ཁྲོ་གཏུམ།
ལམ་ཁ་ནས་མེ་ཏོག་གི་ཁ་ཏོག་ལ་ཧད
གནའ་བོའི་དཔེ་ལེགས་ཅན་གྱི་སྤུས་ཚད་ལ་སྐྱ་ཐིག་ཕབ
རི་རྒྱུད་ནས་གངས་འགྱེང་བའི་སྣེ་རུ
ཤོག་བུ་ཤོམ་ཅན་འགའི་སྣང་བ་མཐོན་པོར་སྤུར
ཤོག་སྟེང་ན་ཚིག་གི་གད་སྙིགས་ལས་མེད་པ་ནི་གཏམ་རྒྱུད་དུ་གྱུར
གནའ་གཏམ་གྱི་གྲོང་ནས་ངུས་པ
གསེར་གྱི་མིག་ཆུ་རུལ་གྱིས་ཐོར་བའི་སྤྲེའུ་རྒན
གཡག་ལ་ཡང་སྐྱག་པ་ཡོད་པའི་མིང་ཚིག་གི་བརྡབ་སྐྱོན
གངས་ཐོར་ས་ནས་ཚིག་མ་ཐོར་བའི་མེ་ཏོག་གི་ཀླན་ཀ་སྐྱིད་པོ
གད་མོ་སློང་བའི་ཧབ་ཆ་དེས་བྲག་ཅ་བར་མེད་བྲིན།
༢༠༡༨ ཟླ་ ༠༣ ཚེས་ ༠༦ ཉིན།
གནའ་གཏམ་ཡོན་ཏན་བང་མཛོད་རེད། །
གནའ་སྲོལ་ཡོད་ཚད་ཡག་མདོག་མེད། །
གནའ་དཔེས་ལམ་སྟོན་མང་ན་ཡང་། །
གནའ་དིང་བཅུད་སྙིང་ལེན་ཤེས་དགོས། །