཆ་ཞིག་བཤད་པ་ཙམ་གྱིས་སྲོག་ཁྲིམས་གཅོད་པ་དང་ཚེ་བཙོན་བྱེད་པ། འཛིན་བཟུང་བཙོན་འཇུག་བྱེད་པའམ་ཉེས་རྡུང་ཚད་མེད་བཏང་རྗེས། ཁ་རྗེ་དབང་ཐང་རྩ་མེད་བཟོ་བ། དངུལ་དངོས་ཀྱི་ཆད་པ་ གཅོད་པ། དེ་ནས་ད་དུང་བཙོན་ཁང་ལས་ཕྱིར་ཐོན་རྗེས་ཁོ་ཚོས་ཅི་བྱས་རྣམས་གསང་བ་བྱེད་དགོས་ པ་ལས། གང་བྱུང་མི་ལ་བཤད་ན་ཁྲིམས་འགལ་རེད། ཁོ་ཚོའི་བསམ་ཚུལ་དང་མ་མཐུན་པས་ཁྲིམས་འགལ་རེད། ཁོ་ཚོའི་གསང་བའམ་ཅི་བྱས་ཕྱི་ལ་བཤད་ན་ཁྲིམས་འགལ་རེད། བུ་དང་བུ་མོ་ཁྱད་མེད་དུ་ཁ་དང་གཤང་ལམ་སོགས་ལ་བཙན་གཡེམ་སྟེ་འཁྲིག་སྤྱོད་བྱེད་ ཀྱི་རེད། དུས་གཅིག་ལ་ཁོ་ཚོ་མི་བཞི་ལྔ་རེས་བྱེད་ཀྱི་རེད། ཁོ་ཚོའི་འདོད་པ་བཞིན་ཁ་ནས་འཁྲིག་གཏམ་མ་བཤད་ཚེ་ཉེས་རྡུང་གཏོང་གི་རེད། ང་ཚོས་མི་འདོད་བཞིན་དུ་ཁ་ནས་ཁོ་ཚོ་མྱོས་ཆེད་འཁྲིག་གཏམ་མམ་ཆགས་པའི་སྐད་ཆ་ བཤད་དགོས་པ་རེད། འཁྲིག་སྤྱོད་ཀྱི་ཁུ་བའང་བྱུང་རྒྱལ་དུ་ཁ་དང་གཤང་བུའི་ནང་དུ་བླུགས་ཀྱི་རེད། རོ་ལྟར་གྱུར་བའི་ང་ཚོ། ཚོར་ཤེས་བྲལ་བའི་ང་ཚོའི་ཁ་ནས་”ཁྱོད་ཚོ་མི་མ་རེད། ཁྱོད་ཚོར་རྒྱུ་འབྲས་འཁོར་གི་རེད།”ཟེར་བ་ལས་ཅི་ཞིག་བྱེད་ཐུབ་ཀི་རེད། ཁོ་ཚོས་ང་ཚོར་ཕྲུ་གུ་མི་ཆགས་པའི་སྨན་སྤྲོད་ཀྱི་རེད། མ་ཟས་ན་ཉེས་རྡུང་ལས་གཞན་ཅི་ཞིག་ཡོད། ཡོད་ཚད་ཁོ་ཚོའི་འདོད་པ་ལྟར་དུ་ཁས་ལེན་མ་བྱས་ཚེ་དེའི་མཇུག་འབྲས་ནི་ཡ་ང་བ་ ཞིག་རེད། ཁ་དང་གཤང་ལམ་སོགས་ལ་གློག་རྒྱུགས་བཞུ་གི་རེད། གཅིན་སྐྱག་མ་ཟོས་ན་གློག་རྒྱུགས་བཞུ་གི་རེད། གཅིན་སྐྱག་ཟ་བ་ནི་ཧ་ཅང་བཙོག་པ་ཞིག་རེད་དམ། ངས་བསམ་ན་དེ་ནི་བཙོག་པ་གང་ཡང་མ་རེད་ལ། བཟོན་བསྲན་མི་ཐུབ་པ་དང་མི་ནུས་པ་ཅི་ཡང་མ་རེད། མི་ནུས་པ་དང་བཟོད་མི་ཐུབ་པ་ནི་ང་ཚོར་མིའི་རིན་ཐང་མེད་པ་དེ་རེད། མཐོང་ཆུང་དང་ཁྱད་གསོད་ཀྱི་རྣམ་པས་ཁོ་ཚོའི་གང་འདོད་སྒྲུབ་དགོས་པ་དེ་རེད། དུས་གཅིག་ལ་མི་བཞི་ལྔའམ་དེ་ལས་ཀྱང་མང་བས་རིམ་པ་བཞིན་འཁྲིག་སྤྱོད་བྱེད་པ་ དང༌། བུད་མེད་ཚོར་རྒྱབ་མདུན་གཉིས་ནས་འཁྲིག་སྦྱོར་བྱེད་པ། ཁུ་བ་གང་འདོད་དུ་བཤོ་བ། ཉེས་རྡུང་གཏོང་བ་དང་རྨ་ཁའི་སྟེང་དུ་རྡོག་ཐོ་བཞུ་བ། སྤར་འབྲད་བྱེད་པ། མེ་ཡིས་གསུར་བ། རྐང་ལག་བཞི་རྒྱབ་ཏུ་བཀྱིག་སྟེ་གནམ་འདེགས་རྒྱག་པ། ཉིན་མཚན་དབྱེར་མེད་དུ་གོན་པ་ཕུད་དེ་ར་སྐོར་ནང་དུ་རྒྱུགས་ཤར་བྱས་ཏེ་ངལ་གསོ་ རུ་མི་འཇུག་པ། གཉིད་ཁུག་ཏུ་མི་འཇུག་པ། རྐང་ལག་འཁྱགས་དར་ལ་འབྱར་དུ་འཇུག་པ། ད་དུང་སྐད་ཆ་འདྲི་དགོས་ཟེར་ནས་བུ་བུ་མོ་ལོ་གཞོན་དང་རྣམ་པ་ཅུང་ཡོད་མཁན་ཚོ་ ཁྲིད་དེ་མཐོ་རིམ་དཔོན་ངན་ཚོར་འཁྲིག་སྦྱོར་ཆེད་དུ་རྩིས་སྤྲོད་བྱེད་པ་དེ་ནི་ ཁོ་ཚོའི་ཁ་ངོ་ལེན་ཆེད་རེད། སུ་ཞིག་གིས་ཁོ་ཚོས་བཤད་པ་བཞིན་མ་སྒྲུབ་ཚེ། ཁོ་ཚོ་ཚང་མ་མཉམ་རུབ་ཀྱིས་ཉེས་རྡུང་ཚད་མེད་གཏོང་བ་དང་རིམ་པ་བཞིན་འཁྲིག་ སྦྱོར་བྱེད་ཀི་རེད། འཁྲིག་སྦྱོར་བྱས་ཟིན་རྗེས་མཚན་མ་སོགས་བལྟས་ཏེ་འཕྱ་དམོད་དང་འདོད་གཏམ་སྣ་ ཚོགས་བཤད་ཀི་རེད།
འདི་ ལྟ་བུའི་མནར་གཅོད་ཁྲོད་ནས་ང་ཚོའི་མང་པོ་ཞིག་འདས་ཟིན་པ་རེད་ལ། ང་ཚོའང་ནམ་ཞིག་འདི་ལྟར་ལྐོག་ལྐོག་སིབ་སིབ་ཀྱིས་འཇིག་རྟེན་འདི་དང་བྲལ་དགོས་ པ་རེད་དམ།
ང་ ཚོ་ལ་རང་དབང་ཟེར་བ་ཞིག་ཡོད་དམ། རང་དབང་ཟེར་ན་ཅི་རེད། གང་འདྲ་ཞིག་ལ་རང་དབང་ཟེར་བ་རེད། ཁོ་ཚོས་ང་ཚོར་འདི་ལྟར་བྱེད་པའི་དབང་ཆ་གང་ནས་ཡོང་བ་རེད། སུ་ཞིག་གིས་སྤྲད་པ་རེད། དེང་སྐབས་ང་ཚོར་རང་ཉིད་མི་ཞིག་ཡིན་པའི་འདུ་ཤེས་མེད་པ་མ་ཟད། ཁོ་ཚོས་ཅི་བྱས་ཀྱང་ལུས་སེམས་གཉིས་ཀར་ཚོར་བ་མེད་པ་འདྲ་ཞིག་རེད། དངོས་ནས་ཡིན། ང་དང་ང་ཚོ་ཚང་མ་མི་ཞིག་གི་སྐྱེས་པ་བླངས་པ་ནོར་འཁྲུལ་རེད་འདོད་ཀི དུད་ འགྲོ་ཞིག་ཡིན་ན་ཡང་། གཅིག་ཐང་ན་བཤས་ནས་ཤ་ཟས་འཇོག་པ་ལས་གཞན་ཅི་ཞིག་བྱེད། ཁོ་ཚོས་ང་ཚོ་གསོད་ཀི་རེད་དམ། བསད་བཏང་ན་ང་ཚོའི་འདོད་པ་འགྲུབ་སོང་བ་རེད་མོད། ཁོ་ཚོས་ང་ཚོ་གསོད་ཀི་མ་རེད། བསད་ཚར་ན་ཁོ་ཚོར་སྡུག་སྦྱོད་གཏོང་ས་དང་གང་འདོད་དུ་འཁྲིག་སྦྱོར་བྱེད་ས་ཡོད་ པ་མ་རེད། ཟླ་ཕོགས་དང་ལས་ཀ་ཚང་མ་ང་ཚོར་སྡུག་སྦྱོང་གཏོང་རྒྱུ་དེ་རེད་པས། དེ་ལྟར་མ་བྱས་ན་ཁོ་ཚོར་ཅི་ཡང་མེད་སོང་བ་རེད། དེ་བས་ང་ཚོའི་སྡུག་སྦྱོང་མྱོང་བ་ནི་ཁོ་ཚོའི་འཚོ་བའི་རྒྱུན་ཐག་དང་འབྲེལ་ནས་ བསྡད་ཡོད་པ་རེད། ཨེ་རེད། (ངའི་རིགས་མཐུན་ཀྱི་སྤུན་ཟླ་ཚོ།)
ད་དུང་པར་ངོས་སུ་གསལ་བའི་མནར་གཅོད་འདི་འདྲ་གཏོང་སའི་ཡུལ་ལུང་དང་། བཙོན་ཁང་གི་མིང་། མནར་གཅོད་མྱོང་མཁན། མནར་གཅོད་གཏོང་མཁན་བཅས་ཀྱང་ཅི་ཡིན་སོགས་ཅུང་ཟད་གསལ་ཁ་བཏོད་ཐུབ་ན་ཡག་པོ་འདུག་བསམ།
རྨི་ལམ་སྟོང་གི་མཚན་ཁ་དེ་ཉིད་སྡང་མིག་གཅིག་གིས་གཤེགས་དང་ཐལ།།
རེ་བ་ཁྲི་ཡིས་ལྡེ་མིག་དེ་ཉིད་ཆུ་བར་གློ་ཡིས་བཅོམ་བཞག་ཐལ།།
དྲི་མེད་བསམ་བློའི་གོམ་གཤིས་དེ་ཉིད་ཞེ་བློ་ངན་པས་གཏོར་བཤིག་བཏང་།།
ད་ནི་ཁེ་སྙན་མེད་ལ་ལས་ཀྱི་དབང་མེད་གར་འདུག་གར་འགྲོ་མེད།།
རེ་བ་ཁྲི་ཡི་
ང་ཁོང་ཁྲོ་ལངས་གྲབས་ཤིག་བྱས་ནས་ལངས་མ་སོང་། རྒྱུ་མཚན་ནི་ལོས་ལངས་ལགས་ཀྱིས་གསུངས་པ་ལྟར། པར་འདིའི་སྐོར་ལ་གནས་ཚུལ་ཅི་ཡང་མེད་པས་ངའི་ཁོང་ཁྲོ་མགོ་འཐོམས་སོང་།
རྒྱུ་མཚན་དེ་ཙམ་རང་རེད་པས། པར་དེར་གསལ་བཤད་མེད་པ་བདེན་དུ་ཆུག་ཀྱང༌། རྩོམ་ཡིག་ནང་གི་དོན་དག་ལ་བལྟ་མི་ཤེས་སམ། འདྲ་པར་ཏེ་རི་མོའི་ལམ་ནས་མ་གཏོགས་ཡི་གེའི་ལམ་ནས་ཁྱོད་ཚོར་ཚོར་བ་ཙམ་ཡང་སློང་མ་ཐུབ་པ་རེད་དམ། དངོས་གནས་ཐབས་སྐྱོ་བ་ལ། ཁོའི་རྩོམ་ཡིག་ནང་གི་བརྗོད་དོན་རྣམས་ལ་རེ་རེ་ནས་འདྲ་པར་ཞིག་འཚོལ་དགོས་པ་བྱུང་ན་པར་བརྒྱ་ཕྲག་ལོང་བ་ཡོད་སྲིད་ལ། བཙལ་ཀྱིས་མི་ལངས་པ་རེད།
རྩོམ་ཡིག་འདི་མི་ཞིག་གིས་ཇི་ལྟར་བཤད་པ་བཞིན་བྲིས་འདུག འདི་འདྲའི་མནར་གཅོད་མྱོང་མཁན་རྩོམ་འབྲི་བ་གཅན་བཟོད་རྒྱམ་རེད་ཟེར་ན་ཁོ་ལ་དེ་འདྲ་བྱུང་རབས་གོ་ཐོས་མ་བྱུང་། མི་གཞན་ཞིག་རེད་ཟེར་ན་རྩོམ་ཡིག་གི་མགོ་མཇུག་བར་གསུམ་ན་ཁུངས་སོགས་གང་མི་འདུག རྩོམ་ཡིག་གི་ནང་དོན་རྩོམ་འབྲི་བའི་རྟོག་བཟོ་ཙམ་མ་གཏོགས་དངོས་བྱུང་ཡིན་པའི་དན་རྟགས་གང་ཡང་མི་འདུག པར་དེ་ཡང་དྲ་ངོས་གང་ཞིག་ནས་ཚུར་བླངས་པ་མ་གཏོགས་རྩོམ་ཡིག་འདི་དང་འབྲེལ་བ་མི་འདུག་འདོད།
དེ་ནི་ཁྱེད་ཅག་ལ་མི་འདི་ཡི་མྱང་བ་རེད་ཅེས་གསལ་བཤད་བྱེད་དགོས་པ་ཞིག་མི་འདུག ཟླ་སྒྲོན་ལགས་ཀྱིས་འཁྲབ་པའི་རླུང་རྟ་དང་། ནགས་ཚང་ཞི་ལི་སྐྱིད་སྡུག དེ་མིན་དེ་སྔོན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་འགྲེམས་སྤེལ་བྱས་པའི་འོད་སྡེར་ལས་ལྷ་སའི་བུ་མོ་ཞིག་དངོས་སུ་མྱངས་པའི་གནས་ཚུལ་གསལ་བཤད་བྱེད་ཀྱི་ཡོད་པ་བལྟས་ནས་ཧ་གོ་བ་དང་དོན་རྟོགས་པ་ཞིག་རེད།
他们真的太过分了。 索巴,你一定要继续写下去。
མི་ཡི་ཡུལ་ན་མི་ཡིས་མི་ལ་མི་སྤྱོད་ལས་འདས་མནར་གཅོད་གཏོང་།།
མི་ཡི་སེམས་པ་མི་ཡིས་མ་རྟོགས་མི་ཡིས་མི་ལ་ཡིད་ཆེས་མེད།།
མི་སེམས་སྲ་མོ་རྡོ་ལས་གྲུབ་བམ་མི་ཡི་མི་སྐད་མིས་མ་གོ།
མི་ཡི་གཤིས་འདི་མི་དང་མ་མཐུན་མི་སེམས་མི་ཡིས་སྡུག་ལ་སྦྱར།།
འདྲ་པར་འདི་ང་ཚོ་བོད་ཀྱི་པར་རིས་མིན་ནའང་། འདིས་ང་ཚོ་ཏག་ཏག་མཚོན་ཐུབ་ཀྱི་འདུག
འདྲ་པར་འདི་བོད་ཀྱི་ཡིན་ཐག་གིས་ཆོད། ངས་ཀྱང་བོད་ནང་གི་དྲ་ར྄ྒྱ་ཞིག་ནས་མཐོང་མྱོང༌།ཁྱོད་ཚོས་འདྲ་པར་འདི་ཇེ་ཆེར་བཏང་ས྄ྟེ་ལ྄ྟོས་དང༌། མི་འདི་ཚོའི་གཟུགས་པོའི་ཐོག་ན་ས྄ྔོ་ཐིག་དང་དམར་ཐིག་གིས་གང་བས྄ྡད་འདུག་ མནར་གཅོད་འདི་ཚོ་དངོས་གནས་ལ྄ྟ་མི་བཟོད་ཅིང༌། བསམ་མི་ཕོད་པ་ཞིག་རེད།
དཔར་ཡག་པོ་ཞིག་འདུག་ ཡང་བས྄ྐ྄ྱར་མུ་མཐུད་ནས་ས྄ྤེལ་རོགས།
ཐུགས་ར྄ྗེ་ཆེ།
བལྟས་ཚོད་ཀྱིས་པར་འདི་ཚོ་བོད་པ་ཡིན་བསམ་པ་མི་འདུག ཡིན་ནའང་ཁོ་ཚོས་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་པའི་ཉེས་རྡུང་དང་ཁྲིམས་མེད་ལུགས་མེད་ངང་སོ་སོས་གང་དྲན་དྲན་བྱེད་བཞིན་ཡོད་པའི་བདེན་དཔང་བྱེད་ཐུབ།