བསྟན་འཛིན་རྡོ་རྗེ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལག་བསྟར་ངེས་སྟོན་པ།
པདྨ་ཚེ་དབང་ཤཱསྟྲིས་དབྱིན་སྐད་ཀྱི་མ་ཕྱི་ནས་ཕབ་སྒྱུར་བྱས།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།
༄༅། །སྔ་ལོ་དཔྱིད་ཀ་ང་ཁེརོའི་(Cairo)ནང་སྣུམ་འཁོར་སྒུག་སྟེ་བསྡད་ཡོད། ཞོགས་པའི་སྐྱ་རེངས་ཤར་བའི་སྐབས་དེར། སྣུམ་འཁོར་གྱི་བབས་ཚུགས་ཡོད་སའི་ཊེཧརིར་བཞིར་མདོ་ནི། གྲོང་ཁྱེར་ཁྱོན་ཡོངས་ཀྱི་ཁང་བརྩེགས་ཀྱི་གྱང་ངོས་དང་། དྲིལ་བསྒྲགས་བྱེད་ཡུལ་ཆེན་པོ་རྣམས་ཧོསནི་མུབྷ་རཀ་གི་ངོ་གདོང་གསལ་བའི་དྲིལ་བསྒྲགས་སྦྱར་བྱང་གིས་གང་སར་ཁྱབ་པ་མ་གཏོགས་སྟོང་སངས་རེད། ཡུལ་མི་ཚོས་ཇ་འཐུང་ས་དང་ཧུབ་ཀ་འཐེན་སའི་ཇ་ཁང་དག་ཏུ་གསར་བརྗེའི་དྲི་མ་ཁ་རྒྱུ་མི་འདུག དེའི་ཚབ་ཏུ་ལུང་པ་དེ་དུས་རྟག་ཏུ་མུབྷ་རཀ་ཀྱི་མངའ་འོག་ཏུ་སྡོད་རྒྱུར་གཉའ་ཆགས་ཏེ་ཡུན་རིང་ཁོ་ཐག་ཆོད་ནས་ལུས་ཡོད་པའི་ཚོར་སྣང་ཞིག་འདུག
ལོ་གཅིག་ལས་ཉུང་བའི་དུས་ཡུན་གྱི་རྗེས་སུ། ཕྱི་ཟླ་དང་པོའི་ནང་། འཛམ་གླིང་རྒྱ་ཁྱབ་ཏུ་གཟུགས་མཐོང་རླུང་འཕྲིན་གྱི་ངོས་སུ་ཨི་ཇིབཊ་ཀྱི་གསར་བརྗེའི་གཟུགས་བརྙན་འཆར་བ་དང་། ཊེཧརིར་བཞི་མདོ་ནི་ངོ་རྟགས་མི་ཆོད་པ་ཞིག་ཏུ་གྱུར་འདུག ཐོག་མར་ཏུནིསིཡ་དང་། དེ་ནས་ཨིཇིབཊ། ད་ཆ་བྷཱརཱན་དང་ལིབྷིཡ་ལ་སོགས་ཨ་རབ་ལུང་པའི་ས་ཁྱོན་གང་སར་མང་ཚོགས་ཀྱི་སྟོབས་ཤུགས་འབར་བའི་སྐབས་འདིར། མང་གཙོ་ཅན་དུ་བསྒྱུར་བའི་རྦ་རླབས་ཐེངས་བཞི་པ་དེ་ང་ཚོས་མཐོང་གི་རེད་བསམ་རྒྱུར་ཐེ་ཚོམ་བྲལ། ཅི་སྟེ་དེ་ལྟར་ཡིན་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཏུ་གནས་བཞིན་པའི་མི་མང་དུང་ཕྱུར་བཅོ་ལྔ་དེས། རང་དབང་དང་མང་གཙོའི་རླབས་ཕྲེང་འདིར་བཞོན་ཐུབ་བམ།
ཨ་རབ་ཀྱི་དཔྱིད་ཀའི་རྡུལ་མ་ཡལ་གོང་ལ། གནད་དོན་དབྱེ་ཞིབ་པ་ཚོས་ཏུནིསིཡ་དང་། ཨིཇིབཊ་ནང་གི་གྱེན་ལངས་ཀྱི་རྒྱུ་གཙོ་བོ་གསུམ་ནི། དབུལ་བ་དང་། ལས་མེད། ལྐོག་ཟ་རུས་སུངས་བཅས་རེད་བརྗོད་ཀྱི་ཡོད། དེས་ན་སྤྱི་ཚོགས་དཔལ་འབྱོར་གྱི་གནས་སྟངས་དང་། རྣམ་གྲངས་རེའུ་མིག་འདི་དག་ད་ལྟའི་རྒྱ་ནག་ལ་ཚང་གི་མེད་སྟབས། འགའ་རེས་ཏུནིསིཡའི་ཤུགས་རྐྱེན་གྱིས་བྷེཇིང་གི་དབང་སྒྱུར་འགུལ་སྐྱོད་གཏོང་རྒྱུར་རེ་བ་བྲལ་བར་རྩི་བཞིན་ཡོད། འོན་ཀྱང་ང་ཚོས་རྒྱུན་སྲིངས་གནས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དེ་དྲན་པ་བྱས་ན། གསར་བརྗེ་ནི་རྣམ་གྲངས་ཀྱིས་མི་བསྐྲུན་པར་མང་ཚོགས་ཀྱིས་བསྐྲུན་པ་རེད།
ལོ་ཁ་ཤས་ཀྱི་གོང་ལ། ང་དང་ངའི་གྲོགས་པོ་གཅིག་པེལིསཊིན་དུ་འཚེ་བ་སྤངས་པའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ལ་ཞུགས་པ་ཡིན། བགྲོ་གླེང་དང་ལས་གྲྭ་དག་གྲུབ་པའི་དགོང་དྲོ་གཅིག་ལ། ང་ཚོར་འཚེ་བ་སྤངས་པའི་འཐབ་རྩོད་རྣམ་གཞག་གི་སྲོལ་གཏོད་པ་མཁས་དབང་། ཇཱིན་ཤརྤ་དང་ལྷན་དུ་ལྷོད་སྡོད་བྱེད་རྒྱུའི་སྐལ་བཟང་ཐོབ། རྒྱ་ནག་དང་བོད་ཀྱི་ནང་དུ་མང་ཚོགས་ཀྱིས་ངོ་རྒོལ་བྱེད་ཐུབ་མིན་གྱི་སྐོར་ལ་བཀའ་མོལ་ཞུ་སྐབས། ང་ཚོས་ཁོང་ལ་གསར་བརྗེ་བྱེད་པར་ཆ་ལག་གལ་གནད་ཆེ་ཤོས་གཅིག་པོ་དེ་ག་རེ་ཡིན་པ་དགོངས་ཀྱི་ཡོད་མིན་བཀའ་དྲི་ཞུས་པར་ཁོང་གིས། ཐེ་ཚོམ་སྤུ་ཙམ་མེད་པའི་ངང་ནས། ང་ཚོས་མི་ཚེའི་ནང་གི་གཞི་རྩའི་དངོས་ཡོད་ཀྱི་གནས་ཚུལ་འདི་འདྲ་ཞིག་ཀྱང་ཤེས་མི་ཐུབ་པ་གང་ཡིན་ནམ་སྙམ་པའི་མཚར་སྣང་ཅུང་ཟད་སྟོན་པའི་གསུང་གདངས་དང་བཅས་ཏེ། ༼རེ་བ་༽ཞེས་ལན་འདེབས་གནང་བྱུང་།
མང་ཚོགས་ཀྱིས་ཁོང་ཚོ་དབུལ་ཕོངས་དང་ལས་མེད་ཡིན་པའི་རྒྱུ་མཚན་གཅིག་པུས་སྒེར་ལངས་བྱེད་པ་མ་ཡིན་པར། མང་ཚོགས་ཀྱིས་འགྱུར་བ་ཡོང་སྲིད་པའི་ཡིད་ཆེས་བྱུང་ན་ཁོང་ཚོས་སྒེར་ལངས་བྱེད་ཀྱི་ཡོད། ཏུནིསིཡའི་གསར་བརྗེ་ལ་ལམ་ལྷོངས་བྱུང་རྗེས། ཨིཇིབཊའི་ཡུལ་མི་ས་ཡ་མང་པོར་གློ་བུར་དུ་རེ་བ་གསར་པ་ཞིག་རྙེད་དེ། འགྱུར་བའི་དགོས་འདུན་བཏོན་པར་སྲང་ལམ་སྟེང་དུ་འཕྱུར་བ་རེད། དངོས་འབྲེལ་བྱས་ན། ཏུནིསིཡ་དང་། ཨིཇིབཊ་གཉིས་ཀའི་ནང་གི་གསར་བརྗེ་དེ་དབུལ་ཕོངས་དང་ལས་མེད་པ་ཚོས་འགོ་འཁྲིད་པ་མིན། དེ་ནི་རང་གི་རྒྱལ་ཁབ་ཇི་ལྟར་འཛིན་སྐྱོང་བྱེད་མིན་གྱི་ཐད་ལ་ཐེ་གཏོགས་བྱེད་འདོད་པའི་ཤེས་ཡོན་ཅན་དང་། དྲྭ་རྒྱ་སྤྱོད་མཁན། མི་ཚང་འབྲིང་རིམ་ཚན་པའི་གཞོན་སྐྱེས་རྣམས་ཀྱིས་གོ་སྒྲིག་དང་། ལག་བསྟར་བྱས་པ་རེད། གལ་ཏེ་གསར་བརྗེ་དེ་དག་དབུལ་ཕོངས་དང་ལས་མེད་ཀྱིས་བསྐྲུན་གྱི་ཡོད་ན། ཤེས་ཡོན་ཅན་དང་། འབྲིང་རིམ་ཚན་པའི་གྲངས་མང་གནས་པའི་རྒྱལ་སྤྱིའི་དངུལ་ཁང་ཆེ་ཁག་གི་ལྟེ་གནས་བྷཱརཱན་གྱི་ནང་དུ་ང་ཚོས་གྱེན་ལངས་མཐོང་བ་ཅི་ཡིན་ནམ། གལ་ཏེ་རྒྱ་ནག་གི་གཞོན་སྐྱེས་རྣམས་བཅུ་ཕྲག་གཅིག་གི་སྔོན་ལས་ད་ལྟ་དཔལ་འབྱོར་བཟང་བ་ཡོད་ན། དེས་ཁོང་ཚོར་རང་དབང་དང་མང་གཙོའི་དགོས་འདུན་འདོན་རྒྱུའི་མངོན་འདོད་དེ་མང་དགོས་པ་ལས་ཉུང་བ་མིན།
དེ་ལྟར་ཡང་། རེ་བས་མང་ཚོགས་ལ་སྐུལ་སློང་བྱེད་ཐུབ་ཀྱང་། འཐབ་བྱུས་དང་ལག་ཆར་བརྟེན་དགོས་པའི་ལམ་ལྷོངས་ཀྱི་ཁག་ཐེགས་བྱེད་མི་ཐུབ། བདུན་ཕྲག་དུ་མའི་རིང་ལ་ང་ཚོའི་གཟུགས་མཐོང་རླུང་འཕྲིན་གྱི་ངོས་ཁེངས་པའི་ཏུནིས་དང་ཁེརོའི་མང་ཚོགས་ཀྱི་འདུ་འཛོམས་དེ། དྲྭ་རྒྱའི་ནུས་ཤུགས་བཀོལ་སྤྱོད་བྱེད་པའི་ལས་འགུལ་བའི་སྡེ་ཁག་དང་། གཞོན་སྐྱེས་ཀྱི་འགོ་ཁྲིད་དེ་ཚོས་འཚེ་བ་སྤངས་པའི་འཐབ་རྩོད་ཀྱི་ནང་དུ། ལོ་དང་ཟླ་བ་བསྟུད་དེ་གོ་སྒྲིག་དང་། སྦྱོང་བརྡར། ཡོལ་བའི་རྒྱབ་ཀྱི་འཐབ་བྱུས་ལྡན་པའི་འཆར་གཞི་འདིང་བ་བཅས་སྔོན་དུ་སོང་ཡོད།
དྲྭ་བའི་བརྒྱུད་ལམ་དེས་གཞི་རིམ་མང་ཚོགས་ཀྱི་ནུས་ཤུགས་ཧ་ཅང་ཆེ་རུ་བཏང་ཡོད་པ་མ་ཟད། དབང་ཆའི་བགོ་འགྲེམས་ཡང་བྱས་ཡོད། ཨིཇིབཊ་གྱེན་ལངས་ཀྱི་དཔའ་བོའི་གྲས་ནས་གཅིག་ཡིན་པ། ཝེལ། གྷོནིམ་གྱིས་༼གལ་ཏེ་སྤྱི་ཚོགས་ཤིག་བཅིངས་གྲོལ་གཏོང་འདོད་འདུག་ན། ཁོང་ཚོར་དྲྭ་རྒྱའི་མཐུན་རྐྱེན་སྤྲོད།༽ ཅེས་ལེགས་པར་སྨྲས་ཡོད། གྷོནིམ་གྱིས་ཆེས་ལན་པོའི་སྒོ་ནས་ཁོང་ཚོའི་སྒེར་ལངས་དེར། ༼གསར་བརྗེ་༢།༠༽ ཞེས་བཏགས་ཡོད་ལ། ཨིཇིབཊ་ཡི་གསར་བརྗེ་དེ་དྲྭ་ལམ་བརྒྱུད་དེ་འགོ་ཚུགས་པ་རེད།
རྒྱ་ནག་དེ་༼གསར་བརྗེ་༢།༠༽ལ་གྲ་སྒྲིག་ཨེ་ཡོད། དེང་སང་རྒྱ་ནག་ཏུ་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་དུང་ཕྱུར་ཕྱེད་ལ་ཉེ་བ་ཞིག་ཡོད། རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་དེ་མྱུར་པོར་འཕེལ་རྒྱས་འགྲོ་བཞིན་ཡོད། གདོང་དེབ་དང་འདྲ་བའི་རྒྱ་ནག་གི་རན་རན་ཟེར་བ་དེ་བེད་སྤྱོད་གཏོང་མཁན་ས་ཡ་བརྒྱ་དང་བདུན་ཅུ་ཡོད་ལ། ཟིན་བྲིས་ཀྱི་དྲྭ་གནས་སི་ནཱ་ཟེར་བ་དེ་བེད་སྤྱོད་གཏོང་མཁན་ས་ཡ་བདུན་ཅུ་དོན་ལྔ་ཡོད། རྒྱ་ནག་གི་མེ་རྩིག་ཆེན་མོ་དེ་ཡོད་མིན་ལ་མ་ལྟོས་པར། རྒྱ་རིགས་དྲྭ་བ་པ་ཚོས་བཀག་སྡོམ་ལས་གཡོལ་ཐབས་དང་། ཡིག་ཕྲེང་གི་བར་ནས་ྐློག་པའི་འཐབ་རྩལ་ལ་སྦྱང་ཡོད། ༼ཨིཇིབཊ་༽ཞེས་པའི་ཚིག་དེ་དྲྭ་ལམ་ནས་ཡལ་སྐབས། ཁོང་ཚོས་ཁེརོའི་ནང་དུ་ཟིང་ཆ་ལངས་པའི་ཚོད་དཔག་ཐུབ་ཡོད། གནས་འཕྲིན་དྲྭ་བའི་དུས་རབས་འདིའི་ནང་དུ་གནས་ཚུལ་འགོག་ཐབས་ཀྱི་དམག་འཐབ་ཇི་འདྲ་བྱས་ཀྱང་དོན་མེད་རེད།
ཡིནའང་རྒྱ་ནག་གི་གསར་བརྗེའི་ལམ་ལྷོངས་ཀྱི་མཐར་ཐུག་དེ། ནུས་པ་ལྡན་པའི་འཐབ་བྱུས་ཀྱི་བཀོལ་སྤྱོད་ལ་རག་ལས་ཀྱི་རེད། ཨིཇིབཊ་དང་ཏུནིསིཡའི་ནང་དུ་ལས་འགུལ་བ་དང་། གོ་སྒྲིག་པ་ཚོས་ཕྱི་ལོ་༢༠༠༠ ལོར། སོལོབྷོཌཱན། མིལོཤོཝིཁ། མགོ་རྟིང་སློག་པར་རམ་འདེགས་བྱེད་མཁན་སརབྷིཡའི་གཞོན་ནུའི་ལས་འགུལ་ཐེ་བའི་མང་གཙོ་དོན་གཉེར་བའི་སྒྲིག་འཛུགས་གཞན་དང་འབྲེལ་བ་བྱས་ཡོད། ཁོང་ཚོས་སྒེར་གྱི་ཁྱིམ་དུ་འཛོམས་ཏེ། སརབྷིཡའི་སྒེར་ལངས་ཀྱི་སྐོར་ལ་༼སྲིད་དབང་སྒེར་སྤྱོད་པ་འཆམ་ལ་འབེབས་སྟངས་༽ཞེས་པའི་གློག་བརྙན་བལྟས་པ་དང་། ཇཱིན་ཤཱརྤ་ཀྱིས་བྲིས་པའི་༼སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར་༽ལ་སོགས་པའི་དེབ་རིགས་བྐླགས་སྟེ། འཚེ་བ་སྤངས་པའི་ལས་འགུལ་རྣམས་མ་སྐུལ་དྭང་བླངས་ཀྱིས་བྱུང་བ་ལས། འཐབ་བྱུས་ལྡན་པའི་འཆར་འགོད་དང་སྦྲགས་ཏེ་བྱས་ན་ནུས་ཤུགས་ཆེ་བ་ཡོད་པའི་བསླབ་བྱ་ཡིད་ལ་བྱས་ཡོད། གལ་ཏེ་རྒྱ་ནག་གི་ལས་འགུལ་བ་ཚོས། ༡༩༨༩ ལོའི་གནམ་སྡེ་སྒོར་མོའི་ལས་འགུལ་ནང་གི་འཐབ་བྱུས་ལྡན་པའི་ཐག་གཅོད་དང་། ལམ་ལྷོངས་མ་བྱུང་བའི་བསླབ་བྱ་བླངས་ཏེ་དཔྱད་ཞིབ་ཐུབ་ན། ཁོང་ཚོར་ཐེངས་རྗེས་མར་ལམ་ལྷོངས་ཡོང་རྒྱུའི་གོ་སྐབས་ཆེས་མཐོ་བ་ཞིག་ཡོད།
འགའ་ཞིག་གིས་རྒྱ་ནག་གི་སྲིད་གཞུང་དེས་འཚེ་བ་སྤངས་པའི་གསར་བརྗེ་ཞིག་ཡོང་འཇུག་པ་ལ། ཆེས་ཡ་ང་སྙིང་རྗེ་བྲལ་བ་ཞིག་ཡིན་པས། གནད་ཆེའི་ས་གནས་སུ་མ་སླེབས་སྔོན་ལ་ངོ་རྒོལ་བ་རྣམས་འཛིན་བཟུང་བྱས་འགྲོ་བར་ཡིད་ཆེས་བྱེད་ཀྱི་ཡོད། ཡིནའང་མང་ཚོགས་ཀྱི་ངོ་རྒོལ་དེ། མངོན་གསལ་དོད་ཤོས་ཀྱི་གྲས་ཡིན་ཀྱང་། ཕན་ནུས་ཆེ་ཤོས་ཀྱི་རྣམ་པ་ཅན་གྱི་འཚེ་བ་སྤངས་པའི་འགོག་རྒོལ་ཞིག་ཡིན་དཀའ་བ་རེད། སྲང་ལམ་གྱི་ངོ་རྒོལ་བའི་སྟེང་དུ་དྲག་གནོན་མྱུར་པོ་དང་སྐྱི་གཡའ་བ་ཡོང་སའི་ས་གནས་ཁག་ཏུ། མཐུན་ལམ་མི་བྱེད་པ་དང་། སྤྱི་དམངས་ཀྱི་བཀའ་བརྩི་དྭང་ལེན་མི་བྱེད་པའི་འཐབ་རྩལ་རྣམས་ཕན་ཐོགས་ཆེ་བ་ཡོད། དབང་སྒྱུར་བའི་བཀའ་ལ་བརྩི་མེད་བྱེད་པའི་འཐབ་རྩལ་འདི་དག་གིས། འཛིན་བཟུང་གི་ཉེན་ཁ་ཆུང་དུ་གཏོང་བ་དང་། ལས་འགུལ་གྱི་འཚོ་གནས་རིང་དུ་གཏོང་བ་དང་ཆབས་ཅིག ཡ་ང་སྙིང་རྗེ་བྲལ་བའི་སྲིད་སྐྱོང་བ་དག་གི་ཚུགས་ཀ་གཏོར་ཡོད།
འཛམ་གླིང་ནང་ཡོང་ཁྱབ་དེ་ཙམ་མེད་ནའང་། དེང་སང་བོད་མི་ཚོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཐུན་ལམ་མི་བྱེད་པའི་ལས་འགུལ་ལ་འཇུག་བཞིན་ཡོད། ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་སྒེར་ལངས་བྱུང་བ་ནས་བཟུང་། བོད་མཐོ་སྒང་དུ་རྟེན་གཞི་བྱས་པའི་རྒྱ་ནག་དྲག་དཔུང་གིས་སྲང་ལམ་སྟེང་གི་ངོ་རྒོལ་གྱི་རྣམ་པ་ཐམས་ཅད་བཀག་ཡོད། འོན་ཀྱང་གསར་བརྗེ་དེ་རང་རང་གི་ཁྱིམ་ནང་དུ་སྤོས་པ་ཙམ་ལས་རྩ་ཡལ་དུ་ཕྱིན་མེད། བོད་མི་ཚོས་ད་ཆ་དྲན་ཤེས་ལྡན་པའི་འབད་རྩོལ་གྱི་ལམ་ནས་བོད་སྐད་ཁོ་ན་སྤྱོད་པ་དང་། བོད་པའི་ཟ་ཁང་ཁོ་ན་ནས་ཁ་ལག་བཟའ་བ། བོད་པའི་ཚོང་ཁང་ཁོ་ན་ནས་ཉོ་ཆ་བརྒྱབ་པ་སོགས་བྱེད་ཀྱི་ཡོད། བོད་མི་ཚོས་རང་རང་གི་འགོག་རྒོལ་གྱི་བླ་ཤུགས་དེ་རང་ཉིད་ལ་ཕན་པའི་སྤྱི་ཚོགས་དང་། རིག་གཞུང་། དཔལ་འབྱོར་གྱི་ལས་འགུལ་ ༼བོད་མིའི་སྐད་ཡིག་དང་རིག་གཞུང་ཁྱབ་སྤེལ་༽དང་། ༼རྒྱ་མིའི་སྒྲིག་འཛུགས་དང་ཚོང་ལས་ཁག་ལ་རྒྱབ་སྐྱོར་མི་བྱེད་པའི་༽ མཐུན་ལམ་མི་བྱེད་པའི་བྱེད་ལས་ལ་འཇུག་གི་ཡོད། དྲག་གནོན་ཆེ་ཤོས་ཀྱི་ཆབ་སྲིད་ཁོར་ཡུག་ཅིག་གི་ནང་དུ་བོད་མི་ཚོས་ཁ་ཁུ་སིམ་པོ་དང་། ག་ལེར་བསྐྲུན་བཞིན་པའི་འཚེ་བ་སྤངས་པའི་ལས་འགུལ་དངོས་སུ་བྱེད་ཐུབ་པ་དེས། རྒྱ་ནག་སྲིད་གཞུང་གི་ཐད་དུ་མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པའི་ལམ་ཞིག་ཡོད་པ་སྟོན་གྱི་ཡོད།
དཔལ་འབྱོར་གྱི་བྱ་འགུལ་ཚད་མཐོ་ཡོད་པའི་རྒྱ་ནག་གི་རྣམ་པ་ལ་མ་ལྟོས་པར། རྒྱ་ཁྱབ་ཀྱི་ལྐོག་ཟ་རུལ་སུངས་དང་། ཡོང་འབབ་ཆ་སྙོམས་མེད་པ། ལས་མིའི་ཟིང་ཆ། ཉོ་ཐང་གི་འཕར་ཚད་མཐོ་བ། ཁོར་ཡུག་སྦག་བཙོག་ལ་སོགས་མང་ཚོགས་འདོད་བློ་མ་ཁེངས་པའི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ཨ་རབ་ཡུལ་གྲུའི་ནང་དུ་གས་ཐོར་བྱུང་བ་ཡོངས་རྫོགས་ཀྱིས་རྒྱ་ནག་མུ་མཐུད་མནར་བཞིན་ཡོད། ཕྱི་ལོ་༢༠༠༨ ནས་བཟུང་སྟེ་རྒྱ་ནག་གིས་བོད་མིའི་ཞི་བའི་སྒེར་ལངས་དང་། ཤར་ཏུརཀིས྄ྭཐན་གྱི་ནང་དུ་ཡུ་གུར་གྱི་སྒེར་ལངས། དེ་བཞིན་ལོ་རེའི་ནང་མང་ཚོགས་གྱེན་ལངས་ཀྱི་དོན་རྐྱེན་༩༠༠༠༠ ཙམ་མཐོང་ཡོད། རྒྱ་ནག་གཞུང་གིས་རྒྱལ་ཁབ་རྒྱལ་སྲུང་གི་ཆེད་དུ་འགྲོ་གྲོན་བཏང་བ་དང་ཧ་ལམ་ཆ་འདྲ་བའི་དངུལ་འབོར་རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་གཏོང་གི་ཡོད། འདིས་རྒྱ་ནག་སྲིད་གཞུང་དེར་རང་ཉིད་ཀྱི་རྒྱལ་ཁམས་ཀྱི་ནང་དུ་ཉེན་ཁ་ཆེན་པོ་ཞིག་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་མཚོན་པ་རེད།
ཕྱི་ལོ་༢༠༡༡ འདིས། རྒྱ་ནག་གི་མི་རབས་སྔོན་མ་ཞིག་གིས་མནཇུའི་རྒྱལ་བརྒྱུད་མགོ་རྟིང་སློག་སྟེ། ཕྱི་ལོ་༡༩༤༩ བར་དུ་གནས་པའི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་བཟུང་ལོ་བརྒྱ་ཕྲག་གཅིག་ཏག་ཏག་ཟིན་པ་མཚོན་གྱི་ཡོད། བདུན་ཕྲག་འདིའི་ནང་དུ་༼ཡེསམིན་གསར་བརྗེའི་༽ གོ་སྒྲིག་པ་ཚོས་རྒྱ་ནག་གི་གྲོང་ཁྱེར་བཅུ་སུམ་གྱི་ནང་དུ་གཟའ་ཉི་མ་ནམ་འཁེལ་ལ་ངོ་རྒོལ་འདུ་འཛོམས་བྱེད་རྒྱུའི་འབོད་སྐུལ་ཞུས་སྐབས། ང་ལ་སྲིད་དབང་སྒེར་སྤྱོད་ལམ་ལུགས་པའི་ཐད་དུ་ས་གནས་གང་སར་གཟའ་སྐར་མཐུན་སྦྱོར་མེད་པའི་ཚོར་བ་ཡོང་རྒྱུ་འགོ་བཙུགས་སོང་། གལ་ཏེ་རྒྱ་རིགས་མང་ཚོགས་ཀྱིས་འཚེ་བ་སྤངས་པའི་ལག་ཆ་དང་། འཐབ་བྱུས་ལྡན་པའི་འཆར་གཞི་གཉིས་ཟུང་དུ་སྦྲེལ་ཏེ་གོ་སྐབས་འདི་འཛིན་ཐུབ་ཚེ། ཁོང་ཚོས་འཛམ་གླིང་གི་མི་འབོར་བཞི་ཆ་གཅིག་བཅིངས་གྲོལ་གཏོང་རྒྱུར་འགྲེངས་ཐུབ། ད་ནི་དུས་ཚོད་རན་ཚོད་རེད།།
པད་མ་ཚེ་དབང་ཞུ་བ་ལགས། ཏུནིསིཡའི ཁེརོའི ཧོསནི་མུབྷ་རཀ མུབྷ་རཀ ཇིབཊ ཏུནིསིཡ ཨིཇིབཊ བྷཱརཱནལིབྷིཡ བྷཱརཱན སོལོབྷོཌཱན། མིལོཤོཝིཁ། ཏུནིསིཡའི ཇཱིན་ཤཱརྤ བྐླགས གོང་བཀོད་འདི་དག་གི་ཚབ་ཏུ་བོད་ཡིག་འབྲི་རོགས།
བོད་རང་གི་བརྡ་སྤྲོད་པའི་གཞུང་ལས་རྨང་གཞི་གཉིས་དང་གསུམ་ལ་དབྱངས་བཞིའི་གང་སྦྱར་ཡང་གང་དུ་འཇུག་པ་མེད་ཅིང་སྦྱར་བའང་མེད་ཅེས་གསུངས་ཡོད་པ་རེད།
འདི་ལྟ་བུ་ནི་བོད་ཡིག་གི་ནང་དུ་དབྱིན་ཡིག་འབྲི་བ་དང་རྒྱ་དཀར་ནག་གི་ཡིག་རིགས་སོགས་འབྲི་བ་དང་གཅིག་པ་ཡིན་པས་བོད་ཀྱི་སྐད་ཡིག་ལ་གཏོར་བརླག་གཏོང་མཁན་གྱི་ཉེས་ཅན་པ་རང་ཆགས་ཀྱི་རེད།
xxxxxxxxxxxxxxxxxxxxx
རྩོམ་སྒྲིག་པ་ལགས། xxxxxxxxxxxxxxxxxxxxརྩོམ་ཡིག་དྲ་ཐོག་གསུབ་གནང་བའི་འབོད་སྐུལ་ཞུ་གི་ཡོད། དེ་ལས་དབྱིན་ཡིག་གི་མ་རྩོམ་རང་བཀོད་པ་ཡིན་ན་མགོ་རྙོག་མི་འདུག
Egypt and Tunisia. Arguing འདི་ཚོ་བོད་སྐད་ནང་བསྒྱུར་བར་བོད་ཡིག་མ་འདང་བ་ཞིག་འདུག་གམ།
xxxxxxxxxxxxxxx
སྟག་སྨྱོན་ལགས།
རྩོམ་འབྲི་མཁན་ལ་ཚིག་རྩུབ་དང་དམའ་འབེབས། འཐབ་འཛིང་བྱེད་པ་བཅས་ལ་ཁ་བརྡས་དགའ་བསུ་མི་ཞུ།
འདི་མཁྱེན་པ་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha.gmail.com
དཔེར་ན། ཨིཇིབཊ། ཨེ་ཇིབ་གང་ཚད་ལྡན་ཡིན་མིན་གཟིགས་རོགས།
མུབྷ་རཀ། དེའི་ཚབ་ལ་མུ་བྷ་ར་ཞེས་བསྒྱུར་ན་ལེགས་པ་ཡོད་མེད་དཔྱད་པ་གནང་རོགས།
ཁ་བརྡའི་བཤད་པར་མོས་གུས་ཡོད། འོན་ཀྱང་ཤེས་ཡོན་པ་མིང་ཁུར་མཁན་ཞིག་གིས་མ་ཤེས་པ་མི་སྲིད་པས། འདི་ལྟར་བྱེད་ཆེད་མངགས་བརྙས་བཅོས་ཏུ་མཐོང་ནས་ཚིག་རྩུབ་བཤད་དགོས་བྱུང་རེད། མ་ཤེས་པ་ལ་བསམ་ཤེས་བྱེད་ཐུབ་ཀྱང་ཤེས་བཞིན་ཆེད་མངགས་བརྙས་བཅོས་བྱས་པ་བཟོ་སྒོམ་ཇི་ལྟར་བྱེད་དགོས་པ་རེད་དམ།
མི་འདི་ཚོར་གནས་ལུགས་བཤད་ན་ཉན་གི་མ་རེད། འོན་ཀྱང་གློག་མཁན་ལ་བློ་ཕམ་ཚད་མེད་བྱུང་བ་གོ་བརྡ་འཕྲོད་ཆེད་དེ་ལྟར་བྲིས་པ་ཙམ་ལས། ངས་གནས་ལུགས་རིང་པོ་དང་ཚིག་འཇམ་པོ་ཞིག་བྲིས་པའི་དབང་བཏང་ཡང་ཕན་འབྲས་ཐོབ་ཀི་མ་རེད། དེའི་ཕྱིར་ཚིག་རྩུབ་བྲིས་པ་ཡིན། དེ་ཡང་སེམས་པ་མ་སྐྱིད་པའི་ཚོར་བ་ཙམ་གློ་བུར་དུ་བྲིས་པ་ལས་ཚིག་རྩུབ་བྲིས་འགྱུར་བ་གཏོང་གི་རེད་བསམ་པའི་རེ་བའང་མེད། ཡང་ན་རྩོམ་སྒྲིག་པས་དགའ་བསུ་ཞུ་གི་རེད་བསམ་པའང་མེད།
ང་ལ་བཟོད་སྒོམ་ཆུང་དྲགས་པའམ་གང་ལྟར་བོད་མི་ཞིག་ལ་རྒྱུ་མཚན་དང་གནས་ལུགས་བཤད་ན་བརྡ་འཕྲོད་ཀི་རེད་བསམ་པའི་རེ་བ་གཏན་ནས་མི་འདུག གྲུབ་འབྲས་མེད་པའི་ལས་ཀར་དེ་འདྲར་འབད་བརྩོན་ཡང་བྱེད་ཀྱི་མེད། སྐབས་ཐོག་སྐབས་ཐོག་ལ་བློ་ཕམ་དང་ཁོང་ཁྲོའི་རྣམ་འགྱུར་སྟོན་པ་ཙམ་ལས་གྲུབ་འབྲས་ལྡན་པའི་བགྲོ་གླེང་ཞིག་བོད་པ་ནང་ཁུལ་ལ་ཡོང་གི་རེད་ནམ་ཡང་དྲན་ཐུབ་ཀྱི་མི་འདུག དེའི་ཕྱིར་དྲ་ཐོག་ལ་ཡོང་རྒྱུར་སྤྲོ་སྣང་ཉམས་ཚར་བ་མ་ཟད། དྲ་ཐོག་ལ་འབྲི་གློག་གཏན་ནས་བྱེད་མ་དགོས་པའི་འབད་བརྩོན་བྱེད་ཀྱི་ཡོད། ཡིན་ནང་གནས་སྐབས་བོད་རང་བཙན་གྱི་ཆེད་དུ་རྐྱེན་ལམ་སོང་བའི་སྲས་འཇིགས་མེད་ནོར་བུའི་སྐོར་གནས་ཚུལ་གསལ་ཙམ་དང་པར་འདྲ་གསར་བ་འདྲ་མཐོང་མི་ཡོང་ངམ་སྙམ་ནས་དྲ་ཐོག་ལ་ཡོང་བ་ཡིན། ཞོར་བསྟན་ནོར་གྱི་རྩོམ་འདི་མཐོང་བ་དང་བསྟན་ནོར་ལ་སྐད་ཆ་གསར་ག་རེ་ཡོད་ན་བསམ་ནས་གློག་འདོད་ཀྱིས་ཁ་ཕྱེ་བ་དང་རྙོག་ཡིག་ལུང་བ་གང་བླུགས་འདུག དེ་ལྟར་པད་མ་ཚེ་དབང་གི་རྐྱེན་ངན་དེ་མཐོང་བ་དང་གནས་ཚུལ་དེ་སྤྱི་བཏང་ཞིག་མ་ཡིན་པར། ཆེས་དངངས་འཚབ་སྐྱེས་ཞིག་ཡིན་ཕྱིར་མཛུབ་མོ་རྣམས་དབང་མེད་འགུལ་ཤོར་བ་རེད། གང་ལྟར་དེ་རིང་དྲ་ཐོག་ཡོང་དོན་སྲས་འཇིགས་མེད་ནོར་ལགས་ཀྱི་བུ་ཕྲུག་དང་ཆུང་མ། སྤུན་མཆེན་ཚོའི་སྐུ་པར་གསར་བ་རེ་མཇལ་ཐུབ་མི་ཡོང་ངམ་བསམ་ནས་དྲ་ཐོག་ཡར་མར་གློག་ཙམ་བྱས་པ་ལས། དུས་རྒྱུན་ཁྱེད་ཅག་གིས་དགའ་བསུ་མེད་བཞིན་དུ་འདི་ནང་ཨུ་ཚུགས་ཀྱང་གཏན་ནས་བརྒྱག་གི་མེད།
རྩོམ་སྒྲིག་པ་ལགས་སུ། དགའ་བསུ་ཞུ་མི་འོས་པ་ཚིག་འཇམ་རྩུབ་གཅིག་པོ་མ་ཡིན་པར། ནང་དོན་འཇམ་རྩུབ་དང་། མཇུག་འབྲས་འཇམ་རྩུབ་མཁྱེན་པ་གནང་རོགས།
པད་མ་ཚེ་དབང་རྩོམ་ཡིག་འདི་ཚིག་རྩུབ་པོ་མ་རེད་དེ། བསྒྱུར་ཐབས་འདིའི་མཇག་འབྲས་རྩུབ་ཐག་ཆོད་ཡོང་གི་རེད།
དེ་རིང་ཡིན་ན་སྟག་སྨྱོན་པ་དེ་ཁྲོས་འདུག ཨོ་ཙི་ལ། མཆེ་བ་རྣོ་སེ་འདུག་གཱ ཀུ་རེ་ཡིན།
སྟག་སྨྱོན་ལགས། ང་ཚོ་བོད་མི་ལ་གོ་བརྡ་མི་འཕྲོད་པའི་རེ་བ་མེད་གསུངས་ན་ཐལ་ཆེ་སོང་བ་འདྲ། ང་ནི་མཚམས་རེར་བོད་ཡིག་ཐོག་བཀའ་བཀྱོན་དང་ཚིག་ངན་བྲིས་པ་དེ་ཚོ་མཐོང་ནས་རང་སེམས་མི་སྐྱིད་པ་བྱུང་བའི་རྗེས་སུ། ཡག་པོ་འདུག བོད་ཡིག་ཐོག་ནས་ཚོར་བ་འབྱིན་པ་ཞིག་གི་གོ་སྐབས་བྱུང་སོང་བསམས་པ་ཞིག་འདུག ཅི་ཤེས། ལོ་བརྒྱའི་རྗེས་ལ་ང་ཚོའི་བོད་ཡིག་གི་ཚེ་ཐག་འདི་གང་འདྲ་ཞིག་ཆགས་གྲབས་ཡོད། སུམ་རྟགས་དང་བཅས་པའི་གཞུང་ལ་བསྟུན་པའི་སྐད་ཡིག་འདི་ཉམས་མི་རུང་བའི་འོ་དོད་འབོད་མཁན་ནི་ང་ཚོ་ལ་ཧ་ཅང་མང་། ང་ཡང་དེའི་གྲས་ཀྱི་ཆོ་ངེ་འདོན་མཁན་ཞིག་ཡིན། འོན་ཀྱང་། མཚམས་རེར་སྐད་དང་སྐད་ཡིག་གི་བར་སྟོང་དང་། དེ་བཞིན་སྐད་ཡིག་གི་སྒྲོམ་གཞི་ཆ་མི་ཚང་བ་དེ་ཚོ་ལ་བརྟགས་ནས་ གནས་སྟངས་འདི་གང་འདྲ་ཆགས་ཡོང་སྙམ་པའི་དངངས་འཚབ་ཡོང་གི་འདུག དེ་ཚོ་ནི་ཞོར་འཕྲོས་ཡིན།
ད་ ཁྱེད་ཀྱིས་པད་ཚེ་ལགས་ལ་སྐྱོན་བརྗོད་ཞུས་པའི་གནད་དོན་དེའི་སྐོར་ཡིན། བོད་ནང་ནས་འདིའི་སྐོར་གྱི་རྩོད་པ་ཡོད་པ་མ་གོ མ་ཐོས། འོན་ཀྱང་ཏན་ཏན་བྱུང་ཡོད་པ་རེད། བཙན་བྱོལ་ནང་ནས་འདིའི་སྐོར་ལ་རྩོད་པ་བརྒྱབ་ནས་ད་མི་ལོ་མང་པོ་ཕྱིན་པ་རེད། གཙོ་བོ་དོན་གཉིས་ལ་འབབ་གི་འདུག གཅིག་ནི་ཕྱི་རྒྱལ་བའི་ས་མིང་ཆུ་མིང་སོགས་འབྲི་སྐབས་ལེགས་སྦྱར་གྱི་འབྲི་ཚུལ་ལ་དཔེ་བཀབ་ནས་འབྲི་དགོས་པར་འདོད་པ་དེ་ཚོ་རེད། གཉིས་པ་ནི། ཁྱེད་ལྟར་བོད་སྐད་རང་གི་ཐོག་ནས་སྒྲ་འབྱོར་བ་ཞིག་བཙལ་ཏེ་འབྲི་དགོས་པར་འདོད་པ་དེ་ཚོ་རེད། འདི་གཉིས་ཀྱི་རྩོད་པ་དེ་ད་དུང་ཐག་ཆོད་པ་ཞིག་མེད་པ་རེད། bus ལྟ་བུ་ཞིག་འབྲི་ཚེ་ སྦ་སེ་ ཡང་ན་ སྦ་སི་ ཞེས་འབྲི་རྐྱང་བྱེད་མཁན་དག་ལ། བོད་སྐད་ཀློག་མཁན་འགས་ sbas ལྟ་བུ་ཀློག་གི་རེད། ཅི་བྱེད། སྔགས་ཡིག་གི་ བཛྲ་ ཞེས་པ་འདི་ ང་ཚོས་ འབའ་ཛ་ ཞེས་པ་ལྟར་བཀླགས་པ་རེད། དེང་སང་དེ་སྔགས་ཡིག་ལྟར་ vajra ལྟ་བུར་ཀློག་གི་འདུག ད་ཅི་བྱེད། གནས་ཚུལ་དེ་འདྲ་རེད། ཨོ་ཡ། བཀའ་དྲིན་ཆེའོ།།
སྤྱིར་འཐད་རྩོད་པ་བསྟན་རྡོར་ལགས་ཀྱི་རྩོམ་ཡིག་འདི་ཅུང་དྲག་གྲས་སུ་ཕུད་ན་ལེགས་མོད། ཁོང་གི་ཨ་ཕས་བསྒྱུར་སྟངས་ཀྱི་ཆ་ནས་ཡུལ་དང་ས་མིང་མཁས་མདོག་གི་ངོ་བོར་འགྱུར་འདུག་ག
དྲ་གྲོགས་སྟག་སྨྱོན་ཁྲོས་པ་ཡང་ཐུགས་ཁག་མི་འདུག་ནའང་ད་དུང་རྗེས་སུ་འདི་རིགས་འབྱུང་རྒྱུ་ཡིན་པས་ཁྲོ་པས་ཅི་ཕན།
སྟག་སྨྱོན་ལགས་རྗེས་སུ་མི་མཐུད་དུ་ཉིད་ཀྱི་ཆན་ཡིག་དག་ཀློག་ཐུབ་པའི་རེ་སྨོན་དང་བཅས་ཕུལ་ལོ།།
དགོངས་དག འཐད་རྩོད་པ་འདི་འཐབ་རྩོད་པ་བསྒྱུར་རོགས་གནོངས།
ད་སྐུ་མཁྱེན། རྗེས་མ་ནས་འདི་འདྲ་ཡི་གེ་སུམ་བརྩེགས་བཞི་བརྩེགས་བྲིས་མ་ཡོང་རོགས། འདི་ལྐུགས་རྟགས་ཤིག་རེད་མ་གཏོགས་མཁས་རྟགས་ཅང་མ་རེད། འདི་འདྲའི་རིགས་ལ་རྩོད་པ་བྱེད་རྒྱུ་ཅང་ཡོད་མ་རེད། བོད་མིའི་སྤྱི་ཚོགས་ལ་སྐད་ཆ་དྲིས། ཡི་གེ་འདི་ཚོ་ཀློག་ཤེས་ཀྱི་འདུག་གམ།
བོད་མི་མང་ཆེ་བས་ཀློག་མི་ཤེས་པ་ཞིག་ག་རེ་བྱས་ནས་བྲིས་ཡོང་གི་ཡོད། མདོར་དེད་ན་མི་མང་པོ་ཞིག་གིས་བོད་ཡིག་ཀློག་འདོད་མེད་པའི་འདུན་པ་དེ་ཡང་འདི་འདྲ་བ་ཆུང་ཙག་རེར་ཐུག་འདུག བོད་ཡིག་ལ་གཏོར་བརླག་བཏང་མ་ཡོང་ཨ། xxxxxxxxxxxxxxxxxxxxxxxxxxxxxxx
སྔགས་ཡིག་ཀྱང་མ་ཡིན། བོད་ཡིག་ཀྱང་མ་ཡིན་པའི་མིང་བསྒྱུར་ཚུལ་འདི་ལ་གཏན་ནས་འཐད་པ་མེད།
༼བསྐྱར་བཅོས།༽
___________________________________________
ང་ཚོ་བོད་པས་ཀློག་མི་ཤེས་པ་དེ་ཙམ་མ་རེད། ད་དུང་སྔགས་ཡིག་འབྲུ་རྐྱང་ཁ་ཤས་ལས་བརྩེགས་མ་དང་འདོགས་ཅན་རིགས་ཚང་མ་ནོར་བ་ནོར་རྐྱང་ཀློག་གིན་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། ནོར་བ་བསྐྱར་དྲགས་པའི་རྐྱེན་གྱིས་ངག་ཐོག་ནས་ནོར་ནའང་རྣ་ལམ་དུ་བྱང་ཟིན་པས་ང་ཚོ་སུས་ཀྱང་འདི་འདྲའི་སྐོར་ལ་དོ་སྣང་ཡོང་མི་ཐུབ་པར་སྣང་། དེའི་སྔོན་ལེགས་སྦྱར་གྱི་ཡི་གེ་ཀློག་ཐབས་ལ་སྦྱངས་ཟིན་པ་ཞིག་ཡིན་ན་མ་གཏོགས། ང་ཚོ་ཕལ་ཆེ་བའི་སྔགས་ཡིག་ཀློག་སྟངས་ནི། བྱཱ་ཀ་ར་ཎ་ལ་་་་ཇ་ཀ་ར་ན་ཞེས་པ་དང་། པྲ་མ་ཎ་ལ་་་་ཊ་མ་ན། ན་མོ་རཏྣ་ཏྲ་ཡ་ཡ་ཞེས་པ་ལ། ན་མོ་རེད་ན་ཊ་ཡ་ཡ་ཞེས་པ་སོགས་འདོན་སྟངས་དགོད་བྲོ་བ་ཤ་སྟག་རེད། སྤྱིར་སྔགས་ཡིག་གི་ཀློག་སྟངས་ཡག་པོ་ཞིག་ཤེས་ན་གོང་གི་རྩོམ་ཡིག་ནང་འཁོད་པའི་ཡི་གེ་རྣམས་བཀླག་རྒྱུ་ལ་མགོ་རྙོག་ཡོང་དོན་གཏན་ནས་མི་འདུག་ཀྱང་། རང་གིས་མ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ་འབྲི་མཁན་ལ་སྐྱོན་འཛུགས་བྱས་ན་ཕན་ཐོགས་ཅི་ཡང་ཡོད་མ་རེད་སྙམ། དེ་ལས་བོད་ཡིག་གི་འབྲི་སྟངས་རྣམས་བརྡ་དག་གི་འགྲོས་དང་བསྟུན་ཨེ་ཐུབ་བྱ་རྒྱུ་གལ་ཆེ་བ་བ་ལས་གཉིས་ཀ་ལ་མགོ་རྨོངས་བྱེད་རྒྱུ་ཡོད་མ་རེད། སྟག་སྨྱོན་ལགས། བསམ་ཚུལ་ཡིག་ཐོག་ནས་སྤེལ་དགོས་ན་དག་ཆ་ལ་གཟབ་གཟབ་གནང་དགོས་པ་གལ་ཆེ། དེ་མིན་མཇུག་འབྲས་ལ་་་་མཇག་འབྲས། སྤུན་མཆེད་ལ་་་་སྤུན་མཆེན། ཀློག་མཁན་ལ་་་་གློག་མཁན། བཀླགས་ཙམ་ལ་་་་གློག་ཙམ། བཟོད་སྒོམ་ལ་་་བཟོ་སྒོམ། དྲྭ་ཐོག་ལ་་་་དྲ་ཐོག་ལྟ་བུ་བྲིས་ན་བོད་ཀྱི་སྐད་ཡིག་ལ་གནོད་ཚབས་འདི་ལས་ཆེ་བ་མེད་པ་རེད། འདིར་དཔེ་མཚོན་ཙམ་ལས་གཞན་ཚང་མ་རང་གིས་བཀོད་པའི་མཆན་དུ་གསལ་ཡོད་པས་བསྐྱར་དགོས་དོན་མི་འདུག ང་ཚོའི་བགྲོ་གླེང་གནང་སར་ཁ་བརྡ་བཟང་པོ་ཞིག་གནང་རྒྱུ་མེད་ཀྱང་། སོ་སོས་གང་བཤད་པའི་ཚིག་དེ་དག་པོ་ཞིག་ཡོང་ཅི་ཐུབ་མཛད་རྒྱུ་གལ་མི་ཆེའམ། དེ་མིན་ན་མཁས་པའི་ཞལ་སྔ་ནས།
ཡིག་གཟུགས་ལེགས་པར་མ་སྦྱངས་ཤིང་།།
བརྡ་དག་ཞིབ་ཏུ་མ་བསླབས་པར།།
འབྲི་དང་རྩོམ་པའི་ཁུར་ལེན་པ།།
རང་སྐྱོན་གཞན་ལ་ངོམས་པར་ཟད།། ཅེས་པའི་ཚིག་འདི་སྙིང་ལ་གཟན་པོ་ཡོད་རེད་ལགས།
གནམ་སྡེ་ཨེ་ཡིན། གནམ་བདེ་ཡིན་པ་ཡོད། ཕྱི་མ་དག་ན་སྔ་མ་དེ་ནོར་འདུག རྩོམ་ཡིག་ཆ་ཚང་ཀློག་པའི་དུས་ཁོམ་བྱུང་མ་སོང་། རིམ་པས་ཀློག་གི་ཡིན།
༡། བོད་པའི་མི་ལ་གནས་ལུགས་འགྲོ་གི་མ་རེད་ལབ་ན་རབ་གསལ་ཡིད་ཆེས་མི་འདུག ། དེ་འདྲ་ཡིན་ན་དེ་རིང་གནས་ལུགས་ཐུང་ཐུང་ཞིག་བཤད་ཆོག དང་པོ། པད་མ་ཚེ་དབང་ནང་བཞིན་ཕྱི་ལོག་གི་ས་མིང་དང་ཆུ་མིང་། མི་མིང་ཚང་མ་ལོག་ཡིག་སམ་རྙོག་ཡིག་བྲིས་པ་ཡིན་ན། བོད་ཕྱི་ནང་གཉིས་ཀྱི་བར་ལ་ཡི་གེའི་ལམ་ནས་བརྡ་མ་འཕྲོད་ཆགས་འགྲོ་གི་རེད། མ་ཟད་ཕྱི་ལོག་གི་བོད་མི་འབུམ་གཅིག་ལྷག་ཙམ་ཡོད་པ་ཚོའི་བར་ལ་ཡི་གེས་བརྡ་ཆ་ཚང་ཞིག་འཕྲོད་ཐབས་མེད་པ་ཆགས་འགྲོ་གི་རེད། གང་ཡིན་ཟེར་ན་ལེགས་སྦྱར་གྱི་སྐད་ཡིག་ཤེས་མདོག་བྱེད་མཁན་ཝ་ར་ན་སའི་མི་འབོར་ཉུང་ཉུང་ཞིག་ལས་མེད། ཁོ་ཚོ་ཡང་ལེགས་སྦྱར་གྱི་སྐད་ལ་ཐོགས་པ་མེད་པ་དེ་འདྲ་མ་རེད། ང་ཁོ་ཚོར་རྒྱུས་ཡག་པོ་ཡོད། རྡོག་རྡོག་བཤད་ན་བོད་ཕྱི་ནང་གཉིས་ན་ལེགས་སྦྱར་གྱི་སྐད་ཡིག་སྦྱོང་མཁན་ཆེས་དཀོན་པ་རེད། མདོ་དེད་ན་བོད་མི་བརྒྱ་ཆ་གཅིག་མ་ཟིན་ཙམ་གྱིས་ལེགས་སྦྱར་གྱི་ཡི་གེ་སྦྱོང་ཙམ་བྱེད་ཀྱི་ཡོད་འགྲོ ལེགས་སྦྱར་གྱི་སྐད་ཡིག་གི་བདག་པོ་བོད་པ་མ་ཡིན་པ་མ་ཟད། དུར་སྒམ་ནང་བཅུག་ཚར་བའི་སྐད་ཡིག་ཤི་རོ་ཞིག་རེད། བྱས་ཙང་བོད་ཡིག་འབྲི་ཀློག་ཤེས་པ་ལ་ངེས་པར་དུ་དུར་སྒམ་ནང་བཅུག་ཟིན་པའི་སྐད་ཡིག་ཤི་རོ་འདི་ཐོག་མར་སྦྱང་དགོས་བྱུང་ན་རང་སྡུག་རང་གིས་ཉོས་པའི་དཀའ་ངལ་འཕར་མ་ཞིག་མ་རེད་དམ།
༢། གཞན་ཡང་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གཞན་ལ་བརྟེན་མ་དགོས་པར་འབྲི་ཀློག་རང་རྐྱ་འཕེར་བའི་སྐད་ཡིག་སྤུས་ལེགས་ཚད་ལྡན་ཞིག་ཡིན་བཞིན་དུ། སྐད་ཡིག་འདས་པོ་ལེགས་སྦྱར་དང་བསྲེས་ནས་ཆེད་དུ་རང་རྐྱ་འཕེར་བ་ནས་རང་རྐྱ་མི་འཕེར་བའི་སྐད་ཡིག་ནད་པ་ཞིག་ཏུ་བསྒྱུར་བ་དོན་གང་ཡིན་ནམ། བོད་ཡིག་འབྲི་ཀློག་ཡག་པོ་ཤེས་པ་ལ་ཐོག་མར་ཤི་ཟིན་པའི་སྐད་ཡིག་བེད་མེད་ཅིག་ངེས་པར་ཤེས་དགོས་པའི་སྔོན་འགྲོའི་ཆ་རྐྱེན་འདི་བཟོས་པ་ཡིན་ན། བོད་ཡིག་སྦྱོང་བ་ལ་བར་ཆད་ཆེན་པོ་བྱུང་སོང་བ་མ་རེད་དམ།
༣། འབྲི་ཀློག་རང་རྐྱ་འཕེར་བའི་བོད་ཀྱི་སྐད་ཡིག་ལེགས་པོ་འདི་བེད་སྤྱོད་མེད་པའི་སྐད་ཡིག་ཤི་རོ་ཞིག་དང་མཉམ་བསྲེས་བྱས་ཏེ། མདོ་དོན་བོད་སྐད་རང་རྐྱ་མི་འཕེར་བ་བཟོས་པ་རེད། བྱས་ཙང་པད་མ་ཚེ་དབང་སྐད་ཡིག་གི་དགྲ་བོ་རེད་ལབ་པ་ཡིན། འདི་རག་པའི་རག་པ་ཙམ་ལས་མང་པོ་འབྲི་རྒྱུར་སྤྲོ་སྣང་མི་འདུག ཝ་ར་ན་སའི་སློབ་ཕྲུག་འདི་ཚོ་དང་རྒྱ་དམར་གཉིས་ལ་དྲང་བདེན་དང་གནས་ལུགས་བཤད་པ་ནི་སྤྱང་ཀའི་རྣ་བ་ཆོས་བཤད་པ་དང་གཅིག་པ་རེད།
༤། དེ་ལས་དབྱིན་ཡིག་ཁ་ཐུག་བསྒྱུར་བའམ་རང་འཇགས་བཞག་ཆོག་གི་རེད། དབྱིན་སྐད་དང་བོད་སྐད་ཀྱི་བར་ལ་ལེགས་སྦྱར་གྱི་སྐད་ཡིག་ཤི་བོ་འདིའི་རྣམ་ཤེས་འཚང་ཁ་བརྒྱག་དོན་མི་འདུག ལེགས་སྦྱར་སྐད་ཡིག་ནི་བདག་པོ་ལ་མ་མཁོ་བར་ཉམས་ཕྱིན་པའི་སྐད་ཡིག་ནུས་མེད་ཅིག་རེད། དེ་འདྲ་བདག་པོ་ལའང་མི་ཕན་པའི་སྐད་བེད་མེད་ཅིག་བོད་པ་ཚོས་བདག་པོ་བརྒྱབ་ན་ག་རེ་ཁེ་ཕན་ཡོད་རེད་དམ། དེ་ལས་དབྱིན་དང་རྒྱ་ཡིག་སོགས་སྦྱང་ན་ཕན་ཐོགས་ཆེ་གི་རེད།
བོད་ཡིག་འབྲི་ཀློག་ཡག་པོ་ཞིག་ཤེས་པ་ལ་སྐད་ཡིག་གཞན་པ་ལ་བརྟེན་དགོས་པ་དང་། དེའི་ནང་ནས་དེང་སྐབས་འཛམ་གླིང་ན་བེད་སྤྱོད་མེད་གཏོང་མཁན་ཧ་ལམ་མི་གཅིག་ཀྱང་མེད་པའི་སྐད་ཡིག་ཅིག་བོད་ཡིག་གི་སྔོན་འགྲོ་ལྟ་བུར་སྦྱོང་དགོས་དགོས་པ་བཟོས་པ་ཡིན་ན་ལྟས་ངན་མ་རེད་དམ། xxxxxxxxxxxxxxxxx།
བོད་ཡིག་ལ་ལེགས་སྦྱར་གྱི་སྐད་ཡིག་རིང་པོ་དང་ཐུང་ངུ་ལས་སོགས་ཀྱིས་བོད་ཡིག་གིས་ལམ་ནས་བོད་པར་བརྡ་མི་འཕྲོད་པ་འབྱུང་ཚེ་དེ་ནི་དངོས་གནས་སྐད་ཡིག་གི་དགྲ་བོ་རེད།
མ་གཞི་ནས་ཝར་ན་ནས་ཐོན་པ་དང་ཡོད་པ་དག་གིས་ལེགས་སྦྱར་སྐད་ཚུར་བོད་སྐད་ལ་མི་བསྟུན་པར་རྟག་ཏུ་བོད་སྐད་ཕར་ལེགས་སྦྱར་ལ་བསྟུན་རྐྱང་བྱེད་ཀྱི་འདུག
ཟམ་གདོང་རིན་པོ་ཆེ་ནས་ཀྱང་སྔར་མེད་ཀྱི་གཏམ་གསར་པ་མང་པོ་བཟོས་པ་རེད།
དེ་ཚོ་ཡང་ལེགས་སྦྱར་གྱི་སྐད་ལ་བོད་སྐད་བསྟུན་ནས་བཟོས་པ་ཤ་ཏག་རེད།
མང་གཙོ།
ལེགས་སྦྱང།
དེ་བཞིན་བོད་སྐད་ལ་ཡོད་བཞིན་དུ་བཟོ་བཅོས་བྱེད་པར་ངོ་རྒོལ་ཡོད།
འོ་དེ་རིང་སྟག་སྨྱོན་ཁ་ནས་གནས་ལུགས་བཤད་ཀྱི་ཟེར། སྟག་སྨྱོན་གྱིས་ག་ཚོད་གོང་དུ་བཤད་པ་ཕལ་ཆེ་བ་ཚོར་བ་ཤུགས་ཆེན་པོ་བསྟན་ནས་སྐྱོན་བརྗོད་ཡིན་པས་རྒྱུ་མཚན་མི་འདུག ཁོང་གི་ཐབས་ལམ་ངོ་མ་དེ་འདི་རེད། ༼དབྱིན་ཡིག་ཁ་ཐུག་བསྒྱུར་བའམ་རང་འཇགས་བཞག་ཆོག་གི་རེད། ༽ ༡ ཁ་ཐུག་ལ་བསྒྱུར་བའི་ཐད་དུ་སྔར་རྒྱ་ནག་གི་སྐད་བོད་ཡིག་ཏུ་བསྒྱུར་བའི་ཡིག་བསྒྱུར་སྡེ་ཚན་ནས། བོད་སྐད་དུ་འཁྲུལ་གཞི་མང་པོ་འདུག་ཟེར་གྱི་ཡོད་པ་རེད། དེ་བས་ན་དེ་མི་འཁྲུལ་བའི་ཆེད་དུ་མ་འདྲ་བ་ཞིག་འབྲི་བཞིན་ཡོད་པ་རེད། འདི་ལ་ཁྱེད་ཀྱི་མི་འཁྲུལ་བའི་ཐབས་ལམ་བཤད་དགོས། ༢ རང་འཇགས་བཞག་ཆོག་ཟེར་བ་འདི་ལས་ལྷག་པའི་གླེན་བཤད་དང་བོད་ཀྱི་རིག་གཞུང་ལ་གནོད་པ་ཞིག་གང་ན་ཡོད། རྒྱ་ཡིག་ནས་བསྒྱུར་བ་ཞིག་གིས་རྒྱ་ཡིག་རང་ཆ་བཞག ཧིན་རྡི་ནས་བསྒྱུར་བ་ཞིག་གིས་ཧིན་རྡུ་རང་ཆ་བཞག སོག་ཡིག་ནས་བསྒྱུར་བ་ཞིག་གིས་སོག་ཡིག་རང་ཆ་བཞག་ན་སུས་ཀློག་ཤེས་ཀྱི་རེད། འདི་ལྟར་གང་ཞིག་བསྒྱུར་སྐད་བསྒྱུར་གཞི་སྐད་ཡིག་དེ་རང་ཆ་འཇོག་དགོས་ན། རྗེས་མ་བོད་ཡིག་ཀློག་མཁན་གྱིས་འཛམ་གླིང་གི་སྐད་ཡིག་ཕལ་ཆེ་བ་མ་སྦྱང་ན་བོད་ཡིག་ཀློག་མ་ཤེས་པ་ཆགས་རྒྱུ་རེད། འདིའི་མིང་ལ་རྒྱུ་མཚན་ཟེར་རམ།
ངས་འདིའི་སྐོར་ལ་གཅིག་བཤད། སྐད་རིགས་གཞན་དག་ཐོག་གི་ས་མིང་དང་མི་མིང་། དེ་བཞིན་དུ་རྩི་ཤིང་སོགས་ཀྱི་མིང་། འཕྲུལ་ཆ་སོགས་ཀྱི་མིང་། འདི་དག་བོད་ཡིག་གི་ཡིག་གཟུགས་ཐོག་འབྲི་བ་ལ། ད་ལྟའི་བར་དུ་རྒྱུགས་ཆེ་ཤོས་ཚིག་མཛོད་གཉིས་བྱུང་བ་རེད། གཅིག་དེ་སྔར་སྒྲ་སྦྱོར་བམ་གཉིས་གཏན་ལ་ཕབ་ནས། དེ་གཞིར་བཞག་གིས་བོད་ཀྱི་ཡི་གེ་མང་པོ་ཞིག་བསྒྱུར་བ་མང་ཆེ་བ་བོད་ཡིག་ཤེས་ཕྱིན་གོ་བརྡ་འཕྲོད་ཀྱི་ཡོད་པ་རེད། དེའི་རྗེས་ནས་རྒྱ་ནག་གི་གསར་བརྗེའི་ཆེད་དུ་དང་བཅིང་འགྲོལ་ཆེད་དུ་ཡིག་བསྒྱུར་བའི་སྡེ་ཚན་ལ་གསར་འཛུགས་དང་། ཡིག་བསྒྱུར་བའི་ཚིག་མཛོད་གསར་བ་ཁ་ཤས་གཏན་ལ་ཕབ་པ་རེད། དེ་དག་གིས་ཀྱང་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཆེན་པོ་མེད་པ་རེད།
གང་ལྟར་དྲྭ་རྒྱ་འདིའི་ཐོག་ནས་བོད་ཡིག་གི་ཞུ་དག་མི་འཕེར་བཞིན་དུ་གཞན་ལ་བསྙོན་འདིང་དང་སྙད་འདོགས་བྱེད་མཁན་རྗེས་འབྲངས་དང་བཅས་པ་ཚང་མ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ཟླ་མེད་ལགས་ཀྱིས་གསུངས་པ་ལྟར་ན་ མི་འཁྲུལ་བའི་ཆེད་དུ་མ་འདྲ་བ་ཞིག་འབྲི་བཞིན་ཡོད་པ་འདྲ་ གནས་ཚུལ་འདི་ཐག་ཆོད་ཡོང་བ་ཁག་སེ་རེད་འདུག་བ་
སྐད་ཡིག་རང་རྐྱ་འཕེར་བ་དེ་རང་རྐྱ་མི་འཕེར་བ་བཟོས། ཀློག་ཐུབ་པ་རྣམས་ཀློག་མི་ཐུབ་པ་བཟོས། ཡིག་ཟོར་ཡང་པོ་རྣམས་ཡིག་ཟོར་མང་པོ་དང་རྙོག་པོ་བཟོ་བཞིན་པ་འདི་དག་སྐད་ཡིག་གྲོགས་པོ་མ་ཡིན་པ་གསལ་བོ་རེད། གཞོན་ནུ་ཟླ་མེད་ཀྱིས། ས་མིང་དང་ཆུ་མིང་། རྩི་ཤིང་། སྲོག་ཆགས་ཀྱི་མིང་སོགས་ཕྱི་རྒྱལ་གྱི་མིང་རྣམས་རྒྱུན་ལྡན་གྱི་བོད་ཡིག་ནང་བྲིས་ན་འཁྲུལ་གཞི་མང་པོ་ཡོང་གི་རེད་ཟེར་བ་འདི་ལོག་ཡིག་གམ་རྙོག་ཡིག་འབྲི་དགོས་པའི་རྒྱུ་མཚན་མཐར་ཐུག་ཡིན་པའི་བཟོ་འདུག འཁྲུལ་གཞི་ཡོང་རྒྱུར་སེམས་ཁུར་ཡོད་ན་རྙོག་ཡིག་འབྲི་རྒྱུར་དེ་བས་ཀྱང་ཞེད་སྣང་བྱེད་དགོས་པ་རེད། བྱེད་སྟངས་འདི་ནི་ཀན་རྐྱལ་ལ་ཉལ་ནས་གཅིན་པ་བཏང་བ་འདྲ་བོ་རེད། གཅིན་པ་ཕྱིར་དོར་ཁུལ་བྱས་པ་ཙམ་ལས་དོན་གྱི་གཅིན་པ་ཕྱིར་རང་གི་ཁ་ནང་ལ་བབ་ཡོང་གི་རེད།
རྙོག་ཡིག་གམ་ཕྱིར་ལོག་ཡི་གེ་མང་པོ་བྲིས་པའི་མཐའ་མར་རྙོག་ཡིག་མང་དྲགས་ནས་ལོག་ཡིག་རྣམས་ཕུན་ཚུན་ནང་ཁུལ་ལ་འཁྲུལ་གཞི་མང་པོ་ཆགས་ཡོང་གི་རེད། དེ་དུས་ཀློག་སྟངས་འཁྲུལ། སྒྲ་གདངས་འཁྲུལ། སྔོན་རྗེས་དང་རྨང་གཞི་སོགས་ཀྱང་འཁྲུལ་འགྲོ་གི་རེད། དེའི་ཕྱིར་རྙོག་མང་པོ་བྲིས་ན་རྗེས་ལ་རྙོག་ཡིག་རྣམས་ཕན་ཚུན་འཁྲུལ་གཞི་ཆགས་རྒྱུའི་སེམས་ཁུར་བྱེད་ཀྱི་ཡོད་པ་རེད། བོད་ཡིག་བྲིས་ན་འདྲ་བོ་འདྲ་བོ་མང་དྲགས་ནས་འཁྲུལ་འགྲོ་བ་དང་ལོག་ཡིག་ཅི་ཙམ་མང་ནའང་འཁྲུལ་གཞི་མི་ཡོང་རྒྱུ་མཚན་ག་རེ་ཡོད་དམ། གད་མོ་ཤོར་ཡ་དེ་འདྲ་མ་བཤད་ལོ། དུས་ཚོད་འཕྲོ་བརླག་ཏུ་གཏོང་ཁོམ་མེད་ལོ།
ངས་སྐབས་རེར་ངས་བརྡ་དག་ལ་དོ་སྣང་བྱེད་ཀྱི་མེད། དེ་ནི་དག་ན་མ་དག་ཁྱེད་ཚོར་བརྡ་མི་འཕྲོད་གཅིག་པ་གཅིག་གི་རེད། ༼དབྱིན་ཡིག་ཁ་ཐུག་བསྒྱུར་བའམ་རང་འཇགས་བཞག་ཆོག་གི་རེད།༽ཟེར་བ་ཁ་གསལ་དུ་བཏང་ཆོག དེང་སྐབས་བོད་མིའི་ནང་ལེགས་སྦྱར་གྱི་ཡི་གེ་ཤེས་མཁན་ཧ་ལམ་དཀོན་པ་རེད། འོན་ཀྱང་དབྱིན་ཡིག་དང་རྒྱ་ཡིག་ཤེས་མཁན་འབེལ་བོ་ཡོད་རེད། བྱས་ཙང་དབྱིན་ཡིག་ནས་ལོག་ཡིག་ཏུ་བསྒྱུར་ཁུལ་གྱི་བསྒྱུར་ཁུལ་གྱིས་གོ་རྒྱུ་མེད་པ་བཟོ་བ་ལས། དབྱིན་སྐད་རང་གི་ཐོག་ལ་མ་བསྒྱུར་བཞག་ན་ཡག་པོ་ཡོད་རེད། དབྱིན་ཡིག་གི་རྩོམ་ཡིག་འདི་འདྲ་གོ་མི་ཐུབ་མཁན་ཆེས་ཉུང་ཉུང་རེད། འོན་ཀྱང་ལོག་ཡིག་དེ་འདྲ་ཤེས་མཁན་ཝ་ར་ན་སའི་བློ་ངན་འགའ་རེ་ཡོད་ན་མ་གཏོགས། གཞན་བོད་གངས་ཅན་ན་ལོག་ཡིག་འདི་འདྲ་ཀློག་ནས་གོ་ཐུབ་མཁན་ཡོད་མ་རེད།
སྟག་སྨྱོན་ལགས་ཡང་བསྐྱར་ཕེབས་ནས་གསུང་ཚ་བོ་རེ་གནང་གི་འདུག ང་ནི་བར་གནས་པ་ཡིན་དཱ། འོན་ཀྱང་བཀའ་བཀྱོན་ལས་རྒྱུ་མཚན་གསུངས་པ་དེ་ཚོ་ཡིད་ལ་འབབ་པ་ཞིག་འདུག འདི་རྩོད་པ་བྱས་ནས་ཐུབ་པ་ཞིག་ཨེ་ཡོད་མི་ཤེས། སྐད་ཡིག་གི་འགྱུར་བ་དག་ནི་མཁས་པ་ཚོས་ཐག་བཅད་དེ་བསྒྱུར་དགོས་པ་ཞིག་ཀྱང་ཡོད་རབས་མི་འདུག “ཡིག་རྙོག་”ཅེས་མི་དགའ་མཁན་དག་གིས་མཁྱེན་དགོས་རྒྱུ་ཞིག་ལ། ཡི་གེ་འདི་ལྟར་འབྲི་བ་ནི་དེ་རིང་གཞི་ནས་པད་མ་ཚེ་དབང་ལགས་ཀྱིས་མགོ་བཙུགས་པ་ཞིག་མ་རེད། འདི་སྔོན་མ་སྔོན་མ་ཞིག་ནས་ཡོད་ཡོད་རེད། ཤེས་རིག་ལས་ཁུངས་ཀྱིས་འདིའི་ཐད་ཀྱི་ལམ་སྟོན་ཞིག་ཀྱང་བཀྲམས་ཡོད་སྐད་ཐོས། དེ་རིང་ཨ་ལགས་དུང་དཀར་ཚང་གི་གསུང་ཞིག་ཀློག་སྐབས་ ཡི་གེ་ ལྱེང་ འདི་འདྲ་ཡང་འདུག ༡༩༠༢ ལོར་དཔར་བའི་ཚིག་གཏེར་མཛོད་ཅེས་པའི་ཚིག་མཛོད་དེར་ཡང་རྩོམ་མཁན་ Sarat Chandra Das ཞེས་པ་བོད་ཡིག་ཏུ་ རྒྱ་གར་གྱི་སྒྲ་བསྒྱུར་པའི་ལོ་པཎ་ཤརཏ་ཙནདྲས་བརྩོམས་པ་བཞུགས་སོ།། ཞེས་བྲིས་འདུག
མཚམས་མཚམས་ལ་དགོས་དབང་གིས་བཟོ་དགོས་བྱུང་བ་ལོས་ཡོད། དཔེར་ན། བོད་ལ་རྒྱ་སྐད་བེད་སྤྱོད་ཆེན་པོ་བྱུང་ཚུན་ནས་ཧྥ་ཞེས་པ་ཞིག་ཀྱང་བཟོས་པ་རེད། དེ་བཞིན་དུ་མཚམས་མཚམས་ལ་འབྲི་སླ་བའི་ཁྱད་ཆོས་འདུག དཔེར་ན། ཁ་ན་སྒྲ་ཞེས་འབྲི་བ་ལས་ཁ་ན་ཌ་ཞེས་བྲིས་ན་ལེགས། སྒྲ་ཞེས་བྲིས་ན་ཡི་གེ་གསུམ་འབྲི་དགོས་ཀྱང་ཌ་ཞེས་བྲིས་ན་ཡི་གེ་གཅིག་ལས་མི་དགོས་པས་ལས་སླ་བ་འདུག ཡིན་ན་ཡང་ཕྱི་སྐད་ཀྱི་སྒྲ་སོར་བཞག་ཡོད་ཚད་ལེགས་སྦྱར་འབྲི་སྟངས་བྱེད་དགོས་དོན་མི་འདུག
ལགས་སོ་སྤོབས་པ་ལགས། དེ་དེ་བཞིན་དུ་ཞུའོ།། འོན་ཀྱང་ངས་འདིར་མཚམས་སྦྱོར་གྱི་ཆེད་འབྲི་གི་ཡོད། དགག་གཞག་གི་ཆེད་དུ་མིན་ལགས།
ཡང་ལག་སྣེ་ན་ཡོད་པའི་ “བདག་ཉིད་ཆེན་པོ་གན་དྷིའི་རྟོགས་བརྗོད་སྐྱེ་རྒུའི་སྙིང་ནོར་”ཞེས་པ་ལྷ་ལུང་པ་བློ་བཟང་ཕུན་ཚོགས་ཀྱིས་བསྒྱུར་ཅིང་ ༡༩༦༩ ལོར་ པར་བཏབ་པ་དེར་ཡང་དཔེར་ན། “གོང་དུ་སྨྲོས་པའི་དེ་བཞིན་གཤེགས་པའི་གླུ་དབྱིན་སྐད་དུ་བསྒྱུར་མཁན་ནི། སེའེར་ ཨྜེ་ཝིན་ ཨཱར་ནོའོལྜ་ཞུ་བ་དེ་ཡིན་པ་དང་། “ཞེས་ཤོག་གྲངས་ ༣༡ པའི་ཐོག་འདུག མི་འདི་སུ་རེད།
གནམ་སྡེ་ཟེར་ཡོད་པའི་ལོ་ཙ་བའི་ཚད་དེ་གང་ན་ཡོད་པ་ཤེས་སོང་། ལོག་ཡིག་དེ་ཚོ་མཐོང་བའི་ཀློག་འདོད་ཀྱི་ཡི་ག་རྦད་དེ་འགགས་སོང་། མ་ཡིག་ཀློགས་པའི་བྲོ་བ་འདྲ་བོ་སླེབས་སོང་། དེ་ཙམ་ཡིན།
སེའེར་ ཨྜེ་ཝིན་ ཨཱར་ནོའོལྜ་ཞུ་བ་དེ་
Edwin Arnold འདི་ཡིན་འདུག
ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱིས་ཕྱི་རྒྱལ་བོད་མིང་ས་མིང་བོད་ཡིག་ནང་ཕབ་སྟངས་ངོ་སྤྲོད་ལྟར་ན་གཤམ་གསལ་ལྟར། ཨེཌ་ཝཌ་ཀར་པེན་ཊར། ཨེལ་སཱལ་ཝ་ཌོར། ཕྲཱནྶ། France ཨསྟྲཡ།Austria འདི་ཙམ་བྲིས་ཟིན་རྗེས་ང་རང་ཐང་ཆད་སོང་ ཨ་ཡོ་ཤུ་ད་བྱིས་པ་ཞིག་གིས་འབྲི་རོགས་བྱེད་ར།
སྤོབས་པ་འདི་ཚིག་ཉུང་ཙམ་བྲིས་ན་ཡང་དོན་ཆེན་པོ་རེ་སྟོན་ཐུབ་ཀི ༼ཁ་ན་སྒྲ་ཞེས་འབྲི་བ་ལས་ཁ་ན་ཊ་ཞེས་བྲིས་ན་ལེགས༽ ཁྱོད་ཚོས་ལྟོས་དང་། འདི་ལ་མཚོན་ནས་བཤད་ན་གོང་དུ་སྟག་སྨྱོན་ནས་བཤད་པའི་སྒྲ་རང་སོར་བཞག་པ་དེ་ཡོད་པ་རེད། འོན་ཀྱང་སྔ་མ་ལྟར་བྲིས་ན་འཁྲུལ་གཞི་གཅིག་ཡོད་པ་ནི། ཁ་ནང་ན་ཡོད་པའི་སྒྲ་ལ་གོ་ནས། ཁ་ན་ཊའི་ཡུལ་ལ་གོ་མ་ཐུབ་པའི་ཉེན་ཁ་ཡོད་པ་རེད། དེ་བས་ན་སྔར་གྱི་ཚིག་མཛོད་རྣམས་སུ་འདི་འདྲ་མི་འོངས་པའི་ཆེད་དུ་མ་འཆུག་པའི་གཟེར་ཟེར་བ་དེ་དགོས་པར་གསུངས། འདི་འདྲ་སྟག་སྨྱོན་ལ་གོ་བརྡ་སྤྲད་ན་ཡང་གོ་བརྡ་མི་འཕྲོད་ཀི འོན་ཀྱང་ངས་སྟག་སྨྱོན་གྱིས་བཤད་པའི་གོང་གི་བསམ་ཚུལ་སྟེ། ཡོད་ཚད་ལེགས་སྦྱར་ལྟར་འབྲི་བ་མི་འགྲིག་པར་བཤད་པ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་ཡོད་ཚད་གད་སྙིག་ཏུ་གཡུག་དགོས་པ་ཡང་ངོས་ལེན་མེད། དེ་ནས་མི་ནོར་བའི་རང་སྐད་གཞིར་བཞག་ནས་བྲིས་ན་ཡང་། མི་འཆུག་པའི་གཟེར་མ་བཏབ་ན་སྔར་ཡང་ནོར་བ་མང་པོ་བྱུང་ཡོད་པ་འདྲ། སྔར་རྒྱ་ནག་གི་ཤར་ཕྱོགས་ན་ཁུན་ཟེར་བའི་ས་ཆ་ཞིག་ཡོད་པ་འདྲ། དེ་ལ་བོད་པའི་མཁས་པ་ཚོས་སྟོང་འཁུན་ཟེར་ནས་སྐད་རང་སོར་བཞག་ནས་བྲིས་ཡོད་པ་འདྲ་འདུག ཕྱི་རབས་པ་ཚང་མས་དེ་རྒྱ་སྐད་ཞིག་ཡིན་པར་མ་ཤེས་པར། བོད་ཡིག་ཡིན་པ་གཞིར་བཞག་གིས་གླང་བོ་ཆེ་སྟོང་དང་། དེའི་གྷིར་ཧང་སྟོང་ཕྲག་སོགས་སྒྲུང་རིང་པོ་མང་ཐག་ཆོད་བཟོས་པ་འདྲ། དེ་ལ་ཕྱིས་སུ་ལྕང་སྐྱ་རོལ་བའི་རྡོར་རྗེས་རྒྱ་སྐད་དང་རྒྱ་ཡིག་ལ་མཁས་པ་ཡིན་པས་ནོར་བ་ཤེས་ནས། ལྕང་སྐྱའི་གྲུབ་མཐའ་ན་གད་མོ་ཤོར་ཡོད་པ་རེད་ཟེར་ནས་༧གོང་ས་མཆོག་གིས་གསུངས། དེ་འདྲ་རེད། མི་འཆུག་པའི་གཟེར་འདེབས་སྟངས་དེ་སྟག་སྨྱོན་ལ་ཞལ་འདེབས་ཕུལ་བ་མ་གཏོགས། སྟག་སྨྱོན་གྱི་བསམ་ཚུལ་ཡོངས་རྫོགས་ནག་བསུབ་གཏོང་གི་མེད།
ཅིག་ཆད་འདུག ཤར་ཕྱོགས་ཀྱི་ཁུན་ལ། སྟོང་འཁུན་མ་བྲིས་ན་ས་ཆ་དེར་མ་གོ་བར་བོད་སྐད་ཀྱི་གཞན་ཞིག་གོ་ཡོང་པར་ཉེན་ཁ་ཡོད་པ་རེད། དེ་བས་ན་ཏུང་ཁུན་ཟེར་ནས་བྲིས་ན། རྒྱ་སྐད་ཡིན་པར་ཤེས་པར་མ་ཟད། འབྲི་ཀློག་ཀྱང་ལས་སླ་བ་ཡོད་པ་རེད་ཟེར་བཞིན་ཡོད། འདི་ནི་གོང་གི་སྤོབས་པས་བཤད་པའི་ཁ་ན་སྒྲ་འབྲི་བ་ལས་ཁ་ན་ཊ་བྲིས་ན་ལེགས་ཚུལ་དང་བསམ་ཚུལ་གཅིག་པ་རེད། འདི་འདྲའི་རིགས་ལ་སྔར་རྒྱ་སྐད་བོད་ཡིག་ཏུ་བསྒྱུར་སྐབས་སུ་བཅོས་པའི་ཚིག་མཛོད་དག་ཅུང་ཟད་ཡག་པོ་ཡོད་སྙམ་པ་ཞིག་ཡིད་ན་འདུག